Skip to main content Skip to search
02 May 2013
2 min 49 sec
Video Overview
Creators: 
Unknown

འཇམ་དབྱངས་ནི་མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་ནང་ཚན་ཆུ་མ་སྡེ་བརྒྱད་ཚོ་དགུའི་བསེ་རྒས་ཚོ་བ་ནས་ཡིན་པ་དང་། ཁོང་དགུང་ལོ་བདུན་བཅུའི་ནང་དུ་ཡོད། ཁོང་ནི་རེབ་གོང་བློན་ཆོས་སུ་སྐྱེས་པ་དང་ཆུང་དུས་ནས་འབྲོག་ལས་གཉེར་ཏེ་ནར་སོན། ཡིན་ཡང་། རྒྱུ་རྐྱེན་གང་ཞིག་ལ་བརྟེན་ནས་ཁྱིམ་མི་གང་བོ་ཆུ་མ་སྡེ་བར་གནས་སྤོས་བྱས་པ་དང་བསེ་རྒས་ཚང་དུ་གཞིས་ཆགས་པ་རེད། ཁོང་ནི་ཆུང་དུས་ནས་སྐད་ངག་བདེ་ཞིང་སྨྲ་ལྕེ་བདེ་མོ་ཞིག་ཡིན་པས། གླུ་དང་གནའ་གཏམ་ལ་དགའ་ཞིང་དམངས་ཁྲོད་སྒྱུ་རྩལ་ལ་ཤིན་ཏུ་མཁས། བརྙན་ཐུང་འདིར་ཁོང་གིས་མདོ་སྨད་རེབ་གོང་ཡུལ་དུ་དར་སྲོལ་ཆེ་བའི་གནའ་བརྒྱའི་ཚེ་ལོ་ཞེས་བྱ་བའི་གནའ་གཏམ་ཞིག་གླུའི་དབྱངས་རྟ་ལ་དྲངས་ཏེ་བཤད་ཡོད།

Jamyang from Chuma Village in Repgong recites the legend of Nagyé Tselo. This video is part of the Repgong Tamshé Competition.

Transcript search
No results found for this search
0 of 0