06 May 2011
21 min 45 sec
Video Overview
Creators:
Unknown
This song uses a metaphor of the sun's daily rising and setting to describe the time between lovers.
བརྙན་ཐུང་འདིར་རོགས་མེད་པ་ནས་འཕྲད་པ། འཕྲད་པ་ནས་མཐུན་པ། མཐུན་པ་ནས་གྱེས་བའི་བརྒྱུད་རིམ་མཐའ་དག་གསོན་ཉམས་ཀྱིས་ཕྱུག་པའི་སྒོ་ནས་ཤར་མར་གླེང་ཡོད།
这段视频展示了一对对恋人从陌生到相遇,从相遇到相知,从相知到相守的感情升华过程。
- Mangra
- ཨ་ལ་རོགས་ལོ་་་ཡ་ལ་གོ་ཡ་ཟེར།
- འ་ལ་ད་བསྟོད་བྲག་དམར་བྱ་ཚང་ནང་ན་གོ་ཡ་ཟེར།
- འ་ལ་རོགས་ལོ་བྱ་གཉིས་རེ་གཉིས་རེ་སོ་ལ་འཕུར་གི་གོ་ཡ།
- ཨ་ལ་ང་གན་བྱས་ནས་འཕུར་ན་འདོད་གི་གོ་ཡ།
- ཨ་ལ་ང་འཕུར་རོགས་མེད་ལ་བསྡད་ཡོད་གོ་ཡ།
- ཡེ་ངའི་འཕར་རོགས་འཇོལ་མོ་ཁྱོ་བྱོས་ལ་གོ་ཡ།
- ཡ་ཨ་ལ་རོགས་ལོ་ཡང་ཡ་ལ་གོ་ལ་ཟེར།
- ཨོ་ཡང་ས་སྡེ་ཆེན་རྩེད་རའི་སོ་ལ་ནང་གི་གོ
- ཡེ་རོགས་གཉིས་རེ་གསུམ་རེ་སོ་ལ་རྩེད་གི་གོ
- ཡེ་ལ་ང་གན་བྱས་རྩེད་ན་འདོད་གི་གོ་ཡ།
- ཡེ་ང་རྩེད་རོགས་མེད་ལ་སོ་བསྡད་ཡོད་གོ
- ཡེ་ངའི་རྩེད་རོགས་ན་ཆུང་གོ་ལ་ཁྱོ་ཡིན་གོ་ཟེར།
- ཨ་ལ་རོགས་ལ་གཅིག་ཨ་ལ་ཡ་ལ་ཡ་ལ་གོ
- ད་རོགས་དགའ་ལོ་ལོ་ལོ་ལོ་རིས་ཡ།
- ཨེ་ད་དགུང་ཨ་སྔོན་འདྲ་གི་རྩེད་ཁང་ཞིག
- ལ་འབྲུག་ཕོ་ཆུང་འདྲ་གི་རྩེད་རོགས་ཞིག
- ཨེ་ད་དགུང་ཨ་སྔོན་འདྲ་གི་རྩེད་ཁང་ཞིག
- ལ་འབྲུག་ཕོ་ཆུང་འདྲ་གི་རྩེད་རོགས་ཞིག
- འ་ལ་ཡང་ཆར་བསིལ་མ་འདྲ་གི་རྩེད་སྤྱད་ཞིག
- ལ་དགུང་འདི་ནས་མི་རྩེད་གང་ནས་རྩེད།
