Video Overview
At the Repgong Tamshé Seminar, the poet Pematso, also known as Chimay, shared her ideas and expressed the importance of traditional culture and oral literature. She shared that due to both social advancement and changes, there are many customs that are vanishing, and provided examples of vanishing customs compared to her childhood, when the tradition and custom were rich. Furthermore, she suggested that it is the responsibility of the elders to teach and guide the young generation about tradition and custom. Above all, she pointed out that the foundation of Tibetan culture lies in traditional customs. It requires the joint efforts of both monks and laypeople to uphold, preserve, and spread them.
- དེ་རིང་གི་གོ་སྐབས་འདི་བེད་སྤྱད་ནས།
- རང་ཉིད་ལ་སྐད་ཆ་ཚིག་འགའ་བཤད་འདོད་ཡོད་པ་ནི་ཅི་ཡིན་ཟེར་ན།
- ད་ལྟ་ལས་གཞི་འདི་སྒྲུབ་མཁན།
- འདིའི་ལོ་ཆུང་འདི་ཚོར་མཚོན་ན།
- འདི་ཧ་ཅང་གིས་འགྲིག
- ཁོ་ཚོས་རང་གི་རིག་གནས་ཀྱི་རིན་ཐང་དང་རིག་གནས་ཆགས་འཇིག་གི་ཉེན་ཁ།
- འདིའི་གནས་བབ་འདི་ངོས་ཟིན་ནས་དོན་དག་འདི་འདྲ་ཞིག་ལ་འཇུས་པ་ཡིན་ངེས་རེད།
- དེ་མ་གཏོགས་ལས་ཀ་ཅི་ཞིག་སྒྲུབ་ནའང་ཆོག
- ཡིན་ནའང་ཁོ་ཚོས་ཆེད་དུ་འདི་ལ་འཇུས་ཡོད་པ།
- ཁོ་ཚོས་འདིའི་ཉེན་ཁ་དང་འདིའི་རིན་ཐང་འདི་ངོས་ཟིན་པའི་རྟགས་མཚན་གཙོ་བོ་ཞིག་རེད།
- དེ་ན་ང་ཚོས་ཆེན་པོ་ཞིག་བཤད་མི་དགོས།
- རང་གི་རེབ་གོང་ལུང་པ་ཆུང་ཆུང་འདི་ལ་མཚོན་ན།
- འཛམ་གླིང་ས་ཁྲའི་སྟེང་ན་ངོས་འཛིན་ཐབས་མེད་པའི་ལུང་པ་ཆུང་ཆུང་ཞིག་རེད།
- ང་ཚོའི་ཡུལ་ལུང་རྒྱ་ཆེ་བ་དང་མི་གྲངས་རྒྱ་ཆེ་བ།
- ས་ཕྱོགས་ལུང་པ་འདིའི་ནང་ན་གཏེར་ཁ་ཕུན་སུམ་ཚོགས་པ་ཡོད་པ།
- དེ་ལ་སེམས་ཅན་གྱིས་ཁ་གདངས་ནས་མིག་ཅེར་ནས་སོང་སྟེ།
