Video Overview
A series of riddles about food, body parts, insects, implements, and household activities.
- སྟག་མིན་རུང་ཤར་མ་ཅན།
- གཟིག་མིན་རུང་ཐིག་ལེ་ཅན།
- བྲ་མི་རུང་ཁུང་ལ་འཛུལ་མཁན།
- ཁེད་ལན། སྤྲང་མ།
- ཨ་ཐང་ཐང་གི་ཐང་དཀྱིལ་ན།
- ཐང་དཀར་དམར་གཉིས་ཀས་འཇུ་རེས་བྱས།
- ཁེད་ལན། བྱི་བ།
- རི་རྒྱལ་ལྷུན་པོའི་ཁུང་གསེང་ནས།
- ས་བདག་རྒྱལ་པོའི་ཀི་ལི་འཕེན།
- ཁེད་ལན། བྱི་བ།
- འགྲམ་ཡང་མེད་པའི་རྩྭ་ཟན།
- ཁེད་ལན། ཟོར་བ།
- འགྲམ་ཡས་མེད་པའི་ཆུ་འཐུང་།
- ཁེད་ལན། ཐོམ་བུ།
- ཤ་ཡི་བོའུ་ཞིག རླུང་གི་མདའ་ཞིག
- རྒྱག་ས་དེ་ས་ཡིན།ཕོག་ས་དེ་རྣ་ཡིན།
- ཁེད་ལན། གཡག་བཏང་བ།
- རིག་ནི་མང་མོད་རེག་ནི་དཀོན།
- ཁེད་ལན། སྦྲུལ།
- བྲག་གསེང་གྲུ་གུ་ཁྲ་རིལ།
- ཁེད་ལན། མིག
- ནགས་འདབས་ལ་བོ་ཁེར་ཉལ།
- ཁེད་ལན། རྣ།
- བུས་ཕ་བརྡུང་། ཕའི་ཕོ་བཏབས།
- ཁེད་ལན། རྔ་བརྡུང་པ།
- ཕའི་སྐྱག་ཁུང་ནང་དུ་བུས་མཛུབ་མདུང་བྱས།
- ཁེད་ལན། ཟྭ་ལྡེ་མིག་གིས་ཕྱེ་བ།
- ཕ་གནམ་བཏགས་བྱས་ཏེ་བུ་རུ་ཉུལ་བྱས།
- ཁེད་ལན། ཟྭ་བརྒྱབ་པ།
- ཨ་ཕྱིའི་མཛོ་མོ་རྭ་ཡས་མ།
- སྡེ་བ་འདི་ཡི་གྱོང་ཆད་མ།
- ཁེད་ལན། མཆི་གུ།
- གད་ཐོག་ལུ་གུ་རྩེད་རྩེད།
- གད་ཞབས་ཁ་བ་འབབ་འབབ།
- ཁེད་ལན། རྩམ་པ་འཐག་པ།
- རྣོ་རྒྱུར་དེའི་རྣོ་མེད་མོད།
- ཤོག་བུ་ཡང་མི་ཆོད།
- ཁེད་ལན། མིག
- ཨ་ཁུ་དམར་མདུང་ངེ་ཞིག་གི་
- རུམ་ན་གོ་རེ་སེར་ཐར་རེ་ཞིག
- ཁེད་ལན། སིར་པན།
- བཟུང་ན་སྤར་མོ་གང་།
- མངགས་ན་ཁང་པ་གང་།
- ཁེད་ལན། དཀར་མེ།
- ཕ་རོལ་ཟུག་འདྲ་མ། ཀི་ལོའི་མདུང་དར་མ།
- རྩེ་མོ་མདའ་དར་མ།
- ཁེད་ལན། པུ་ཤུད།
- ཁུ་བྱུག་སྔོན་མོ་ཁུང་ལ་འཛུལ།
- བྱ་སྒྲོ་ལེབ་གཅིག་ཤུལ་ལ་ལུས།
- ཁེད་ལན། གྲི་ཤུབས་ལ་བཅུག་པ།
- ལྭ་སྐྱ་ཅན་གྱི་སྔོན་མ་བྱས།
- ལྭ་དམར་ཅན་གྱི་བར་མ་བྱས།
- ལྭ་ནག་ཅན་གྱི་རྗེས་མ་བྱས།
- ཁེད་ལན། མེ་ཤོར་བ།
- གཡག་རྒན་མི་འགུལ། ཟེ་ཁ་འགུལ།
- ཁེད་ལན། སྦྲའི་ཁ་ཚུབ་རླུང་གིས་གཡུག་པ།
- གཡག་སར་མི་འགུལ་རྒྱུ་མ་འགུལ།
- ཁེད་ལན། བ་མའི་ནང་གི་ཇ་གདུ་བ།
- ཤི་བོ་གསོན་པོ་ལྕགས་ཀྱི་མཆུ་ཏོ་ཅན།
- ཁེད་ལན། ཁོལ་མོ།
- ཡ་ཡ་འཁྱམས་འཁྱམས་ཤིང་གི་སྡེར་མོ་ཅན།
- ཁེད་ལན། རྟ་སྒྲོག
- ཕ་རོལ་ཆ་ཆ། ཚུ་རོལ་ཆ་ཆ།
- འོམ་པའི་ལུང་བར་དར་ཆགས།
- ཁེད་ལན། འོ་ཟོམ་དུ་འོ་མ་དཀྲོག་པ།
- ཕ་གོ་ཐུམ། བུ་ཤིང་ཐུམ།
- ཁེད་ལན། རྔ་དང་རྔ་དབྱུག
- གྲ་བཞའ་གྲུ་བཞིའི་སྒོ་ལྟ་བུ།
- དར་ཚོན་སྣ་ལྔའི་འཇའ་ལྟ་བུ།
- ཁེད་ལན། ཐང་ག
- ལྕགས་རྭ་དཀར་ཁྲོབ་བེ་ཞིག་གི་ནང་ན་
- བ་ལུ་མ་དམར་ལྡེམ་མེ་ཞིག
- ཁེད་ལན། སོ་དང་ལྕེ།
- སྦུག་བརྒྱབ་ཏེ་འཕུར་ལ་ཁད།
- སྐེ་དགག་ནས་ཤི་ལ་ཁད། ཁེད་ལན།
- གྲོད་པུར་སྦུག་བརྒྱབ་ཏེ་གནམ་བཏགས་བྱས་པ་རེད།
- ཡར་སྔོན་མར་བླུག་ས་དེ་གྲོད་པུའི་རེད།
- བེའུའི་གྲོད་པུ་རེད།
- རི་དྭགས་མིན་པའི་རི་ལ་གནས་མཁན།
- གཅན་གཟན་མིན་ནས་མི་ལ་འཛིན་མཁན།
- ཁེད་ལན། ཟུག