Video Overview
This video introduces riddles about dogs and plant life.
- ཁེད་ཞིག་ལ། རི་དྭགས་མིན་ཡང་རི་ལ་དགའ་ནི་ཞིག
- གཅན་གཟན་མིན་ཡང་ཤ་ལ་དགའ་ནི་ཞིག
- མགོ་མདུང་མདུང་ཅན། རྔ་མ་ཕྲ་མོ་ཅན།
- ཁེད་ལན་གྱ་མའམ་ཟུག་(རྩྭ་ལྡུམ་ཞིག)རེད།
- ཤ་གསེང་དང་གོན་པའི་ངོས་སུ་འབྱར་ཡོང་རྒྱུ་དེ་རེད།
- མགོའི་ལྕགས་སྐད་སི་ལེ་སི་ལེ།
- བར་ཨ་ལོང་ལྡེམ་མེ་ལྡེམ་མེ།
- མདོའི་གླང་མའི་ཉུ་ལེ་ཉུ་ལེ།
- མགོའི་ལྕགས་སྐད་སི་ལེ་སི་ལེ།
- ཟེར་རྒྱུ་དེ་ཁྱི་ཟུག་པ་རེད།
- བར་ཨ་ལོང་ལྡེམ་མེ་ལྡེམ་མེ།
- ཁྱིས་ལྕགས་ཐག་ཐེན་དེ་ལྡེམ་པ་དེ་རེད།
- མདོའི་གླང་མའི་ཉུ་ལེ་ཉུ་ལེ།
- ཟེར་རྒྱུ་དེ་ཁྱི་ཟུག་ཞོར་དུ་རྔ་མ་གཡུག་པ་དེ་རེད།
- ཤིང་ཨ་ཙ་ལའི་མགོ་ན། མ་ཐུམ་ཙ་ལ་ཐུམ་ཙ་ལ།
- ཤིང་ཨ་ཙ་ལ་ནི་སྟར་ཤིང་རེད། མ་ཐུམ་ཙ་ནི་སྟར་རུ་རེད།