06 May 2011
10 min 54 sec
Video Overview
Creators:
Wendekhar
This song describes how a love began and then blossomed into a long-term committed relationship.
འདིར་དུས་སྟོན་ཤིག་དང་འབྲེལ་བའི་ལ་གཞས་འགའ་བཀོད་ཡོད།
安多情歌是藏族民间文化元素之一,它在许多安多节日当中扮演着重要的角色. 这部短片记录了贵南文革地区情歌节上当地群众传唱的一些牧歌.
- Mangra
- Bangmer
- Tsang
- ཡེ་་་ཡ་ལ་དགོ་ཡེ་ཡ་ལ་རས།།
- རོགས་འདང་ཆེན་ད་ལོ་ལོ་ལོ་རས་དགོ་ཡེ་ཡ་ལ་རས།།
- ཡེ་ཁ་ལ་གཞས་ཅིག་ལེན་ན་ལ་གཞས་ལེན་ཡེ་ཡ་ལ་རས།
- འ་ལ་ཁ་ལ་གཞས་ད་རྒྱ་རྫོང་ནགས་ལ་ལེན་ཡེ་ཡ་ལ་རས།
- ཤིང་གསོམ་ཀར་འདིའི་ཁ་གྲངས་མང་ནོ་ལེན་ཡེ་ཡ་ལ་རས།
- འ་ལ་བྱ་ཁུ་ལོ་འདིའི་གསུང་སྐད་ཡག་ནོ་ལེན་ཡེ་ཡ་ལ་རས།
- ཁ་ལ་གཞས་གཅིག་ལེན་ན་ལ་གཞས་ལེན་ཡེ་ཡ་ལ་རས།
- འ་ལ་ཁ་ལ་གཞས་འདི་སྡེ་ཆེན་གྲོང་ང་ལེན་ཡེ་ཡ་ལ་རས།
- བུ་བུ་མོ་འདིའི་ཁ་གྲངས་མང་ནོ་ལེན་ཡེ་ཡ་ལ་རས།
- རོགས་འུ་གཟོའུ་འདིའི་ཁ་སེམས་མཐུན་ནོ་ལེན་ཡེ་ཡ་ལ་རས།
- ཡ་ལ་་་་ཡ་ལ་ཡེ་ལ་ཡ།
- སྟོད་རྫ་མགོ་ཡུལ་གི་ཆུ་འདི་ཡ།
- ངའི་ཡིད་ན་ཆུ་འདང་ཡོད་དྲ་ཡ།
- འ་ལ་ཁྱོད་རྫ་ཁྲ་ཁྲའི་ཕག་ལ་ཤོར་ཡོད་ཀི
- རྡོ་གཡའ་མའི་གསེང་ང་འཐིམས་ཡོད་ཀི
- རྡོ་ཁ་ལོ་སྐོར་རས་འཐུང་རྒྱོ་ཡ།
- ང་དུག་སྦྲུལ་ནག་གོ་སྐྲག་ནས་ཡ།
- འ་ལ་ས་སྡེ་ཆེན་ད་གི་ཞི་ལི་ཡ།
- ངའི་སེམས་ན་རྩེ་འདོད་ཡོད་དྲ་ཡ།
- ཁྱོད་སྡེ་ཆེ་པོ་ཕག་ལ་ཤོར་ཡོང་གི
- འ་ལ་རོགས་ཀ་ནང་ན་ཟླའི་རྩིབ་བ་བཟུང་ཡོད་ཀི
- ཁྱོའི་རོགས་ཀ་བསྐྱུར་རས་རྩེ་རྒྱོ་གོ
- ང་ངོ་མས་གན་ན་སྐྲག་གི་ཡ།
- འ་ལ་་་་་་་་ཡ་ལ་དགོ་ཡ
- རོགས་འདང་ཆེན་དགའ་ལོ་ལོ་ལོ་དགོ་ཡ།
- ས་སྟོད་ཕྱོགས་ཨ་རིག་ར་ཁྱ་དགོ་ཡ།
