06 May 2011
11 min 11 sec
Video Overview
Creators:
Unknown
This song tells of two lovers bidding each other farewell as they prepare to part.
འདིར་རོགས་བྲལ་བའམ་བདེ་མོ་འཇོག་པའི་སྐོར་བརྗོད་བྱར་བཟུང་ནས་ན་གཞོན་ཕོ་མོ་ཟུང་གིས་འདང་ཆེན་རོགས་ལོར་ཡིད་སེམས་འགུག་པའི་ཚིག་གིས་སྐྱེལ་མ་བྱས་ཡོད།
这段视频表现了情人在分离的一刻,用感人至深的歌声作为彼此互相道别的礼物。围绕相离和祝福对方为中心,用动人的歌声作为送别青年男女的感人至深并作互相的道别礼物。
- Mangra
- འོ་་་་ལ་ཡ་ལ་དགོ་ཡང་ཡ་ལ་ཡ་ལ་དགོ
- འོ་འགྲོག་ལ་གི་དགོ་ཡང་དགའ་ལོ་ལོ་ལོ་རེ།
- ཡེ་ནང་རྟ་བརྒྱ་དགོ་ཡང་རྟ་མང་མིག་གིས་འཚོས།
- ངའི་བློ་རྟ་དགོ་ཡང་ཁུར་རོ་སེམས་གྱིས་འཚོས།
- ནང་རྟ་བརྒྱ་དགོ་ངས་རྟ་མང་མ་འཚོས་ན།
- ཁྱོ་ཁུར་མོ་དགོ་ཡང་འཚོ་ས་མ་སོང་ནས།
- ངས་མ་འཚོས་དགོ་ཡང་རང་ང་བསྡད་ན་རེ།
- ངའི་གངས་དཀར་དགོ་ཡང་སེམས་ཀི་མི་བཟོད་ཀི་བཟས།
- འ་ལ་རོགས་ལོ་་་ལ་ཡ་ལ་དགོ་ཡང་ཡ་ལ་ཡ་ལ་དགོ
- ནང་རོགས་བརྒྱ་དགོ་ངས་རོགས་མང་མིག་གིས་འཚོས།
- ངའི་ཞེ་མཐུན་དགོ་ཡང་ཁུར་མོ་སེམས་ཀྱིས་འཚོས།
- ནང་རོགས་བརྒྱ་དགོ་ཡེ་ཡང་རོགས་མང་མ་འཚོས་ན།
- ཁྱོ་ཁུར་མོ་དགོ་ཡེ་ཡང་འཚོ་ས་མ་སོང་ནས།
- འ་ལ་ད་རིག་ལྷ་དགོ་ཡེ་ངའི་རྩེད་ཡ་དགོད་གྲོགས་མ།
- འ་ལ་་་་དགོ་ཡེ་ཡ་ལ་ཡ་ལ་དགོ
- ཡ་འགྲོག་དགའ་ལོ་ཡེ་ལོ་ལོ་ལོ་རུས་དགོ
- ད་ཕ་བླ་མས་དགོ་ཡེ་དབུས་རུ་བརྒྱུད་དུས་ན་བཟས།
- འ་ལ་རོགས་ག་ཡེ་དབུས་དད་དར་དགོ་ཡེ་བསྡམས་མ་ཡ་ལ་ལ།
- ཡབ་རྗེ་སྨུག་ཆུང་དགོ་ཡེ་ཁྱོར་སྡོང་སོ་ལོ་ལོ།
- ཡེ་དབུས་ཡང་ར་དགོ་ཡེ་རིམ་པས་བདེ་མོ་ཤོས་བཟས།
- འ་ལ་ང་ཁྱོ་གཞུག་ཐེངས་དགོ་ཡེ་མཇལ་བའི་སྨོན་ལམ་རྒྱག
- ཡ་ངའི་རོགས་ལོས་དགོ་ཡེ་སྡེ་རུ་བརྒྱུད་དུས་ན་བཟས།
- འ་ལ་ཡེ་རྟ་འདོ་བའི་དགོ་ཡེ་གོམ་ཁ་ཡ་ལ་ལ།
- མགོ་སྤུ་ལོང་དགོ་ཡེ་ཝ་མོ་ལྡེམ་ལྡེམ།