- དེ་འདྲའི་རིན་ཐང་ལུང་པ་འདི་ན་རྩ་བ་ནས་ཡོད་པ་མ་རེད།
- ལུང་པ་འདི་ན་ཡོད་པ་ཅི་རེད་ཟེར་ན།
- སྔོན་བྱོན་མཁས་པ་རྣམས་ཀྱིས་ཡིག་ཐོག་ཏུ་སྤེལ་ཡོད་པ།
- དེང་སང་འདིར་བཞུགས་ཀྱི་ཁྱེད་ཅག་རྣམ་པས།
- ངག་ཐོག་གི་རིག་གནས་སྤེལ་བ།
- ངག་ཐོག་ཡིག་ཐོག་གི་རིག་གནས་ཟུང་འབྲེལ་བྱས་ནས།
- རང་གིས་རང་ལ་མངའ་ཁོངས་འདི་འདྲ་བརྟན་པོ་ཞིག་ཆགས་ཐུབ་སོང་བ་འདི་ལ།
- ཕྱི་ནས་ཀྱང་གདེང་འཇོག་ཐོབ།
- དེར་ཉམས་འཇོག་བྱེད་མཁན།
- དེར་གདེང་འཇོག་དང་དོ་སྣང་བྱེད་མཁན་ཡོད་དེ།
- རེབ་གོང་ཞེས་པ་ས་ཕྱོགས་གང་ནས་ཡིན་རུང་མི་ཤེས་ས་ཞིག་མེད་ཀི།
- འཛམ་གླིང་ས་ཁྲའི་སྟེང་ན་བཙལ་ཐབས་མེད་མོད།
- འོན་ཀྱང་རེབ་གོང་ལུང་པ་བཤད་ན་མི་ཤེས་མཁན་མེད་ཀི།
- འདི་ཐམས་ཅད་ཅི་རེད་ཟེར་ན་རང་གི་རིག་གནས་དེའི་བཀའ་དྲིན་རེད།
- རིག་གནས་འདི་ཡང་མར་དེད་ནས་ཆུང་ས་ནས་བཤད་ན།
- ང་ཚོའི་འཚོ་བ་རོལ་སྟངས་ཏེ།
- ཉིན་རྒྱུན་གྱི་འཚོ་བ་རོལ་སྟངས་དང་ཉིན་རྒྱུན་གྱི་འགྲོ་འདུག་སྤྱོད་གསུམ་གྱི་སྟེང་ན་ཡོད།
- ང་ཚོ་བོད་ཀྱི་གོན་པ་གྱོན་སྟངས་དང་།
- ཁ་ལ་ཟ་སྟངས་ཀྱི་བར་ནའང་ཤེས་བྱ་ཏག་ཏག་རེད་ཅེས་བཤད་བྱུང་།
- དེ་ན་ལེན་རྒྱུ་ཏག་ཏག་རེད་ཅེས།
- དེང་སང་ལུགས་སྲོལ་ཉམས་ནས།
- དེ་རིང་ང་ལ་མཚོན་ནའང་རྒྱ་ལྭ་གྱོན་ནས་ཡོང་ཡོད།
- ང་དེ་རིང་སྲིང་ལ་འགྲོ་དུས།
- ངས་རྒྱ་ལྭ་གྱོན་ནས་སོང་ན་ཅི་ལའང་ངོ་གནོང་མི་དགོས།
- ཉམས་འཇོག་མཁན་མེད།
- རང་གི་གོན་པ་བྱས་ནས་ང་འགྲོ་ཐུབ།
- ངས་བོད་ལྭ་གྱོན་ནས་སོང་ན་ང་ལ་བལྟ་མཁན་ཡང་མང་གི།
- འདིས་བོད་ལ་གྱོན་ནས་འགྲོ་ཚུལ་ལ་བལྟས་ན་དེ་རིང་ཅིག་ལ་འགྲོ་བཞིན་པ་འདྲ།
- ཁྱོད་ཅིག་ལ་འགྲོ་དགོས་པ་ཡིན་ནམ།
- བོད་ལྭ་གྱོན་ཡོད་པར་བལྟས་ན་ཞེས་བཤད་ངེས།
- ལ་ལས་འདིའི་ཉམས་ལ་ལྟོས་དང་བོད་ལྭ་གྱོན་ནས་ཞེས།
- དེང་སང་བོད་ལྭ་འདི་ལག་རྟགས་ལྟ་བུ་ཞིག་རེད།
- ཚོགས་ར་ཞིག་གི་ནང་དུ་འགྲོ་བའམ་དུས་ཆེན་ཞིག་ལ།
- དེ་མཚོན་བྱེད་ཅིག་རེད།
- རང་གི་གོན་པ་རུ་གྱུར་མེད།
- དེ་དག་ཐམས་ཅད་ནི་དམངས་སྲོལ་རིག་གནས་ཉམས་པའི
