Video Overview
At the Repgong Tamshé Seminar, Tsering Dorje briefly introduces the purpose and the desperation of organizing such a seminar. He then pointed out deteriorating Tibetan traditions and customs, particularly how with the passage of time many people have been ignoring certain traditional customs and habits. Furthermore, he argued it is not the sole responsibility of the educated to protect and preserve those deteriorating traditions and customs, but that every individual carries that responsibility. Consequently, he introduced methods for preserving such traditions and cultural inheritance both by government officials and the public.
- འདི་ལྟར་ང་ཚོའི་གོམས་སྲོལ་འགྱུར་བཞིན་པ་འདི་ལ།
- ང་ཚོས་དོ་སྣང་བྱེད་བཞིན་ཡོད་དམ་མེད།
- འདི་ཚང་མ་ང་ཚོས་ཉམས་འཇོག་རྒྱུ་རེད།
- ད་བར་ང་ཚོས་ལས་ཀ་ལས་བཞིན་པ་ནི་ཡི་གེར་འགོད་རྒྱུ་དེ་རེད།
- ཡི་གེར་འགོད་རྒྱུ་དེ་ཐབས་སྡུག་ཐུག་གི་སྡུག་ཐུག་རེད།
- དེ་རིང་ཚོགས་འདུ་འཚོགས་པ་འདི་ཡང་བོད་ཀྱི་རིག་གནས་རླབས་ཆེན་རེད།
- ཅེས་པ་དེ་མ་རེད།
- ཉམས་བཞིན་པ་དེ་ལ་མྱུར་སྐྱོབ་བྱེད་དགོས་ཞེས།
- སྔོན་བརྡ་བརྒྱབ་པ་རེད།
- ད་བར་རྒྱལ་ཁབ་རིམ་པ་ཡིན་ན་ཆད།
- ཕྱི་ཡི་མི་མང་པོས་དོ་སྣང་བྱེད་པའི་རྒྱུ་མཚན་གང་རེད་ཅེ་ན།
- ང་ཚོའི་མི་རིགས་ཀྱི་རིག་གནས་འདི་ཉམས་རྒུད་དུ་འགྲོ་བཞིན་པ་རེད།
- འདི་ཅི་ལྟར་མྱུར་སྐྱོབ་བྱེད་དགོས་པ།
- དེ་མྱུར་སྐྱོབ་བྱེད་དགོས་ན་མི་རེ་རེའི་སྟེང་ན་འགན་ཁུར་ཡོད་པ་ལས།
- ཡོན་ཏན་པ་སྐོར་ཞིག་གི་ཁུར་བོ་ཡིན་པ་མ་རེད།
- ལས་བྱེད་མི་སྣ་ཞིག་གི་ཁུར་བོ་ཡང་མ་རེད།
- ང་ཚོ་མི་རེ་རེ་ཡི།
- ཁྱོད་ཚོའི་གཏམ་བཤད་པ་འདི་ཡིན་ན།
- གཏམ་བཤད་ཡུལ་དང་གཏམ་བཤད་པ་ཡིན་ན།
- བྱིས་པ་ཞིག་གིས་རང་བཞིན་གྱི་དོན་དག་ཅིག་བཤད་ན།
- བྱིས་པ་ཚོས་ཁ་བརྡ་བྱེད་མི་ཐུབ།
