Video Overview
At the Repgong Tamshé Seminar, Gyalu from Luchu village agrees with the other speakers. However, he thinks it is not only traditional culture and customs that need to be preserved protected but also animals, mineral resources, forests, and the environment as a whole need to be protected and developed as well. Furthermore, he emphasized that traditions and customs such as wearing Tibetan robes, Losar celebrations, traditional songs, and dances needed to be properly introduced to the new generation, yet they should also be free to join basketball teams and other modern activities. He encouraged and called out everyone to do their best in tradition and cultural preservation.
- Repgong
- བཤད་མཁན་དང་པོ།རང་གིས་འདི་འདྲ་ལས་ནས་ནར་སོན་པ་ཞིག་ཡིན།/
- >>ནང་སྒོས་སུ་དེ་རིང་གི་བཤད་པ་འདིའི་སྟེང་ནས་ཀྱང་།/
- >>ད་བར་དུ་སོང་བས་རང་གིས་བཤད་ཁ་བྱས་མོད།/
- >>ཉེ་བའི་ལོ་བཅུ་ཁ་བཅོ་ལྔ་ཙམ་ལ་མ་བཤད།/
- >>ཆ་རེ་མ་གཏོགས་ཆེན་པོ་ཞིག་བཤད་རྒྱུ་མེད།/
- >>མེད་མོད་འདི་ཡོད་ན་ཆད་མེད་ན་ཆད།/
- >>རང་ཉིད་ཀྱིས་འདི་ཕྱི་མའི་ཡུལ་ལ་ཁྱེར་ཟེར་རྒྱུ་མེད།/
- >>རང་ཉིད་ལ་བཤད་རྒྱུ་ཞིག་ཡོད་པ་དེ་རིང་འདི་ནས་ཕྱིར་མངོན་ཞེས་ཁ་སང་ཡང་བཤད།/
- >>དེའི་ཕན་ཆད་ནས་གླུ་ཡིན་ནའང་རང་ཉིད་ཀྱིས་ལེན་ན་འདོད་པ།/
- >>འཚོག་ས་ཞིག་ལ་སོང་ན་རང་གིས་རྒྱུན་དུ།/
- >>གཞན་གྱིས་ལོངས་ཟེར་ན་ལེན་དགོས་ཞེས།/
- >>གཞན་གྱིས་བལྟས་ན་གླེན་རྟགས་ཡིན་མོད་རང་ཉིད་རྩེད་དགའ་ཡིན་པས།/
- >>རྒྱུན་དུ་སོང་ནས་གླུ་ཤགས་ཁ་ཁར་རྒྱག་ཁ་བྱས་དེ་ལྟར་བསྡད།/
- >>དོན་དག་འདྲ་མིན་གྱི་ནང་དུ་མང་པོ་སོང་མོད།/
- >>སོང་མོད་མི་གཞན་གྱིས་ཅི་ལྟར་བཤད་ན་རང་གིས་ཀྱང་དེ་ལྟར་ལན་འདེབས་པ་ལས།/
- >>རང་བཞིན་གྱིས་དེ་ལྟར་བཤད་པ་ལས་སྒྱུ་རྩལ་པ་མིན་པར།/
- >>རླུང་འཕྲིན་ལས་ཁུངས་འདྲ་ཞིག་ཡིན་ན་དེར་དེའི་ཉམས་དང་།/
- >>དེར་བྱང་ཆ་ཡོད་ལ།/
- >>རང་ཉིད་འདྲ་ཞིག་ཟོག་གི་རྗེས་ནས་བསྡད་པས།/
