06 May 2011
20 min 31 sec
Video Overview
Creators:
Unknown
Using various metaphors, this song recounts the development of love between two young people.
ལ་གཞས་ནི་ཕོ་མོའི་བརྩེ་དུང་བརྗོད་བྱར་བྱས་པའི་ཨ་མདོའི་ཐུན་མིན་གྱི་དམངས་སྲོལ་ལགས། འདིར་བོན་སྐོར་ཡུལ་གྱི་གླུ་བ་གླུ་མ་གཉིས་ཀྱི་ལ་གཞས་བཀོད་ཡོད།
安多情歌是以男女爱情为主题的安多藏区独特的民间文化。安多藏区的少男少女用他们美丽的歌声唱出让人动容的爱情故事。
- Mangra
- Sokpo
- འོ་་་་་་ཡ་ལ་དགོ་ཡ།
- རོགས་དགའ་ལོ་ལོ་ལོ་ལོ་རུས་དགོ་ཡ།
- ང་མིང་ཆེན་བོད་པའི་གྱི་ཁྱ་རེད་ཡ།
- ཁྱོ་དོན་ཆེན་བ་སོའུ་ཕྲེང་བ་རེད་ཡ།
- འ་ལ་འདི་མིང་ཆེན་དོན་ཆེན་ཐུག་ན་དགོ་ཡ།
- གྲི་མ་བཏགས་ས་ར་མ་ཐལ་དགོ་ཡ།
- ང་མིང་ཆེན་ཕ་བཟང་བུ་ཚ་རེད་ཡ།
- ཁྱོ་དོན་ཆེན་ཞང་བཟང་ཚ་མོ་རེད་ཡ།
- འདི་མིང་ཆེན་དོན་ཆེན་ཐུག་དང་ན་ཡ།
- རོགས་མ་མཐོང་ས་ར་མ་ཐལ་དགོ་ཡ།
- རོགས་ལོ་ལོ་ལོ་ལོ་རུས་དགོ
- འ་ལ་ང་རྟ་མེད་ལ་དགོ་མྱངས་ནི་ཟིག་ཡིན་དགོ
- ད་རྒྱུགས་གོམ་ལག་དགོ་བཙལ་གི་རྟ་དགོ་གི་བཟས།
- འ་ལ་ང་རོགས་མེད་ལ་དགོ་བཙལ་ནི་ཟིག་ཡིན་དགོ།
- ད་འདང་ཞེ་བརྩེ་དགོ་བརྩན་གི་རོགས་དགོ་གི་བཟས།
- འ་ལ་འ་རེ་་་་་་ཡ་ལ་དགོ་ཡ།
- རོགས་དགའ་ལོ་ལོ་ལོ་ལོ་རུས་དགོ་ཡ།
- ང་ས་སྟོད་ཕྱོགས་འཁྱམ་པའི་ཞི་ལི་དགོ་ཡ།
- ང་རྟ་མེད་ལ་ཉོ་གི་ཡོང་ནས་དགོ་ཡ།
- སྒ་ཡོད་ར་བསྟོད་ས་མེད་ནས་དགོ་ཡ།
- ང་ས་སྡེ་ཆེན་ཕ་བཟང་བུ་ཚ་དགོ་ཡ།
- ང་རོགས་མེད་ལ་བཙལ་གི་ཡོང་ནས་དགོ་ཡ།
- ཚིག་ཡོད་ར་བཤད་ས་མེད་ནས་དགོ་ཡ་བཟས།
- འ་ལ་འ་རོ་དགོ་ཡེ་ཡ་ལ་ཡ་ལ་དགོ
- ངའི་རོགས་དགའ་ལོ་དགོ་ཡེ་ལོ་ལོ་ལོ་རུས་དགོ་བཟས།