- ཅིག་ལ་སྐད་བཏང་ན་སྐད་བཤད་མི་ཐུབ།
- དེང་སང་དེ་འདྲའི་ཚད་རེད།
- ཁྱོད་སོང་ནས་འདི་ལྟར་ཤོད་ཅེས་བཤད་ན།
- ད་བར་སྐད་བཏང་ན་སྐད་བཤད་མི་ཐུབ།
- ཆེ་ས་ཞིག་ནས་བཤད་མཐོན་པོ་བླ་མ་ཞིག་ལ་ཞུ་དགོས་ན།
- ཡར་ཞུ་རྒྱག་དགོས་ན་འདི་ལྟར་ཉན་ནས་སོང་ན།
- ས་ཆ་ལ་ལར་སོང་ན།
- ལ་ལ་ཞིག་གིས་སྐད་ཆ་ཡག་པོ་ཞིག་གོ་རིམ་ལྡན་པའི་སྒོ་ནས་ཡར་ལ་ཞུ་ཐུབ།
- ཁ་ཤས་ཀྱིས་རྩ་བ་ནས་བཤད་མི་ཤེས།
- སྐད་ཆ་ཆ་ཚང་བཤད་མི་ཤེས་པ་དེ་འདྲ་རེད།
- ཐ་ན་ང་ཚོ་དགོན་པའི་ནང་དུ་མཇལ་དུ་སོང་ནའང་ཤེས་ཐུབ།
- སོང་ནས་མཇལ་ཏེ་སྐྱབས་འཇུག་ཅིག་ཞུས་ན།
- ཁ་ཤས་ཀྱི་དེར་ཉན་རྒྱུ་ཡོད།
- ལྷག་པར་དུ་ང་ཚོ་ཨ་མདོའི་ཕྱོགས་འདི་ནས་སྐྱབས་འཇུག་ཞུ་མི་ཤེས།
- སེམས་ལ་དྲན་པ་དེ་ཁ་ནས་བཤད་མི་ཤེས།
- དེ་མི་སྐད་དམ་མི་ཡི་སྐད་ཆ་ཡིས་བཤད་མི་ཤེས།
- འདི་དག་ལ་ང་ཚོ་ཚང་མས་ཉམས་འཇོག་ཅིག་བྱས་ནས།
- མི་རེ་རེ་ཡི་སྟེང་ནས་ལོ་ལོན་ཚང་མས།
- འདི་ཚང་མ་མར་ལ་བརྒྱུད་སྤེལ་བྱེད་དགོས།
- དེ་རང་གི་བྱིས་པ་བུ་ཕྲུག་ཡིན་ན་ཆོག་གི།
- སྡེ་བ་ཚོ་བ་ཡིན་ན་ཆོག་གི།
- ཚང་མས་འདི་བཤད་ནས།
- ཆེས་ན་སེམས་ཆེ་བ་འདི་རེད།
- ཕྱོགས་སོ་སོ་ན་ཉམས་བཞིན་པ།
- ལ་ལ་ཞིག་ད་བར་རིག་གནས་གསར་བ་འདི་དར་ནས་ཡོང་ན།
- འདིས་ཕོག་ཐུག་གཏོང་བ་རེད།
- ལ་ལ་ཞིག་སྲིད་གཞུང་གི་ངོས་ཐད་ནས།
- ཡུལ་སྐོར་ལྗོངས་རྒྱུ་འདི་འཕེལ་རྒྱས་སུ་སོང་ན་ཕོག་ཐུག་གཏོང་།
- སྐོར་ཞིག་དེ་དག་དང་འབྲེལ་བ་མེད་པར་ང་ཚོ་ཚང་མར་འབྲེལ་བ་ཡོད།
- ང་ཚོས་བོད་སྐད་བཤད་ན་སྲིད་གཞུང་གིས་བོད་སྐད་མ་བཤད་ཟེར་བ་མ་རེད།
- དེ་འདྲ་སྲིད་གཞུང་གི་སྒྲིག་ཁྲིམས་ཀྱི་ནང་དུ་མེད།
- ང་ཚོས་གོམས་སྲོལ་དེ་རྒྱུད་འཛིན་བྱས་ནས།
- གོམས་སྲོལ་འདི་འདྲ་ཞིག་རྒྱུད་འཛིན་བྱས་ན་མི་ཆོག་ཅེས་སྲིད་གཞུང་གིས་མི་བཤད།
- དེ་བས་དེ་དག་གཞན་ལ་ཁག་འགེལ་རྒྱུ་མེད།
- ང་ཚོས་རང་སྟེང་ནས་ཁས་ལེན་དགོས།
- འདི་དག་ཚང་མ་བརྒྱད་ཅུ་གྱ་དྲུག་ནས་ང་ད་བར་དུ་ཐུག་པ་ནི།
- སྔོན་ཆད་གཏམ་བཤད་མཁན་ལ་ཐུག་ལ་གླུ་ལེན་མཁན་ལ་ཡང་ཐུག
- ལོ་རྒྱུས་བཤད་མཁན་ལ་ཡང་ཐུག
- ཐ་ན་རེབ་གོང་སྒྱུ་རྩལ།