- >>དེ་ལྟར་བྱང་ཆ་མེད་པས་དེ་འདྲ་ཡག་པོ་ཞིག་བཤད་མི་ཤེས།/
- >>ཁ་སང་ཡང་དེ་ལྟར་བཤད་པ་ཡིན།/
- >>དེའི་ཕན་ཆད་ནས་ང་ཚོའི་སྲོལ་རྒྱུན་ཉམས་བཞིན་པ་འདིའི་སྟེང་ནས།/
- >>རིག་གནས་ཀྱི་སྟེང་དང་ཁོས་བཤད་པ་བཞིན་སྲོག་ཆགས་སྲུང་སྐྱོབ་ཀྱི་སྟེང་།/
- >>ས་འོག་གི་གཏེར་ཁ་ལེན་བཞིན་པ་འདིའི་སྟེང་དང་།/
- >>རང་གི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དང་ནགས་ཚལ་སྲུང་སྐྱོབ་བྱེད་རྒྱུ།/
- >>དེ་དག་ཐམས་ཅད་ཀྱི་སྟེང་ནས་བཤད་ཟིན་པ་རེད།/
- >>ང་ཚོར་དུས་ཚོད་ཀྱིས་ཀྱང་མི་འདང་།/
- >>ཁོས་བཤད་པ་ཇི་མ་ཇི་བཞིན་ཏེ་ཚང་མས་མི་སྒྲུབ་ཟེར་བ་མ་རེད།/
- >>རང་གིས་དེར་མི་སྙེག་ཟེར་བ་མ་རེད་མོད།/
- >>རང་ཉིད་ལ་ནུས་པ་མེད་པསའི་སྟབས་ཀྱིས།/
- >>རང་ཉིད་ཀྱིས་ནུས་པ་འདོན་ས་མེད་པ་མ་གཏོགས།/
- >>རང་ཉིད་དེ་སྲུང་སྐྱོབ་བྱེད་པར་མི་དགའ་བའི་རྒྱུ་མཚན་གཅིག་ཀྱང་ཡོད་པ་མ་རེད།/
- >>དེར་དགའ་ནས།/
- >>ཡ་་་དེ་རིང་བཞུགས་པ་བདག་གཞི་མགྲོན་བར་གསུམ།/
- >>ཐམས་ཅད་ཀྱིས་དེའི་ཕྱོགས་ལ་རྣ་ཡིས་ཉོན་དང་།/
- >>ངའི་རྟེན་འབྲེལ་གྱི་བཤད་པ་ཟེར་བ་འདི་ལ།/
- >>འདི་ལ་བྲིས་པའི་ཡི་གེ་མེད་ལ་བཅད་པའི་མ་ཡིག་མེད་ཀི།/
- >>ཁར་བཀང་བའི་སོ་ཡིས་འཇུ་དཀའ་གི།/
- >>དེ་གཏམ་རིང་མདུད་པ་གྲོལ་དཀའ་གི།/
- >>མིད་ཐག་ཟེར་བའི་ནང་ནས་ཡོང་དཀའ་བ།/
- >>ད་མང་པོ་མང་པོ་ཞིག་བཤད་ན་མང་འགྲོ།/
- >>མགོ་བརྒྱ་གྲངས་འདྲ་ཞིག་འཚོག་དཀའ་གི།/
- >>ཉུང་བ་ཉུང་བ་ཞིག་བཤད་ན་ཉུང་འགྲོ།/
- >>ཁ་བཀང་སོ་འདྲ་ཞིག་འགྲུབ་དཀའ་གི།/
- >>མང་ཉུང་མེད་པའི་གཏམ་དཀའ་ཀི།/
- >>ཡོ་གཟུར་མེད་པའི་ཚིག་དཀའ་ཀི།/
- >>ཆེ་ཆུང་མེད་པའི་གོས་ཀྱང་དཀའ་བ་རེད་ཟེར་རྒྱུ།/
- >>རེད་རེད།/
- >>ཡེད་གཅིག་མཆོད་མཆོད་ཟས་ཀྱི་མགོ་མ་མཆོད།/
- >>འདི་ལ་གནས་པའི་ལྷ་སྲུང་མཆོད།/
- >>ལྷ་སྐུ་འདི་གསུམ་རྣམས་ཀྱི་ཕོ་ལྷ་མཆོད།/
- >>ཡེད་ད་་་སྐྱེས་པའི་འདིར་འཚོག་རྣམས་ཀྱི་དགྲ་ལྷ་མཆོད།/
- >>མར་ནས་འདིར་འཚོག་རྣམས་ཀྱི་ཟས་ལྷ་ལ་ཡང་མཆོད་ཟེར་རྒྱུ།/
- >>ཡེད་་་ཡེད།/
- >>མཆོད་གཅིག་མཆོད་ལ་དགུང་སྔོན་དབྱིངས་ལ་མཆོད།/
- >>དགུང་ཨ་སྔོན་འདི་ལ་མ་མཆོད་མ་བཀུར་ན།/
- >>སྟོད་ལྷ་ཆེན་ཚངས་པ་དཀར་པོ་བཞུགས་ས།/
- >>ལྷ་ཕྲུག་ཉིས་ཁྲི་དགུ་འབུམ་གྱི་གནས་ས།/