- ཨ་ལ་ཡེ་་སྡེ་ཆེན་པོ་འདྲ་གི་རྩེད་ཁང་ཞིག
- ཁྱོ་སྟག་ཤ་ར་འདྲ་གི་རྩེད་རོགས་ཞིག
- ཨ་ལ་ཡེ་ཁ་ལ་ལ་འདྲ་གི་རྩེད་སྤྱད་ཞིག
- ལ་སྡེ་འདི་ནས་མི་རྩེད་གང་ནས་རྩེད།
- ཨ་ལ་རོགས་ལོ་་ཡ་ལ་གོ་ཡ་ཟེར།
- ཨ་ལ་བླ་མ་ཉི་མ་འདྲ་བོ་ཕེབས་དང་ནས་ཡ།
- ཡེ་མཇལ་བ་དད་པ་ཡོད་ནོ་ལ་མི་གསལ་ནས་ཡ།
- ཨ་ལ་ཁ་བཏགས་བཟུང་ནས་མཇལ་གི་མི་ཡོང་ནས་ཡ།
- ཡེ་ཁྱོ་རོགས་ལོ་ཕ་མ་འདྲ་བོ་ལ་ཐོན་དང་ན་ཡ།
- ཨ་ལ་ཞེ་འདང་ཡོད་ནོ་རོགས་ལོ་ལ་མི་གསལ་ནས།
- ཡེ་ལ་ལ་བླངས་ནས་ད་བསུ་ཀི་ལ་མི་ཡོང་ནས།
- ཨ་ལ་འ་རོགས་་་ཡ་ལ་ཡ་ལ་གོ།
- རོགས་དགའ་ལོ་ལོ་ལོ་ལོ་རིས་ཡ།
- ཨ་ལ་འབྲུག་ཁྲོགས་ཡ་དགུང་ནས་ཁྱོད་ཤོག་ར།
- ཆར་བབས་ནས་བསུ་ཀི་ང་ཡོང་ཡ།
- ཨ་ལ་རླུང་བསེར་བུས་བསུ་དབང་མ་བྱིན་ན།
- མིག་ཤོ་ལེ་དགུང་ནས་མི་འགྱོ་རོགས།
- ཨ་ལ་ཁ་དགོད་ལ་སྡེ་ནས་ཁྱོ་ཤོག་ར།
- ངོ་ལུམ་ལོག་མེད་ལ་ང་འདུག་ཡ།
- ཨ་རོ་གླིང་མྱི་ཁས་ཐུགས་དབང་མ་བྱིན་ན།
- ཁ་བགད་ལས་འགལ་རེ་མི་འགྱོ་ཁྱོད།
- ཨ་ལ་རོགས་ལོ་ཡ་ལ་གོ་ཡ།
- ཨ་ལ་ས་སྡེ་ཆེན་སྡེ་ཆུང་སོ་སྡེ་ཀི་སྐུར།
- ཡེ་སྡེ་ཆུང་ཆུང་ན་ཟླས་སོ་རོགས་ཀི་སྐུར།
- ཡེ་དེ་ཚང་མ་སྐུར་ནི་ཆེ་ཡིན་འདྲ།
- ཨེ་དེའི་ནང་ནས་འདང་ཆེན་ལ་གཅིག་གི་སོ་སྐུར།
- ཨ་ལ་་རོགས་ལོ་་ཡ་ལ་གོ་ཡ།
- ཨ་ལ་ད་ཐང་ཆེན་ཐང་ཆུང་སོ་ལ་ཐང་གི་སྐུར་ཡ།
- ཡེ་ཐང་ཆུང་ཆུང་གཡང་མོ་ལུག་གིས་སྐུར་ཡ།
- ཨ་ལ་དེ་ཚང་མ་སྐུར་ནི་སོ་ཆེ་ཡིན་འདྲ།
- ཨེ་དེའི་ནང་ནས་གཡང་ཆེན་སོ་གཅིག་གི་སྐུར་ཡ།