- ཐ་ན་རེབ་གོང་སྒྱུ་རྩལ་འདི་ལ་དཔེ་འཇོག་རྒྱུ་ན།
- རེབ་གོང་སྒྱུ་རྩལ་འདི་ལ་ད་བར་ལྷ་བཟོ་སྟོང་ལྔ་ཙམ་ཡོད་ཀི།
- སྲིད་གཞུང་གིས་ཐོ་འགོད་བྱས་པ་ཡིན་ན།
- ངོ་མ་ངེས་གཏན་གྱི་ལྷ་བཟོ་ཡི་ཐིག་རྩལ་དང་དེའི་གཞུང་ལུགས་ཅུང་ཙམ་ངེས་པ།
- ཡི་གེ་ཡི་སྟེང་ནས་གཞན་གྱི་བཀག་རྒྱ་ཡོད་ངེས།
- བཅུ་ཐམ་པ་ལོང་རྒྱུ་མ་རེད་ཅེས་ཁོ་ཚོས་བཤད་ཀྱིན་འདུག
- སྟོང་ལྔ་ཡི་ནང་ནས་བཅུ་ཐམ་པ་མ་ལོངས་ན།
- འོ་ན་དེ་ལ་ཐ་ན་ཟ་མ་ཞིག་ལས་ནའང་དེ་ལ་ཤེས་བྱ་ཞིག་ཡོད།
- དེ་ཅི་ལྟར་ལས་ན་བཟང་གི།
- དེར་ལས་ཕྱོགས་ཤིག་དང་གོམས་སྲོལ་ཞིག་ཡོད།
- དེ་རེ་རེ་ལ་ཚྭ་ཅི་ཙམ་དགོས་པ།
- འདི་ཅི་ཞིག་གིས་ལས་དགོས་པ་དེ་རེ་རེ་ཤེས་དགོས།
- ཁོ་ཚོར་ཤེས་བྱ་དེ་མེད་སོང་ན།
- ཤེས་གསལ་ལྟར་དེ་ནི་བསྐྱར་དཔར་རྒྱག་པ་དང་ཨ་ན་མ་ན་རེད།
- ང་ཚོས་ཕྱི་ནས་བལྟས་ན་མི་གྲངས་མང་ལ་ཐང་ཀ་གོང་ཆེན་དུ་འགྲོ་བཞིན་འདུག
- ཁྲི་འགའ་རེ་ཡོད་མོད།
- མཚམས་ཤིག་ལ་ཉམས་རྒུད་དུ་འགྲོ་བ་རེད།
- ཆགས་འཇིག་ཆེན་པོ་ཡོང་བ་རེད།
- སྐྲག་པ་ཞིག་རེད།
- ཉིན་ཞིག་ལ་ཉི་མ་དམར་པོ་འཆར་ངེས་རེད།
- ང་ཚོའི་མགོར་ཉི་མ་དམར་པོ་འཆར་དུས་ཤིག་ཡོད་རྒྱུ་རེད།
- ངས་ལྷ་བཟོ་ཚོར་རྒྱུན་དུ་དེ་ལྟར་བཤད་པ་ཡིན།
- དེའི་སྐབས་དེར་ད་བར་རྒྱ་ཡིས་ཕོད་མོ་པན་ཟེར་བ་དེ།
- འཕྱུར་ནས་འདུག་པས་ཚང་མས་བལྟས་ན་བཟང་གི།
- སྲིད་གཞུང་གིས་ཀྱང་རེབ་གོང་སྒྱུ་རྩལ་འདི་ཡ་མཚན་རེད་ཅེས།
- དེ་ན་ཁྱོད་སོང་ནས་གཞན་གྱིས་ལས་པ་དཔེན་ན་ལྷ་ས་དང་ཁམས་ཕྱོགས།
- ས་ཆ་གཞན་པ་ནས།
- རིག་གནས་ལ་སོགས་ཀྱི་གཞུང་ལུགས་ཤེས་པ།
- རིམ་པ་གོ་རིམ་ལྟར་དུ་ཤེས་པ།
- འདི་དག་ཚང་མར་འདི་ལྟར་བལྟས་ནས་སོང་ན།
- བརྒྱད་ཅུ་གྱ་དྲུག་ལོ་ནས་བཟུང་སྟེ་ཉིས་སྟོང་བཅུ་གཉིས་བར།
- འདི་ལ་བལྟས་ན་ཉམས་རྒུད་དུ་འགྲོ་བཞིན་འདུག
- ལོ་ལོན་རྒན་པ་རྣམས་ད་བར་ཤི་ནས་ཚར་སོང་།
- ཨ་ཕ་ཚེ་འབྲུག་ཐར་འདི་དེ་དུས།
- དེ་༡༩༨༦་ལོ་རེད།
- ང་ལོ་ཉི་ཤུ་ལྷག་རེད།
- ད་ལྟ་ལོ་བཞི་བཅུ་ཞེ་དགུ་རེད།
- འདིའི་རིང་འདི་ལ་ལོ་རེ་ནས་ལོ་རེ་ལ་ཉམས་རྒུད་དུ་སོང་བ་ཚབས་ཆེན་རེད།