- འ་ལ་ངས་ཁྱོད་སྲབ་བཞག་གས་ཞོན་ནི་མ་དགོ་དགོ་ཡ།
- འདི་མཐུར་བཞག་གས་ཁྲིད་ནི་མེད་དྲ་དགོ་ཡ།
- ད་རྐང་རྨིག་བཞིའི་ཞབས་ཀི་དོན་ན་དགོ་ཡ།
- ཡེ་ཁྱོད་རྒྱུག་ལེ་ཡོང་འདོད་ལས་བལྟ་གི་དགོ་ཡ།
- འ་ལ་ས་སྡེ་ཆེན་ཞང་བཟང་ཚ་མོ་དགོ་ཡ།
- ཁྱོད་ཁ་བགད་ལེ་འགྲོག་ནི་མ་དགོ་དགོ་ཡ།
- ད་གླུ་བླངས་ནས་རྩེ་ནི་མེད་དྲ་དགོ་ཡ།
- འ་ཁྱོའི་ཚིག་སྙན་མོར་དཔྱད་པ་བཏང་ན་དགོ་ཡ།
- འ་འདི་ཁྲེལ་ལོས་ཡོད་འདོད་ནའི་རོགས་རེད་དགོ་ཡ།
- འ་རོ་དགོ་དགོ་ཡ་ལ་ཡ་ལ་དགོ
- ད་ང་གྱང་ཁའི་དགོ་དགོ་འཁོར་ལོ་ཟེར་ནོ་དགོ་བཟས།
- འ་ལ་ཡ་སྔོན་ཡན་ན་དགོ་དགོ་འཁོར་ནི་མེད་དྲ་དགོ
- ད་རླུང་ཕར་གཡུག་དགོ་དགོ་ཚུར་གཡུག་ཟིག་གི་དགོ
- ད་ཁྱོད་ས་ར་དགོ་དགོ་འཁོར་ཕྱོགས་བདེ་ད་དགོ
- ཡ་ང་ཞང་བཟང་དགོ་དགོ་ཚ་མོ་ཟེར་ནོ་དགོ
- ཡ་སྔོན་ཡན་ན་དགོ་དགོ་འགྲོག་ནི་མེད་དྲ་དགོ་བཟས།
- ངས་གླུ་ཕར་ལེན་དགོ་དགོ་ཚུར་ལེན་ཟིག་གི་དགོ
- ད་ཁྱོད་ས་ར་དགོ་དགོ་ཡེ་རྩེ་ཕྱོགས་བདེ་ད་དགོ་བཟས།
- འ་ལ་་་་་་ཡ་ལ་དགོ་ཡ།
- ཡེ་འདང་ཆེན་དགའ་ལོ་ལོ་ལོ་དགོ་ཡ།
- འ་ཞི་མོ་དགོང་ཨ་སྔོན་འདིའི་གསེར་ཏོག་སེར་པོ་རེད་ཡ།
- གསེར་དགུ་ཐོག་ཟོ་འཛམ་གླིང་ཉི་མ་རེད་ཡ
- འ་ལ་འདི་ཆགས་བཞག་ན་ཟོ་བུ་ར་བུ་མོ་རེད་ཡ།
- ཞེ་མཐུན་ན་ཟོ་ད་གན་གི་རང་བཞིན་རེད་ཡ།
- འ་ལ་སྡེ་ཆེན་པོ་འདིར་དངུལ་ཐོགས་་་་
- འ་རོ་་་ཡ་ལ་ཡེ་ལ་དགོ
- རྟ་རྒྱུགས་ཀི་ཨ་ཁུ་གུས་ཁ་ཁྱོད།
- སྒ་གཡོན་ནས་འགྱོ་ནོ་ཆི་རེད་དགོ
- ངའི་རྟ་རྒྱུག་སྲོལ་མིན་ནི་མ་ར་དགོ
- འ་ལ་རོགས་ཀ་ཡ་རོགས་རྩེ་གི་ཨ་ཁུ་གུས་ཁ་ཁྱོད།
- ལ་འཚབ་ཀི་འདུག་ནོ་ཆི་རེད་དགོ
- ང་རྩེ་སྲོལ་མིན་ནི་མ་རེད་དགོ
- འ་ལ་་་ཡ་ལ་དགོ་ཡ