- ཡ་ལ་ཡ་ལ་་གོ་་ཨ་དགའ་གི་རོགས་ལོ་ལོ་ལོ་ཡ།
- འ་རོ་གན་མཛོ་བརྒྱ་མཛོ་མང་གྲལ་ནས་རེ།
- ཡ་ལ་ཡ་ལ་་གོ་་ཨ་རོགས་ལོ་ལོ་ལོ་ལོ་རུས་རེ།
- ཨ་རོ་དགུང་ཨ་སྔོན་ལོ་ཡང་ལོ་བདེ་རེད།
- ལོ་མི་བདེ་མི་ཐུག་ཆར་བ་རེད།
- ཆར་ཤར་རེ་བབས་ནོ་འགྱོ་རེ་རེད།
- ཨ་ལ་འབྲུག་འགྱོ་ཁ་གྲགས་ནོ་སྨྲེང་རྩོང་རེད།
- སྡེ་ཆེན་པོ་ལོ་ཡང་ལོ་བདེ་རེད།
- ལོ་མི་བདེ་མི་ཐུགས་རོགས་ལོ་རེད།
- རོགས་ཤ་རེ་རྩེད་ནོ་འགྱོ་ནོ་རེད།
- ཨ་ལ་་རོགས་ལོ་་ཡ་ལ་ཡ་ལ་རེ།
- ཨ་ལ་ད་དགུང་ཉི་མ་སོ་ཨ་ཡང་ལོ་ཁོ་རྒྱ།
- ཨ་ལ་ཤིང་ཤར་ཕྱོགས་སོ་ས་ནས་ཤར་ནས་ལ།
- ཨ་ལ་ཁྱོ་ནུབ་ཕྱོགས་ས་ལ་འགྱའ་སོང་དུས།
- ད་ཕྱིར་འཁོར་ནས་སོ་ཤར་རག་ཞིག་ལ་རེ།
- ཨ་ལ་ང་བྱུང་གྲང་ནས་བ་རྒྱུ་ཆེ་ཡོད་གྲས།
- ཡེ་ས་སྡེ་ཆེན་སོ་གྲོང་གི་ཞི་མོ་ཁྱོ།
- ས་ལ་སྡེ་ཆེན་སོ་གྲོང་ནས་རྩེས་དང་ནས།
- ཨ་ལ་ད་ཡུལ་ཕ་མའི་སོ་རྩིབ་ལ་བུད་སོང་དུས།
- ད་ཕྱིར་འཁོར་ནས་རེ་རྩེ་རག་ཞིག་ལ་རེ།
- ད་ཕྱིར་འཁོར་ནས་རེ་རྩེ་རག་ཞིག་ལ་རེ།
- འ་ལ་ངས་ཁྱོ་དྲན་ནས་རེ་བ་རྒྱུ་ཆེ་ཡོད་དྲེ།
- ཨ་ལ་རོགས་ལོ་་ཡ་ལ་ཡ་ལ་གོ
- ཡ་རོགས་ལོ་ལོ་ལོག་རིས་ཡ།
- ཨ་རོ་ང་འཛམ་གླིང་ཉི་མ་སེར་བོ་རེ།
- གཅིག་ཤར་ཕྱོགས་ས་ནས་ཤར་དུས་རེ།
- ཡང་ནུབ་ཕྱོགས་ཡུལ་ལ་འགྱོ་དུས་ན།
- བྱུང་འགྱའ་ཐལ་འདོད་ནས་མི་སྡུག་ར།
- ཨ་ལ་ང་ནངས་ར་དགུང་གི་མི་འགོར་རེ།
- ཞགས་ཉི་མའི་ཕྱི་ར་ལོས་ཐོན་དྲ།
- ཐོན་དང་ན་དྲོད་ཁོལ་འཛོམས་མ་རེ།
- ཨ་ལ་ང་ཁ་འཁྱམ་ཞི་མོ་ཟེར་ནོ་རེ།
- ང་རང་སྡེ་འདི་ནས་རྩེས་ཡས་ནས།