- རྟགས་མཚན་གཙོ་བོ་ཞིག་རེད།
- ཐ་ན་ཟ་འཐུང་གི་སྟེང་ནས་བཤད་ན།
- ཟ་མ་ཟས་ན་དེང་སང་གི་ལོ་ཆུང་རྣམས་ཀྱིས།
- རང་གི་གདོད་མའི་ཁ་ཟས།
- རྩམ་པ་རྟོལ་མ་མི་ཟ་བར།
- དེང་སང་གི་བྱིས་པའི་ནང་ན་རྩམ་པ་རྟོལ་མ་ཁ་ལ་ལེན་མཁན་མེད།
- བརྔོ་ཤེས་ན་མི་ཤེས་ན་ཚོད་མ་ཞིག་བརྔོ་ཁ་བྱས་ནས།
- སྡེར་མ་ཞིག་གི་ནང་དུ་བླངས་ནས་དེར་སྤྲོ་ནས།
- དེ་དག་ཐམས་ཅད་ནི་རང་གི་རིག་གནས་ཉམས་པའི་རྟགས་མཚན་གཙོ་བོ་ཞིག་རེད།
- དེ་བས་ཅི་ཟེར་བ་རེད་ཅེ་ན།
- ངས་འདིའི་སྔོན་ལ་ཚོགས་འདུ་མཚོག་གོང་དུ་སྒོ་ནས།
- སློབ་མ་ཚོར་དེ་ལྟར་བཤད་པ་ཡིན།
- འདི་ཧ་ཅང་ལེགས་པོ་རེད།
- དམངས་སྲོལ་རིག་གནས་འདི་མྱུར་སྐྱོབ་བྱེད་པ།
- རང་གི་རིག་གནས་དང་ཆོས་ལུགས་རིག་གནས་གང་ཡིན་རུང་རྐང་ནི།
- མར་གྱི་དམངས་ཁྲོད་ན་ཡོད་པ་རེད།
- རང་གི་འགྲོ་འདུག་སྤྱོད་གསུམ་འདི་མ་ཉམས་ན་ནམ་ཡིན་རུང་།
- བོད་ཅེས་ཁྱད་པར་ཅན་གྱི་མི་རིགས་ཤིག་ང་ཚོར་སྟོན་རྒྱུ་ཡོད།
- དེ་མིན་སྐད་ཉམས་པ་དང་ཡི་གེ་ཉམས།
- གོམས་སྲོལ་ཉམས་པ་ཡིན་ན།
- མི་རིགས་འདི་གཞན་དང་གཞན་ལ་འདྲེས་སོང་ན།
- བོད་ཅེས་པ་ཞིག་གཞན་ལ་སྟོན་རྒྱུ་མེད།
- ཤ་དང་སྐྱི་ལྤགས་ལ་བལྟས་ན་ཅི་ཡང་ཤེས་མི་ཐུབ།
- རང་གི་སྟེང་ན་གཞན་དང་མི་མཚུངས་བ་དང་ཐུན་མོང་མ་ཡིན་པའི།
- འདི་འདྲའི་རིག་གནས་དང་།
- ཡུལ་སྲོལ་གོམས་གཤིས་འདི་ཡོད་པའི་སྟབས་ཀྱིས།
- གཞན་དང་མི་མཚུངས་པའི་བསམ་བློ་གཏོང་ཕྱོགས།
- དེ་འདྲ་ཡོད་པ་རེད།
- ང་ཚོའི་བསམ་བློ་གཏོང་ཕྱོགས་གཞན་དང་མི་འདྲ་བ་ཡང།
- གཙོ་བོ་རང་གི་རིག་གནས་ཀྱི་སྟེང་ནས་བྱུང་བ་རེད།
- ངས་རྒྱུན་དུ་བྱིས་པ་ཚོར་ཡང་དེ་ལྟར་བཤད་པ་ཡིན།
- རྒྱ་ཡི་བྱིས་པ་ཞིག་ལ་དེ་རིང་ཐུག་པ་ཡིན་ན།
- དཔེ་འཇོག་རྒྱུ་ན་ཁྱི་ཆུང་ཆུང་ཞིག་ཡིན་ན་ཆོག་གི།
- ཐ་ན་ཞི་ལ་དང་བྱ་བྱེའུ་འབའ་འབུ་ཞིག་ཡིན་ན།
- དེ་ཚོས་ཅིག་ལ་བཅུག་ནས་གསོད་རྩིས་དང་རྡུང་རྡེག
- དེར་ཐིག་གུ་བརྒྱབ་ནས་འདྲུད་རྩིས་བྱེད།
- བོད་ཀྱི་བྱིས་པ་ཞིག་ལ་ཐུག་ན་ཅི་ཞིག་བྱེད་ཟེར་ན།
