Skip to main content Skip to search
02 May 2013
30 min 3 sec
Video Overview
Creators: 
Unknown

ཚེ་ལོ་ནི་རེབ་གོང་ཤོག་ཁ་བཅུ་གཉིས་ཀྱི་ནང་ཚན་བློན་ཆེ་རོང་སྡེ་བའི་མི་ཡིན་པ་དང་། ད་ལྟ་དགུང་ལོ ༧༨ ལྷག་ཡིན། རྒྱ་བཟའི་ཚོ་བའི་མི་ཡིན་པས་རྒྱ་བཟའི་ཚེ་ལོ་ཡང་ཟེར། ཁོང་ཆུང་དུས་ནས་རྒན་པོའི་ངག་རྒྱུན་དང་གཏམ་རྒྱུད། གཏམ་དཔེ། ལོ་རྒྱུས་སོགས་ལ་ཤིན་ཏུ་དགའ་བ་དང་། སྡེ་བ་དང་ཚོ་བའི་ཚོགས་ཐོག་ཆེ་ཆུང་མང་པོར་གཏམ་བཤད་ཀྱང་གནང་བ་རེད། དགུང་ལོ་བཅུ་ཡས་མས་སུ་མཚོ་སྔོན་ལ་དབང་བསྒྱུར་བྱེད་བཞིན་པའི་མཱ་པུའུ་ཧྥང་གིས་རེབ་གོང་ཕྱོགས་ཀྱི་བློན་ཆོས་དང་ཀོའུ་སྡེ་སོགས་ལ་དྲག་གནོན་བྱེད་སྐབས། རེབ་གོང་ཆུ་མ་སྡེ་བརྒྱད་ཚོ་དགུའི་ནང་ཚན་ས་ལུང་མར་རྐ་སྡེ་བར་བྲོས་བྱོལ་དུ་ཕེབས་ཏེ་ལོ་འགར་བཞུགས་པ་དང་། རྗེས་སུ་རིག་གནས་གསར་བརྗེའི་སྐབས་སུ་རེབ་གོང་གི་དགོན་རྙིང་གཡེར་གཤོང་དགོན་དུ་བཞུགས་པའི་རེབ་གོང་ལོ་རྒྱུས༼ ལྟ་བ་མཁའ་ཁྱབ་ཕྱོགས་བྲལ ༽ཞེས་པ་དེ་ལ་རང་སྲོག་བློས་བཏང་གིས་སྲུང་སྐྱོབ་བྱས་ཏེ་བྲག་ཁུང་ཞིག་ཏུ་སྦས་སྐུང་བྱས་པ་དང་། དེ་ལ་ཡོངས་གྲགས་སུ་གཡེར་གཤོང་ཡིག་སྒམ་ཞེས་འབོད་པ་རེད། རིག་གསར་ཡོངས་སུ་གྲོལ་རྗེས་རིམ་བཞིན་ཡིག་ཆ་ཁག་ཕྱིར་བཏོན་ཏེ་སྤྱི་ཚོགས་སྟེང་ཡོངས་སུ་བཀྲམ་པས་འདིའི་ཕྱོགས་ལ་བྱས་རྗེས་ཤིན་ཏུ་ཆེ་བ་རེད། ཡང་གླེང་ཕྱོགས་གཞན་ཞིག་ཏུ། མི་རྣམས་ཀྱིས་བཤད་པ་ལྟར་ན་ཁོང་གིས་ལོ་རྒྱུས་དངོས་ཀྱི་མ་ཡིག་སྦས་ཏེ་ཡོད་ཚད་བུ་ཡིག་ཏུ་ཕབས་ནས་ལོ་རྒྱུས་ལ་དུངས་པ་ཅན་དང་ཞིབ་འཇུག་པ་རྣམས་ལ་ཁག་བགོས་ཏེ་བཙོང་བ་དང་། དེ་དག་གི་ཁྲོད་དུ་ཁོང་གིས་བྲིས་པའི་ངག་རྒྱུན་དང་ལོ་རྒྱུས་མ་དག་པ་མང་པོ་ཞིག་ཀྱང་བསྲེས་ཡོད་པར་བཤད། གང་ལྟར་རྒན་པོ་འདི་ནི་མདོ་སྨད་སྤྱི་དང་སྒོས་སུ་རེབ་གོང་ཕྱོགས་ཀྱི་ལོ་རྒྱུས་ལ་ཤིན་ཏུ་མཁས་པ་དང་། སྲོལ་རྒྱུན་རིག་གནས་ལས་ངག་རྒྱུན་དང་གཏམ་རྒྱུད། གཏམ་དཔེ་སོགས་ཀྱི་བང་མཛོད་ལྟ་བུ་ཞིག་ཡིན། སྔགས་མང་ཞིབ་འཇུག་ཁང་གིས་མ་དངུལ་བཏང་སྟེ་ཁོང་གིས་འདོན་སྤྲོད་བྱས་པའི་ལོ་རྒྱུས་ཡིག་ཆ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས༼ ལྟ་བ་མཁའ་ཁྱབ་ཕྱོགས་བྲལ ༽ཞེས་པ་ཞིག་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་འགྲེམ་སྤེལ་བྱས་ཡོད། བརྙན་ཐུང་འདིའི་ཁག་དང་པོར་ཁོང་གིས་བོད་མི་རྣམས་ཀྱིས་རང་ལ་བསྟོད་པ་བྱེད་ཚུལ་གྱི་སྐོར་གསུངས་ཡོད་པ་དང་། ཁག་གཉིས་པར། གྱོད་བཤད། ཁག་གསུམ་པར། སྔོན་གྱི་དུས་སུ་ལོ་གསར་ཇི་ལྟར་རོལ་ཚུལ་སོགས་གསུངས་ཡོད།

This video shows Tselo from Lönchen Rong Village in Repgong. He is talking about Self-Glorification Speech, Conflict Speech, and Losar Celebrations. His talk is a part of the Repgong Tamshed Competition.

Transcript search
No results found for this search
0 of 0