- ཡ་རོགས་ད་ཐེངས་དགོ་ཡེ་རིམ་པས་བདེ་མོ་ཤོས།
- ང་ཁྱོ་གཞུག་ཐེངས་དགོ་ཡེ་འགྲོག་གི་སྨོན་ལམ་རྒྱག་བཟས།
- འ་ལ་རོགས་ལོ་་་དགོ་ཡེ་ཡ་ལ་ཡ་ལ་དགོ
- ཡ་འགྲོག་ལ་གི་དགོ་ཡེ་ངའི་རྩེད་ཡ་དགོད་གྲོགས་མ་བཟས།
- འ་ལ་ཡ་ནང་རྟ་བརྒྱ་དགོ་ཡེ་ཡང་རྟ་མང་གསེང་ང་འཚོགས།
- རྟ་ད་བདུན་ཚིགས་དགོ་ཡེ་ཡང་ཆ་ཟིག་བུད་ཐལ་རེ་བཟས།
- འ་ལ་ང་དགའི་འདོ་བ་དགོ་ཡེ་ཡང་རླུང་གི་ལྷང་རུ་རེ།
- ང་དགའི་ཁ་ནས་དགོ་ཡེ་ཡང་བདེ་མོ་ཤོར་ཐལ་རེ།
- འ་ལ་ད་གླང་སེང་ཆེན་དགོ་ཡེ་ཡང་རྐྱང་ངེ་མིན་ནས་དགོ
- ངས་ཆགས་འཇོག་སའི་དགོ་ཡེ་ཁྱོ་རྟ་ཟིག་མེད་ཁུ་རེ་བཟས།
- འ་ལ་ད་ཁྱོ་སྐྱིད་ལེ་དགོ་ཡེ་ཡང་བདེ་ཡེ་བསྡད་ན་རེ།
- ངའི་རྒྱབ་སྒ་ཁྱ་དགོ་ཡེ་ཡང་བརྗེད་ཀི་མ་འཇུག་རེ་བཟས།
- ཡ་འ་ལ་རོགས་ལོ་་་་དགོ་ཡེ་ཡང་ཡ་ལ་ཡ་ལ་དགོ
- ད་ས་སྡེ་ཆེན་དགོ་ཡེ་ཡང་རྩེད་རའི་ནང་ནས་དགོ་བཟས།
- འ་ལ་རོགས་ལོ་བཐུན་ཚུལ་དགོ་ཡེ་ཡང་ཆ་ཟིག་བུད་ཐལ་རེ།
- ང་དགའི་རོགས་ལོ་དགོ་ཡེ་ཡང་ནང་གི་ལྷང་རེད་རེ་བཟས།
- འ་ལ་ང་དགའི་ཁ་གི་དགོ་རེ་ཡང་བདེ་མོ་ཤོར་ཐལ་རེ།
- ད་གླང་སེང་ཆེན་དགོ་ཡེ་ཡང་འབྲུག་མོ་མིན་ནས་དགོ
- ངས་ཆགས་འཇོག་སའི་དགོ་ཡེ་ཁྱོ་རོགས་ཟིག་མེད་ཐལ་རེ།
- འ་ལ་ང་དགའི་ཁ་གི་དགོ་ཡེ་ཡང་བདེ་མོ་ཤོར་ཐལ་རེ་བཟས།
- འ་རོ་་་དགོ་ཡེ་ཡ་ལ་ཡ་ལ་དགོ
- ད་ཤིང་གཅིག་ཡག་དགོ་ཡེ་གཉིས་ཡག་ཙན་དན་ནགས།
- ལ་ཤིང་ཚིགས་དྲུག་དགོ་ཡེ་སྨྱུག་མའི་རྩེ་མོ་ནས་བཟས།
- འ་ལ་རོགས་ཀ་བྱ་ལས་ཡག་དགོ་ཡེ་སྒྲོ་ཡག་སྔོན་གྱི་བྱ།
- ལ་ཁྱོས་འཕུར་བཤད་ཡེ་ཡིད་ན་ང་རྨོངས་ཀི
- ལ་འཕུར་མ་འཕུར་དགོ་ཡེ་མེད་དུས་ཁྱོད་རྨོངས་ཀི་བཟས།
- འ་ལ་ཡེ་ཁྱོད་མ་འཕུར་དགོ་ཡེ་ཐབས་ཟིག་མེད་དང་རུས།
- ཡེ་བྱ་ད་ཐེངས་དགོ་ཡེ་རིམ་པས་བདེ་མོ་ཤོས་བཟས།
- འ་ལ་རོགས་ཀ་ཡེ་སྡེ་གཅིག་ཡག་དགོ་ཡེ་གཉིས་ཡག་རང་གྲོང།
- ལ་རོགས་གཅིག་མཐུན་དགོ་ཡེ་ལས་མཐུན་སྔོན་གྱི་རོགས།
