Skip to main content Skip to search
02 May 2013
7 min 34 sec
Rating
0
No votes yet
Video Overview
Creators: 
Unknown

གུ་རུ་ནི་མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་ནང་ཚན་དམེ་ཤུལ་སྡེ་བའི་ནོར་མགོ་ཚོ་བའི་མི་ཡིན་པ་དང་། ད་ལོ་དགུང་ལོ་ལྔ་བཅུ་ལྷག་གི་ནང་དུ་ཡོད། ཁོང་ཆུང་དུས་ནས་སློབ་གྲྭ་འགྲིམས་མྱོང་བ་དང་སློབ་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་དུ་ལོག་སྟེ་ས་གནས་སྲིད་གཞུང་དུ་བྱ་བ་བསྒྲུབས། ཁོང་ཉིད་ཆུང་དུས་ནས་བོད་ཀྱི་གཏམ་བཤད་རིག་གནས་དང་ས་གནས་ལོ་རྒྱུས། དམངས་ཁྲོད་སྒྱུ་རྩལ་སོགས་ཀྱི་རིགས་ལ་ཤིན་ཏུ་སྤྲོ་བ་དང་། རྗེས་སུ་སྲིད་གཞུང་བྱ་བའི་ཞོར་དུ་རང་གི་བུ་ཆུང་སྐལ་བཟང་ཚེ་བརྟན་དང་ལྷན་དུ་དམེ་ཤུལ་སྡེ་བའི་ལོ་རྒྱུས་ཀྱི་དཔེ་ཆ་ཞིག་བརྩམས་ཏེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན། ཁོང་ནི་རེབ་གོང་རྫོང་ཐོག་ཏུ་བཞུགས་པ་དང་ཁ་ལྕེ་ཤིན་ཏུ་བདེ་ཞིང་ཁ་མཚར་སོགས་ཤིན་ཏུ་མཁས་པས། རེབ་གོང་རྫོང་ཐོག་ནས་བསྒྲུབས་པའི་གཉེན་སྟོན་གྱི་མཛད་སྒོ་ཆེ་ཕྲ་ཐམས་ཅད་ལ་གདན་འདྲེན་ཞུ་བཞིན་ཡོད་པ་དང་། གཉེན་སྟོན་མང་པོ་ཞིག་ལ་བོད་ཀྱི་སྲོལ་རྒྱུན་ལྟར་རྩ་འཛུགས་དང་མགོ་འཛིན་བྱས་ཏེ་བོད་ཀྱི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་མི་ཉམས་གོང་སྤེལ་གྱི་ཕྱོགས་ལ་ཧུར་བརྩོན་བྱེད་མུས་སུ་བཞུགས་པ་ཞིག་ཡིན། བརྙན་ཐུང་འདིར་ཁོང་གིས་བཤད་པའི་དམེ་ཤུལ་གཅོད་རུས་ཀྱི་ཁ་མཚར་ཞེས་པ་ཞིག་ཡོད་ལ། དམེ་ཤུལ་གཅོད་རུས་ཅེས་པ་ཉེ་རབས་སུ་བྱུང་བའི་དམེ་ཤུལ་ཡུལ་གྱི་རྒན་པོ་མིང་གྲགས་ཅན་ཞིག་ཡིན། ཁོང་གིས་གསུངས་པའི་ཁ་མཚར་སྐོར་ཞིག་དམངས་ཁྲོད་དུ་དར་ཁྱབ་ཆེ། ཡིན་ཡང་། དུས་རབས་ཀྱི་འཕེལ་འགྱུར་ཁྲོད་ཁོང་གིས་གསུངས་པའི་ཁ་མཚར་སྐོར་ཞིག་ཉམས་བཞིན་ཡོད་པ་དང་། རྒན་གུ་རུ་ལགས་ཀྱིས་དེ་ཐམས་ཅད་འཚོལ་སྡུད་དང་བསྡུ་སྒྲིག་བྱས་ཏེ་ཡིག་ཐོག་ཏུ་ཕབས་ནས་སྲུང་སྐྱོབ་བྱས་པ་དང་། གཉེན་སྟོན་སོགས་ཀྱི་མཛད་སྒོའི་སྟེང་ཁ་མཚར་རྣམས་བཤད་དེ་རྒྱུད་འཛིན་བྱས་པ་རེད།

Show More