- སྔོན་ཆད་ང་ཚོའི་རིང་ལ་གླུ་ཞིག་ལོངས་ཟེར་ན་སེམས་ཅན་ཐམས་ཅད་གླུ་བ་གླུ་མ་རེད།
- ལེན་པ་རེད།
- ད་བར་གླུ་བླངས་ན་སྒོར་མོ་སྟེར་དགོས་པ་རེད།
- སྒོར་མོ་མ་བྱིན་ན་གླུ་མི་ལེན་པར་ཚང་མས་སྒོར་མོ་བྱིན་ནས་དེ་ལྟར་བྱེད།
- འདི་དག་ཚང་མ།
- སྐད་ཆ་བཤད་སྟངས་འདི་དག་ཚང་མ།
- ངོ་མས་ཉམས་ནས་འགྲོ་བཞིན་ཡོད།
- ངོ་མས་འདི་ཚབས་ཆེན་རེད།
- ངས་རྒྱུན་དུ་ཧ་ཅང་བཤད་འདོད་པ་ཞིག་ཡོད་པ་ནི།
- མི་རེ་རེ་ཡི་སྟེང་ནས་གོམས་སྲོལ་འདི་རྒྱུད་འཛིན་ཞིག་བྱེད་དགོས།
- ཁྱོད་ཚོ་ཚང་མ་དང་སྡེ་བ་ཚང་མ།
- ང་སོང་བའི་ས་ཆ་སོ་སོའི་སྟེང་ན་འདི་ཡོད་ཀི
- ང་ཚོས་རྗེས་མ་ཞིག་ལ་འཕག་འཚག་རྒྱག་དགོས་ན།
- ད་བར་ད་དུང་མྱུར་སྐྱོབ་བྱས་ན་ཆོག་ཆོག་རེད།
- ང་ཚོ་རེ་རེ་ཡིས་ནུས་པ་བཏོན་ཆོག་ཆོག་རེད།
- རྗེས་མ་ཞིག་ལ་ང་ཚོས་ནུས་པ་འདོན་རྒྱུ་ཟེར་ན།
- རྒྱུ་ཤུགས་དང་དངོས་ཤུགས་གང་གི་སྟེང་ནས་ནུས་པ་འདོན་ཐུབ་རྒྱུ་མ་རེད།
- འདི་ཁོར་ཡུག་སྲུང་སྐྱོབ་ཡིན་ནའང་དེ་རེད།
- ཁོར་ཡུག་སྲུང་སྐྱོབ་ཀྱང་ཚབས་ཆེན་རེད།
- རིག་གནས་འདི་དག
- འོ་ན་རིག་གནས་འདི་ཅིའི་ཕྱིར་སྲུང་སྐྱོབ་བྱེད་དགོས།
- འདི་མི་རིགས་ཀྱི་ལ་རྒྱ་ཁོ་ན་འེ་རེད།
- འདི་ཅིའི་ཕྱིར་སྲུང་སྐྱོབ་བྱེད་དགོས།
- རྒྱུ་མཚན་དེ་ཅི་ཞིག་ལ་ཐུག་ཡོད་ཟེར་ན།
- ང་ཚོ་མི་རིགས་འདི་འཚོ་སྡོད་བྱེད་དགོས་ན།
- དེ་མི་རིགས་ཀྱི་ལ་རྒྱ་ཁོ་ན་མ་རེད།
- མི་རིགས་དེའི་འཚོ་བ་དང་དེ་འཕེལ་རྒྱས་ཀྱི་འགྲོ་རིམ།
- ད་ལྟ་མྱུར་བ་མྱུར་དུ་རིག་གནས་དེ་ཉམས་རྒུད་དུ་སོང་ན།
- སྐོར་ཞིག་ཉམས་རྒུད་དུ་འགྲོ་དགོས་རྒྱུ་རེད།
- སྤྱི་ཚོགས་འཕེལ་རྒྱས་སུ་སོང་ན་ཉམས་རྒུད་དུ་འགྲོ་དགོས་རྒྱུ་རེད།
- འཛམ་གླིང་རང་བཞིན་གྱི་སྐད་བརྡ་མང་པོ་ཞིག་ཉམས་བཞིན་པ་རེད།
- དེ་ཉམས་རྒུད་དུ་སོང་ན་སྐྱོན་མེད་ཀི།
- ང་ཚོ་དེའི་རྗེས་ལ་ཆོད་མེད།
- དམངས་ཚོགས་མང་པོ་ཞིག་གིས་ང་ཚོའི་གོམས་སྲོལ་དེ་བཟུང་ཡོད།
- སྐོར་ཞིག་གིས་བཙན་ཤུགས་དང་དུས་ཚོད་མྱུར་བ་ཡི་སྒོ་ནས།
- འགྱུར་ལྡོག་བྱུང་དུ་བཅུག་ཡོད།
- འདི་ཚབས་ཆེན་རེད།