- ཁྱོ་འགྱོ་བཤད་ཡེ་ཡིད་ན་ང་སྡུག་གི་བཟས།
- འ་ལ་ཡེ་འགྱོ་མི་འགྱོ་དགོ་ཡིད་དུས་ཁྱོད་རྨོངས་ཀི
- ལ་ཁྱོ་མ་སོང་དགོ་ཡེ་ཐབས་ཟིག་མེད་སོང་རུས།
- ད་རོགས་ད་ཐེངས་དགོ་ཡེ་རིམ་པས་བདེ་མོ་ཤོས་བཟས།
- ཡ་ལ་རོགས་ལོ་་་་དགོ་ཡེ་ཡང་ཡ་ལ་ཡ་ལ་དགོ
- ཡ་འགྲོག་ལ་གི་དགོ་ཡེ་ངའི་རྩེད་ཡ་དགོད་གྲོགས་མ་བཟས།
- འ་ལ་ད་ནགས་ཁ་ཞེང་དགོ་ཡེ་ད་ཡག་གི་ཡང་ཞེང་ནས།
- ད་ཤིང་སྡོང་ལོ་ཡེ་ཡང་ཡག་གི་ནེམ་ལོ་ནས།
- འ་ལ་ངའི་བྱ་ཁུ་བྱུག་དགོ་ཡེ་ཡང་ཁུ་ལང་སྟོད་ཐུང་ཅན།
- ད་བྱེའུ་འཇོལ་མོ་དགོ་ཡེ་ད་སྔ་སྒྲོ་སྨུག་པོ་ཅན་བཟས།
- འ་ལ་འུ་གཉི་ཀ་བྱ་ཡང་མཉམ་གི་དགོ་ཡེ་ཡང་སྐྱིད་ལེ་ལོབས་ཐལ་རེ།
- ད་བྱ་རང་རང་དགོ་ཡེ་ཡང་ས་ར་འགྱོ་རེ་དགོ་བཟས།
- འ་ལ་ད་བྱ་ཁྱོ་བདེ་དགོ་ད་ང་བདེ་འ་ལ་བྱ་བརྒྱ་འབུམ་བདེ་དགོ
- འ་དུ་རེད་ལ་དགོ་ཡེ་འཇོལ་མོ་ཁྱོས་ཉོན་རེ་བཟས།
- འ་ལ་རོགས་ལོ་་་་དགོ་ཡེ་ཡང་ཡ་ལ་ཡ་ལ་དགོ
- ད་ས་སྡེ་ཆེན་དགོ་ཡེ་ད་སྡེ་བའི་སྡེ་ཡག་ནས་བཟས།
- འ་ལ་ད་ནང་ནང་རའི་དགོ་ཡེ་ཡང་ན་ཟླའི་ཁ་གྱབ་ནས།
- ངའི་རོགས་ཆུང་ལོ་དགོ་ཡེ་ཡང་བྱུ་རུའི་སྐེ་རྒྱན་ཅན་བཟས།
- འ་ལ་ང་ཁ་བགད་ལེ་དགོ་ཡེ་ཞེ་གསུམ་མཐུན་ཐལ་རེ།
- ངའི་རོགས་ཆུང་ལོ་དགོ་ཡེ་ཞེ་འདང་ལྷོད་ཤ་ཅན་བཟས།
- འ་ལ་ངའི་རོགས་ཆུང་ལོ་དགོ་ཡེ་ཁྱོ་བདེ་ང་བདེ་རེ།
- ད་དེའི་ཞོར་གི་དགོ་ཡེ་ཡང་རོགས་བརྒྱ་འབུམ་བདེ་རེ་བཟས།
- འ་ལ་རོགས་ཀེ་་་དགོ་ཡེ་ཡ་ལ་ཡ་ལ་དགོ
- ཡ་རོགས་དགའ་ལོ་དགོ་ཡེ་ལོ་ལོ་ལོ་རུས་དགོ་བཟས།
- འ་ལ་ཡ་གཅིག་བདེ་མོ་དགོ་ཡེ་གཅིག་ག་བདེ་མོ་དགོ
- ལ་མགོ་ཁ་ཁྱ་དགོ་ཡེ་མིག་ནག་བདེ་མོ་དགོ་བཟས།
- འ་ལ་ངས་ཁྱོ་བདེ་མོ་དགོ་ཡེ་གཏམ་གླེང་མེད་ར་དགོ
- གླང་ལོ་བརྒྱ་དགོ་ཡེ་ལམ་མ་ལངས་དང་ཐལ།
- འ་ལ་ཡེ་ངའི་ཁ་ནས་དགོ་ཡེ་བདེ་མོ་ཤོར་ཐལ་རེ་བཟས།
- འ་ལ་ཡ་གཅིག་བདེ་མོ་དགོ་ཡེ་གཅིག་ག་བདེ་མོ་དགོ
