17 Apr 2013
26 min 21 sec
Video Overview
Creators:
Gangri Pumo, Drangchar
This is the seventh part of a lecture on literature by Pematso at the First Young Tibetan Women's Literature Training in Trika, Qinghai Province. Pematso is a teacher at Repgong Yipha High School.
- Triga
- དེའི་འཕྲོ་ནས་ང་ཚོར་མཚོན་ན་ང་རང་ཐེ་བའི་བུད་མེད།
- བོད་ཀྱི་བུད་མེད་ཕལ་མོ་ཆེ་ཞིག
- ང་རང་ཐེ་བའི་བོད་ཀྱི་བུད་མེད་ཕལ་ཆེ་བ་ཅི་འདྲ་ཞིག་རེད་ཟེར་ན།
- ལྷན་སྐྱེས་ནས་ཁོ་མོར་དཔྱོད་ཤེས་ཀྱི་ནུས་པ་དང་ཕུགས་བསམ་དེ་འདྲ་ཡོད་པ་མ་རེད།
- ང་ཚོར་དེ་འདྲ་ཡོད་པ་མ་རེད།
- མེད་པས་ང་ཚོར་ཅི་ཡང་སྟོན་རྒྱུ་མེད་པ་རེད།
- ང་ཚོ་བདེ་འདོད་སྐྱིད་འདོད་ཆེ་བ།
- དེ་འདྲ་ཞིག་རེད།
- ང་ལ་ཡང་དགེ་རྒན་ཚོས་ཀུ་རེ་བྱེད།
- མོ་ལ་ལས་ཀ་མེད་པར་ཁ་བརྡ་ཡོད་ན་འགྲམ་པ་ལ་དམར་ཐིག་འཛུལ་ནས་ཡོང་།
- སྐྱིད་པོ་བཤད་དེ་ཟ་མ་ཞིམ་པོ་སྔུན་ལ་བཞག་ན།
- དེ་ལྟར་བྱས་ན་མོའི་འགྲམ་པ་ལ་དམར་ཐིག་འཛུལ་ནས་ཡོང་།
- དེ་རིང་བྱ་བ་ལས་དགོས་ཟེར་ན།
- དངན་པ་དང་དངན་པ་འཐེན་ནས།
- སེར་གྲང་གྲང་ཤ་ཐག་སྐྱིད་ཐག་ཆོད་འགྲོ་ཟེར།
- དེ་ཡིན་པ་ཀུ་རེ་ཞིག་ཡིན་མོད་ང་ཚོ་བདེ་འདོད་སྐྱིད་འདོད་ཆེ་བ་རེད།
- དེ་རིང་སྐྱིད་རྒྱག་གི་འགྲོ་ཟེར་ན་འུར་ལངས་ནས་འགྲོ།
- ལས་ཀ་ཞིག་ཡོད་ཀི་ཟེར་ན་མགོ་ན་བ་རེད།
- འདི་བདེ་འདོད་སྐྱིད་འདོད་ཆེ་བའི་བསམ་བློའི་མཚོན་རྟགས་རེད་ལ།
- ང་ཚོར་དེ་ཧ་ཅང་གིས་ཡོད།
- མི་རིགས་གཞན་པ་ཡང་ཡིན་ན་ཐང་མོད།
- ང་ཚོར་སྐབས་སུ་བབས་པ་རང་གི་བོད་ཀྱི་བུད་མེད་རྣམས་བཤད་བཞིན་ཡོད་པ་རེད།
- ང་ཚོར་དེ་ཧ་ཅང་གིས་ཡོད་ཀི
- ང་རང་གི་སྟེང་ན་དེ་ཧ་ཅང་གིས་ཡོད་ཀི
- དེའི་འཕྲོ་ནས་གྲུབ་འབྲས་ཅུང་ཙམ་ཞིག་ལོན་ཚེ་ཡིད་ཚིམ་སླ་མོ་ཡིན་པ་རེད།
- ཅིག་ཡིན་འདོད་དེ་ཡིད་ཚིམ་སླ་མོ་ཡིན་པ་རེད།
- ཁེངས་སྐྱུང་བྱེད་རྒྱུ་ཤེས་པ་མ་རེད།
- འདིའི་སྐོར་འདི་ལ་ངས་ཞོལ་ན་དཔྱད་བརྗོད་རྩོམ་ཡིག་ཅིག་བྲིས་ཡོད།
- ང་ཚོས་དེའི་སྐབས་ནས་ཁ་བརྡ་བྱས་ན་ཆོག་གི
- དེ་འདྲའི་རྒྱུ་རྐྱེན་མང་པོ་མང་པོ་ཞིག་གི་དབང་གིས།
- གནའ་དེང་གི་ཐོས་བའི་སྡེ་ན་བུད་མེད་རྩོམ་པ་པོ་ཉུང་བ།
- ཕལ་ཆེར་དེ་འདྲ་ཞིག་གི་སྟེང་ནས་བྱུང་བ་ཡིན་རྒྱུ་རེད།
- རྒྱུ་རྐྱེན་དེ་དག་ང་ཚོས་སྔོན་ལ་བཤད་པ་རེད།
- བལྟ་ཕྱོགས་ཀྱིས་བལྟས་ནས་སོང་ན་གཙོ་བོ་བུད་མེད་རང་སྟེང་ན་ཡོད་པ་རེད།
- འདི་ངའི་དྲན་ཚུལ་ཙམ་ཞིག་ཡིན།
- འདྲི་ཚིག་འདི་ཡང་ཧ་ཅང་གིས་ང་ཚོའི་ཁྲོད་ན་གནས་པའི་གནད་དོན་ཞིག་རེད།
- ངས་དེ་ལྟར་ལན་བརྒྱབ་པ་ཡིན།
- དེ་འདྲ་ཞིག་རེད།
- དེའི་འཕྲོ་ནས་ད་དུང་འདི་ན་དྲི་བ་ཞིག་ཡོད་མོད།
- འདི་ཡང་འབྲེལ་མེད་དོན་གཞན་གྱི་སྐོར་ཡིན་པས་བསྐྱུར་ཞོག
- དེའི་འཕྲོ་ནས་ཁོས་ཅི་ཞིག་བཤད་འདུག་ཟེར་ན།
- ཁྱེད་རང་བུད་མེད་རྩོམ་པ་པོ་རྒན་གྲས་ཤིག་ཡིན་པའི་ཆ་ནས།
- དེང་རབས་བོད་ཀྱི་བུད་མེད་རྩོམ་པ་པོ་དག་གིས་བླངས་ཟིན་པའི་གྲུབ་འབྲས་དང་།
- མ་འདང་བའི་ཆ་ལ་ཁྱོད་ཀྱིས་ཅི་ལྟར་བལྟས་པ་ཡིན་ཟེར།
- ཁྱོད་ཀྱིས་ཅི་ལྟར་ངོས་འཛིན་བྱས་པ་ཡིན་ཟེར།
- དེར་ངས་ཅི་ལྟར་བཤད་པ་ཡིན་ཟེར་ན།
- ང་རང་ཉིད་བུད་མེད་རྩོམ་དགའ་རྒན་རབས་པ་ཞིག་ཡིན་པའི་ངོས་ནས།
- དེང་རབས་བོད་ཀྱི་བུད་མེད་རྩོམ་པ་པོ་དག་གིས་བླངས་ཟིན་པའི་གྲུབ་འབྲས་དང་།
- མ་འདང་བའི་ཆ་ལ་རང་ཉིད་ཀྱི་བསམ་ཚུལ་བརྗོད་ན།
- དེང་རབས་ཀྱི་རྩོམ་སྟེགས་སྟེང་ན།
- རང་རེའི་གཞོན་སྐྱེས་བུད་མེད་རྩོམ་པ་པོ་དང་།
- ཁོ་ཚོས་རྩོམ་ལུས་སྣ་ཚོགས་སྤྱད་ནས་བྲིས་པའི་བརྩམས་ཆོས།