- འདིས་མི་རིགས་ཉམས་རྒུད་དུ་འགྲོ་རུ་འཇུག
- ང་ཚོའི་མི་རིགས་འདིའི་བསམ་བློ་འཆོལ་དུ་འཇུག་པ།
- དེང་སང་དོན་དག་གི་ནང་ན་སྡེ་བ་ཚོ་བ་ཡིན་ན་ཆོག་གི།
- ས་གནས་ས་གནས་ཀྱི་ནང་ན་མི་འགྲིག་པ་དང་འགལ་རྐྱེན།
- མང་པོ་བྱུང་བའི་རྒྱུ་མཚན་ནི་རིག་གནས་ལ་ཐུག་ཡོད།
- རིག་གནས་ཟེར་བ་དེ་ཡིག་ཐོག་ཏུ་བཀོད་པའི་རིག་གནས་ཙམ་མ་རེད།
- ང་ཚོའི་ཟ་བ་དང་འཐུང་བ།
- གོམས་སྲོལ་དང་འགྲོ་འདུག་གི་རིམ་པ་རེ་རེ་ལ་ཁྱབ་ཡོད།
- འདི་དག་ཚང་མ་དང་འདི་རེ་རེ་ལ་མ་སོང་ན།
- སྡེ་བ་ཚོ་བ་ཡིན་ན་ད་བར་སྡེ་བའི་ནང་དུ།
- ལོ་ལོན་ཚོ་མ་དགོས་པར།
- འདི་ཚོས་དོན་དག་བཤད་མི་ཤེས་ཞེས།
- གསར་བུ་ཚོ་སོང་ནས་དོན་དག་ཅིག་བཤད་ན།
- ཁོ་ཚོས་ལས་པ་ཉམས་མྱོང་གི་སྟེང་ནས་ལོ་ལོན་ཚོར་མི་དོ།
- འོ་ན་མཐའ་གཅིག་ཏུ་ལོ་ལོན་ཚོས་ལས་ན་ཡང་མི་འགྲིག
- དེ་གཉིས་མཉམ་འབྲེལ་བྱས་ནས་དོན་དག་ལས་ན་མགོ་མཇུག་ཡོད་ལ།
- ཆ་རྐྱེན་ལེགས་ལ་མཐུན་སྒྲིལ་ལ་ཡང་ལེགས།
- འདི་དག་ཚང་མ་ལ་བལྟས་ན།
- རིག་གནས་འདི་སྲུང་སྐྱོབ་བྱེད་དགོས་པའི་རྒྱུ་མཚན་ཅི་རེད་ཟེར་ན།
- སྡེ་བ་དང་ས་གནས་འདི་འཕེལ་རྒྱས་སུ་འགྲོ་བ་ལ་གོ་གནས་ངེས་ཅན་ཞིག་ཟིན་ཡོད།
- ང་ཚོའི་རིག་གནས་འདི་སྐོར་ཞིག་དྲག་འཛིན་བྱས་ན་འགྲིག་པ་མ་རེད།
- དེ་ཡིན་ན་མིན་ན་ཉམས་རྒུད་དུ་འགྲོ་དགོས་ན་ཉམས་རྒུད་དུ་འགྲོ་རྒྱུ་རེད།
- དེ་ཚང་ལ་ཕྲག་འཛིན་བྱས་ནས་སྡོད་ཅེས།
- མི་ལེགས་པ་ཞིག་བཟུང་ནས་སྡོད།
- གོམས་སྲོལ་ངན་པ་ཞིག་ཀྱང་བཟུང་ནས་སྡོད།
- འདི་བཟུང་ན་ལེགས་ཞེས་པའི་རྒྱུ་མཚན་དེ་འདྲ་ཞིག་མ་རེད།
- འདི་ལ་ལོ་ལོན་རྒན་པ་ཡིན་རུང་ཚང་མས།
- ཉམས་འཇོག་དགོས་པའི་གནས་ཚུལ་ཞིག་རེད།
- ང་ཚོའི་བ་བར་དུ་ལོ་ཉི་ཤུ་ཉེར་དྲུག་གི་རིང་ལ་ཤེས་ན་མི་ཤེས་ན།
- རིག་གནས་བསྡུ་སྒྲིག་བྱས་པ་རེད།
- ས་གནས་རེ་རེ་ལ་སོང་བ་རེད།
- སྡེ་བ་སོ་སོ་ལ་ཉུལ་བ་རེད།
- འདིའི་སྟེང་ནས་སོང་ན།
- སྲིད་གཞུང་གིས་ཀྱང་སྐོར་ཞིག་གི་སྟེང་ལ་ངོ་མས་རྒྱབ་སྐྱོར་བྱེད་བཞིན་འདུག
- སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་བཞིན་འདུག