- འ་ལ་ཡེ་ཁྱོ་ཨ་བསང་བཟོ་ཡེ་སོ་རུ་བཟས་ནོ་དགོ
- ཁྱོ་བཟོ་རྫ་ན་དགོ་ཡེ་རྟ་བདག་མེད་ནས་དགོ
- ད་ཁྱོ་ངེས་ངེ་དགོ་ཡེ་མེད་ནོ་བདེན་ན་དགོ་བཟས།
- འ་ལ་ཁྱོས་སྲབ་བསིལ་མ་དགོ་ཡེ་ངའི་མགོ་ཞོག་ག་དགོ
- ད་སྒ་བེ་སང་དགོ་ཡེ་ངའི་རྒྱབ་བསྟོད་ལ་དགོ་བཟས།
- འ་ལ་ཁྱོས་ཞོན་ར་དགོ་ཡེ་བྱང་ལམ་འགྱོ་རྒྱོ་བྱེད།
- ད་ཁྱོ་ཁ་འཁྱམ་དགོ་ཡེ་ཞི་ལི་བཟས་ནོ་དགོ་བཟས།
- འ་ལ་ཡེ་ཁྱོ་ཆུང་མ་དགོ་ཡེ་ངེས་ངེ་མེད་ན་དགོ
- ཁྱོས་ང་གོས་ཚར་དགོ་ཡེ་གོས་ལྭ་བསྐོན་ན་དགོ་བཟས།
- འ་ལ་ཡེ་སྲབ་རྟ་བརྒྱ་དགོ་ཡེ་འདབ་ནས་མི་དགོ་གི
- ད་ཁྱོས་ཁྲིད་ལ་དགོ་ཡེ་ཁྱེ་གེ་འགྱོ་རྒྱོ་ཤོས་བཟས།
- འ་ལ་་་་་་ཡ་ལ་དགོ་ཡ།
- རོགས་དགའ་ལོ་ལོ་ལོ་ལོ་རུས་དགོ་ཡ།
- ང་ས་སྟོད་ཕྱོགས་འཁྱམ་པའི་ཞི་ལི་དགོ་ཡ
- ང་རྟ་ཡོད་ར་ཅིག་གིས་དེད་སོང་ང་ཡ།
- སྒ་ཡོད་ར་རྒྱབ་ཀི་ལུས་སོང་ང་ཡ་།
- ད་རྟ་ཉོ་ན་འདོད་ནའི་སྒང་ཟིག་རེད་ཡ།
- འ་ལ་སྡེ་ཆེན་པོའི་ཨ་བཟང་བུ་ཚ་ང་ཡ།
- ང་རོགས་ཡོད་ར་ཅིག་གིས་ཁྲིད་སོང་ང་ཡ།
- ད་འདང་ཡོད་ར་ཁོག་གི་ལུས་སོང་ང་ཡ།
- ད་རོགས་བཙལ་ན་འདོད་ནའི་སྒང་ཟིག་རེད་ཡ།
- ཡ་ལ་་་་ཡ་ལ་ཡ་ལ་དགོ
- ཡ་རོགས་དགའ་ལོ་བཟོ་ལོ་ལོ་ལོ་རུས་དགོ་བཟས།
- འ་ལ་ཡེ་ཁྱོ་ཨ་བསང་བཟོ་ཐོ་རུ་ཟེར་ནོ་དགོ
- ད་ཁྱོའི་རྫ་ན་བཟོ་རྟ་བདག་ཡོད་ན་དགོ་བཟས།
- འ་ལ་ཡེ་སྲབ་གསུས་མ་བཟོ་མགོ་ནས་ལེན་ཡག་ཤོས།
- ད་སྒ་བེ་བསང་བཟོ་མགོ་ནས་བཀོག་ཡག་ཤོས།
- ད་དུ་ཤོས་ར་བཟོ་བརྒྱུག་རྒྱོ་དྲག་གི་ཡ་བཟས།
- འ་ལ་ཞོགས་རུ་ཞོགས་ནས་བཟོ་རྟ་བདག་བུད་དང་ན།
- ད་སྡུག་དུ་མོའི་བཟོ་ཁ་མགོའི་མི་འདུག་གོ