- སྒྲུང་གཏམ་འབྲི་མཁན་ཡོད་པ་དང་ལྷུག་རྩོམ་འབྲི་མཁན་ཡོད་པ།
- འབོད་རྩོམ་འབྲི་མཁན་ཡོད་པ་དང་རང་མོས་འབྲི་མཁན་ཡོད་པ།
- སྲོལ་རྒྱུན་འབྲི་མཁན་ཡོད་ཀི
- མང་བ་རེད།
- བོད་ཀྱི་བུད་མེད་ཀྱི་ཁྲོད་ན་ཡོད་པ།
- རྒྱ་ཡིག་གི་ལམ་ནས་འབྲི་མཁན་ཡོད་པ་དང་།
- བོད་ཡིག་གི་ལམ་ནས་འབྲི་མཁན་ཡོད་ཀི།
- མང་བ་རེད།
- རྩོམ་ལུས་སྣ་ཚོགས་སྤྱད་དེ།
- ཡིག་རིགས་སྣ་ཚོགས་སྤྱད་དེ་བྲིས་པའི་བརྩམས་ཆོས་ཆར་རྗེས་ཀྱི་ཤ་མོ་བཞིན་དུ།
- གྲངས་འབོར་ཤིན་ཏུ་མོད་པོ་ཞིག་ཡོད་པ་འདི།
- སྔ་ན་མེད་པའམ་སྔོན་ན་བྱུང་མ་མྱོང་བའི་གྲུབ་འབྲས་ཤིག་ལ་ང་ཚོས་བགྲང་ན་ཆོག་པ་རེད།
- སྔོན་ལ་འདི་འདྲའི་གྲངས་ཀ་འབོར་ཆེན་བྱུང་མྱོང་ཡོད་པ་མ་རེད།
- དང་པོའི་དང་པོར།
- ཕྱིར་འཁོར་ནས་ལོ་རྒྱུས་སྟེང་གི་བུད་མེད་ཀྱི་རིགས་ལ་ང་ཚོས་ཉམས་ཞིབ་བྱས་ནས།
- དེའི་ཕྱོགས་དང་དེའི་སྐོར་ནས་དཔེ་ཀློག་བྱས་ཏེ།
- འདི་འདྲའི་གྲངས་ཀ་མང་པོ་བྱུང་མྱོང་ཡོད་པ་མ་རེད།
- བྱུང་མྱོང་མེད་མོད།
- བསམ་བློ་དང་རྒྱུ་རྩལ་མཚོན་ཐབས་སོགས་གང་གི་ཆ་ནས་ཀྱང་།
- རྩེར་སོན་ཡོད་པ།
- རྩེ་གྲལ་དུ།
- དུས་རབས་ཀྱི་ཚབ་མཚོན་ལ་རུང་བ།
- དེ་འདྲའི་བརྩམས་ཆོས་ཤིན་ཏུ་དཀོན་པ་རེད།
- ཤིན་ཏུ་དཀོན་པ་རེད།
- ང་ཚོ་ཚང་མས་དུས་རབས་ཀྱི་ཚབ་མཚོན་རང་བཞིན་གྱི་རྩོམ་ཡིག
- ང་ཚོས་ད་སྔ་འབྲི་ཐུབ་ཡོད་པ་མ་རེད།
- ང་ཚོ་བུད་མེད་ཚོས་ནང་ན།
- ཤིན་ཏུ་དཀོན་པ་རེད།
- དེ་ཡིན་ན་ཐ་ན་བརྗོད་བྱ་བརྗིད་ཁོག་ཅན་ཞིག་ཀྱང་ང་ཚོས་མི་ཕྲིས་པ་རེད།
- རང་བཞིན་གྱིས་ཚིག་ཚོགས་རྣམས་སྤུང་ནས་བཞག་ཡོད་པ་དེ་དག་ཅི་འདྲ་ཞིག་རེད་ཟེར་ན།
- ང་ཚོའི་རྩོག་ཡིག་འདི་དག་རྣམ་ཤེས་བྲལ་བའི་བེམ་པོ་དང་གཉིས་སུ་མེད་ཅེས།
- ངས་དེ་ལྟར་བཤད་པ་ཡིན།
- རྩོམ་ཡིག་ཡོད་པ་རེད།
- ཡོད་མོད་མི་དང་བསྡུར་ན་རྣམ་ཤེས་མེད་པར་རྩ་གཟུགས་ལྟ་བུ་རེད།
- ང་ཚོའི་རྩོམ་ཡིག་དེ་འདྲ་ཞིག་གིས་ལོག་འདུག
- བོད་མོའི་རྩོམ་ཡིག་གི་གནས་བབ་བཤད་ན་དེ་འདྲའི་ཉག་ཕྲ་བ་རེད།
- ངས་མདོར་ན་བཤད་བཞིན་པ།
- ང་ཚོའི་རྩོམ་ཡིག་དེ་འདྲའི་ཉག་ཕྲ་བ་རེད།
- དེ་ཡིན་ན་ངས་བཞིན་པ་ཅི་རེད་ཟེར་ན།
- རྩོམ་གྱི་ཁ་གྲངས་མང་བ་དེ་སྔོན་ན་མེད་པའི་གྲུབ་འབྲས་ཤིག་རེད།
- གཞན་ལ་ངོམ་དུ་རུང་བའི་བརྩམས་ཆོས་ཤིག་དང་ཡང་ན།
- དུས་རབས་ཀྱི་ཚབ་མཚོན་རང་བཞིན་ལ་བཞག་ན་ཆོག་པ།
- དེ་འདྲའི་རྩོམ་ཞིག་འབྲི་མ་ཐུབ་པ་དེ།
- བོད་ཀྱི་བུ་མོའི་རྩོམ་རིག་གི་འདང་བའི་ཆ་དང་མི་འདང་བའི་ཆ་དེ་ན་ཡོད་ཀི
- ངས་དེ་འདྲ་ཞིག་བསམ་གི
- འདྲི་ཚིག་འདི་ལ་ཁྱོད་ཚོས་ཀྱང་བསམ་བློ་ཞིག་བཏང་ན་བཟང་གི།
- རེད་ལ།
- དེ་འདྲ་ཞིག་རེད།
- དེའི་འཕྲོ་ནས་འདི་དྲིས་འདུག
- དེང་སྐབས་ཚགས་དྲྭ་དེབ་གསུམ་གྱི་སྟེང་ནས།
- ཚགས་པར་དང་དྲ་ཚིགས།
- རྩོམ་དེབ་གང་གི་སྟེང་ནས་ཀྱང་།
- བུད་མེད་ཀྱི་ཁེ་དབང་གླེང་བཞིན་པའི་ཚ་རླབས་ཤིག་འཕྱུར་བཞིན་འདུག
- དེ་ན་ཁྱེད་རང་གི་ངོས་ནས་བུད་མེད་ཀྱི་ཐོབ་ཐང་ལ་སོགས་པ་བརྩོན་ལེན་བྱེད་རྒྱུའི་སྐོར་ལ།
- དགོངས་ཚུལ་ཅི་འདྲ་ཞིག་ཡོད་ཟེར།
- དེར་ངས་ཕྱིར་བཤད་པ།
- དྲི་བ་འདི་མགོན་པོ་སྐྱིད་ཀྱིས་ང་ལ་དྲིས་པ་དང་འདྲ་མཚུངས་རེད།
- མོས་རྩོམ་སྒྲིག་བྱས་པའི་བོད་མོའི་དོགས་གཞི་དང་ཐུན་མོང་གི་ལྟ་བ།
- ལྟ་ཚུལ་འདིའི་ནང་ན་ངས་ལན་གསལ་བོ་ཞིག་བཏབ་ཡོད།
- དེ་རིང་ངས་འདི་ནས་དེ་ཞིབ་འགོད་ཅིག་བྱེད་རྒྱུ་མ་གཏོགས།
- ང་ལ་ལན་གསར་བ་འདེབས་རྒྱུ་མེད་ཅེས་ཞིབ་འགོད་ཅིག་བྱས་ཡོད།
- ཞིབ་འགོད་བྱས་ན།
- ཁྱོད་ཚོས་མོའི་དེར་བལྟས་མྱོང་ཟེར།
- བལྟས་མྱོང་ན་ང་ཚོས་དེ་རིང་ཕྱིར་དྲན་གསོ་དང་དེ་གླེང་རྒྱུ་བྱེད།
- ང་ཚོ་མི་སུ་ཞིག་ཡིན་ནའང་།
- མི་ཞིག་ཡིན་པའི་དོན་སྒོ།