- སྲིད་གཞུང་གིས་རྒྱབ་སྐྱོར་བྱས་ན་ང་ཚོའི་དེའི་སྟེང་ལ་ནུས་པ་ཅི་ཞིག་འདོན་ཐུབ།
- དེ་ལྟར་སྲིད་གཞུང་གིས་ད་བར་ཅི་ཞིག་ལས་ན་ལས།
- སྲིད་གཞུང་གིས་སྒྲུབ་བཞིན་པ་སྐོར་ཞིག་ཡོད་ཀི།
- ང་ཚོས་ནུས་ཤུགས་ཅི་ཞིག་འདོན་ཐུབ།
- མི་རང་ཉིད་ནས་མགོ་བརྩམ་དགོས།
- རང་ཉིད་ཀྱིས་ནུས་ཤུགས་ཅི་ཞིག་འདོན་རྒྱུ།
- ང་ཚོར་ཡོད་པ་འདི་ཡིན་ལ་ང་ཚོས་འདི་འདྲ་ཞིག་སྒྲུབ་དགོས།
- ད་བར་ཚོགས་འདུ་འདི་འདྲ་ཞིག་བསྡུ་རྒྱུ་ཡང་ཧ་ཅང་དཀའ་ལས་ཆེ།
- ད་བར་ཚོགས་འདུ་འདི་འདྲ་ཞིག་འདི་གཉིས་ཀྱིས་བསྡུས་བར་ངོ་མས་སྐུ་དྲིན་ཆེ།
- ཚོགས་འདུ་འདི་འདྲ་ཞིག་བསྡུས་ནས་ང་ཚོས་སེམས་ཀྱི་སྐད་ཆ་ཕན་ཚུན་ལ་བཤད་བསམ་ན།
- སྟབས་བདེ་མ་རེད།
- སྲིད་གཞུང་ང་ཚོར་དོག་ནས་འདིས་ཅི་ཞིག་བཤད་བཞིན་ནམ་ཞེས།
- ང་ཚོས་ཀྱང་སྲིད་གཞུང་འདི་ཚོས་ཅི་ཞིག་བྱེད་རྒྱུ་ཡིན་ནམ།
- དོན་དག་དེ་འདྲ་ཞིག་རེད།
- ང་ཚོ་ཚང་མས་སྐད་ཆ་ངོ་མ་བཤད་མི་ཐུབ།
- དུས་ཚོད་དེ་འདྲ་ཞིག་ལ་ཐོན་ཡོད།
- སེམས་ཅན་གྱིས་སྐད་ཆ་རྫུན་མ་ཏག་ཏག་བཤད་པ་རེད།
- སྲིད་གཞུང་གི་མགོ་ཁྲིད་རྣམས་ཀྱིས་ཀྱང་རྫུན་མ་བཤད་བཞིན་འདུག་ལ།
- ང་ཚོས་ཀྱང་རྫུན་མ་བཤད་བཞིན་འདུག
- སྐད་ཆ་ངོ་མ་བཤད་མི་ཤེས་པའི་དུས་ཚོད་དེ་འདྲ་ཞིག་ལ་ཐོན་ཡོད།
- དེ་བས་ང་ཚོའི་རིག་གནས་འདི་ལ་རྒྱབ་སྐྱོར་བྱེད་དགོས་པའི།
- འདིའི་སྐབས་འདི་འདྲ་ཞིག་ལ་ཚོགས་འདུ་འདི་འདྲ་ཞིག་བསྡུས་ནས།
- འདིར་ཚང་མས་སེམས་གཏམ་ཞིག་བཤད་ནས།
- ཚང་མས་སྐད་ཆ་བཤད་ནས།
- ང་ཚོའི་ཉམས་མྱོང་རེད།
- མཁས་པ་རེད་ཅེས་ང་འདིར་ཡོང་བ་མིན།
- ང་སོང་ནས་ད་བར་དུ་དམངས་ཁྲོད་རིག་གནས་བསྡུ་ལེན་བྱས་པ་རེད།
- དེ་ཉམས་རྒུད་དུ་འགྲོ་བཞིན་འདུག་ཅེས།
- ང་དེ་རིང་གཅན་ཚར་འགྲོ་རྩིས་ཡོད།
- རིག་གནས་ཀྱི་སྟེང་ནས་ཉམས་རྒུད་དུ་འགྲོ་བཞིན་པ་ཚབས་ཆེན་ངོ་མ་རེད།
- ལོ་ལོན་འདི་འདྲ་ཏག་ཏག་གི་གྲལ་ནས་ང་འདི་ལྟར་གྲལ་མགོ་ནས་བསྡད་དེ།
- མི་འོས་མ་ཞིག་ཡིན་མོད།
- འདིར་དེ་འདྲ་ཞིག་བཤད་འདོད་པས་ཡིན།
- ཁྱོད་ཚོས་ཚང་མས་བཤད་ན།
- སྔོན་ལ་ཨ་ཁུ་དགེ་འདུན་དར་རྒྱས་ཀྱིས་བཤད་པ་ལྟར།