- སྨད་ཕྱོགས་གྲོང་གི་བཟོ་ཞེ་མཐུན་ཞི་མོ་ང་།
- འ་ལ་རོགས་བདག་མེད་ནོ
- འ་ལ་རྟ་བདག་མེད་ནོ་་་་
- འ་ལ་ཡེ་ས་སྡེ་ཆེན་བཟོ་སྡེ་གི་ཞི་ལིི་གོ
- ཁྱོ་ཞོགས་གཞན་ན་བཟོ་ཆུང་མ་ཡོད་ན་དགོ
- ཅིག་གི་ཁྱིད་ནས་བཟོ་ཅིག་ག་བུད་སོང་ན།
- འ་ལ་ཁྱོས་བྱུང་བར་གི་བཟོ་དོན་དག་བཤད་ཡག་ཤོས།
- དུ་ལ་མིན་ནས་བཟོ་གོང་ང་སྟེར་ཡག་ཤོས།
- འ་ལ་གཞུག་རུ་གཞུག་ནས་བཟོ་དོན་དག་བུད་དང་ན།
- ཞི་མོ་དུ་མོ་བཟོ་ཁ་མགོའི་མི་འདུག་ཡ་བཟས།
- འ་ལ་་་་་ཡ་ལ་དགོ་ཡ།
- ང་ནངས་སྔ་མོར་བསང་ནས་ཡོང་རུས་དགོ་ཡ།
- ངས་རྟ་ཉོ་རྒྱུའི་ལོ་རབས་ཡིད་ཡོ་དགོ་ཡ།
- ད་དངུལ་དུང་ཙེ་ལག་ག་བཟུང་ཡོད་དགོ་ཡ་བཟས།
- འ་ལ་ད་བྱ་ལམ་མ་ལམ་གི་བུད་ཐལ་དགོ་ཡ།
- ཁྱོ་འདོ་བསང་གྱོ་རྒྱར་ཐུགས་ཐལ་དགོ་ཡ།
- གོང་བཤད་ལེ་གོང་ཚད་འགྲིག་ཐལ་དགོ་ཡ།
- འ་ལ་ང་ཕྱིར་འཁོར་རེ་བསང་ང་སོང་ན་དགོ་ཡ།
- རྟ་བཟས་ཀི་སྟོན་རྒྱུ་ཡོད་ཐལ་དགོ་ཡ་བཟས།
- འ་ལ་ནངས་སྔ་མོར་སྡེ་ནས་ཡོང་རུས་དགོ་ཡ།
- རོགས་བཙལ་རྒྱུའི་ལོ་རབས་ཡིད་ཡོད་གོ་ཡ།
- ཚིག་སྙན་མོའི་མགོ་རྐང་སྒྲིག་ཡོད་གོ་ཡ།
- ད་བྱ་ལམ་མ་ལམ་གི་བུད་ཐལ་དགོ་ཡ་བཟས།
- འ་ལ་ཁྱོ་མ་བཟང་བུ་མོར་ཐུག་ཐལ་དགོ་ཡ།
- ཚིག་བཤད་ལེ་ཁ་ཁོག་མཐུན་ཐལ་དགོ་ཡ།
- ཕྱིར་འཁོར་རེ་གྲོང་ང་སོང་ན་དགོ་ཡ།
- རོགས་བཟས་ཀི་ངོམས་རྒྱུ་ཡོད་ཐལ་དགོ་ཡ།
- ཡ་ལ་་་ཡ་ལ་ཡ་ལ་དགོ
- ཡེ་རོགས་དགའ་ལོ་བཟོ་ལོ་ལོ་ལོ་རུས་དགོ་བཟས།
- འ་ལ་ང་བྱུང་ཨ་བསང་བཟོ་ཚ་མོ་ཟེར་ནོ་འདིར།
- ད་ང་སྔོན་ན་བཟོ་བཤད་ཀྱིི་ཟིག་ག་གོ་བཟས།
- འ་ལ་ཁྱོས་ཁྱོ་རྟ་ཟླ་དེ་ངོམས་ཀི་མ་འདུག་གོ
- ང་ཁྱོ་སྔོན་ན་བཟོ་བཤད་ཀྱི་ཟིག་ག་དགོ