- >>མཆོད་གཅིག་མཆོད་ལ་བར་སྣང་དབྱིངས་ལ་མཆོད།/
- >>བར་སྣང་དབྱིངས་བ་འདི་མ་མཆོད་མ་བཀུར་ན།/
- >>ལྷོ་འབྲུག་གི་གྲགས་ས་ལྷོ་སྲིན་གྱི་གཏེར་ས།/
- >>གློག་ཞགས་ཀྱི་འཁྱུག་ས་སྲིན་འབུ་བརྡ་ཁྱེར་གྱི་འབབ་ས།/
- >>བསྙན་ཆེན་ཟོག་ལྷ་གསེར་གསུམ་གྱི་གཞུགས་ས།/
- >>བསྙན་ཕྲུག་ཉིས་ཁྲི་དགུ་འབུམ་གྱི་གནས་ས།/
- >>ཁའི་འཁོར་གསུམ་གྱིས་སྟོབས་ཤུགས་འགྲན་ས།/
- >>ཡེད་ད་མཆོད་གཅིག་མཆོད་ས་ས་གཞི་ཡངས་པ་མཆོད།/
- >>ས་གཞི་ཡངས་པ་འདིར་མ་མཆོད་མ་བཀུར་ན།/
- >>རྫ་ཁ་བ་ཅན་པོ་གངས་རིས་བརྩིགས་ས།/
- >>ཁའི་ཉག་ཀ་ཝ་ཆེན་གྱི་གཟུར་ས།/བྲག་དམར་པོ་རྒོད་གླག་གི་མཆེད་ས།/
- >>ལམ་སྐྱ་མོ་ནོར་ལུག་གི་རྒྱུག་ས།/
- >>ཐང་ཆེན་མོ་འབྲུ་རིགས་ཀྱི་འཁྲུང་ས།/
- >>ཀླུའི་རྒྱལ་བོ་ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་བཞུགས་ས།/
- >>ཀླུ་ཕྲུག་ཉིས་ཁྲི་དགུ་འབུམ་གྱི་གནས་ས།/
- >>རྐང་སག་ལམ་ཅན་གྱི་སྟོབས་ཤུགས་འགྲན་ས།/
- >>མཆོད་གཅིག་མཆོད་ལ་ཕུག་ལྷ་གུས་གསུམ་མཆོད།/
- >>ཕུག་ལྷ་གུས་གསུམ་འདི་མ་མཆོད་མ་བཀུར་ན།/
- >>ཕ་ཨ་ཁུ་གྲལ་ལ་འཚོག་ས།/ཁ་གཡེང་འབོད་ས།/
- >>དེ་ཚེ་ཐག་རིང་གི་ཁ་ལས་འཛོམས་ས།/
- >>ད་མཆོད་གཅིག་མཆོད་ལ་སྐྱེས་ལྷ་ལྷ་མོ་མཆོད།/
- >>སྐྱེས་ལྷ་ལྷ་མོ་འདི་མ་མཆོད་མ་བཀུར་ན།/
- >>གཞོན་འདབ་ལག་རྒྱས་ནས་ཁ་ལས་འཛོམས་ས།/
- >>མཆོད་གཅིག་མཆོད་ལ་སྒོ་ཁ་སྟག་གཡག་མཆོད།/
- >>སྒོ་ལྷ་སྟག་གཡག་འདི་མ་མཆོད་མ་བཀུར་ན།/
- >>གཡང་ར་བ་སྒོ་ཟོག་འཇུག་ས།/
- >>དགུང་ཆེན་མོ་ཉི་མ་འཆར་ས།/
- >>རྟ་རྟེའུ་མ་བུ་མཆེད་ས།/
- >>ལུག་མཚེར་མོ་སྟོང་གི་མཆེད་ས།/
- >>མ་བུ་མོའི་བསྡད་ས།/
- >>ཕྱུགས་ར་ནང་སྐོར་ནས་འདི་འདྲ་ཞིག་རེད།/
- >>ཡེད་་་་ཡེད་་་
- >>གནས་པ་ཐམས་ཅད་དགེ་བའི་རྟེན་འབྲེལ་བསམ་པ་ཐམས་ཅད་འགྲུབ་པའི་རྟེན་འབྲེལ།/
- >>འདི་གཡེང་དང་འདྲ་བའི་རྟེན་འབྲེལ་ལ་དཔྱད་ན།/
- >>མུ་འབྲེལ་ར་བའི་གོང་གི་སྙིང་ནས།/
- >>རིན་ཆེན་གསེར་གྱི་ས་གཞི་རྟེན་འབྲེལ།/
- >>འཇིག་རྟེན་མགོན་པོ་རྟེན་འབྲེལ་ལ་དཔྱད་ན།/
- >>གནམ་ནས་ཉི་ཟླ་སྐར་གསུམ་ཤར་ན་འཛམ་གླིང་བདེ་བའི་རྟེན་འབྲེལ།/
- >>བར་སྣང་ཆར་གྱི་བདུད་རྩི་བབས་ན་འཛམ་གླིང་སྐྱིད་ཀྱི་རྟེན་འབྲེལ།/