- དོན་དག་ཅིག་ཐག་གིས་བཅད་ན།
- སྲིད་གཞུང་གིས་དོན་དག་བཤད་ན་ཁྱེད་ཚོ་དགོས།
- དེ་ཅིའི་ཕྱིར་དགོས་པ་རེད།
- བླ་མ་རྣམས་གོང་དུ་བཞུགས་ལ་དཔོན་པོ་ཡང་དེ་རེད།
- དོན་དག་དེ་ལ་འཇིག་རྟེན་གྱི་གནས་ལུགས་ཀྱང་ཤེས་དགོས།
- སྐད་ཆ་ཡི་བཤད་ལུགས་ཀྱང་ཤེས་དགོས།
- དེ་དག་གིས་སློབ་གསོ་བཏང་ནས་ཡོང་ན།
- དོན་དག་ཅི་ཞིག་ཡིན་རུང་ཁྱོད་ཚོས་ཐག་གིས་བཅད་ནས།
- རེབ་གོང་ས་གནས་ཀྱི་དོན་དག་རྣམས་ཐག་གིས་བཅད་ནས།
- གཏམ་བཤད་འདི་འཚོ་བ་དངོས་དང་འབྲེལ་བ་ཡོད་པ་རེད།
- འཚོ་བ་དངོས་ཀྱི་ནང་ནས་འཚོ་བ་དགོས་པ་ཞིག་རེད།
- དེ་མི་རིགས་ཀྱི་ལ་རྒྱ་ཞིག་བཤད་དགོས་པའི་རྒྱུ་མཚན་ཞིག་མ་རེད།
- རྒྱལ་ཁབ་རིམ་པའི་སྲིད་གཞུང་གིས་ལས་དགོས་པ་ཞིག་མ་རེད།
- འདི་ཡི་སྲིད་གཞུང་གིས་ལས་ཀ་འདི་འདྲ་ལས་ན་དཀའ་ལས་ཆེ།
- དགོས་དུས་དགོས་པ་དང་།
- དེའི་རྐྱེན་གྱིས་ང་ཚོ་ཚང་མ་ཕྱི་ལ་སོང་ན།
- སྡེ་བ་ནང་གི་བྱིས་པ་ཆུང་བ་དག
- ཁ་ཏ་སློབ་གསོ་བྱས་ནས་ཅི་ལྟར་སྐད་ཆ་བཤད་དགོས་པ་དང་།
- ཅི་ལྟར་འགྲོ་འདུག་སྤྱོད་གསུམ་བྱེད་དགོས།
- སྔོན་ཆད་འདི་འདྲ་དང་གན་འདྲ་ཡིན།
- མི་དགོས་པ་རིམ་བཞིན་དོར་དགོས་པ།
- དགོས་པ་རྣམས་ང་ཚོས་ལེན་དགོས་པ།
- ཚང་མས་དེ་ལྟར་བྱེད་རྒྱུ་ནི་ངའི་རེ་བ་ཡིན།
- དེ་ཅིའི་ཕྱིར་ངའི་རེ་བ་ཡིན་ཟེར་ན།
- ཚང་མས་སྤྱི་ཚོགས་ཀྱི་སྟེང་ན།
- ང་ཚོ་སོང་ནས་མཐོང་བ་རེད།
- ཨ་ལགས་ཁ་སྒང་ཚང་གིས་གསུངས་བྱུང་།
- དཔའ་ལུང་འདི་ཉམས་རྒུད་དུ་འགྲོ་བཞིན་པ།
- ང་ཚོ་ཁ་ཆེ་མི་རིགས་ལ་འགྱུར་བཞིན་པ་འདི་དཔའ་ལུང་གཅིག་པུ་མ་རེད།
- ས་ཆ་གཞན་ཏེ་སྟོད་ལ་དྭགས་ས་ནའང་མང་གི།
- ཁ་ཆེ་མི་རིགས་སུ་གྱུར་ནས།
- འདི་ང་ཚོའི་ས་གནས་ཀྱི་དཔོན་པོ་ཡིན་ན་ཆོག་གི།
- ས་གནས་དེའི་ཆོས་ལུགས་མི་སྣ་ཡིན་ན་ཆོག་གི།
- དེའི་བསམ་བློ་བཏང་བ་མ་འདང་བས་རེད།
- སྔོན་ཆད་དཔའ་ལུང་གི་མཁས་པ་ཆེན་པོ་རྣམས་མ་འཁྱོངས་བས་རེད།
- དེས་བསམ་བློའི་དགོས་མཁོ་སྐོང་ཐུབ་ཡོད་ཚེ།
- དོན་དག་འདི་བྱུང་ཐུབ་པ་མ་རེད།
- ང་ཚོ་ཚང་མས་སྔོན་མའི་སྔོན་མ་ཡི་བསླབ་བྱ་རྣམས་བླངས་ཡོད་ན།