- འ་ལ་ཁྱོས་སྲབ་བསིལ་མ་བཟོ་མགོ་འདིར་ཞོག་ག་གོ
- ད་སྒ་བེ་སང་བཟོ་རྒྱབ་བ་བསྟོད་ལ་དགོ
- ད་ས་འཁོར་སྐར་བཟོ་གྲོང་ང་ཁྱིད་དྲ་དགོ
- འ་ལ་ཁྱོས་ད་དུ་རུས་བཟོ་ངོམས་ན་ངོམས་ནི་ཡིན།
- འ་ལ་ད་ས་སྨད་ཕྱོགས་བཟོ་གྲོང་གི་ཞི་མོ་ང་།
- འ་ལ་ཁྱོས་འགྲོག་ཡོད་ཁུ་བཟོ་བཟས་ནས་མ་ངོམས་ར།
- འ་ལ་གྲོང་གི་གོས་ཚར་བཟོ་གོས་ལྭ་བསྐོན་ན་དགོ
- སྐེ་རགས་དམར་རོ་བཟོ་ཐད་ལ་ཆོངས་ང་དགོ་བཟས།
- འ་ལ་བྱུ་རུ་བཟོ་སྐེ་འདིར་ཐོགས་ཀ་གོ
- རྒྱ་ཞྭ་ལུས་མོ་བཟོ་མགོ་འདིར་བསྐོན་ན་དགོ་བཟས།
- འ་ལ་ལག་མགོས་བཟུང་བཟོ་སྡེ་དེར་ཁྱིད་དྲ་དགོ
- ན་ཟླ་བརྒྱ་བོར་བཟོ་ངོམས་རྒྱུ་ཡོད་ནུར་དགོ་བཟས།
- འ་ལ་འ་རེ་་་་་ཡ་ལ་དགོ་ཡ།
- རོགས་དགའ་ལོ་ལོ་ལོ་ལོ་རུས་དགོ་ཡ།
- ཁྱོ་རྟ་རག་དྲུག་སྤུ་ག་སྲམ་དྲུག་རེད་ཡ།
- ཁྱོའི་རྒྱུགས་ངོམས་པ་ཆུ་ཆེན་འཕྱུར་ནོ་རེད་ཡ།
- འ་ཤུ་རེ་འདི་བློ་རྟ་ཡིན་རྒྱུ་ན་ཡ།
- དུ་མིན་རུང་བཟོ་རྟ་ཁྱུ་གཅིག་རྒྱུ་ན་ཡ།
- ངས་རྟ་ད་ཐེངས་བཟོ་ཞོན་ནས་བུད་འགྱོ་མོ་ཡ།
- རོགས་ཨ་ཐོགས་བཟོ་བྱུ་རུའི་རྣ་ཐོགས་ཅན་ཡ།
- གོས་ལྗང་སྨུག་བཟོ་ཆུ་ལྭ་ཡངས་ཤམ་ཅན་ཡ།
- ཨ་ཤུ་རེ་ངའི་ཆུང་མ་ཡིན་རྒྱུ་ན་ཡ།
- དུ་མིན་རུང་བཟོ་ཁ་ཐག་ཉེ་རྒྱུ་ན་ཡ།
- ངས་རོགས་ད་ཐེངས་ཁྱོ་ཁྱིད་ལེ་བུད་འགྱོ་མོ་ཡ།
- ཡ་ལ་་་ཡ་ལ་ཡ་ལ་དགོ
- ཡེ་རོགས་དགའ་ལོ་ཟིག་ལོ་ལོ་ལོ་རུས་དགོ་བཟས།
- འ་ལ་ཡེ་ང་ཨ་བསང་བཟོ་རྟོལ་མོ་ཟེར་ནི་དགོ
- ད་བསང་རྟ་བདག་བཟོ་མེད་ནའི་རྟ་ཡིན་དགོ་བཟས།
- འ་ལ་ཁྱོ་ཡང་དགོ་ནའི་བཟོ་བློ་རྟ་ང་ཡིན་དགོ
- ད་ང་མ་བཟང་ཡང་ཞི་མོ་ཟེར་ནོ་འདིར།