- ས་རང་ཡུལ་ས་ལ་འགྲོ་དུས་ན།
- ཨ་ལ་བྱུང་བུད་ཐལ་འདོད་ནས་མ་སྡུག་ར།
- ང་ནངས་ར་དགུང་གི་མི་འགོར་དྲེ།
- ཞགས་ཉི་མའི་ཕྱི་ར་ཐོན་ན་ཡ།
- ཨ་ལ་རོགས་ལོ་་་ཡ་ལ་གོ་ཡེ་་ཡས་་ཡེ།
- ང་རྩེད་གི་སིག་དགའ་ལོ་ལོ་ལོ་ཡེ།
- ཨ་ལ་ཁྱོས་དུ་ཡས་བཤད་ན་བདེན་ཀི་རས།
- ཨོ་གངས་དཀར་གཅིག་སེམས་ལ་འབབ་གི་ཡེ།
- ཨ་ལ་ས་སྡེ་ཆེན་སོ་རྩེད་རའི་ནང་གི་གོ་ཡེ།
- ཨེ་ངའི་རོགས་ཆུང་ལོས་སོ་སྒུག་ར་སོ་འགྲོགས་ནས་འགྱོ་ཡེ།
- འ་ལ་ད་ཡག་ལྷག་མ་ཡོད་ནི་མ་རེད་གོ་ཡེ།
- ད་ནང་ན་ཟླའི་གྲལ་ནས་ངོམས་མ་འགྱོ་་ཡེ།
- ཨ་ལ་རོགས་་་་ཡ་ལ་ཡ་ལ་གོ
- ཡ་ལ་གི་རོགས་ལོ་ལོ་ལོ་ཡ
- ཨ་རོ་ད་བུད་ལ་འགྱོ་ན་བུད་ལ་འགྱོ།
- ཡ་རྫ་རི་བརྒྱུད་ལ་བུད་ལ་འགྲོ།
- ཨ་ལ་རོགས་་་་ཡ་ལ་ཡ་ལ་གོ
- ཡ་ལ་གི་རོགས་ལོ་ལོ་ལོ་ཡ།
- ཨ་རོ་ད་མཛོ་བརྒྱ་མཛོ་མང་གྲལ་ནས་རེ།
- མཛོ་ཆུང་དཀར་སྙིང་ལ་རྗེ་བོ་ང་།
- ཁལ་བཀལ་གི་ལག་ལོབ་མེད་རུང་ཁྱོས།
- ཨ་རོ་རྭ་སྨུག་པོ་དྲང་ཐིག་དེ་ར་ད།
- ཁལ་ལོས་འཁུར་འདོད་པའི་མཛོ་ཡིན་ཡ།
- ཨ་རོ་ད་རོགས་བརྒྱ་རོགས་མང་གྲལ་ནས་ཡ།
- ང་ཁ་འཁྱམ་ཞི་མོ་ཟེར་ནོ་གོ
- རོགས་རྩེད་ཀི་ལས་ལོབ་མེད་དྲ་གོ
- ཨ་རོ་ཁ་དགོད་ལ་ཚིག་གསུམ་ཤོད་དྲ་ར།
- ཞེ་ལོས་མཐུན་འདོད་པའི་རོགས་ཡིན་ཡ་ཟེར།
- ཨ་ལ་་་རོགས་ལོ་་་ཡ་ལ་གོ་ཡེ།
- ཨ་རོ་རྩེད་གི་རྩེ་རོགས་ལོ་ལོ་གོ་ཡེ།
- ཨ་ལ་ཆོས་ཆུང་ཆུང་སིག་རྡོ་རྗེ་གཅོད་པ་གོ་ཡེ།
- ད་ངས་སྔོན་ཆད་བཏོན་ནི་མེད་གྲ་གོ་ཡེ།
- འ་ལ་ཡེ་དེང་ཕྱིན་ཆད་བཏོན་རེ་དང་ན་གོ་ཡེ།