- དོན་དག་འདི་བྱུང་ཡོད་པ་མ་རེད།
- མི་ཚང་མར་བསམ་བློའི་སྟེང་ན།
- གཅིག་ནས་འཚོ་བ་ཡི་སྟེང་ན།
- གཅིག་ནི་བསམ་བློའི་སྟེང་ན་མཁོ་བའི་དངོས་བོ་མང་པོ་ཞིག་ཡོད་པ་རེད།
- དེའི་འདོད་པ་སྐོང་མ་ཐུབ་ན།
- དེ་མི་རིགས་གཞན་པ་དང་ཆོས་ལུགས་གཞན་པའི་སྟེང་ལ་དད་པ་བྱེད།
- དོན་དག་དེ་བྱུང་བ་རེད།
- སྔོན་ཆད་བྱུང་ཟིན་པ་ཡིན་ལ་ད་སྔ་ཡང་བྱུང་རྒྱུ་རེད།
- ང་ཚོའི་དེའི་ཕྱོགས་བཤད་ན།
- དེ་བས་ང་ཚོས་ཀྱང་སྐད་ཆ་ཡིན་ན།
- བསྡད་ཀྱིན་བསྡད་ཀྱིན།
- མཚོ་ཤར་ས་ཁུལ།
- མཚོ་ཤར་གྱི་ཕིན་ཨན་ས་ཁུལ།
- དེའི་ཐོག་ལ་འགྲོ་རྒྱུ་རེད།
- དུས་ཆེན་སོགས་ཀྱི་སྐབས་སུ་ས་ཆ་ལ་ལར་བོད་ལྭ་གོན།
- དེའི་ཕན་ཆད་ནས་སྐད་ཆ་བཤད་སྟངས་འགྱུར་ཡོད།
- འདི་ལ་དུས་ཚོད་མང་པོ་ཞིག་འགོར་དགོས་པ་མ་རེད།
- མྱུར་བ་མྱུར་དུ་འགྱུར་འགྲོ་བ་རེད།
- འདི་ལྟར་མྱུར་མོར་མྱུར་མོར་འགྱུར་འགྲོ་བ་རེད།
- ཚང་མ་ཡིན་ལ་ད་བར་གྱི་སྤྱི་ཚོགས་ཕྱི་ནང་ཚང་མ།
- མི་ཚང་མ་སྟེ་འདིའི་ནང་དུ་བོད་ཀྱི་ཁྲག་རྒྱུག་པའི་མི་ཚང་མས་སེམས་ཁུར་ལོས་བྱེད།
- ཕྱི་ཡི་མི་སྟེ་རིག་གནས་ལ་དགའ་ཞེན་ཆེ་བའི་མི་དག་གིས་ཀྱང་།
- སེམས་ཁུར་བྱེད་པའི་གནད་དོན་གཅིག་གང་རེད་ཟེར་ན།
- བོད་ཀྱི་རིག་གནས་འདི་སྲུང་རྒྱུ།
- རིག་གནས་སྲུང་སྐྱོབ་བྱེད་པ་ཅི་རེད་ཟེར་ན།
- སྔོན་ལ་བཤད་པའི་སྲོལ་རྒྱུན་གྱི་རིག་གནས་འདི་སྲུང་སྐྱོབ་བྱེད་དགོས།
- དེ་ནི་ཆོས་ལུགས་སྲུང་སྐྱོབ་བྱེད་དགོས་ཟེར་བ་མ་རེད།
- མཁས་པ་ཚོས་བྲིས་ཡོད་པ་དེ་གཙོ་བོ་ཡང་མ་རེད།
- གཙོ་བོ་ཡི་གཙོ་བོ་གང་རེད་ཟེར་ན་མཁས་པ་ཚོས་བཤད་པ་ལྟར།
- ང་ཚོར་གོམས་སྲོལ་ཡག་པོ་ཞིག་ཡོད་པ།
- ང་ཚོའི་འཚོ་བའི་འགྲོ་འདུག་སྤྱོད་གསུམ་གྱི་སྟེང་ནས།
- རྒྱུན་དུ་འབྲེལ་ཡོད་པ་འདི་སྐྱེད་སྲིང་བྱེད་དགོས་ཟེར་བ་རེད།
- ངས་མང་པོ་བཤད་ན་དུས་ཚོད་ཀྱི་སྟེང་ནས་ཀྱང་མི་འགྲིག
- ཚང་མས་ཁ་བརྡ་ཞིག་དང་ཚང་མས་ངོ་སྤྲོད་ཅིག་བྱས།
- མན་གྱི་རྒད་པོ་ཚོས་ཀྱང་ཁ་བརྡ་ཞིག་བྱས་ནས།
- ཅི་འདྲ་ཞིག་ཡིན་པ་ཁ་བརྡ་ཞིག་བྱས་ནས།
- ངས་མང་པོ་མི་བཤད་པར་འདི་ནས་འཇོག