- དེ་འདྲ་ཞིག་ལ་ཐུག་ན་རེ་མ་པང་དུ་བླངས་ནས།
- དེར་ཟ་མ་ཞིག་སྟེར་རྩིས་བྱེད།
- ཐ་མ་ཟ་མ་མེད་རུང་ལག་མཐིལ་ལ་ཆུ་མ་ཞིག་བཏབ་ནས་དེར་ལྡག་ཏུ་འཇུག
- འདི་ཐམས་ཅད་ཅི་ཞིག་རེད།
- རང་གི་རིག་གཞུང་དེའི་ཤན་ཤུགས།
- དེའི་བག་ཆགས་དེ་རྒྱུད་ལ་བབས་ཡོད་པའི་རྟགས་རེད།
- དེ་དག་ཐམས་ཅད་ཅི་ཞིག་རེད།
- དེང་སང་གི་གཞི་རིམ་གྱི་འཚོ་བའི་ཁྲོད་ན།
- འདིར་བཞུགས་ཀྱི་ཁྱོད་ཚོ་རྒན་པ་བསམ་ཤེས་རྣམས།
- འདིའི་ཁྲོད་འདི་ན་མར་ཁུ་བཞིན་དུ་འཁྱིལ་ནས་དཀག་ཡོད།
- འདི་ནི་གོང་ནས་ཀྱང་རྣམ་པ་ཚོས་བཤད་ལ་ལྟར།
- འདི་མར་ལ་བརྒྱུད་སྤྲོད་བྱེད་རྒྱུ།
- དེ་ནི་ཁྱེད་རྣམ་པ་ཚོའི་འགན་ཁུར་རེད།
- ཉེ་འཁོར་ན་ཡོད་པའི་ལོ་ཆུང་རྣམས་ལ།
- འགུལ་བརྟན་ཏེ་ང་ཚོས་བཤད་ན་འགུལ་བརྟེན་རེད།
- འགུལ་བརྟན་ཐམས་ཅད་དམངས་སྲོལ་རིག་གནས་རེད།
- འདི་མར་ལ་ཁྲིད་ནས་ཉམས་སུ་མ་བཅུག་པར།
- དུས་ཆེན་གྱི་སྐབས་ཡིན་ན་ཆོག་གི།
- གང་གི་སྐབས་སུ་ཡིན་ནའང་དེ་མར་ལ་བརྒྱུད་སྤྲོད་བྱས་ནས།
- ཉམས་མྱོང་འདི་འདོན་སྤེལ་བྱེད་རྒྱུ་འདི་རྣམ་པ་ཚོས་འགན་ཁུར་རེད།
- འདི་སྔོག་འདོན་དང་མྱུར་སྐྱོབ་བྱས་ནས།
- སྒོ་ཕྱི་ལ་བསྒྲག་རྒྱུ་ནི་དེ་རིང་ལས་ཀ་འདི་གཉེར་བཞིན་པའི་ལོ་ཆུང་འདི་དག་གི་ལས་ཀ་རེད།
- ངས་འདིའི་སྔོན་ལ་དེ་ལྟར་བཤད་པ་ཡིན།
- འདི་ཕྱི་ཡི་དྲིལ་སྒྲོག་གི་སྟེང་ལ་ཐོན་མ་ཐོན་རེད་མ་གཏོགས།
- གཞན་གྱིས་རུས་རྩལ་ཅུང་ཙམ་ལས་མེད་རུང་དྲིལ་སྒྲོག་གི་སྟེང་ལ་ཐོན་ཡོད།
- འུད་བཤད་དང་སྒྲོ་བཏགས་ན་དེ་ལ་ཉམས་འཇོག་བྱེད་མཁན་ཡོད།
- དེ་ཡར་གྱི་མཐོ་སར་འཇོག་པ་རེད།
- ངས་ཅི་ཡང་ཤོད་པ་མ་རེད།
- ང་ཚོའི་འདི་ཅི་ཡང་མ་རེད་ཅེས་གཅིག་གིས་གཅིག་ལ་ཁེངས་སྐྱུང་བྱས་ནས།
- ང་ཚོ་དེ་འདྲའི་ཉམས་ཆུང་རེད།
- མགོ་བཀྱག་བཀྱག་བྱས་ནས་ང་འོ་ཞེས་པའི་ང་རྒྱལ་དེ་རྒྱུད་ན་མེད།
- དེ་ལྟར་སོང་ན་ཕྱོགས་གཞན་ཞིག་ནས་འདི་ནི་ཉེན་བརྡ་ཞིག་ཀྱང་རེད།
- ཉེན་ཁ་ཡི་བརྡ་ཆེན་པོ་ཞིག་རེད།
- དེ་བས་ཚང་མ་ལ་འདིའི་སྟེང་ན་འགན་ཁུར་ཡོད་པའི་སྟེང་ནས།