- >>ས་ལ་འབྲུ་དྲུག་ལོ་ཏོག་འཁྲུངས་ན་འཛམ་གླིང་རྒྱས་པའི་རྟེན་འབྲེལ།/
- >>དེ་རིང་ཉི་མ་ལྷ་སྐལ་གྱི་ལྷ་དབང་འགྲིག་པའི་རྟེན་འབྲེལ།/
- >>ནང་ན་ཕྱིང་དཀར་གདན་གྱིས་བརྒྱན་པའི་རྟེན་འབྲེལ།/
- >>ཀླད་ན་ཙན་དན་དམར་ཡོད་པ་ཕྱུག་པའི་རྟེན་འབྲེལ།/
- >>དེའི་སྟེང་ན་འབྲུ་རིགས་ཀྱི་བྱེ་མ་སྤུངས་བའི་རྟེན་འབྲེལ།/
- >>ཡེད་་་ཡེད་་་
- >>ཡེད་་་ད་་་དང་པོ་ཆགས་རིམ་རྣམ་གསུམ་པོ་གཅིག་བཤད་རྒྱུ་ན།/
- >>ཤིང་ཏ་ལའི་ལོ་མ་གྱེན་དུ་སྐྱེས་པ།/
- >>འཛམ་གླིང་གི་ལྟེ་བ་རྒྱ་གར་རྡོ་རྗེད་གདན་ཆགས་པ།/
- >>ཤར་ཕྱོགས་རི་བོའི་རྩེ་ནས་གནས་མཆོག་ཆགས་པ།/
- >>ལྷོ་ཕྱོགས་པོ་ཏ་ལ་ཡི་ཕོ་བྲང་ཆགས་པ།/
- >>ནུབ་ཕྱོགས་བསང་བདག་དཔའ་རིའི་ཞིང་ཞམས་ཆགས་པ།/
- >>བྱང་ཕྱོགས་ཤམ་བྷ་ལ་ཡི་གྲོང་ཁྱེར་ཆགས་པ།/
- >>སྟོད་ནས་རྟ་རི་མངའ་རིས་ཆགས་པ།/
- >>བར་ནས་དབུས་གཙང་རི་བཞི་ཆགས་པ།/
- >>སྨད་ནས་མདོ་ཁམས་སྒང་དྲུག་ཆགས་པ།/
- >>བོད་ཚོ་དྲུག་འཛམ་བུ་གླིང་དུ་ཆགས་པ།/
- >>རྒྱ་མ་ནིང་དར་རྩེ་མདོ་ནས་ཆགས་པ།/
- >>སོག་སེར་པོ་ཐང་དཀར་ཀླད་ནས་ཆགས་པ།/
- >>ཡེད་་་ད་་་དང་པོ་ཆགས་རིམ་རྣམ་གསུམ་བཤད་ན་འདི་ལྟར་གསུངས་པ་རེད་ཟེར་རྒྱུ།/
- >>ཡེད་་་ཡེད་་་
- >>ཡེད་་་ད་་་དང་པོ་གཉེན་དར་ཚུལ་གྱི་རིམ་པ་བཤད་རྒྱུ་ན།/
- >>ལྷ་ཀླུ་གཉིས་ཀྱིས་གཉེན་བཟུང་བ།/
- >>སྐར་མ་སྨིན་དྲུག་བག་མར་སྐྱེལ་བ།/
- >>སྐར་གཅིག་སྐར་ཚོམ་མགྲོན་ལ་སོང་བ།/
- >>སྤྲིན་དཀར་སྤྲིན་དམར་གྱིས་གདན་བཏིང་བ།/
- >>དགུང་ཉི་ཟླ་གཉིས་ཀྱི་རྫོང་བ་བྱས་ནས།/
- >>དེ་ནས་ལྷ་ཀླུ་གཉིས་ཀྱི་གཉེན་འགྲུབ་སོང་།/
- >>དེ་ནས་ལྷ་ཀླུ་གཉིས་ཀྱིས་གཉེན་བཟུང་བ།/
- >>ཀླུ་མོ་ནོར་འཛིན་མ་ལྷ་ཡུལ་ལ་གདན་དྲངས།/
- >>གནམ་ནས་ཆར་བ་བབས་ལ་ས་ནས་འབྲུ་དྲུག་སྐྱེས་པ།/
- >>འབྲུ་སྣ་སྣ་ཚོགས་ཞོར་དུ་འཁྲུངས་བ།/
- >>དེ་ནས་ལྷ་ཀླུ་གཉིས་ཀྱི་གཉེར་འགྲུབ་སོང་།/
- >>དེ་ནས་བལ་བོད་གཉིས་ཀྱི་གཉེན་བཟུང་བ།/
- >>རྒྱལ་བོ་སྲོང་བཙན་སྒམ་པོ་དབུས་ན་བཞུགས་པ།/
- >>བློན་པོ་མགར་བློན་ལ་བཞུགས་པ།/
- >>བལ་བོ་ཡུལ་གྱི་རྒྱལ་བོ་ཨམ་ཤུ་ཝརྨ་ཡི་སྲས་མོ།/
- >>སྒྲོལ་མ་དཀར་མོའི་སྤྲུལ་བ་པུ་ལི་ཁུ་ཐི་བོད་ལ་གདན་དྲངས།/