- མིར་སྐྱེས་ཀྱི་རིན་ཐང་ཞིག་དང་དོམ་དམ་གྱི་སྙིང་བོ་ཞིག་སྐྲུན་དགོས་ན།
- སུ་དང་སུ་ཡིན་ན་ཐོག་མར་རང་གི་སྟེང་ནས་མགོ་བརྩམ་རྒྱུ་དེ་གལ་ཆེ་བ་རེད།
- དེང་གི་དར་ཕྱོགས་ཤིག་ལ་ལོ་ཆུང་བུད་མེད་མང་པོ་ཞིག་གིས།
- མོ་དབང་བརྩོན་ལེན་བྱེད་པ་ཡིན་ཞེས་བཤད་ནས་དེ་ཏག་ཏག་སྣོག་ནས་འདུག
- ཐོབ་ཐང་ཟེར་བ་དེ་ཡང་སྙིང་ཅི་འདྲ་ཞིག་ལ་གོ་བ་ཤེས་ཀྱིན་མེད།
- ཐོབ་ཐང་ཟེར་བ་ཁྱོད་ཀྱི་འཇོན་ཐང་དེ།
- རང་ཉིད་ལ་འཇོན་ཐང་ཞིག་ཡོད་དེ་འདྲ་མཉམ་ལོངས་སུ་སྤྱད་ནས།
- ཁྱོད་ཀྱིས་འདྲ་མཉམ་གྱི་བྱ་བ་ལས་ཐུབ་ནས།
- ཁྱོད་འདྲ་མཉམ་གྱི་གར་སྟེགས་སྟེང་དུ་ལངས་ཐུབ་སོང་ན་ཁྱོད་ལ་ཐོབ་ཐང་ཐོབ་སོང་བ་རེད།
- རེད་ལ།
- ཐོབ་ཐང་ཐོབ་སོང་བ་རེད།
- དེ་མིན་ཐོབ་ཐང་ཞེས་གཞན་སྟོན་རྒྱུ་ཡོད་པ་མ་རེད།
- ལག་པའི་ནང་དུ་ཁྱེར་ཡོང་རྒྱུ་མེད་ཀི
- ཐོབ་ཐང་ཟེར་བ་དེར་གོ་བ་བླངས་པའི་སྟེང་ནས་མ་འདང་བ་རེད།
- དེ་སྔོན་ལ་ཡང་བཤད་ཡོད།
- ཐོབ་ཐང་ཟེར་བ་འདི་སྐྱེས་པ་རྣམས་ལ་སྟེར་རྒྱུ་ཞིག་དང་།
- བུད་མེད་རྣམས་ལ་ལེན་རྒྱུ་ཡོད་པ་ཞིག་རྩ་བ་ནས་མ་རེད།
- དེ་ཡིན་ན་ང་ལ་རེ་བ་ཉག་གཅིག་ཡོད་པ་ཅི་རེད་ཟེར་ན།
- ཕྱི་གཟུགས་ནང་སྟོང་གི་མཆོར་ཉམས་ཀྱི་འགྲན་རྩོད་དེ་དོར་ནས།
- སྔོན་ལ་ཡང་ངས་བཤད་པ།
- ངའི་ཁོར་ཡུག་གི་བུད་མེད་མང་པོ་ཞིག་གིས།
- མདང་དགོང་ངེད་ཚང་གིས་ཅིག་ཅིག་འཐུང་བ་ཡིན།
- སང་ཉིན་དགོང་མོ་ཉིག་ཉིག་འཐུང་རྩིས་ཡོད།
- མདང་དགོང་ངེད་ཚང་སྐྱེས་པས་ང་ལ་ཚིལ་ལེན་ཅིག་མ་ཅིག་ཉོས་ཡོང་།
- དེ་རིང་ང་སོང་ནས་ངོ་སྣུམ་འདི་འདྲ་ཞིག་ཉོས་ཞེས་དེ་ཏག་ཏག་སྣོག་ནས་འདུག
- དེ་ནི་ཕྱི་གཟུགས་ནང་སྟོང་གི་མཆོར་ཉམས་ཀྱི་འགྲན་རྩོད་རེད།
- རེད་ལ།
- མཆོར་ཉམས་དང་ཕྱི་གཟུགས་ནང་སྟོང་གི་མཆོར་ཉམས་ཀྱི་འགྲན་རྩོད།
- དེ་དོར་ནས་བཞག་སྟེ།
- རང་རྐྱ་འཕེར་ལ་གཅིག་གཅོད་ཐུབ་པ་ཞིག
- ལྷག་བསམ་རྣམ་དག་དང་སྤྱི་སེམས་ཡོད་པའི་སྒོ་ནས།
- དོན་སྙིང་ཅན་གྱི་བྱ་བ་ཞིག་སྒྲུབ་ཐུབ་རྒྱུའི་སྟེང་ལ་དམིགས།
- འཛུགས་ཨེ་ཐུབ་བལྟས་ནས།
- དེ་འདྲ་ཨེ་འཁྱོང་བལྟས་ནས།
- དེ་ཡང་དོན་སྙིང་ཅན་གྱི་བྱ་བ་ཆེན་པོ་དེ་འདྲ་མ་རེད།
- ང་དགེ་རྒན་ཡིན་ན་དགེ་རྒན་གྱི་ཕྱོགས་ནས་ལམ་ཞིག་བཅོས་ནས།
- ཁྱོད་ཡིན་ན་ལས་རིགས་གཞན་ཏེ།
- སྲིད་འཛིན་གྱི་བྱ་བ་གཉེར་མཁན་ཞིག་ཡིན་ན་དེ་ནས་ལམ་ཞིག་བཅོས།
- དེ་ལྟར་བྱས་ནས་སོང་ན་རང་གི་དམིགས་ཡུལ་འཁྱོང་སོང་བ་རེད།
- རང་གིས་རང་ལ་ལམ་བཅོས་པ་རེད།
- རེད་ལ།
- གྲུབ་འབྲས་ཟེར་བ་དེ་དེད་ནས་ཡོང་ན་ལོག་ལོག་གཅིག་གི་སྟེང་ལ་འགྲོ་བ་ཞིག་མ་རེད།
- རང་རང་གིས་ལམ་བཅོས་ན་གྲུབ་འབྲས་ལོན་སོང་བ་རེད།
- དེ་རེད་ལ།
- དེ་བྱེད་ཐུབ་ན་འགྲིག་ཡོད་པ་རེད།
- དེ་འདྲ་ཞིག་ལ་དམིགས་འཛུགས་ཨེ་ཐུབ་བལྟས་ནས།
- དེའི་འཕྲོ་ནས།
- སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འབྲེལ་བའི་ལས་རིགས་ཀྱི་བྱེད་སྒོ་གང་ཡིན་ཡང་།
- རང་གི་ནུས་པ་འདོན་སྤྲོད་བྱས་ཏེ།
- དེ་འདྲ་ཞིག་བྱེད་ཐུབ་སོང་ན་འགྲིག་འདུག
- དེ་ཡིན་ན་འདི་ལ་སྤྱི་ཚོགས་ཀྱིས་ཀྱང་ང་ཚོར་གོ་སྐབས་སྤྲོད་དགོས་པ་རེད།
- རང་ཚོས་ཁེར་རྐྱང་དུ་སྒྲུབ་ཐུབ་པ་ཞིག་མ་རེད།
- སྤྱི་ཚོགས་ཀྱིས་ཀྱང་ང་ཚོར་གོ་སྐབས་དེ་སྤྲོད་དགོས།
- སྤྱི་ཚོགས་ཀྱིས་གོ་སྐབས་དེ་སྤྲད་ན།
- རང་གིས་གོ་སྐབས་དེ་བེད་སྤྱོད་བཏང་སྟེ།
- མི་རིགས་རང་གི་སྐད་དང་ཡི་གེ་གཙོ་བྱས།
- སྐད་དང་ཡི་གེ་ཞེས་སྐད་བཤད་མི་ཤེས་མཁན་ཅི་ལ་ཡོད་ཞེས།
- སྐད་བཤད་མི་ཤེས་པའམ་སྐད་ཆ་བཤད་མི་ཤེས་མཁན་ཆད་ཡོད་འདོད་ན་ཐང་མོད།
- ང་ཚོར་ཡིག་ནོར་བྱུང་བཞིན་པ་ནི་ང་ཚོས་སྐད་ཆ་བཤད་མ་ཤེས་པའི་རྟགས་རེད།
