Skip to main content Skip to search
28 Jul 2012
17 min 4 sec
Video Overview
Creators: 
Unknown

གུ་རུ་ནི་མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་ནང་ཚན་དམེ་ཤུལ་སྡེ་བའི་ནོར་མགོ་ཚོ་བའི་མི་ཡིན་པ་དང་། ད་ལོ་དགུང་ལོ་ལྔ་བཅུ་ལྷག་གི་ནང་དུ་ཡོད། ཁོང་ཆུང་དུས་ནས་སློབ་གྲྭ་འགྲིམས་མྱོང་བ་དང་སློབ་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་དུ་ལོག་སྟེ་ས་གནས་སྲིད་གཞུང་དུ་བྱ་བ་བསྒྲུབས། ཁོང་ཉིད་ཆུང་དུས་ནས་བོད་ཀྱི་གཏམ་བཤད་རིག་གནས་དང་ས་གནས་ལོ་རྒྱུས། དམངས་ཁྲོད་སྒྱུ་རྩལ་སོགས་ཀྱི་རིགས་ལ་ཤིན་ཏུ་སྤྲོ་བ་དང་། རྗེས་སུ་སྲིད་གཞུང་བྱ་བའི་ཞོར་དུ་རང་གི་བུ་ཆེ་བ་སྐལ་བཟང་ཚེ་བརྟན་དང་ལྷན་དུ་དམེ་ཤུལ་སྡེ་བའི་ལོ་རྒྱུས་ཀྱི་དཔེ་ཆ་ཞིག་བརྩམས་ཏེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན། ཁོང་ནི་རེབ་གོང་རྫོང་ཐོག་ཏུ་བཞུགས་པ་དང་ཁ་ལྕེ་ཤིན་ཏུ་བདེ་ཞིང་ཁ་མཚར་སོགས་ལ་ཤིན་ཏུ་མཁས་པས། རེབ་གོང་རྫོང་ཐོག་ནས་བསྒྲུབས་པའི་གཉེན་སྟོན་གྱི་མཛད་སྒོ་ཆེ་ཕྲ་ཐམས་ཅད་ལ་གདན་འདྲེན་ཞུ་བཞིན་ཡོད་པ་དང་། གཉེན་སྟོན་མང་པོ་ཞིག་ལ་རང་རེའི་བོད་ཀྱི་སྲོལ་རྒྱུན་ལྟར་རྩ་འཛུགས་དང་མགོ་འཛིན་བྱས་ཏེ་བོད་ཀྱི་དམངས་སྲོལ་རིག་གནས་མི་ཉམས་གོང་སྤེལ་གྱི་ཕྱོགས་ལ་ཧུར་བརྩོན་བྱེད་མུས་སུ་བཞུགས་པ་ཞིག་ཡིན། བརྙན་ཐུང་འདིར་དམེ་ཤུལ་ཡུལ་གྱི་གཉེན་སྟོན་གྱི་གོ་རིམ་དང་བཤད་པ་སོགས་མདོར་བསྡུས་སུ་ངོ་སྤྲོད་བྱས་ཡོད་དོ། །

Transcript search
No results found for this search
0 of 0