- ལོ་ཆུང་ཚོར་ཡང་ངས་དེ་ལྟར་བཤད་པ་ཡིན།
- དུས་ཚོད་ཀྱིས་ནམ་ཡིན་ཡང་ང་ཚོར་སྒུག་པ་མ་རེད།
- དུས་ཚོད་ནི་མདུན་ནས་མདུན་དུ་སྐྱོད་པ་རེད།
- སྤྱི་ཚོགས་ཀྱི་འགྱུར་ལྡོག་ཀྱང་དེ་འདྲ་རེད།
- ན་ནིང་ཚིགས་གང་གི་ཚད་ན་ཡོད་ན་ད་ལོ་མཐོ་གང་གི་ཚད།
- དེ་ལྟར་ཡར་ལ་གོང་འཕེལ་དུ་འགྲོ་བ་རེད།
- གོང་འཕེལ་ལ་འགྲོ་བ་ཡིན་ན།
- དུས་ཚོད་ཀྱིས་ཀྱང་ང་ཚོར་མི་སྒུག་པ་ཡིན་ན།
- ཁྱོད་ཚོར་ཀྱང་ལག་སྔ་རྩོད་རྒྱུ་ཡོད་པ་རེད།
- རང་གི་དམངས་ཁྲོད་ཀྱི་ལོ་ལོན་རྒན་པ་རྣམས།
- མཐའ་དང་གཏིང་དཔག་ཏུ་མེད་པའི་རིན་པོ་ཆེ་ཡི་མཛོད་ལྟ་བུ་རེད།
- འདི་ཚོའི་ལག་ན་སྲིད་པའི་ཉམས་མྱོང་དང་།
- ཕྱོགས་ཡོངས་ནས་བསླབ་བྱ་ཕུན་སུམ་ཚོགས་པ།
- དེ་ནི་འདི་ཚོའི་ལག་ན་ཡོད་པ་རེད།
- དེ་ཁྱོད་ཚོའི་ལེན་རྒྱུ་གལ་ཆེན་རེད།
- ངག་རྩོམ་གྱི་ཕྱོགས་སྔོན་ལ་ཁོང་ཚོས་བཤད་ཟིན་པ།
- ལྷག་ཏུ་ཚེ་རིང་རྡོ་རྗེ་ལ་ངག་རྩོམ་འཚོལ་བསྡུ་ཡི་ཕྱོགས་ནས།
- ཁོ་ལ་བྱས་རྗེས་དང་ཉམས་མྱོང་ཡོད་པ་བཤད་མ་དགོས།
- འདིའི་རིགས་ཡིག་ཐོག་ཏུ་བཀོད་ཡོད་པ་དང་།
- རང་གི་ནང་ཁུལ་ལ་བསྡུར་ན།
- ལྷག་ཏུ་ཕྱི་ཕྱོགས་ན་དེ་འདྲ་ཧ་ཅང་འཛོམས་པོ་རེད།
- འདི་འཛོམས་པོ་ཡིན་པ་དེང་སང་བརྡ་འཕྲིན་གྱི་དུས་རབས་ཡིན་པས།
- དྲྭ་ཐོག་ལ་བལྟས་ན།
- ཡིག་ཐོག་ཏུ་བཀོད་ཡོད་པའི་རྒྱུ་ཆ་ཀློག་ན་མི་ཚར་བ།
- ཕར་ལ་སློག་ན་མི་ཚར་བ།
- དེ་འདྲ་ཡོད་པ་རེད།
- ཡིན་ཡང་ད་དུང་ཡིག་ཐོག་ཏུ་ཐོན་མེད་པ།
- དེ་འདྲ་ད་དུང་ཅི་འདྲ་མེད་དམ།
- རོང་བོ་ནང་དུ་སོང་ན།
- ཉིན་རྒྱུན་གྱི་ཅ་ལག་གི་ཁྲོད་ན།
- འཚོ་བའི་ཁྲོད་དུ་སྤྱོད་བཞིན་པའི་ཇ་ལག་གི་ཁྲོད་ན།
- ང་ལ་མཚོན་ན་ང་རང་རྒན་པ་ཞིག་ཡིན་རུང་།
- ངས་དེང་སང་གི་དངོས་པོ་གསར་བ་རྣམས་བཤད་ཀྱིན་མེད།
- དངོས་པོ་གསར་བ་རྣམས་ལ་ཡང་མཚམས་ནས་མིང་ཞིག་བཏགས་ནས་འགྲོ།
- དང་པོ་སྔོན་ཆད་ནས་ཡོད་པའི་ཉིན་རྒྱུན་གྱི་ཅ་ལག་གི་ཁྲོད་ན།
- མིང་མི་ཐོགས་པའི་དངོས་བོ།
- ང་ལ་དངོས་བོ་བཅུ་ཡི་མིང་རྩིས་དང་ཟེར་ན་ངས་བརྩི་ཐུབ་རྒྱུ་མ་རེད།