- བརྡ་འཕྲོད་ཀྱིན་མེད་པ།
- སུམ་རྟགས་དག་གསུམ་ནི་བཤད་ན་མ་བཤད་བརྡ་སྤྲོད་རེད།
- བརྡ་སྤྲོད་འདི་སྐད་ཆ་བརྡ་སྤྲོད་བྱེད་རེད།
- ང་ཚོས་དེད་ནས་སོང་ན་སྐད་ཆ་བཤད་ཤེས་ཀྱིན་མེད་པ་རེད།
- སྐད་དང་ཡི་གེ་ཟེར་ན་དེ་རེད།
- ཡི་གེ་ཟེར་བ་ཆེན་པོ་ཞིག་ལ་གོ་དགོས།
- འདི་ལ་བྱང་ཆ་ལྡན་པའི་མ་འོངས་པའི་དཔུང་སྡེ་གསར་བ་ཞིག་འཛུགས་སྐྲུན་བྱེད་དགོས།
- འདི་ནི་རང་གི་རེ་འདུན་ཡང་ཡིན་མོད།
- ཡང་གཅིག་བཤད་ན་འདི་ལ་སྤྱི་ཚོགས་ཀྱིས་ཀྱང་མཐུན་རྐྱེན་སྦྱར་ན་འགྲིག་གི།
- སྤྱི་ཚོགས་ཀྱིས་མཐུན་རྐྱེན་སྦྱོར་བ་མ་རེད།
- ཅི་ཞིག་ལ་མི་སྦྱོར་བ་ཡིན་ནམ།
- འདིའི་སྔོན་ལ་ངས་མཁའ་འགྲོ་ཚེ་རིང་ལ་ཁ་བརྡ་བྱས་པ་ཡིན།
- ལོ་ཉི་ཤུ་ལྷག་ལ་ངས་རྩོམ་ཡིག་འདི་ལྟར་སྣོག་ནས་ཡོང་མོད།
- ང་ཅུང་ཙམ་ཚད་ལྡན་གྱི་ཚོགས་འདུ་ཞིག་ལ་ཞུགས་པ་ད་ལོ་ཐེངས་དང་པོ་ཡིན།
- ད་ལོ་འདི་ནས་མཚོ་སྔོན་ཞིང་ཆེན་གྱི་རྩོམ་པ་པོ་མཐུན་ཚོགས་ཀྱིས།
- ཁྲི་ཀ་ནས་ཚོགས་འདུ་ཞིག་བསྡུས་ཡོད་པ།
- འདིའི་སྟེང་དུ་བོས་ནས་ཞུགས་པ་ཡིན།
- ན་ནིང་ཀླུ་རྒྱལ་གྱི་བྱམས་བུད་མེད་ཀྱི་དེའི་སྟེང་དུ་ཞུགས་པ་ཡིན།
- ལོ་ཉི་ཤུ་ལྷག་ལ་ང་ཚོགས་འདུ་ཞིག་ལ་ཞུགས་མ་མྱོང་།
- ང་ཚོར་གྲུབ་འབྲས་ཤིག་སྟོན་རྒྱུ་ཡོད་རྒྱུ་ཨེ་རེད།
- ང་ཚོར་རྒྱབ་སྐྱོར་བྱེད་མཁན།
- ང་ཚོའི་རྒྱབ་རྩ་དེ་འདྲའི་སྲབ་པ་ཞིག་རེད།
- ཐ་ན་ཚོགས་འདུ་ཞིག་གི་སྟེང་དུ་སོང་ནས་རང་གི་སེམས་གཏམ་ཞིག་བྱེད་རྒྱུའི།
- དེའི་གོ་སྐབས་དེ་ཡང་ང་ཚོར་རེག་མི་ཐུབ་ཀི
- འོ་ན་མི་རིགས་གཞན་པ་ཅི་འདྲ་ཞིག་རེད།
- གཅིག་བྲིས་པ་ནས་བཟུང་རང་གི་ནང་ནས་གང་དུ་རྒྱུག་ན་ལོས་ཆོག
- ཕྱི་རྒྱལ་ལ་ཡང་ཡུལ་ལ་རྒྱུག་རྒྱུག་བྱེད།
- ཕྱི་རྒྱལ་ལ་ཡང་ཡུལ་ལ་རྒྱུག་རྒྱུག་བྱེད་པ་རེད།
- ང་ཚོས་དེ་ལྟར་བྱས་ན་མི་ཆོག་གི
- ༢༠༠༦གི་ལོར།
- མེ་སྒྲོན་དང་ང་།
- ད་དུང་ལྷ་ས་ཡི་འགའ་ཞིག
- ཨ་རིའི་ལབ་རྩེ་དེང་རབས་བོད་ཀྱི་རིག་གཞུང་དཔེ་མཛོད་ཁང་ཡོད་པ།
- དེར་རྒྱལ་སྤྱིའི་བོད་མོའི་རྩོམ་པ་པོ་ཚོགས་འདུའི་སྟེང་དུ་བོས་པ་རེད།
- བོས་ནས་ངས་ཚོས་ཕྱི་སྐྱོད་ལག་ཁྱེར་བཟུང་སྟེ།
- རྒྱ་ཡིས་བཤད་ན་护照ལ་སོགས་པ་བསྒྲིགས་ནས།
- 签证ཞེས་ཡི་གེ་དེ་འདྲ་ཞིག་ལེན་རྒྱུ་ཡོད་པ།
- དེའི་སྐབས་སུ་དགག་པ་རེད།
- བཀོད་པ་མེད་ཀི
- གནས་ལུགས་བརྒྱ་ཐམ་པ་ཡོད་ནའང་བཤད་ས་མེད་ཀི
- ང་ཚོའི་གནས་བབ་དེ་འདྲ་ཞིག་རེད།
- ང་ཚོར་གྲུབ་འབྲས་ཤིག་སྟོན་རྒྱུ་ཡོད་རྒྱུ་ཨེ་རེད།
- ངས་ལོ་ཉི་ཤུ་ལྷག་ལ་རྩོམ་ཡིག་འདི་སྣོག་ནས་ཡོང་མོད།
- ང་ཚོགས་འདུ་ཞིག་ལ་ཞུགས་པ་ད་ཐེངས་ཐེངས་དང་པོ་རེད།
- ང་ཚོར་གྲུབ་འབྲས་ཤིག་སྟོན་རྒྱུ་ཡོད་རྒྱུ་ཨེ་རེད།
- འདི་ཐམས་ཅད་ང་ཚོར་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་མ་བྱས་པ་རེད།
- སྤྱི་ཚོགས་ཀྱི་གནད་དོན་རེད།
- ཡང་ང་ཚོར་གོ་སྐབས་མི་སྤྲོད་ཀི་ཞེས་བསྡད་ནས་ང་ཚོ་འདུག་མི་ཉན་པ་རེད།
- རང་ཉིད་རང་གི་ས་ན་མགོ་ལུག་ལུག་བྱས་ཏེ་འབྲི་བཞིན་བསྡད་ན།
- རྒྱའི་ཐང་གི་སྙན་ངག་པ་李白ཡིས་天生我材必有用ཞེས་པ་ཞིག་ཡོད་པ།
- ཁྱོད་ལ་འཇོན་ཐང་ཞིག་ཡོད་ན།
- མཐའ་མ་རྔ་མར་བཀོལ་ས་མེད་པའི་སྡུག་དེ་ཁྱོད་ལ་དགོས་པ་མ་རེད།
- ཁྱོད་ལ་བདག་པོ་རྒྱག་མཁན་ཞིག་ཡོད་པ་རེད།
- དེ་བས་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་མི་བྱེད།
- ཁོར་ཡུག་གིས་བཀག་རྒྱ་བཟོ་བ་སོགས་ལ་ཡིད་ཆད་མི་ཉན།
- ངས་བཤད་པ་དེ་ཡིན།
- དེར་ཡིད་ཆད་མི་ཉན་གི
- ཐུབ་ཚོད་ཀྱིས་ལས་བཞིན་བསྡད་ན་ནམ་ཞིག་གི་ཚེ།
- རིན་ཐང་ཞིག་མངོན་པའི་ཉིན་ཞིག་ཡོད་པ་རེད།
- དེ་ནས་ང་ཚོར་དགོས་པ་ཅི་ཞིག་རེད་ཟེར་ན།