- >>ཇོ་བོ་མི་སྐྱོབ་རྡོ་རྗེ་དང་ཙན་དན་ཇོ་མོ་སྒྲོལ་མ་གཉིས།/
- >>དེ་ནས་བལ་བོད་གཉིས་ཀྱི་གཉེན་འགྲུབ་སོང་།/
- >>དེ་ནས་རྒྱ་བོད་གཉིས་ཀྱི་གཉེན་བཟུང་བ།/
- >>ཡེད་་་ད་་་རྒྱལ་བོ་སྲོང་བཙན་སྒམ་པོ་དབུས་ན་བཞུགས་པ།/
- >>བློན་པོ་མགར་བློན་ལ་བཞུགས་པ།/
- >>སྒྲོལ་མ་སྔོན་མོའི་སྤྲུལ་བ་རྒྱ་བཟའ་ཀོང་ཇོ་བོད་ལ་གདན་དྲངས་པ།/
- >>ཇོ་བོ་ཤཀྱ་མུ་ནེ་དང་།/
- >>དེ་ནས་རྒྱ་བོད་གཉིས་ཀྱི་གཉེན་འགྲུབ་པ།/
- >>དེ་ས་བདག་ཞང་མགྲོན་གཉིས་ཀྱིས་གཉེན་བཟུང་བ།/
- >>ན་ནིང་གི་ལོ་བཟང་བོར་གཉེན་མགོ་བཟུང་བ།/
- >>ད་ལོ་ཡི་ལོ་བཟང་བོར་གཉེན་རྟགས་བརྒྱབ་པ།/
- >>དེ་རིང་གི་ཉི་མ་བཟང་བོ་ཕུན་སུམ་ཚོགས་པའི་ཉི་མ།/
- >>བཀྲ་ཤིས་པའི་ཉི་མ་དོན་འགྲུབ་པའི་ཉི་མ།/
- >>སང་ཉི་མ་ཡར་ཤར་གྱི་རྩེ་མོ།/
- >>རིན་པོ་ཆེ་ཡི་མི་སྐྱེལ་ནས་རི་མོ་ཅན་གྱི་གོས་གོན་ནས།/
- >>ཡེད་་་ད་་་ས་དོག་མོ་འདྲ་བའི་ཁ་ཞེང་བསྐྱེད་ནས།/
- >>ཇ་ཆང་མར་གྱིས་མཚོ་ཞིག་བསྐྱིལ་ན།/
- >>ད་ནས་ཕན་ཆད་དུ་སྐྱིད་ལ་ཉི་མ་ཤར།/
- >>བྲོ་ལ་བདེ་སྐྱིད་ལྡན་པ།/
- >>གོ་ཁ་ཐམས་ཅད་བུ་ཡིས་བཀང་བ།/
- >>སྒོ་ཁ་གྲུ་བཞི་རྒྱུ་ཡིས་བཀང་བ།/
- >>བུ་ལོ་ལམ་ལ་གྲགས་ཕྱུགས་རྫ་ལམ་ལ་གྲགས།/
- >>ཡེད་་་ད་་་ཁྱོད་ཀྱིས་བསམ་པའི་དོན་འགྲུབ་ནས་འདོད་པའི་རྩེ་འཆང་བ་རེད་ཟེར་རྒྱུ།/
- >>ཡེད་་་ཡེད་་་
- བཤད་མཁན་གཉིས་པ།བཤད་ཀྱང་མི་ཤེས།/
- >>ལོ་ཡང་མཐོ་བ་ཁྱེད་ཚོས་ཀྱང་ཤེས་པ་རེད།/
- >>བརྒྱད་ཅུ་སྔས་མགོ་རེད་བདུན་ཅུ་སྟད་མ་རེད།/
- >>ལོ་བདུན་ཅུ་དོན་དྲུག་དོན་བདུན་ཙམ་རེད།/
- >>ང་ཡང་དེ་རིང་གི་འཚོགས་པ་འདི་ལ་དགའ་བའི་སྟབས་ཀྱིས།/
- >>དེ་རིང་ཁ་བརྡ་བྱེད་བསམ་ན་བྱེད་རྒྱུ་མེད་མོད།/
- >>ཁོང་རྣམ་པ་གཉིས་ང་ཚོའི་མགོ་ན་བཞུགས་ཀི།/
- >>འདི་ན་མགོ་ནས་མར་ལ་ཅི་ལྟར་གསུང་བཞིན་པ།/
- >>ང་ཚོས་དེ་བཤད་མི་ཤེས་མོད་སེམས་ལ་འབབ་པ་རེད།/
- >>ང་ཚོ་ལོ་ལོན་རེད།/
- >>སེམས་ལ་འབབ་ཀྱང་འབབ་ལ་འཛིན་ཡང་འཛིན་པ་རེད།/
- >>དེ་བས་དངོས་གནས་བཀའ་དྲིན་ཆེ།/
- >>འདི་ལ་བཀའ་དྲིན་ཞུས་པ་ཡིན།/
- >>ད་དུང་འདི་ན་རྒད་པོ་ངར་བ་ཡོད་ཀི།/
- >>འདི་དག་གིས་ཀྱང་གཅིག་གཅིག་གཉིས་གཉིས་བྱས་ནས་བོད་ལ་ནད་སེམས་ཆེ་བས།/
- >>བོད་ལ་ཞེན་ཆགས་ཡོད་པས་གོང་དུ་བཤད་བྱུང་།/