- ད་བྱུང་རོགས་བདག་བཟོ་མེད་ནའི་རོགས་ཡིན་དགོ་བཟས།
- འ་ལ་ཡེ་ཁྱོ་དགོ་ན་བཟོ་ཁྱེ་གེ་ཁྱིད་དྲ་ཆོག
- འ་ལ་རོགས་ལོ་་་ལ་འ་ལ་ཡ་ལ་ཟིག་ཡ་ལ་དགོ
- ངའི་རོགས་ལོ་ལོ་ལོ་ཟིག་ལོ་རུས་དགོ
- འདི་ས་བ་ཡན་ཐང་ན་ཁྱོ་རྟ་ཡུན་ཟིག
- ད་ངའི་ཕུ་རུང་ནང་ན་མིན་སྲབ་ཡུན་ཟིག
- རྟ་ཞོན་གི་སྟབས་ཁ་ང་འགྲིག་གོ་གི
- ད་ས་སྡེ་ཆེན་གྲོང་ན་ཁྱོ་མོ་རྐྱང་ཟིག
- ད་ང་སྡེ་ཉུང་མཐའ་ན་འདི་ཕོ་རྐྱང་ཟིག
- ད་ཕོ་གླན་གི་སྟབས་ཁ་ཅིག་ཅིག་འགྲོག་གོ་ཁུ
- ཡ་ལ་་་ཡ་ལ་ཡ་ལ་དགོ
- ཡེ་རོགས་དགའ་ལོ་ཟིག་ལོ་ལོ་ལོ་རུས་དགོ་བཟས།
- འ་ལ་ཡེ་ཁྱོ་ཨ་བསང་ཟིག་ཐོ་རུ་ཟེར་ནོ་དགོ
- འ་ལ་ཡེ་ང་ཞོན་ནས་ཟིག་ཁྱེ་གེ་འགྱོ་གོ་རུས།
- འ་ལ་ང་སྒ་ཉི་མ་ཟིག་འདྲ་ཟིག་བསྟོད་མི་དགོ
- ད་ཁྱོས་སྒ་ཡངས་ཟིག་ཞོག་ར་དེས་ཆོག་གི་བཟས།
- འ་ལ་ཡེ་ས་སྨད་ཕྱོགས་ཟིག་ཞིང་གི་ཞི་མོ་མི་ང་།
- ད་ཁྱོས་ཁྱེ་གེ་ཟིག་ཁྱིད་ལེ་འགྱོ་གོ་རུས།
- འ་ལ་ཁྱོས་ཕོ་གླན་གི་ཟིག་ལོ་རབས་བཤད་མི་དགོ་གི
- ད་ཁྱོས་ཁྱིད་ལ་ཟིག་སོང་ར་དེས་ཆོག་གི་བཟས།
- འ་ལ་་་་ལ་ཡ་ལ་ཡ་ལ་ཟིག་ཡ་ལ་དགོ
- ངའི་རོགས་ལོ་ལོ་ལོ་ཟིག་ལོ་རུས་དགོ
- ས་སྟོད་ཕྱོགས་ཨ་རིག་ཁྱོ་རྭ་ཁྱ་གོ
- ང་འཁྱམ་པའི་བློ་རྟ་ཟིག་ཉན་ན་དགོ
- སྒ་ཉི་མ་འདྲ་ཟིག་དུ་ངས་བསྟོད་གོ
- སྲབ་སྐར་མ་འདྲ་ཟིག་ཁྱོ་ངས་བསྐོན་གོ
- འདི་སྒ་སྲབ་གཉི་གས་ད་མ་ལོངས་ན།
- ས་འཐེན་ནས་ཕྱིར་ར་ཁྱོ་སོང་ར་ཆོག
- ས་སྡེ་ཆེན་ད་གི་ད་བུ་མོ་གོ
- ང་ཞི་ལིའི་རྩེད་རོགས་ད་ཉན་སོང་ན།
- རྒྱབ་གོས་ཚར་གོས་ལྭ་ད་ངས་ཉོ་དགོ་བཟས།
- འ་ལ་གཡུ་བྱུ་རུའི་རྒྱན་ཆ་ད་ངས་སྟེར་གོ
- ཁྱོ་རྒྱབ་གོས་ཚར་གོས་ལྭས་མིན་མ་ལོངས་ན།