- རྡོག་རྩ་གཅིག་སྒྲིལ་བྱས་ནས་བསྡད་དེ།
- རང་རང་གི་ལས་ཀ་དེ་འཁྱོང་བར་བྱས་ནས་འགྲོ་རྒྱུ་ལས།
- ཕོ་དབང་མོ་དབང་ཞེས་རྩོད་གཞི་ཡི་གེ་བ་ཞིག་མི་དགོས།
- ང་ཚོ་དང་པོ་ནས་རྒྱ་ཡིས་བཤད་ན་弱势群体ཞིག་རེད།
- ཉམས་ཞེན་གྱི་ཚོགས་པ་ཞིག་རེད།
- 弱势群体ཞིག་རེད།
- ང་ཚོ་དང་པོ་ནས།
- འདིའི་ནང་ནས་རྩོད་གཞི་གཞན་ཞིག་དགོས་དོན་མེད།
- དགོས་དོན་མེད་པ་རེད།
- དགོས་དོན་མེད་ཀི
- དེ་ངས་ན་ནིང་བྱམས་བུད་མེད་ཀྱི་སྟེང་དུ་ཡང་དང་ཡང་དུ་བཤད་པ་ཡིན།
- ངས་དེ་འདྲ་འདོད་ཀི
- དེ་འདྲ་ཞིག་རེད།
- དེ་ཡིན་ན་མཇུག་མཐར་ཁོས་དྲི་བ་ཅ་ཞིག་བཏོན་ཡོད་ཟེར་ན།
- བོད་རིགས་བུད་མེད་སྤྱིར།
- ཁོས་ཁ་ལ་དྲིས་པ་རེད།
- ཁྱོད་ཡིན་ན་བོད་རིགས་བུད་མེད་སྤྱི་དང་ལྷག་པར་དུ་བུད་མེད་ཤེས་ལྡན་པ་རྣམས་ལ།
- ཆེས་བརྗོད་པར་འདོད་པའི་སྐད་ཆ་ཞིག་བཤད་ན་ཟེར།
- དེར་ངས་ཅི་བཤད་ཟེར་ན།
- བོད་རིགས་བུད་མེད་སྤྱི་དང་ལྷག་པར་དུ།
- ལྷག་པར་དུ་བུད་མེད་ཤེས་ལྡན་པ་ཟེར་ན་ང་ལ་གཞན་ཞིག་བཤད་རྒྱུ་མེད་ཀི
- དམིགས་སུ་བཀར་ནས་དམིགས་སུ་འདི་ཞེས་གཞན་བཤད་རྒྱུ་མེད།
- དྲི་བ་འདི་ལ་ན་ནིང་ཞིག་ལའང་རླུང་འཕྲིན་ཁང་གིས་བཅར་འདྲི་བྱས་པ་རེད།
- བོད་མོ་ཤེས་ལྡན་པར་སྤྱི་ཚོགས་ཀྱི་འགན་འཁྲི་གང་འདྲ་དགོས་སམ་ཞེས།
- དེ་འདྲའི་དྲི་བ་ཞིག་དྲིས་བྱུང་།
- ངས་དེ་ལྟར་བཤད་པ་ཡིན།
- དེ་བུད་མེད་ཤེས་ལྡན་པ་རྐྱང་བའི་འགན་ཁུར་མ་རེད།
- བུད་མེད་སྤྱི་ཡི་འགན་ཁུར་རེད།
- བྱིས་པ་ཡི་སློབ་གསོ་འདི།
- ཨ་མ་ཡི་གེ་མི་ཤེས་མཁན་ཞིག་གིས་ཀྱང་།
- བྱིས་པ་ཡི་འགྲོ་འདུག་སྤྱོད་གསུམ་དེར་སློབ་གསོ་གཏོང་དགོས་པ་རེད།
- ང་ཚོར་འགྲོ་འདུག་སྤྱོད་གསུམ་ལ་ཡང་རིག་གནས་ཀྱི་རྒྱབ་ལྗོང་མཐུག་པ་རེད།
- ལོ་ལོན་ཞིག་ཡོང་ན་ཡར་ལངས་རྒྱུ།
- ཟ་མ་སྟེར་ན་སྔོན་ལ་རྒན་པ་ལ་སྟེར་རྒྱུ།
- གོན་པ་གོན་ཕྱོགས་ཀྱང་དགྲ་རྒྱག་དགྲ་རྒྱག་ལ་སྐེད་རགས་བཅིང་སྲོལ་ཡོད་པ།
- ཉམས་ཆུང་ཉམས་ཆུང་ལ་སྐེད་རགས་བཅིང་སྲོལ་ཡོད།
- ང་ཚོར་བཤད་ཚུལ་ཞིག་ཡོད་པ།
- འགྲོ་དུས་ཕོ་རོག་རྒྱགས་པ་འགྲོ་འགྲོ་བྱས་ནས།
- ཡོང་དུས་སྤྱང་ལྟོགས་ཡོང་ཡོང་ཞེས།
- དེ་ཐམས་ཅད་ཀྱང་རིག་གནས་ཀྱི་རྒྱབ་ལྗོངས་ཀྱི་སྟེང་ན་བཤད་བཞིན་ཡོད་པ་རེད།
- ང་ཚོར་གོན་པ་གོན་ཕྱོགས་དང་སྐད་ཆ་བཤད་ཕྱོགས།
- ལངས་ཕྱོགས་དང་འགྲོ་ཕྱོགས།
- འདུག་ཕྱོགས་དང་གད་མོ་རྒོད་ཕྱོགས་ཀྱི་སྟེང་ནས་ཀྱང་།
- རིག་གནས་ལ་འབྲེལ་བ་མེད་པ་ཞིག་ཡོད་པ་མ་རེད།
- ང་ཚོ་དེ་འདྲ་ཞིག་རེད།
- དེ་ཐམས་ཅད་སྤྱིར་ཨ་མའི་སློབ་གསོ་ལ་འབྲེལ་བ་ཡོད་པ་མ་གཏོགས།
- བུད་མེད་ཤེས་ལྡན་པ་ཞིག་གི་འགན་ཁུར་ཙམ་ཞིག་མ་རེད།
- བོད་ཀྱི་ནང་ན་བུད་མེད་ཤེས་ལྡན་པ་ཉུང་བ་རེད།
- མང་ཆེ་བ་ཡིག་རྨོངས་རེད།
- རེད་ལ།
- དེར་ངས་དེ་ལྟར་ལན་བཏབ་པ་ཡིན།
- དེར་དེ་ལྟར་ལན་བཏབ་པ་ཁྱོད་ཚོས་གོ་ཡོད་ནའང་ཐང་།
- དེ་ཡིན་ན་ང་ལ་འདི་ནས།
- བུད་མེད་ཤེས་ལྡན་པ་རྣམས་ལ་སྐད་ཆ་ཞིག་ཡོད་པ་འདི་ཡིན་ཞེས།
- དམིགས་བསལ་གྱིས་བརྗོད་རྒྱུ་མེད།
- ཡང་གཅིག་བཤད་ན།
- ཡོད་པའི་དབང་དུ་བཏང་ནའང་ང་ལ་དེ་བརྗོད་པའི་སྤོབས་པ་མེད།
- ཅིའི་ཕྱིར་ཞེ་ན།
- རང་རེའི་བུད་མེད་ལ་ལ་ཞིག་ལ་མཚོན་ན་རིག་གཞུང་གི་ཆུ་ཚད།
- བསམ་བློ་ཡི་འཁྱེར་སོ།
- ལས་ཀའི་འཇོན་ནུས་སོགས་གང་གི་ཆ་ནས་ཀྱང་།
- ང་ལ་བལྟས་ནས་ཀླད་ནས་ཀླད་ལ་འཕགས་ཡོད་པ་རེད།
- ཧ་ཅང་གིས་ཆུ་ཚད་མཐོ་བ་རེད།
- བསམ་བློ་ཡི་འཁྱེར་སོ་དང་རིག་གཞུང་གི་ཆུ་ཚད་ཀྱི་སྟེང་ནས།
- དེ་འདྲ་ཞིག་ལ་ངས་མན་ཆད་ནས་ཡར་ལ་ཁ་བརྡ་བྱེད་རྒྱུའི་སྤོབས་པ་ང་ལ་ཡོད་རྒྱུ་ཨེ་རེད།
- སངས་རྒྱས་ལ་ཀ་ཁ།
- ཉི་མའི་རྩིབ་ནས་མར་མེ་བཏེག་ནས།
- དེ་འགྲིག་པ་མ་རེད།