- >>འདི་ལ་དངོས་གནས་བཀའ་དྲིན་ཆེ།/
- >>ཁྱེད་རྣམ་པར་བཀའ་དྲིན་ཆེ།/
- >>ད་དུང་སློབ་མ་ང་ཚོའི་བདུད་འདུལ་དང་འགའ་ཞིག་གིས།/
- >>དངོས་གནས་འདི་འདྲ་ཞིག་གི་དཀའ་ཁག་ལ་མགོ་མ་སྒུར་བར།/
- >>བོད་ཀྱི་སྲོལ་རྒྱུན་དང་རིག་གནས་འདི་ཉམས་རྒྱུ་རེད་ཅེས།/
- >>བོད་ཟེར་བ་ཞིག་རྔ་མ་ཞིག་ལ་ཡོད་རྒྱུ་མ་རེད་ཅེས།/
- >>དེ་བས་འདི་ན་འདི་ལྟར་འབད་བརྩོན་བྱེད་བཞིན་འདུག
- >>བྱིས་པ་འདི་དག་ལ་དངོས་གནས་བཀའ་དྲིན་ཆེ།/
- >>ངས་བཀའ་དྲིན་ཆེ་ཞེས་ཞུས་པ་ཡིན།/
- >>མུ་མཐུད་དུ་འདི་ལ་འབད་པ་བྱེད་རྒྱུ།/
- >>འདིའི་རྒྱ་ཇེ་ཆེར་གཏོང་རྒྱུ་འདི་ང་རྒད་པོ་རང་གི་རེ་བ་ཡིན།/
- >>དེ་རིང་འདི་ན་ང་ཚོ་མི་སྣ་མང་པོ་ཞིག་འཚོགས་ཡོད་ཀི།/
- >>མི་བཅོ་ལྔ་ནས་ཉི་ཤུ་དེ་འདྲ་ཞིག་ཡོད་ཀི།/
- >>འདི་དག་ཚང་མ་ལོ་ལོན་ཏག་ཏག་རེད།/
- >>འདིས་སྔོན་ཆད་ཀྱི་སྤྱི་ཚོགས་རྙིང་བ་ཡི་འགྲོ་ཕྱོགས་འདུག་ཕྱོགས།/
- >>དེ་ང་ཚོ་སུ་ལའང་གསལ་བོ་ཡིན་ལ་ཤེས་པ་རེད།/
- >>འདི་ཤེས་པས་ང་རང་ཉིད་དང་ཆུ་མ་ལ་མཚོན་ན།/
- >>འདི་ཉམས་ནས་འགྲིག་གི་མེད་ཀི་ཞེས་བཤད་དེ།/
- >>ན་ནིང་མ་ཡིན་པར་གཞེས་ནིང་ལོར།/
- >>བོད་ཀྱི་སྲོལ་རྒྱུན་འདི་རྒྱུན་འཁྱོངས་བྱེད་དགོས་ཞེས།/
- >>རྒྱལ་ཁབ་ལ་སྒོར་མོ་ཞིག་སློང་ཞེས།/
- >>རྒྱལ་ཁབ་ལ་སྒོར་མོ་བསླངས་ནས།/
- >>ཕལ་ཆེར་སྒོར་མོ་ཁྲི་གཉིས་གསུམ་ཙམ་འདུས་སོང་།/
- >>དེ་འགྲོ་སོང་དུ་བཏང་ནས།/
- >>མི་གཅིག་གིས་ཀྱང་རྒྱ་ལྭ་གྱོན་ན་མི་ཆོག་པར་བོད་ལྭ་གྱོན་དགོས།/
- >>མི་གཅིག་གིས་ཀྱང་རྡུང་ལེན་ལ་སོགས་པ་མི་དགོས།/
- >>རང་གི་སྔོན་ཆད་ཀྱི་སྤྱི་ཚོགས་རྙིང་བའི་གླུ་ཅི་ཞིག་ཡིན་པ།/
- >>དི་ཅི་ཞིག་ཡིན་པ་དེ་བསྡུས་དགོས།/
- >>འདི་ལེན་དགོས་ཞེས་ཆད་པ་བཞག་ནས།/
- >>དེ་ལྟར་རྒྱ་ལོ་ཚེས་གཅིག་ནས་ཚེས་བཅུ་ཐམ་པ་བར་དུ་རྩེད།/
- >>ང་ཚོ་ཆུ་མ།/
- >>འདིའི་སྟེང་ནས་ངས་དེ་དུས་འདང་བརྒྱབ་ནའང་།/
- >>ང་ལ་འདི་ཧ་ཅང་འཐད་པ་ཡིན་ལ་ང་དགའ་བ་ཡིན།/
- >>དེ་རིང་གནངས་ཀ་འདང་བརྒྱབ་ནའང་འདི་ཧ་ཅང་ལེགས་པོ་རེད།/
- >>འདི་ལ་ང་ཧ་ཅང་འཐད།/
- >>འདིའི་ནང་ན་གསར་བ་ཞིག་ཡོད་པ་ནི་སྤོ་ལོ་རྒྱག་དགོས།/
- >>དེ་ནི་གསར་བ་རེད།/
- >>སྤྱི་ཚོགས་རྙིང་བར་སྤོ་ལོ་རྒྱག་རྒྱུ་མེད་ཀི།/