- ངའི་མན་ཆད་ཀྱི་ལོ་ཆུང་རྣམས་ལ་ལྷག་ཏུ་གང་ན་བརྩི་རྒྱུ་ཡོད།
- ཡོད་པ་མ་རེད།
- དེའི་འཕྲོ་ནས་འབྲོག་ཕྱོགས་ལ་སོང་ན་ཡང་།
- དེའི་ཉེ་འཁོར་དང་དེའི་ཅ་ལག་གི་ནང་ན་ཡང་ཅི་འདྲའི་མང་བ་ཡོད་རྒྱུ་རེད།
- འདི་དག་གི་མིང་གཅིག་པུ་འཚོལ་བསྡུ་བྱས་ན་དཔེ་ཆ་དེབ་འགའ་སྒྲིག་ཐུབ་པ་རེད།
- དེང་སང་མིང་བརྩི་མི་ཐུབ་ལ་དངོས་པོ་གང་ནས་ཤེས།
- དེ་ནི་དགོད་བྲོ་བ་ཞིག་རེད།
- ང་དགེ་རྒན་བྱས་ནས་སློབ་མར་འགྲོག་ནས་ཡོང་ན།
- མཚམས་རེར་ཅི་ཞིག་རེད་ཟེར་ན།
- རང་གིས་བྱིས་པ་ཚོའི་རྒྱུད་ལ་འཇོག་རྒྱུ་ཟེར་ན་ངས་དེ་ངོ་སྤྲོད་མི་ཐུབ།
- ངོ་ཅི་ཞིག་ལ་སྤྲོད་མ་ཐུབ་པ་རེད་ཟེར་ན།
- ང་ལ་དངོས་པོ་དེར་ཆ་རྒྱུས་མེད་སོང་བ་རེད།
- ངས་རིག་མ་མྱོང་ལ་མིང་མ་ཐོགས་ན།
- ང་ལ་བྱིས་པ་ཚོར་བཤད་རྒྱུ་མེད་པས་བྱིས་པ་ཚོས་ངའི་སྟེང་ནས་ཅི་ཞིག་ལེན་ཐུབ།
- ལེན་རྒྱུ་མེད་ཀི།
- དེ་བས་ཁྱོད་ཚོས་དེ་སྔོག་འདོན་དང་འཚོལ་བསྡུ་བྱས་ནས།
- ཡིག་ཐོག་ཏུ་བཀོལ་ཚེ་ནམ་ཡིན་རུང་སྟོན་རྒྱུ་དང་བལྟ་རྒྱུ།
- རྗེས་མ་ཞིག་ལ་ཡང་དེར་ཞིབ་འཇུག་བྱས་ན།
- ལག་ཆ་སྔུན་ལ་བཞག་ཡོད།
- དེ་བས་ཁོ་ཚོར་ཡང་དེ་ལྟར་བཤད་པ་ཡིན།
- ཁྱོད་ཚོས་གཏམ་དཔེ་ལྟ་བུ་དང་གྱོད་དཔེ་ལྟ་བུ་དེའི་རིགས།
- དཔེ་འཇོག་རྒྱུ་ན་དམངས་ཁྲོད་ཀྱི་ལས་གླུ་ཆུ་གླུ་ལྟ་བུའི་རིགས།
- འདི་ལ་སྣ་ཚོགས་ཡོད་ཀི།
- འདི་དག་ཐམས་ཅད་ཡིག་ཐོག་ཏུ་བཀོད་འདུག
- ཡིག་ཐོག་ཏུ་བཀོད་མེད་པའི་རིགས།
- འདིའི་སྔོན་ལ་ང་ཚོས་ཁ་བརྡ་བྱས།
- ང་ཚོའི་དབྱངས་རྟ་ཡི་རིགས།
- མགུར་ལ་བགུར་རྟ།
- གཞས་ལ་གཞས་ཀྱི་དབྱངས།
- གླུ་ལ་གླུ་ཡི་དབྱངས་སོགས་ཀྱི་ནང་དུ།
- དེང་སང་རྒྱ་ཡིས་བཤད་པ་དང་ལེན་པའི་ཤན་ཤུགས་ཀྱིས།
- ལོ་ཆུང་རྣམས་ལ་སྟོན་ཐོག་ཅིག་ནས་གཅིག་རྩེད་དང་ཞེས་བཤད་ཚེ།
- བྲོ་ཁྲོབ་དང་ཞེས་བཤད་ན་འགུལ་རེ་འགུར་རེ་བྱས་ནས་རྒྱ་བྲོ་འཁྲབ་ཏེ།
- རང་གི་ཞབས་བྲོ་མེད་ཀི།
- དེ་ལྟར་བྱེད་པ་རེད།
- འདི་ལ་ཚང་སྤྲོ་འདུག
- གཅིག་ལོངས་དང་ཞེས་བཤད་ན་རྒྱ་གླུ་བླངས་ནས།
