Skip to main content Skip to search
26 Sep 2012
25 min 35 sec
Video Overview
Creators: 
Unknown

Yangkyabgyal recounts the kinds of speech used when requesting a bride and when mediating conflicts between villages in Rebgong.

གཡང་སྐྱབས་རྒྱལ་ལགས་ཀྱིས་མདོ་སྨད་རེབ་གོང་གི་མནའ་མ་སློང་ཚུལ་དང་སྡེ་བ་ཕན་ཚུན་བར་འགལ་བ་བྱུང་སྟེ་གྱོད་བཤད་ཚུལ་སོགས་ཀྱི་ཐད་གསུངས་ཡོད།

གཡང་སྐྱབས་རྒྱལ་ལགས་ནི་མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་ནང་ཚན་རྒྱལ་བོ་ཧ་ལུང་སྡེ་བ་ནས་སྐྱེས་ཤིང་། དགུང་ལོ་བདུན་ཅུའི་ནང་དུ་ཡོད། ཁོང་ཆུང་དུས་ནས་རྒན་པོ་རྣམས་ཀྱི་ཁ་བརྡ་ལ་དགའ་བ་དང་། སྨྲ་ལྕེ་བདེ་མོ་ཞིག་ཡོད་པས་དུས་རྒྱུན་མི་མང་ཚོགས་ས་དང་གཉེན་སྟོན། གྱོད་བཤད་སོགས་ཀྱི་སྐབས་སུ་གཏམ་བཤད་མང་པོ་བྱས་མྱོང་བ་དང་། རིམ་བཞིན་སྤྱི་ཚོགས་གསར་རྙིང་གཉིས་ཀ་བརྒྱུད་དེ་སྡེ་དོན་ཚོ་དོན་སོགས་ཀྱི་གནད་དོན་ཐད་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཐོབ། བརྙན་ཐུང་འདིར་ཁོང་གིས་མནའ་མ་སློང་ཚུལ་དང་སྡེ་བ་ཕན་ཚུན་བར་འགལ་བ་བྱུང་སྟེ་གྱོད་བྱུང་ན་དེར་སོང་ནས་སྡེ་བ་གཉིས་ཀར་ཁ་ཏ་སློབ་གསོ་བྱེད་ཚུལ་སོགས་ཀྱི་ཐད་གསུངས་ཡོད།

Transcript search
No results found for this search
0 of 0