- མ་ཁྱི་བཟས་གནས་ངན་དུ་ཤོས་ར་ཆོག
- ཕོ་ངའི་བཟོ་ལྟོས་ངན་མིན་སྟོན་ར་ཆོག
- ཡ་ལ་་་ཡ་ལ་ཡ་ལ་དགོ
- ཡེ་རོགས་དགའ་ལོ་ཟིག་ལོ་ལོ་ལོ་རུས་དགོ་བཟས།
- འ་ལ་ཡེ་རྟ་འདོ་བ་འདི་སྲིན་དཀར་ལང་ལོང་རེད།
- ད་རྒྱུག་གོམ་པ་འདི་སྲིན་བརྒྱ་འཐོར་ནོ་རེད།
- ཁྱོ་ངའི་བློ་རྟ་ཟིག་མ་ར་ཆིག་རེད་དགོ་བཟས།
- འ་ལ་ཡེ་སྡེ་ལ་ཆེན་པོ་འདི་མར་ཁུ་འཁྱིལ་ནོ་རེད།
- ད་ཁྱོ་ཞི་ལི་ཟིག་མར་མེ་བསྒྲོན་ནོ་རེད།
- ད་ངའི་ཚེ་འགྲོག་ཟིག་མ་ར་ཆིག་རེད་ཡ་བཟས།
- འ་ལ་རོགས་ལོ་་་་ཡ་ལ་དགོ་ཡ།
- ས་སོག་པོ་ཨ་རིག་རྭ་ཁྱ་དགོ་ཡ།
- ཁྱོའི་ཕྱི་སྤུ་ག་ཡག་ནོ་གཅིག་རེད་དགོ་ཡ།
- ད་ནང་གོམ་ལག་འཛོམས་ཀི་གཉིས་རེད་དགོ་ཡ།
- ང་ཕ་འཁྱམ་པའི་བློ་རྟ་ཉན་ནོ་དགོ་ཡ།
- འདང་རྒྱབ་ན་འདི་ར་ཨེ་བདེན་ན་ཡ་བཟས།
- འ་ལ་ས་སྡེ་ཆེན་གྲོང་གི་བུ་མོ་དགོ་ཡ།
- ཁྱོའི་ཡག་མོ་སྒོ་བཅོ་ལྔའི་ཟླ་རེད་དགོ་ཡ།
- ཚིག་བཤད་ནོ་རྗེ་བཙུན་མགུར་རེད་དགོ་ཡ།
- ཁྱོ་འགྲོག་ཐུབ་ནོ་འདི་ར་ཨེ་བདེན་ན་བཟས།
- ཡ་ལ་་ལ་ཅིག་ཡ་ལ་བཟོ་ཡ་ལ་ཡ་ལ་དགོ
- ཡེ་རོགས་དགའ་ལོ་ཟིག་ལོ་ལོ་ལོ་རུས་དགོ་བཟས།
- འ་ལ་ཡེ་རྟ་གྱོ་རུས་ཟིག་སྔོ་རུས་འུ་གཉི་ག
- ད་ཐང་འདི་ནས་ཟིག་གཤིབ་བས་རྒྱུག་དང་ན།
- ད་བྱུང་བློ་རྟ་ཟིག་མ་ར་ཆིག་རེད་ཡ་བཟས།
- འ་ལ་ཡེ་ས་སྨད་ཕྱོགས་ཟིག་གྲོང་གི་ཞི་མོ་ང་།
- ད་གནས་འདི་ནས་ཟིག་ལ་ལ་བླངས་དང་ན།
- ད་ཚིག་སྙིང་གཏམ་ཟིག་ཞོར་ར་བཤད་དང་ན།
- འ་ལ་ཚེ་གང་གི་ཟིག་རོགས་ལོ་རེད་ལ་ཡ།
- འ་ལ་རོགས་ལོ་་་་ཡ་ལ་དགོ་ཡ།
- ཁྱོ་མྱིང་ཆེན་ཟི་ལིང་གོས་ཆེན་རེད་ཡ།
- ང་དོན་ཆེན་གཡུ་འབྲུག་ཚང་ཉལ་རེད་ཡ།