- >>འཐེན་རེས་རྒྱག་པ་དེ་སྤྱི་ཚོགས་རྙིང་བར་ཡང་འཐེན་རེས་རྒྱག་རྒྱུ་ཡོད།/
- >>ཨ་རྒྱ་ཨ་རྒྱ་བྱས་ནས་ཀྱང་རྒྱག་ལ་ཨ་ཡེ་ཨ་ཡེ་བྱས་ནས་ཀྱང་རྒྱག
- >>ཨ་རྒྱ་ཨ་ཡེ་གཉིས་བསྲེས་ནས་ཀྱང་རྒྱག
- >>དེ་ནི་གཅིག་རེད།/
- >>འདིའི་སྟེང་ནས་ང་ཚོས་ངོ་མས་འབད་པ་བྱས།/
- >>འདིའི་སྟེང་ནས་གྲུབ་འབྲས་ཀྱང་ཡོད།/
- >>མི་གཅིག་གིས་ཀྱང་རྒྱ་ལྭ་གོན་མི་ཆོག
- >>ད་དུང་ལོ་དྲུག་ཅུ་ཡན་ཆད་ཚང་མར་ལོ་གསར་བྱིན་ནས།/
- >>སྡེ་བའི་ཚོགས་ཐོག་ནས་ལོ་གསར་བྱིན་ནས།/
- >>འདི་ལྟར་བྱས་ན་ངོ་མས་ཡག་གི་བཟང་གི་རྒྱན་གི།/
- >>འདིའི་སྟེང་ནས་ང་ཚོ་བོད་ཀྱི་ཡི་གེ་དང་སྲོལ་རྒྱུན་ཉམས་པ་མང་གི།/
- >>འགྲིག་གི་མེད་ཀི།/
- >>མི་ངར་བ་དག་གིས་ཅི་ལྟར་བྱེད་བཞིན་འདུག
- >>ཕྱི་ན་ཅི་བྱེད་བཞིན་ཡོད་པ་དང་ནང་ན་ཅི་བྱེད་བཞིན་ཡོད།/
- >>འདི་ལ་དངོས་གནས་སྤྲོ་བ་ཡོད་ཀི།/
- >>མིག་ཆུ་ཡོང་ལ་ཉེ།/
- >>འདི་ལ་གཙོ་བོ་འདིར་ཡོད་པའི་མི་ཚང་མར་འགན་ཁུར་ཡོད་པ་རེད།/
- >>ང་ཚོ་ཚང་མ་བོད་རེད།/
- >>འཇིག་རྟེན་ན་བཤད་རྒྱུ་ཡོད་པ་རེད།/
- >>མགོ་ནག་རྐང་བརྒྱ་མང་བོས་མི་རྙེད་པ་ཕ་དང་ཨ་ཁུ་ཡིན།/
- >>དོག་མོ་ཁ་ཞེང་ཆེ་བས་མི་རྙེད་པ་ཕ་ས་ཡིན།/
- >>རང་གི་སྔོན་ཆད་ཀྱི་འགྲོ་ལུགས་འདུག་སྟངས་དང་སྔོན་ཆད་ཀྱི་ལོ་རྒྱུས་འདི།/
- >>འདི་ལ་ཚང་མས་འབད་པ་བྱས་ནས།/
- >>གཙུག་ཆེན་ལ་འཇོག་དགོས་པ་ག་དང་ང་རེད།/
- >>ཁྱོད་ཚོ་ཆུང་བ་དག་གིས་ཤེས་རྒྱུ་མ་རེད།/
- >>ལོ་ལོན་འདི་ཚང་མས་ངས་ཤེས་རྒྱུ་རེད་འདོད།/
- >>པན་ཆེན་རིན་པོ་ཆེ་ཚང་འདིར་ཕེབས་དུས།/
- >>ང་ཚོར་གན་ནས་ཚོགས་ཆེན་འདུ་ཁང་དུ་ཅི་གསུངས་བྱུང།/
- >>ཁྱོད་བོད་ཅིག་ཡིན་ན་བོད་ལ་གྱོན་དགོས།/
- >>བོད་ལྭ་གྱོན་ན་ཕན་པ་ཡོད་ཅེས།/
- >>འདི་ལ་ཉལ་ན་སྔས་མགོ་མི་དགོས་ཞེས།/
- >>འདི་ལ་སྟན་མི་དགོས།/
- >>འདི་ལ་ཐོག་ཏུ་གོན་པ་མི་དགོས།/
- >>འདི་ཡིས་འདང་ཡོད་ཅེས།/
- >>ཁོང་ཚང་བཙོན་ཁང་ནང་དུ་འདི་འདྲ་ཞིག་ལ་བསྡད་མོད།/
- >>བོད་ལྭ་འདི་ཁོང་གི་རྒྱབ་ནས་མ་ཕུད་ཅེས།/
- >>ང་ཚོ་ཨོ་ལོན་ཚོས་ཤེས་རྒྱུ་རེད།/
- >>ཆུང་ཕྱོགས་པ་རྣམས་ཀྱིས་དེ་གོ་ཡོད་རྒྱུ་མ་རེད།/
- >>ངས་དེའི་ཡིན་དེར་དེ་གོ་ཡོད།/
- >>བོད་ཀྱི་ཡུལ་སྲོལ་གོམས་འདྲིས་འདི་མ་འགྱུར་ན་བཟང་གི་ཞེས།/