- འགྲིག་པ་མ་རེད།
- དེ་འདྲ་ཞིག་རེད།
- ཡང་ལ་ལ་ཞིག་སློབ་ཆེན་གྱི་སྒོ་ཐེམ་སྤོས་བ་ཙམ་ནས།
- སློབ་ཆེན་ལ་བུད་སོང་ན་ཡ་མཚན་ཞིག་གིས་ལོག་འགྲོ།
- འདི་ངས་རང་གི་བྱིས་པ་ལ་ཡང་འདི་ལྟར་སྡིག་པ་ཡིན།
- ན་ནིང་ཞིག་ལ་དམའ་འབྲིང་མཐར་ཕྱིན་དུས།
- དགོང་མོ་ཆང་གིས་བཟི་ནས།
- ཅི་བྱུང་བ་རེད་ཅེས་དྲིས་པས།
- ང་ཚོ་མཐར་ཕྱིན་པ་རེད་ཟེར།
- ཁྱོད་མཐར་ཕྱིན་སོང་ན་ཁྱོད་ཡ་མཚན་ཞིག་ནས་མཐར་ཕྱིན་པ་རེད་དམ།
- ཁྱོད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རེད་དམ།
- ཁྱོད་སློབ་ཆུང་ཞིག་ནས་མཐར་ཕྱིན་པ་རེད།
- ཁྱོད་དམའ་འབྲིང་ཞིག་ནས་མཐར་ཕྱིན་པ་རེད།
- ཁྱོད་ཀྱི་ཁུར་བོ་ལྗིད་མོ་ད་དུང་རྗེས་ན་ཡོད་པ་རེད།
- མཐར་ཕྱིན་སོང་ན་དེ་ཁྱད་པར་ཅན་ཞིག་ཡིན་བསམ་འདུག
- དེ་ཡ་མཚན་ཞིག་རེད་འདོད།
- དམའ་འབྲིང་གི་སློབ་མ་ཞིག་གིས་དེ་འདོད་པས་སློབ་ཆེན་གྱི་སློབ་མ་ལ་ཅི་ཁག
- སློབ་ཆེན་ཞིག་ལ་བུད་སོང་ཟེར་ན།
- སློབ་གྲྭ་ཆེན་མོའི་མིང་དེ་ཐོགས་སོང་ན།
- སྣང་བ་དེ་ཇེ་མཐོར་འགྲོ་བ་རེད།
- སྔོན་ཆད་ང་ཡང་དེ་བྱུང་མྱོང་བ་རེད།
- སློབ་གྲྭ་ཆེན་མོ་བ་ཡིན་ཞེས།
- 青海民族学院ཟེར་བའི་校徽དེ་ནམ་ཡིན་ཡང་བཏགས་ནས་བསྡད་པ་ཡིན།
- དབྱར་གནང་དགུན་གནང་ལ་ཡུལ་ལ་ཡོང་ནའང་བཏགས་ནས་བསྡད་པ་ཡིན།
- ངས་དེ་བཏགས་ནས་མ་བསྡད་ན་ང་སློབ་གྲྭ་ཆེན་མོ་བ་ཡིན་པ་སྤྱི་ཚོགས་ཀྱི་མི་ཤེས།
- སྒོ་ཕྱིའི་མི་རྣམས་ཀྱིས་མི་ཤེས།
- ངས་དེ་ཤེས་སུ་བཅུག་ན་འདོད།
- སྣང་བ་དེ་ཅུང་ཙམ་མཐོ་བ་རེད།
- དེ་ཚང་མ་ལ་ཡོད་པ་རེད།
- ཁྱོད་ཚོར་ཡང་དེ་ཡོད་པ་རེད།
- ང་ཚོ་གཅིག་དང་གཅིག་རེད།
- ང་ཁྱོད་ཚོའི་ན་ཚོད་འདི་བརྒྱུད་ནས་ཡོང་བ་རེད།
- ཨེ་རེད།
- དབྱར་གནང་དགུན་གནང་ལ་ཡང་དེ་བཏགས་ནས།
- དེ་མ་བཏགས་ན་ང་སློབ་གྲྭ་ཆེན་མོ་བ་ཡིན་པ་མི་ཤེས།
- ངས་དེ་འདོག་དགོས་པ་རེད།
- དེ་ལྟར་བྱས་པ་རེད།
- དེ་ན་སློབ་ཆེན་གྱི་སྒོ་ཐེམ་སྤོས་པ་ཙམ་ནས།
- འཇོན་ནུས་དང་ཆུ་ཚད་ཅི་འདྲ་ཞན་ནའང་།
- སྣང་བ་ནམ་མཁར་མི་ཤོང་བ་ཞིག་ཡོད་པ་རེད།
- དེ་འདྲ་ཞིག་ཡོད་ཀི
- སློབ་གྲྭ་ཆེན་མོ་བ་འདི་དག་མི་གཅིག་པ་ཞིག་གིས་ལོག་འགྲོ།
- སློབ་ཆེན་གྱི་ནང་དུ་སོང་མ་ཐག་ཡོད་ཚད་ཀྱི་ཡོད་ཚད་འགྱུར་འགྲོ།
- རང་གི་རང་གཤིས་དང་པོ་དེ་མེད་པ་ཞིག་གིས་ལོག་འགྲོ།
- དངོས་གནས་བཤད་པ་ཡིན།
- དང་པོ་ང་ལ་ཡང་དེ་བྱུང་མྱོང་།
- ཁྱོད་ཚོར་ཡང་བྱུང་ཡོད་ན་ཐང་།
- བྱུང་མེད་ན་ཡང་ཐང་།
- འབྱུང་རྒྱུ་ཡིན་ནའང་ཐང་།
- དེ་མི་ཤེས་པ་རེད།
- མི་ཤེས་པ་རེད།
- སྤྱི་ཚོགས་ཀྱིས་དེ་འདྲ་ཞིག་གིས་བཏང་བ་རེད།
- དེ་ཡིན་ན་ངས་ཅི་བཤད་པ་ཡིན་ཟེར་ན།
- ཚ་གྲང་གཉིས་ཀ་ལ་འཕྲོད་པའི་སྨན་ཞིག་ང་ལ་སྟེར་རྒྱུ་མེད་ཅེས་བཤད་པ་ཡིན།
- ལ་ལ་ཞིག་ཆུ་ཚད་མཐོ་བ་མང་སོང་བས།
- ངས་ཉི་མ་ལ་མར་མེ་འདོགས་པ་རེད།
- འགྲིག་པ་མ་རེད།
- ཉི་མའི་རྩིབ་ན་ངས་སྲིན་བུ་མེ་ཁྱེར་ཞིག་གིས་འོད་སྟོན་རྒྱུ་ཟེར་ན་འགྲིག་གམ།
- ཉི་མས་སྲིན་བུ་མེ་ཁྱེར་གྱི་དཀར་མེ་དེ་རིག་རྒྱུ་མ་རེད།
- ལ་ལ་ཞིག་ཆུ་ཚད་ཅི་ཡང་མེད་མོད།
- ཧ་ཅང་གིས་སྣང་བ་མཐོ་བ་རེད།
- ཧིན་་་ཞེས་བཤད་དེ་སྣ་མགོ་ན་སྤུ་ཡོད་ཀི་ཟེར་ན་ཡང་ཁོང་ཁྲོ་ལངས་བ་རེད།
- དེ་ལྟར་བྱས་ཏེ་ཧུར་ཟེར་བ་རེད།
- དེ་ཡིན་ན་ཚ་གྲང་གཉིས་ཀར་འཕྲོད་པ་ཞིག
- ལ་ལ་ཞིག་ཚ་བ་ཆེ་རྒྱུ་མང་སོང་།
- ལ་ལ་ཞིག་གྲང་ངར་ཆེ་རྒྱུ་མང་སོང་།
- ཚ་གྲང་གཉིས་ཀར་འཕྲོད་པའི་སྨན་ཞིག་ང་ལ་སྟེར་རྒྱུ་མེད་ཟེར་བ་དེ།
- ཁོ་གཉིས་ལ་འཕྲོད་པའི་སྐད་ཆ་ཞིག་ང་ལ་བཤད་རྒྱུ་མེད་སོང་།
- དེ་རེད།
- རེད་ལ།
- ཚ་གྲང་གཉིས་ཀར་འཕྲོད་པ།
- བུད་མེད་ཤེས་ལྡན་པ་གཉིས་ཀྱི་ནང་ན་ཡོད་པ་རེད།