- ད་ཚེ་ཕྱི་མའི་ཡང་ལམ་ཡིག་བདག་པོ་གོ་ཡེ།
- ཡེ་ཁྱོད་ཉན་མི་ཉན་སིག་མེད་ནི་ཨེ་རེད་གོ་ཡེ།
- འ་ལ་རོགས་ལོ་་་་་་་་ཡ་ལ་དགོ་ཡེ
- འ་ལ་་་་་་
- ཨ་ལ་རོགས་་་་་ཡ་ལ་ཡ་ལ་གོ
- ཡ་ལ་གི་རོགས་ལོ་ལོ་ལོ་གོ
- འ་རོ་ཁྲ་རྒྱན་ཡོར་ཅན་གྱི་བླ་མ་ཁྱོད།
- ཨ་ལ་ཁྲ་རྒྱ་ཡོར་སྟེང་ནས་བཞུགས་ར་ཁྱོད།
- མགོ་བསྒུར་ར་ཕྱག་གསུམ་ངས་ཁྱོ་འཚལ།
- ཨ་རོ་ས་སྡེ་ཆེན་ད་གི་རོགས་ལོ་ཁྱོད།
- ས་སྡེ་ཆེན་དཀྱིལ་ནས་བསྡོད་གྲ་ར།
- ཁ་བགད་ནས་ཚིག་གསུམ་ངས་ཁྱོ་བཤད།
- ཨ་ལ་རོགས་ལོ་་ཡ་ལ་ཡ་ལ་གོ
- ད་རོགས་ལ་གི་སོ་དགའ་ལོ་ལོ་རེ།
- འ་ལ་ཡེ་ངས་དབུས་རི་བྱུང་དབུས་སྐོར་བརྒྱུད་ལས་གོ
- ད་བྱུང་དབུས་ལམ་བྱུང་ཕྲ་མོ་དེད་ལས་གོ
- ཡེ་ངས་ཅི་བསམ་སོ་ལྷ་ཕྲུག་ཁྱོ་བསམ་སིག
- ད་ཁྱོ་བསམ་ནས་སོ་ཡོང་ནི་མིན་ན་གོ
- ད་དབུས་འདི་ལ་སོ་ཡོང་འདོད་ང་མེད་ཁ་ཟེར།
- ཨ་ལ་་་་རོགས་ལོ་་་ཡ་ལ་ཡ་ལ་རེ།
- ད་ངས་སྡེ་རི་བྱུང་སྡེ་སྐོར་བརྒྱུད་ལས་རེ།
- ཨ་ལ་ངས་སྡེ་ལམ་བྱུང་ཕྲ་མོ་དེད་ལས་གོ།
- ད་བྱུང་ཅི་བསམ་སོ་རོགས་ལོ་ཁྱོ་བསམ་གོ
- ད་ཁྱོ་བསམ་ནས་བྱུང་ཡོང་ནི་མིན་ན་རེ།
- ཨ་ལ་བྱུང་སྡེ་ར་ལ་ཡོང་དོན་ང་མེད་ཁ་ཟེར།
- ཨ་ལ་རོགས་ལོ་་་་ཡ་ལ་ཡ་ལ་གོ
- ཡ་རོགས་ལོ་ལོ་ལོ་རིས་ཡ།
- ཨ་རོ་ཁྱོས་ནོ་སོ་ནུས་བ་ཨེ་ཡོད་ཡ།
- ཁྱོས་བཤད་ནོ་ནུས་བ་ཡོད་ནོ་ན་ཡ།
- ངའི་སྒོ་ཡི་སྒོ་ཞིང་ནས་ཡིན་ཡ།
- འ་ལ་ནས་དྲུག་མོར་མི་རློམ་ཁྱོད་རློམ་རེ།
- ཨ་རོ་ཁྱོས་བཤད་ནོ་ནུས་བ་ཨེ་ཡོད་ཡ།
- ཁྱོས་བཤད་ནོ་ནུས་བ་ཡོད་ན་ཡ།