- >>འདི་ལ་ཁྱོད་ཚོས་མཉམ་འཇོག་བྱོས་ཞེས།/
- >>ང་ཚོར་དེ་ལྟར་ཞལ་གསུང་གནངས་བྱུང།/
- >>གནངས་བས་ངས་ཀྱང་མགོར་ར་བ་ཞིག་བཞག་པ་ཡིན།/
- >>བཞག་མོད་ཚང་མ་ལུག་ལྡིང་ལྡིང་བྱས་ནས་འགྲོ་བཞིན་འདུག
- >>ལོ་གཅིག་ལ་བྱས་རྗེས་ཡང་བཞུར་སོང་བ་རེད།/
- >>ཚང་མ་བཞུར་སོང་།/
- >>ང་ཚོའི་རྒད་པོ་གཅིག་མ་བཞུར་བ་རེད།/
- >>ཨ་ཕ་གདུགས་དཀར་ཚེ་རིང་དེ་རེད།/
- >>ཁོའི་ར་བ་མགོ་ནས་བཞག་པ་རེད།/
- >>གཙོ་བོ་ཚང་མས་འབད་པ་བྱས་ནས།/
- >>ངས་བཤད་མི་ཤེས་ལ་ཡིག་འབྲུ་གཅིག་ཀྱང་མི་ཤེས།/
- >>ཅིག་གིས་ཁྱོད་གསོད་རྒྱུ་ཞེས་ངའི་ལག་ཏུ་བཞག་ནའང་དེ་ཡག་པོ་ཞིག་རེད་བསམ་ངེས།/
- >>དེ་ལྟར་གླེན་པ་འདྲ་བོ་རེད།/
- >>དེ་བས་ངོ་མས་འགྲིག་གི་མེད།/
- >>ཚང་མས་འབད་པ་བྱེད་དགོས།/
- >>རང་གི་སྡེ་བའི་ནང་དུ་རང་ཉིད་རྒད་པོ་རེད།/
- >>དེར་དོན་དག་ཆེ་མ་ཆུང་གསུམ་ཅི་ཞིག་ཡིན་རུང་།/
- >>དེའི་ནང་དུ་ཞུགས་ཀྱང་དགོས་ལ་ཞུགས་བཞིན་ཡོད།/
- >>ཐ་ན་ཁྱིམ་ཚང་གི་བཟའ་བ་གཉིས་བཟའ་འཁོན་བརྒྱབ་ནའང་འགྲོ་དགོས་པ་རེད།/
- >>དེར་སོང་ནས་བདེ་འཇགས་སུ་གཏོང་དགོས་པ་རེད།/
- >>མ་གཞི་ནས་སྡེ་བར་རྒྱུན་དུ་དེ་ལྟར་བཤད་པ་ཡིན།/
- >>ལོ་ལོན་ཞིག་གི་འགན་ཁུར་རེད།/
- >>དེ་ཇེ་ཆེར་འགྲོ་རུ་མི་འཇུག་རྒྱུ་དེ།/
- >>ལོ་ལོན་ཁ་ཤས་ཀྱིས་དེར་ཁ་ཡ་མི་བྱེད།/
- >>དེ་ཁ་གཉིས་རྡུང་རེས་བརྒྱབ་ན་བཟའ་བ་གཉིས་འཛིང་རེས་བྱས་ན།/
- >>དེ་ཁ་རོག་གེར་བསྐྱུར་བ་དེ་ངོ་མས་བསམ་པ་མི་ལེགས་པ་རེད།/
- >>གོའམ།/
- >>དེའི་སྟེང་ནས་བཅོལ་ལེགས་བྱས་ནས།/
- >>ལོ་ལོན་ཞིག་གིས་བཤད་ན་ཅི་འདྲ་བཤད་རུང་བཤད་ན་ལེགས།/
- >>བུ་བཟང་ནས་གྲལ་མགོར་བུད་པ་མིན་མོད།/
- >>ལོ་ཡིས་དེད་ནས་གྲལ་མགོར་བུད་པ་རེད།/
- >>ལོ་ལོན་ལ་བརྩི་བ་དང་མི་བརྩི་མཁན་ཡང་ཡོད་མོད།/
- >>བརྩི་མཁན་ཞིག་གིས་བརྩི་བ་རེད།/
- >>བརྒྱ་ཆའི་བརྒྱད་ཅུ་ཡིས་བརྩི་བ་རེད།/
- >>དེ་བས་གཙོ་བོ་ང་ཚོ་ཕྱིར་རང་གི་སྡེ་བའི་ནང་དུ་སོང་ནས།/
- >>དེ་ལ་ཁ་ལེན་པ་དང་རེ་མ་ཅིག་ལས་རྒྱུ་དཀའ་མོ་ཡིན་མོད།/
- >>རྣ་ནང་དུ་མང་པོ་འཇོག་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་རེད།/
- >>དེ་མ་གཏོགས་ང་ལ་གཞན་བཤད་རྒྱུ་མེད།/
- >>རེད་རེད།/