- གཉིས་ཀར་འཕྲོད་པའི་སྐད་ཆ་ཞིག་ང་ལ་བཤད་རྒྱུ་མེད་སོང་བ་རེད།
- གང་ལྟར།
- བོད་མོའི་དོགས་གཞི་ལ་སོགས་པའི་སྐོར་ནས་ངས་འདི་ན་ལན་གསལ་བོ་ཞིག་བཏབ་ཡོད།
- དྲི་བ་དྲིས་ལན་འདིའི་སྟེང་ནས་གྲོགས་པོ་རྣམ་པས་ཀྱང་།
- ངའི་བསམ་ཚུལ་ལ་རྒྱུས་ལོན་བྱེད་རྒྱུ་ངའི་རེ་བ་ཡིན་ཞེས་རེ་བ་དེ་བཏོན་ཡོད།
- དེ་ལ་ཁྱོད་ཚོས་བལྟས་ཡོད་ན་ཐང་མོད།
- ཡང་གཅིག་བལྟས་ན།
- དེ་སྟེང་དུ་ང་རང་གི་ཚོད་ཀྱིས་ད་བར་དུ་ཉམས་ཞིབ་བྱས་པ་དེའི་སྟེང་དུ་བཀོད་ཡོད།
- དངོས་གནས་དེ་འདྲ་ཞིག་རེད།
- འདིའི་སྔོན་ལ་ངས་ཁྱོད་ཚོར་བཤད་པ།
- དེ་དུས་ཀྱང་ངས་དེ་ལྟར་བཤད་ན་ཁོ་ཚོ་བགད་པ་རེད།
- ང་མཁས་པ་མིན་མོད་ན་ལོག་རེད།
- ན་ལོག་ཟེར་བ་ཤེས་སམ།
- ཁྱོད་ཚོས་ན་ལོག་ཨེ་ཟེར།
- ན་ལོག་ཟེར་བ་ལོ་ཆེ་རུང་ནར་མ་སོན་པ།
- ནར་མ་སོན་པ་ཟེར་ན་ངའི་ལུས་པོ་ཆུང་གི་ཟེར་བ་མ་རེད།
- ང་ཡོན་ཏན་གྱིས་ནར་སོན་ཐུབ་ཀྱིན་མེད་པ་རེད།
- ང་ལོ་ལོན་ཡང་ཡོན་ཏན་གྱིས་ནར་སོན་ཐུབ་ཀྱིན་ཡོད་པ་མ་རེད།
- དེ་བས་ང་ལ་སྤྱི་ཚོགས་ཀྱི་ཉམས་མྱོང་ཡོད་པ་རེད།
- ན་ལོག་ཟེར་བ་ངས་དེ་ལྟར་བཤད་པ་རེད།
- དེ་བས་ང་ལ་བཟང་ངན་གཉིས་ཀྱི་ཉམས་མྱོང་ཡོད་པ་རེད།
- ངས་མང་པོར་མཉམ་བཞག་ཡོད་པ་རེད།
- ང་རྒན་པ་ཞིག་ཡིན་པའི་ངོས་ནས་ངས་འདི་འདྲ་ཞིག་བཤད་ན་ཆོག་གི
- དེར་འགལ་ཆ་མེད་པ་རེད་ལ།
- འགལ་ཆ་མེད་པ་རེད་ལ།
- དེ་འདྲ་ཞིག་རེད།
- དེའི་འཕྲོ་ནས་ན་ནིང་ཁམས་བྲག་མགོ་ཕྱོགས་ནས།
- བུད་མེད་ལོ་ཆུང་རྣམས་ལ་ཁ་བརྡ་འདྲ་བོ་བྱེད་པའི་རྩོམ་ཡིག་ངེས་པར་དུ་དགོས་ཟེར།
- ཁ་བརྡ་བྱེད་ས་འགྲོ་བ་མ་རེད།
- ན་ནིང་བྱམས་བུད་མེད་རྩོམ་རིག་གི་ཚོགས་འདུ་དེ་གྲོལ་བའི་ཉིན་དེར།
- ཁམས་པའི་བརྙན་འཕྲིན་ཁང་གིས་ང་ལ་བཅར་འདྲི་བྱས་སོང་།
- བཅར་འདྲི་བྱས་པ་རེད།
- ཁམས་ཕྱོགས་ན་རྩོམ་ཡིག་འདི་དར་ཐུབ་ཀྱིན་མེད་པ་ཅི་རེད་ཟེར།
- ཁམས་ཕྱོགས་ནས་བུད་མེད་ཀྱི་རྩོམ་རིག་གཅིག་པོ་མ་དར་བ་མ་རེད།
- ཁམས་པ་ཕོ་རྣམས་ལ་ཡང་རྩོམ་རིག་དར་མེད་པ་རེད།
- ཁམས་ཕྱོགས་ལ་མཛུ་གུ་བརྩིས་ན་ཆོག་པའི་རྩོམ་པ་པོ་མེད།
- དེང་སང་བདེ་ཆེན་ན་ཁ་བ་དཀར་པོ་ཟེར་བ་ཞིག་འབུས་ནས་ཡོང་གིན་ཡོད།
- ཡིན་ནམ།
- ཁམས་ཕྱོགས་ན་མེད་ཀི
- ཁམས་ཕྱོགས་ན་ཕོ་མེད་པས་མོ་ཡོད་ས་འགྲོ་འམ།
- ཕོ་མེད་པར་མོ་བུད་ན་ཁྱོད་ཚོས་འབུར་འཇོམས་བྱེད་པ་རེད།
- མེད་ཀི
- ཅི་ཞིག་ལ་མེད་པ་རེད་ཟེར།
- མེད་པ་དེ་ཁྱོད་ཚོ་རྒྱུ་སྟོབས་ཆེ་བས་རེད།
- ཁྱོད་ཚོ་ཁམས་པ་ཚོ།
- མི་འདི་ཅི་ལྟར་རྒྱུ་སྟོབས་ཆེ་ནས་འཚོ་བའི་སྟེང་དུ་ཆ་རྐྱེན་འཛོམས་པོ་ཡིན་ན།
- དེ་ལྟར་དུ་མི་འཁྱོང་བ་རེད།
- ཡུལ་གྱི་བྱིས་པ་ཚོ་ཡང་དེ་རེད།
- ཉིན་རྒྱུན་སྒོར་མོ་བཀོལ་རྒྱུ་བྱིན།
- ཟ་རྒྱུ་ཞིམ་པོ་བྱིན་ན་བྱིས་པ་དེ་ལད་འགྲོ་བ་རེད།
- སྡུག་མཐོང་བར་བྱས།
- འཚོ་བའི་སྟེང་ནས་ཟས་གོས་ངན་པར་བརྟེན་དུ་བཅུག
- སྡུག་མཐོང་བར་བྱས།
- དེ་ལྟར་བྱས་ན་འཁྱོང་ཡོང་བ་རེད།
- རྗེ་བཙུན་མི་ལ་རས་པ།
- ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པ་རྗེ་བཙུན་མི་ལ་རས་པ་མ་གཏོགས་མེད།
- ཨེ་རེད།
- ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པ་ཁོང་མ་གཏོགས་སུ།
- བསྐལ་བ་གྲངས་མེད་ལ་ཚོགས་བསགས་དགོས་ཞེས་ང་ཚོར་དེ་ལྟར་བཤད་རྒྱུ་ཡོད།
- བསྐལ་བ་གྲངས་མེད་ཟེར་ན་ཅི་འདྲ་ཞིག་རེད།
- གྲངས་མེད་པ།
- བསྐལ་བ་གྲངས་མེད་པ།
- ཁོང་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པ་དེ་ཅི་ཞིག་གི་སྟེང་ནས་བྱུང་བ་རེད་།
- ཁོང་ཆུང་དུས་མགོར་ཧ་ཅང་གིས་སྡུག་ཐོན་པ་རེད།
- ཁོང་གི་འཚོ་བ་ཉམ་ཐག་པ་རེད།
- ཨེ་རེད།