- ལ་ངའི་ཞེ་མཐུན་ཡེ་དགོ་རོགས་ལོ་བདེ་མོ་དགོ
- ངས་ཁྱོ་བདེ་མོ་དགོ་ཡེ་གཏམ་འདོད་མེད་དྲ་རེ་བཟས།
- འ་ལ་ཡེ་ནང་རོགས་བརྒྱ་དགོི་ཡེ་ལམ་མ་ལངས་དང་ཐལ།
- ཡེ་ངའི་ཁ་ནས་དགོ་ཡེ་བདེ་མོ་ཤོར་ཐལ་རེ་བཟས།
- འ་ལ་རོགས་ལོ་་་དགོ་ཡེ་ཡང་ཡ་ལ་ཡ་ལ་དགོ
- ཡ་ཡང་བདེ་མོ་དགོ་ཡེ་ཡང་གཅིག་ག་བདེ་མོ་རེ་བཟས།
- འ་ལ་ངའི་མཛོ་ཀ་ཁྱ་དགོ་ཡེ་ཡང་མིག་ནག་བདེ་མོ་རེ།
- ངས་ཁ་མགུ་གི་དགོ་ཡེ་ངོ་རིག་མིན་ར་རེ།
- ད་མཛོ་རང་རང་དགོ་ཡེ་ས་ར་འགྱོ་ཁ་རེ་བཟས།
- འ་ལ་ད་ཞེ་བསམ་པའི་དགོ་ཡེ་ཡང་འགྱོ་རྒྱུས་བདེ་མོ་རེ།
- ད་ཁྱོ་སྐྱིད་ལེ་དགོ་ཡེ་ཡང་བདེ་ཡེ་བསྡད་དང་ན་བཟས།
- འ་ལ་ཁྱོས་རྒྱབ་གསོམ་པའི་དགོ་ཡེ་ཡང་སྒ་གཞིས་མ་བརྗེད་རེ།
- ཡ་ལ་རོགས་ལོ་་་་་་དགོ་ཡེ་ཡང་ཡ་ལ་ཡ་ལ་དགོ
- ཡང་ད་བདེ་མོ་དགོ་ཡེ་ཡང་གཅིག་ག་བདེ་མོ་རེ་བཟས།
- འ་ལ་ངའི་རོགས་ཆུང་ལོ་དགོ་ཡེ་ཡང་སྐྱེས་ལུས་སྨྱུག་མ་ཅན།
- ཁྱོའི་ཁ་བགད་ལེ་དགོ་ཡེ་ཡང་རོགས་ལོ་བདེ་མོ་རེ་བཟས།
- འ་ལ་ངས་ཚིག་བཤད་ཀི་དགོ་ཡེ་ཡང་ངོ་རིག་མིན་འདྲ་རེ།
- ངའི་དོན་བསམ་པའི་དགོ་ཡེ་ཡང་རོགས་ལོ་བདེ་མོ་རེ།
- ད་ཁྱོ་སྐྱིད་ལེ་དགོ་ཡེ་ཡང་བདེ་ཡེ་བསྡད་དང་ན།
- ངའི་ལུས་ལྷུ་དྲུག་དགོ་ཡེ་བརྗེད་ཀི་མ་འཇུག་རེ།
- འ་རོ་་་ཡ་ལ་ཡ་ལ་དགོ
- ཡེ་བྱ་ཁུ་ལོ་དགོ་སྙིང་ལ་རྗེ་བོ་དགོ་བཟས།
- ཁྱོད་ཤིང་བྲ་མའི་དགོ་མགོ་ནས་བཀྲ་ཤིས་དགོ
- ལ་ཤིང་ཚེར་མའི་དགོ་མགོ་ནས་ཚེ་རིང་ང་།
- ལ་བཀྲ་ཤིས་ནས་དགོ་ཚེ་ཐག་རིང་སོང་རེ་བཟས།
- འ་ལ་ཁྱོས་ང་ས་ར་དགོ་བལྟ་རྒྱུ་མ་བརྗེད་ཀོ
- ད་རོགས་ཆུང་ལོ་དགོ་སྙིང་ལ་རྗེ་བོ་དགོ་བཟས།
- འ་ལ་ཁྱོ་སྡེ་ཆེན་པོ་དགོ་དཀྱིལ་གི་ཚེ་རིང་ང་།
- ཡེ་ཁྱིམ་ཆུང་མའི་དགོ་རྩིབ་ཀི་བཀྲ་ཤིས་དགོ་བཟས།
- ཡ་བཀྲ་ཤིས་ནས་བཟོ་ཚེ་ཐག་རིང་ན་དགོ
- ད་ང་རེ་རེ་བཟོ་གླེང་རྒྱུ་མ་བརྗེད་ཀོ་བཟས།