- ཨ་རོ་ངའི་དྲིན་ཆེན་ཕ་མ་ལྷ་ཡིན་གོ
- ང་ལྷ་བྱམས་པ་མི་རློམ་ཁྱོད་རློམ་ཡ།
- ཨ་ལ་་་རོགས་ལོ་་་ཡ་ལ་གོ་་་ཡེ།
- ཨ་རོ་ཡ་འགྲོགས་ལ་གི་སིག་དགའ་ལོ་ལོ་གོ་ཡེ།
- ཨ་ལ་རོགས་་་ད་བསྟོད་བསྟོད་ལ་སོ་སྨིག་པ་འཐིབས་ན་གོ་ཡེ།
- ངས་ཚོད་ཚོད་ལ་ད་རོགས་ལོ་ཁྱོ་དྲན་གི་གོ་ཡེ་་ཡས་ཡེ།
- ཨ་རོ་ང་རོགས་མེད་ལ་བྱུང་དྲན་ནི་ཆེ་ཡིན་གོ་ཡེ།
- ཨ་ལ་བྱུང་སྡེ་མི་གཅིག་སོ་སྡེ་མཐའ་སིག་ན་གོ་ཡེ།
- ཨ་ལ་རོགས་་་ཡལ་ཡ་ལ་གོ
- ཡ་ལ་གི་རོགས་ལོ་ལོ་ལོ་རེ་
- ཨ་རོ་་ཁྱོད་དགུང་སྔོན་གནམ་ནས་བསྡོད་ལ་ཁྱོས།
- ཡང་དོག་མོ་ས་ལ་ལྟོས་ར་གོ
- ཨ་རོ་སྨུག་དུམ་ཚིག་མ་སིག་འཆར་ལ།
- ཁྱོས་ལྟོས་ར་ཞི་མོ་ང་ཡིན་གོ
- ང་ཁ་རླངས་སྨིག་པའི་སྤྲུལ་ལས་ཡ།
- ཨ་རོ་ཁྱོ་ས་ལ་དཀྱིས་གསུམ་བརྒྱབ་ནས་ཡ།
- ཨ་ལ་་་རོགས་ལོ་་་ཡ་ལ་གོ་ཡ་ཟེར།
- ཨ་ལ་དགུང་སྐར་ཚོམ་དབུས་ནས་ད་སྐར་ཆུང་སྐྱིད།
- ཡེ་སྐྱིད་མེད་ནོ་གཡུ་འབྲུག་སྔོན་མོ་རེད།
- ཨ་ལ་ང་ས་རབ་མ་རུབ་ལ་ཤར་དགོ་གི་ཡ།
- ཡེ་ནམ་ལངས་མ་ལངས་ལ་འགྱོ་དགོ་གི་ཡ།
- ཨ་ལ་ནང་སྐར་བརྒྱ་སོ་ཤུལ་ནས་འཇོག་དགོ་གི་ཡ།
- ཡེ་ངའི་བློས་མི་ཆོད་གཅིག་པུ་དེ་རེད་དྲ་ཡ།
- ཨེ་བློས་མི་ཆོད་རུང་ར་ཆོད་དགོ་གི་ཡ
- འ་ལ་གང་སྐྱིད་འགྲོ་ཕྱོགས་དེ་རེད་གོ་ཡ།
- ཨ་ལ་་རོགས་ལོ་་་ཡ་ལ་གོ་ཡེ།
- ཨ་ལ་ས་སྡེ་ཆེན་འོག་ནས་སྡེ་ཆུང་སྐྱིད།
- ད་སྐྱིད་མེད་ནོ་ཕ་བཟང་ང་ཞི་ལུ་རེད་ཡ།
- ཨ་ལ་རོགས་ལོ་ང་་ས་རབ་མ་རུབ་ལ་ཐོན་དགོ་གི་ཡ།
- ཡེ་ནམ་ལ་ལངས་མ་ལངས་ལ་འགྱོ་དགོ་གི་ཡ།