- ཡར་བལྟས་ཀི་སྤང་ཀར་ཀླད་རེད་དགོ་ཡ།
- རྟ་ཉི་ཤུ་བཟས་ན་མིང་རེད་དགོ་ཡ།
- ཡ་སྒ་ཆི་བསྟོད་བཟས་ནོ་དོན་རེད་དགོ་ཡ།
- ཁྱོད་འདྲ་གི་འདོ་བ་གཅིག་རེད་དགོ་ཡ།
- འ་ལ་ཞི་མོ་མར་བལྟས་ཀི་སྡེ་ཆེན་ད་གི་དགོ་ཡ།
- རོགས་ཉི་ཤུ་བཟས་ནོ་མིང་རེད་དགོ་ཡ།
- ཚིག་ཆི་བཤད་བཟས་ནོ་དོན་རེད་དགོ་ཡ།
- ཁྱོད་འདྲ་གི་རོགས་ལོ་གཅིག་རེད་དགོ་ཡ་བཟས།
- འ་ལ་་་ཡང་ཡ་ལ་ཡ་ལ་དགོ
- ད་གསེར་རི་ཐང་ཟོ་ཡུལ་གི་བླ་མ་དགོ
- ཁྱོའི་ཕྱག་གཉི་གི་འདི་སེན་མོ་ཟད་སོ་གི
- འ་ལ་ཡ་ཁྱོས་ཆོས་ར་ད་ཆོས་ཟིག་བཏོན་ནས་ན།
- ངས་ཁྱོད་འ་ལ་ཟོ་ཞང་ང་རྩེས་ནས་དགོ
- ཁྱོའི་སྐྱ་ཀླད་པ་གཙུག་གི་ཤུལ་སོ་གི
- ཁྱི་དགི་ཆི་ར་ཟོ་འདག་གི་བསྡད་ནས་ན།
- འ་ལ ཡེ་ས་སྡེ་ཆེན་ཟོ་ད་གི་ཞི་ལི་དགོ
- ཁྱི་དགི་ཁ་ཚིག་ཟོ་ཁ་བརྡ་ཡག་སོ་གི
- ཁྱོ་ཆི་འདྲ་འདྲའི་ཟོ་རོགས་ཟིག་མང་ནས་ན།
- ངས་ཁྱོད་འ་ལ་ཟོ་ཚ་ཁེ་བཟས་ནས་དགོ
- ད་ཁྱོའི་ཨ་ཆད་ཀི་ཆད་ཁ་འཐོར་སོ་གི
- ད་རོགས་མེད་ལ་ཁྱོས་ཆི་ར་དག་ནས་ན།
- འ་ལ་རེ་་་ཡ་ལ་དགོ་ཡ།
- རོགས་འགའ་ལོ་ལོ་ལོ་ལོ་རིས་དགོ་ཡ།
- ཁྱོའི་མིག་ཁྱ་རིས་སྐུ་ལུས་བདེ་མོ་དགོ་ཡ།
- མིན་ཁྱོའི་སྐུ་ལུས་བདེ་ཡས་བསྡད་ན་དགོ་ཡ།
- ཁྱོས་ང་རེ་རེ་བལྟ་རྒྱོ་མ་བརྗེད་དགོ་ཡ།
- ཁྱོའི་ཁའི་དུང་སོ་སུམ་ཅུ་ལྷུང་རུང་དགོ་ཡ།
- ལྕེ་དར་མའི་སྐུ་ལུས་བདེ་མོ་དགོ་ཡ།
- ཁྱོའི་སྐུ་ལུས་བདེ་ཡས་བསྡད་ན་དགོ་ཡ།
- ཁྱོས་ང་རེ་རེ་གླེང་རྒྱོ་མ་བརྗེད་དགོ་ཡ།
- འ་ལ་་་ཡང་ཡ་ལ་ཡ་ལ་དགོ
- ད་རྟ་སྔོན་ལ་འདི་་་་་
- འ་ལ་ད་རྟ་སྔོན་ལ་ཟིག་བརྒྱུགས་ནོ་ཁྱོའི་སྐྱོན་རེད།
- ད་ལྕགས་མཐའ་ནས་བཟོ་བརྒྱབས་ནོ་ངའི་སྐྱོན་རེད།
- ལ་སྐྱོན་སྐྱོན་ན་ཟོ་ཐོགས་ན་སྐྱོན་མེད་ཀི