- བཤད་པ་དང་ལེན་པ་མི་ཤེས་པ་འདིའི་སྟེང་ལ་རྒྱུགས།
- རང་གི་དང་པོ་ཡི་དབྱངས་རྟ་རྙིང་བ་དང་།
- གདོད་མའི་དབྱངས་རྟ།
- གཞན་གྱི་ངག་ན་གོ་རྒྱུ་མེད་པ།
- གཞན་ལ་ཐ་ན་ཐོས་པའི་གོ་སྐབས་ཀྱང་མེད་པ།
- དང་པོའི་སྐོར་དེ་ཁ་ལ་གླེང་མཁན་མེད་ཀི།
- གླེང་མཁན་མེད་པས་དེ་ཉིན་ང་ཚོ་སྐོར་ཞིག་གིས་འདི་ལྟར་ཁ་བརྡ་བྱས།
- དེང་སང་འདིའི་རིགས་འདི་བཙལ་དགོས་ན།
- དང་པོ་ཡི་ལས་བྱེད་རྒན་པ།
- གཞི་རིམ་གྱི་དམངས་ཚོགས་རྣམས་དེའི་མཛོད་ཡིན་པ་རེད།
- བྱ་བ་ལས་པའི་ཁྲོད་ནས།
- གཞུང་ཞབས་པའི་ཁྲོད་ནས་དང་པོ་ཡི་ལས་བྱེད་རྒན་པ།
- དེ་ནས་མར་ཡོང་ན་དགེ་རྒན་ཚོའི་ངག་ན་མ་གཏོགས་མེད་ཀི།
- དགེ་རྒན་ཚོའི་ངག་ན་མ་གཏོགས་མེད་ཀི།
- མན་ཆད་ཀྱི་ཆུང་ཕྱོགས་པ་རྣམས་ལ་དེ་རྩ་བ་ནས་མེད་ཀི།
- འདིའི་དབྱངས་རྟ་དང་འདིའི་སྐོར་འདི་འཚོལ་བསྡུ་བྱས་ན།
- དཔེ་འཇོག་རྒྱུ་ན་དབྱངས་རྟ་ཡི་སྟེང་ནས་ཀྱང་ཆེ་ས་ནས་བཤད་ན།
- གྲུབ་མཐའ་སོ་སོ་ཡི་ཁྱབ་ཁོངས་ན་རང་རང་གི་འདོན་པ་དང་དབྱངས་རྟ་ཅི་འདྲ་མང་།
- ཆུང་ས་ནས་བཤད་ན་ང་ཚོའི་འཚོ་བའི་ཁྲོད་ན།
- དེར་དབྱངས་རྟ་སྣ་ཚོགས་ཅི་འདྲ་མེད།
- འདི་ཐམས་ཅད་ཉམས་ནས་འགྲོ་བ་འདི།
- རྒྱ་ལ་ཁོ་ཚོའི་དབྱངས་ཀྱི་བརྡ་རྟགས་ཕོའུ་ཙི་ཟེར་བ་དེ་ཡོད་པ་རེད།
- འདི་ཡིས་བཀོད་པ་ཡིན་ན་དབྱངས་ཀྱང་ཡི་གེ་བཞིན་དུ་བྲིས་ན་ཆོག་པ་རེད།
- དབྱངས་རྟ་འདི་ལ་ངག་གི་ཉམས་འགྱུར་ཅི་འདྲ་བཏོད་རུང།
- དེ་དག་ཕུན་སུམ་ཚོགས་པ་ཡོད་མོད་།
- འོན་ཀྱང་དབྱངས་རྟ་ཡི་རིགས་ཡིག་ཐོག་ཏུ་བཀོད་ཡོད་པ་ཆེན་པོ་མེད།
- མེད་ན་འདི་ཅི་རེད་ཟེར་ན།
- ཁོ་ཚོས་དེ་ལས་ན་ཐུབ་པ་རེད།
- དེང་སང་རྒྱའི་དབྱངས་ཀྱི་བརྡ་རྟགས་འདི་སྦྱངས་ཚེ།
- དབྱངས་རྟ་འདི་ཡང་ཡིག་ཐོག་ཏུ་བཀོད་ན་ཐུབ་པ་རེད།
- འདིའི་ཕྱོགས་ལ་ད་སྔ་ཅིག་གིས།
- ཚོགས་པ་དང་རྩ་འཛུགས་ཀྱིས་ལས་ཡོད་པ་མེད་པ་འདྲ།
- མེད་པ་ཡིན་ན་ངས་དེ་རིང་གི་ལས་གཞི་འདི་སྒྲུབ་མཁན།
- རིན་ཆེན་མཁར་དང་བདུད་འདུལ་རྡོ་རྗེ་ཁྱོད་ཚོར་བཤད་པ་ཡིན།