- ཡེ་ཁྱོ་རོགས་འདང་ཆེན་སོ་ཤུལ་ནས་བསྐྱུར་དགོ་ཀི
- ཨ་ལ་ངའི་བློས་མི་ཆོད་གཅིག་པུ་དེ་རེད་དྲ་ཡ།
- ཡེ་བློས་མི་ཆོད་རུང་ར་ཆོད་དགོ་གི་ཡ།
- ཡེ་སྟག་ཤར་བའི་འགྱོ་ཕྱོགས་དུ་མོ་རེད་ཡ།
- ཨ་ལ་འ་རོགས་་ཡ་ལ་ཡ་ལ་གོ
- ཡ་ལ་གི་རོགས་ལོ་ལོ་རིས་ཡ།
- ཡར་ལྟོས་ཀི་ཁྲ་ཡག་རྫ་ནས་རེ།
- ཨ་རོ་ཤ་གྱོ་རྒྱ་རྫ་མགོའི་རི་དྭགས་རེད།
- རི་མཐོ་སོ་བརྒྱུད་ནས་འགྱོ་ནོ་རེད།
- ཨ་ལ་རི་མཐོ་སོ་བརྒྱུད་ནས་སོང་ཤུལ་ནས།
- རྒྱང་བཅད་ལས་འདུག་ནོ་ཡུ་མོ་རེད།
- ཞེ་སྡུག་ནས་འདུག་ནོ་འབྲོང་ཁྱུ་རེད།
- ཨ་རོ་ཤ་ཤོམ་ཆེན་ཕྱི་ར་ཐོན་བར་ལ།
- ན་མེ་ཏོག་ནང་ནས་སྒུག་ཡ་འདུག
- ཨ་ལ་ངའི་རོགས་ལོ་སྡེ་ཡི་མྱི་ཆེན་རེད།
- མྱི་སྡེ་རི་བརྒྱུད་ནས་འགྱོ་ནོ་རེད།
- ཨ་རོ་ཁྱོས་སྡེ་རི་བརྒྱུད་ནས་སོང་ཤུལ་ནས།
- རྒྱང་བཅད་ནས་བལྟ་ནོ་ཕ་མ་རེད།
- ཨ་ལ་ཞེ་སྡུག་ནས་འདུག་ནོ་ཞི་མོ་ཡིན།
- རོགས་འདང་ཆེན་ཕྱི་ར་ཐོན་བར་ལ།
- རོགས་ཁ་འགྲོགས་མི་བཙལ་སྒུག་ལ་འདུག
- ཨ་ལ་རོགས་ལོ་ཡ་ལ་གོ་ཡ་་ཟེར།
- ཨ་ལ་རྨ་ཕ་རིས་ཚྭ་མཚོའི་ཁ་ན་གོ་ཡ།
- ཡེ་དུང་ལེན་རྒྱུ་མེད་ནི་སོ་ར་ཆེས་ཡིན་གོ་ཡ།
- ཨ་ལ་ང་ནུབ་ཕྱོགས་རྒྱ་མཚོའི་ཁ་ནས་གོ་ཡ།
- ཡེ་་དུང་་གཡས་འཁྱིལ་ཁྱོ་ལ་རེ་བསྙེགས་ནི་ཡིན་ཡ་ཟེར།
- ཡ་ལ་རོགས་ལོ་་ཡ་ལ་གོ་ཡ་་ཟེར།
- ཨ་ལ་ད་ས་སྨད་ཕྱོགས་རྟ་མང་གྲོང་ན་གོ་ཡ།
- ཡེ་རོགས་གང་བཟང་མེད་ནི་སོ་ང་ཆེས་ཡིན་དྲ།
- འ་ལ་ས་ཡར་ལྟོས་ཧྭ་གཞིག་སོ་ལ་ཐང་ནས་གོ་ཡ།
- ཡེ་རོགས་འདང་ཆེན་ཁྱོ་ལ་སོ་ངས་བསྙེགས་ནི་ཡིན་ཡ།