- གོས་ཁྱེད་བཟོ་གོན་སྐབས་འགྲིག་སོང་ན་ཡ།
- གོས་གཞན་པ་གཞན་ནས་དགོས་དོན་མེད་ཡ།
- འ་ལ་ཁྱོ་མྱིང་ཆེན་མ་བཟང་བུ་མོ་རེད་ཡ།
- ང་དོན་ཆེན་ཕ་བཟང་བུ་ཚ་རེད་ཡ།
- རོགས་ཁྱེད་བཟོ་རྩེད་སྐབས་འགྲིག་སོང་ན་ཡ།
- རོགས་གཞན་པ་གཞན་ནས་དགོས་དོན་མེད་ཡ།
- ཡ་ལ་་་ཡ་ལ་ཡ་ལ་དགོ
- ད་རྟ་གྱོ་རུས་ཟིག
- འ་ལ་ཡེ་བྱ་ཁུ་ལོ་ཟིག་འཇོལ་མོ་འུ་གཉི་གས།
- ད་ཟླ་བཞི་བ་ཟིག་སྔོན་མོའི་བཀའ་དྲིན་འདིར།
- ད་ཤིང་ལྕུག་གོའི་ཟིག་མགོ་ནས་ཐུག་ཐུག་ག
- འ་ལ་བྱ་མ་འཕུར་བཟོ་གསུང་སྙན་སྒྲོག་ག་འདུག
- ད་རོགས་ཁྱོ་ར་བཟོ་འུ་བཟོ་གཉི་ག་གོ
- ད་ས་དེ་རིང་བཟོ་འདི་ནས་ཐུག་ཐུག་ག་བཟས།
- འ་ལ་ཚིག་སྙིང་གཏམ་བཟོ་ཞོར་ར་བཤད་བཤད་ལ།
- ད་རོགས་མི་འགལ་བཟོ་ཚིག་གསུམ་བཤད་ལ་འདུག
- འ་ལ་འ་རེ་་་ཡ་ལ་དགོ་ཡ།
- རོགས་དགའ་ལོ་ལོ་ལོ་ལོ་རུས་དགོ་ཡ།
- རྒོད་ཐང་དཀར་ཐང་ནང་གཉི་གས་དགོ་ཡ།
- དགུང་གནམ་འཕང་བསྟོད་ལ་ད་ཐེངས་རེད་ཡ།
- བྱ་གཤོག་རུ་བརྐྱང་བ་གཞུག་ཐེངས་རེད་ཡ།
- རོགས་ཁྱོད་ར་འ་ཁོ་འུ་གཉི་གས་ཡ།
- འ་ལ་ཁ་དགོད་ལ་རྩེད་ཡ་ད་ཐེངས་རེད་ཡ།
- འགྲོག་རྔ་མ་བསྐྱང་ང་གཞུག་ཐེངས་རེད་ཡ།
- ཡ་ལ་་་ཡ་ལ་ཡེ་ལ་དགོ
- རོགས་དགའ་ལོ་ཟིག་ལོ་ལོ་ལོ་རུས་དགོ
- ད་བྱ་ཁུ་ལོ་ཟིག་སྙིང་ལ་རྗེ་བོ་དགོ
- ད་ཁྱོས་ནགས་རི་ཟིག་བརྒྱུད་ལ་ཤོག་ར་དགོ
- འ་ལ་ཡེ་ནགས་ར་ག་ཟིག་གཉོམ་ནི་བདེན་གི་ར།
- ད་བྱ་སྡོང་མགོའི་ཟིག་ལྷུང་གི་དཔེ་མེད་གོ
- ད་རོགས་ཆུང་ལོ་ཟིག་སྙིང་ལ་རྗེ་བོ་དགོ
- འ་ལ་ཁྱོས་ཞེ་སྡེ་རུ་ཟིག་བརྒྱུད་ལ་ཤོག་ར་དགོ
- ངའི་ཡུལ་ཕ་མ་ཟིག་བཙན་ནོ་བདེན་གི་ར།
- ཁྱོ་རོགས་སྒོ་ཁའི་ཟིག་བསྐྱུུར་གི་དཔེ་མེད་གོ་བཟས།