- ཁྱོད་ཚོ་ལས་གཞི་འདིའི་ཁ་སྒོ་ཁའི་སྒོ་ན་ཡོད་ཀི།
- རང་གི་དབྱངས་རྟ་རྙིང་བ་དང་རྒན་པ།
- མི་ཐོག་དུས་ཐོག་འདི་རྫོགས་སོང་དུས།
- ཁོ་ཚོའི་ཉེ་འཁོར་ན་ཡོད་པའི་རིག་གནས་སྣ་མང་ཞིག་ཀྱང་ཚར་སོང་བ་རེད།
- རེད་ལ།
- ཁོའི་ངག་ན་ཡོད་པ།
- དཔེ་འཇོག་རྒྱུ་ན་ང་ཚར་བ་ཡིན་ན་ངས་ཤེས་པའི་རྒྱུན་ཤེས་མང་པོ་ཞིག་ཚར་སོང་བ་རེད།
- ཁོ་མེད་སོང་ན་ཁོའི་ཉེ་འཁོར་ན་ཡོད་པའི་ཤེས་བྱ་མང་པོ་ཞིག་མེད་འགྲོ།
- ཁོའི་སྟེང་ན་ཡོད་པ་ང་ལ་མེད།
- ངའི་སྟེང་ན་ཡོད་པ་ཁོ་ལ་ཡང་མེད།
- ངེད་གཉིས་ཁ་ཁ་ཞིག་རེད།
- དེ་བས་ཁྱེད་ཚོས་དུས་ཚོད་དམ་འཛིན་བྱས་ནས།
- མི་ཐོག་དུས་ཐོག་འདིར་ལག་སྔ་བརྩད་ནས།
- ལོ་ལོན་བསམ་ཤེས་འདི་རྣམས་ཚར་དུས།
- འདིའི་ཚོའི་གཡས་གཡོན་གྱི་རིག་གནས་མང་པོ་ཞིག་ཀྱང་ཉམས་རྒུད་དུ་སོང་བ་རེད།
- སྔོག་འདོན་བྱེད་རྒྱུ་ང་ཚོས་མ་སྒྲུབ་པ་མ་གཏོགས།
- སྔོག་འདོན་བྱེད་རྒྱུ་ཡོད་པ་རེད།
- སྔོག་འདོན་མ་བྱས་པར་བཞག་ནས་བཞག་ན།
- དེ་ས་འོག་ཏུ་བཅུག་ནས་རུལ་ཏེ་འཐིམ་ནས་ཚར་རྒྱུ་རེད།
- ཁྱེད་ཚོ་འདིའི་ཁ་སྒོ་ཉེ་སྒོ་ནས་ཡོད་པས།
- འདི་ལ་ནུས་པ་འདོན་བཞིན་ཡོད་ལ་འདོན་ཡང་ཐུབ་པ་རེད།
- འདོན་ཡང་དགོས་པ་དེ་འདྲ་ཞིག་རེད།
- དབྱངས་རྟ་ཡི་རིགས་འདི་འཚོལ་བསྡུ་ཞིག་བྱས་ན།
- རང་གི་དམངས་ཁྲོད་ན་དབྱངས་རྟ་ཅི་འདྲ་མང་བ་ལ།
- ང་རང་བྱིས་པ་ཡིན་དུས་འདིའི་རིགས་ལ་ཉན་ནས་ཡོང་།
- རང་ཉིད་དེར་ཧ་ཅང་དགའ་བས་དེ་ལྟར་བྱས།
- དེང་སང་གི་བྱིས་པ་ཚོར་དེ་རྩ་བ་ནས་ཡོད་པ་མ་རེད།
- དྲང་མོར་བཤད་ན་ངས་དེ་རིང་འདི་ནས་དང་པོ་ཡི་དབྱངས་རྟ་ཞིག་ལེན་ཟེར་རྒྱུ་ན།
- ངའི་དེར་ཉན་རྒྱུ་མ་རེད།
- འདི་ནི་ཅི་ཞིག་ཡིན་ནམ་ལྡ་རི་ལྡི་རི་ཞིག་ཅེས་བཤད་དེ།
- དེའི་རིགས་ནི་གཞན་ལ་མེད་པར་རང་ཉིད་གཅིག་པུ་ལ་མ་གཏོགས་མེད་པ།
- རེད་ལ།
- འདིའི་རིགས་འདི་ཁྱོད་ཚོས་འཚོལ་བསྡུ་ཞིག་བྱེད་རྒྱུ་ན།
- དེ་ནི་ངས་དེ་རིང་གི་འདི་རྩ་འཛུགས་བྱེད་མཁན་པ་ཁྱོད་ཚོར་རེ་བ་ཞིག་བཏོན་པ་ཡིན།
- དེ་མ་གཏོགས་ང་ལ་གཞན་བཤད་རྒྱུ་མེད།