Video Overview
Riddles from Zangkar that address animals, foodstuffs, and natural and manmade items in the environment.
- མགོ་གཡུ་ཐོག་ཅན་ལ་ཤ་ཁུ་མེད།
- ཤྭ་སྐྱ་སྤང་ལ་འདེད་མཁན་ཤ་ཁུ་མེད།
- ཁེད་ལན། སྦྲང་མས་ཤྭ་ལ་བཟུང་སྟེ་ཤྭ་སྤང་ལ་དེད་པ།
- མགོ་ཕྱི་ལྟག་ཅན་ལ་ཁོ་ལས་མེད།
- རྒྱུ་མགོ་ནས་ཟ་མཁན་ཁོ་ལས་མེད།
- ཁེད་ལན། འབུ་ཐོང་བ།
- རྒྱ་གར་ཡུལ་གྱི་དྲེལ་ཞིག་ཡོང་།
- ཁ་རུ་རིན་ཆེན་གསེར་གྱིས་བྱས།
- ཁ་མདའ་མུ་ཏིག་དར་གྱིས་བྱས།
- ཁེད་ལན། གནའ་ཏི་འཛི་ཟེར།
- གསེར་དངུལ་སོགས་འཇལ་བྱེད་ཞིག
- གནའ་མི་ཚོས་ཏི་འཛི་ཟེར་དེང་སྐབས་སྲང་ཟེར།
- དེ་འདྲའི་བ་སོའི་ཐུར་མ་ཐིག་ལེ་ཅན་ཞིག་ཡིན།
- མུ་ཏིག་ཤེར་གྱི་ཕྲེང་བ།
- རིག་ནི་མང་དང་རེག་ནི་དཀོན།
- ཁེད་ལན། སྦྲུལ།
- གྲ་བཞའ་གྲུ་བཞི་ཤོ་དང་འདྲ།
- འགྲོ་དུས་ཤ་རྐང་སྟེང་དུ་འགྲོ
- འདུག་དུས་ཤིང་རྐང་སྟེང་དུ་བསྡད།
- །ཁེད་ལན། སྦྲ།
- སྦྲ་འགྲོ་དུས་ཟོག་ལ་འགེལ།
- ཕུབ་དུས་ཀ་རའི་མགོ་ན་ཡོད་པ་རེད།
- ཁ་སྤུ་ངོ་སྤུ་གྱེན་དུ་ལངས།
- ལྕགས་ཐག་རྔ་མ་ཐད་ལ་བརྒྱངས།
- ཁེད་ལན། ཡུག་པོ།
- དང་པོ་སྟག་དར་མའི་སྙིང་དང་འདྲ།
- བར་དུ་ཤྭ་བརྒྱད་པའི་རྭ་དང་འདྲ།
- མཐའ་མར་བན་རྒན་ཤི་བོའི་རོ་དང་འདྲ།
- ཁེད་ལན། ལྕིམ་སྡོང་།
- སྔ་དྲོ་དགའ་ལྡན་ནགས་ན་སྟར་སེ་ཡོད།
- ཕྱི་དྲོ་ངུར་མོའི་གདོང་ན་གོར་སེ་ཡོད།
- ཁེད་ལན། སྣ་གཅུ།
- ཤ་ས་རུས་པ་རྡོ། ཟ་རྒྱུ་ལབ་ལོབ།
- ཁེད་ལན། ས་སྒྱེད། ཐབ་ཀ
- ཨ་ཐང་ཐང་གི་ཐང་དཀྱིན་ན།
- ཐང་རྟ་རིལ་བུའི་སྐོར་རྒྱུགས་བྱས།
- ཁེད་ལན། ཙི་གུ།
- མགོ་གཡུའི་ཅ་ལ་ཅན།
- སྐེད་པ་དུང་གི་འཁོར་ལོ་ཅན།
- ཁེད་ལན། ཡུང་མ།
- ཕ་རོལ་ནས་མི་ལྔ་ཡོང་།
- ཚུ་རོལ་ནས་མི་ལྔ་ཡོང་།
- གདོང་རིལ་རིལ་མགོ་ནས་ཁ་ཞིག་ཐུག
- ཁེད་ལན། ལྷམ་སྒྲོག་སྡོམ་པ།