- དེའི་འཕྲོ་ནས་ཁོང་ལ་བློ་སྒོ་འབྱེད་མཁན་ཏེ་རྒྱ་ཡིས་བཤད་ན་启蒙老师
- ཨ་མ་མྱང་ཚ་དཀར་རྒྱན་ཟེར་བ་ཞིག་ཡོད་པ་རེད།
- ཨ་མའི་སློབ་གསོ་འདི་ལ་ཁ་འབྲལ་ཐབས་མེད་ཟེར་བ།
- ཨ་མ་ནི་ཁྱིམ་ཚང་སློབ་གསོ་ཡི་སྒོ་འབྱེད་པ་རེད་ཟེར་དོན་དེ་རེད།
- ན་ནིང་ར་རྒྱ་ཡི་འགའ་ཞིག་གིས་ང་ལ་དྲི་བ་འགའ་ཞིག་དྲིས་ཡོད།
- ར་རྒྱ་ཡི་འགའ་ཞིག་གིས་དེ་འདྲ་ཞིག་དགོས་ཞེས།
- ཁ་པར་ཨང་གྲངས་ཁྱོད་ཀྱིས་བྱིན་པ་ཡིན་ཟེར།
- ར་རྒྱ་སློབ་གྲྭའི་གྲྭ་བ་འགའ་ཞིག་གིས་འདྲི་ཚིག་དྲིས་མྱོང་།
- ཨ་མའི་སློབ་གསོ་འདི་ཁྱིམ་ཚང་སློབ་གསོ་ཡི་ཐོག་མ་ཡིན་ཟེར་དོན་ཅི་རེད་ཅེས།
- འདི་དག་ངས་ལུང་དྲངས་པ་ཡིན།
- རྗེ་བཙུན་མི་ལ་རས་པ་རེད།
- རྒྱའི་རྩོམ་རིག་པ་འཛམ་གླིང་རྩོམ་རིག་གི་མཁན་པོའི་ནང་ན་ཡོད་པ་ལུའུ་ཞུན།
- ཨ་མའི་སློབ་གསོ་ལ་བརྟེན་པ་མ་རེད་དམ།
- ཨ་ཕ་ཆུང་དུས་མེད་སོང་བ་རེད།
- ཨ་ཕ་ཆུང་དུས་མེད་ནས་སྨན་ལ་སོགས་པ་ཉོ་མ་ཐུབ་པར།
- འཚོ་བ་ཐབས་སྡུག་གི་ནང་ནས་ཨ་ཕ་དེ་ལྟར་མ་འཚམས་པས།
- ཁོས་དང་པོ་སྦྱང་དུས་སྨན་ལ་འཇུ་དོན་དེ་རེད།
- ཨ་ཕས་ཁོས་སེམས་ལ་ན་ཟུག་དེ་བཞག་པས་སྨན་འདི་སྦྱངས་དགོས་ཞེས།
- ཁོས་ཨ་ཕ་སྐྱོབ་མ་ཐུབ་འི་སྡུག་བསྔལ་གྱིས་ཁོས་སྨན་སྦྱངས་བ་རེད།
- རིམ་བཞིན་བསམ་བློ་ཡི་གོ་རྟོགས་སེལ་ཏེ།
- སྨན་གྱིས་མིའི་ལུས་སྟེང་གི་ནད་མ་གཏོགས་བསམ་བློ་ཡི་ནད་བཅའ་མི་ཐུབ་ཀི
- བསམ་བློ་ཡི་ནད་འདི་བཅའ་དགོས་ན་རྩོམ་རིག་ལ་འཇུ་དགོས་ཞེས།
- ཁོས་རྩོམ་རིག་ལ་འཇུས་པ་རེད།
- དེ་ནས་ཁོས་ཨ་མ་ལ་བརྟེན་ནས་ཁོ་རང་འདི་འདྲ་ཞིག་གིས་ལོག་སོང་ཞེས།
- པུར་མིང་ལུའུ་ཞུན་གྱི་ལུའུ་དེ་ཨ་མའི་རུས་རེད།
- ཨ་མ་དེ་རིགས་རྒྱུད་ཆེན་པོ་ཞིག་གི་རེད།
- ཁོ་རང་浙江鲁镇ཟེར་བའི་ལུའུ་གྲོང་རྡལ་དེ་ནས་སྐྱེས་པ་རེད།
- ཨ་མ་ཁྱིམ་རྒྱུད་ཆེན་པོ་ཞིག་གི་རེད།
- ལུའུ་ཞུན་གྱི་མིང་དེ་དེ་ལྟར་བཏགས་པ་རེད།
- ལུའུ་ཟེར་བ་ཨ་མའི་རུས་རེད།
- ཞུན་ཟེར་བ་མགྱོགས་མྱུར་གྱི་སྒོ་ནས་བློ་དང་རིག་པ་འཕེལ་བ་དེ་རེད།
- འཛམ་གླིང་རྩོམ་རིག་མཁན་པོ་ཡིན་མོད་ཨ་མའི་སློབ་གསོ་ལ་བརྟེན་པ་རེད།
- ད་དུང་དེའི་རིགས་ཀྱི་དཔེ་མཚོན་ཅི་འདྲ་མེད།
- རྒྱའི་དམག་སྤྱི་ཆེན་མོའི་ནང་ན།
- ཕྱི་རྒྱལ་གྱི་དམག་སྤྱི་ཆེན་མོའི་ནང་ན་ཅི་འདྲ་མེད་ཨང་།
- དེ་དག་ཐམས་ཅད་ཨ་མའི་སློབ་གསོ་ལ་འབྲེལ་བ་མེད་པ་ཞིག་ཡོད་པ་མ་རེད།
- ཨ་མ་དང་ཨ་མའི་སློབ་གསོ་འདི་ཧ་ཅང་གིས་གལ་ཆེ་བ་རེད།
- ངས་ཡང་དང་ཡང་དུ་བཤད་པ་དེ་ཡིན།
- དེ་བས་ར་རྒྱའི་དེ་ཚོར་ཡང་དེ་ལྟར་བཤད།
- ང་ཚོ་བུད་མེད་འདི་སྤྱིར་དེ་འདྲ་ཞིག་རེད།
- བུད་མེད་གནམ་གྱི་ཕྱེད་ཀ་ཟེར།
- གནམ་ཧྲིལ་པོ་ཡིན་ཁ་རེད་མོད།
- ཡིན་ཁ་རེད་མོད།
- གནས་བབ་ཀྱིས་ང་ཚོ་འདི་འདྲ་ཞིག་གིས་བཏང་ཡོད།
- ཡིན་ཡང་གནས་བབ་ཀྱི་མགོ་སྒུར་མི་ཉན་གི
- ངས་བཤད་དོན་དེ་ཡིན།
- དེ་བས་བྲག་མགོ་ཡི་དེ་ཚོས་ཀྱང་བུད་མེད་སྐོར་ལ་ཁ་བརྡ་བྱས་ཏེ་དེ་འདྲ་ཞིག་དྲིས།
- ངས་དེ་ལྟར་བཤད་པ་ཡིན།
- ཁ་བརྡ་བྱོས་ཟེར་ན་ཁ་བརྡ་བྱེད་རྒྱུ་ཡག་པོ་ཞིག་མེད་མོད་ངས་གྲོས་འདེབས་ཤིག་བྱས་ན་ཆོག་གི
- གྲོས་འདེབས་ཟེར་ན་རྒྱ་སྐད་ཀྱིས་商量གི་བཤད་སྟངས་ཀྱི་སྒོ་ནས།
- ཅིག་བྱོས་དང་ཉིག་བྱོས་ཟེར་ན་དགའ་རྒྱུ་མ་རེད།
- རེད་ལ།
- གྲོས་བྱས་ན་ཆོག་ཅེས་བཤད་ནས་ངས་དེ་འདྲ་ཞིག་བྲིས།
- དེ་འདྲ་ཞིག་བྲིས་ནས།
- འདི་སྦྲང་ཆར་གྱི་སྟེང་དུ།
- ཁོ་ཚོའི་སྒེར་དེབ་ཀྱི་སྟེང་དུ་ཐོན་ཐལ།
- སྦྲང་ཆར་གྱི་སྟེང་དུ་སྐུར་ཡོད།
- མཁའ་འགྲོ་ཚེ་རིང་གིས་བཤད་ན་དེབ་གསུམ་པའི་སྟེང་དུ་ཡོད་ཀི་ཡོད་ཟེར།
- སྨྲེང་བུ་ཡིས་བཅར་འདྲི་བྱས་པ་དང་འདི་གཉིས་ཡོང་གིན་ཡོད་ཟེར།
- ངས་རྩོམ་གྱི་ཁ་བྱང་འདི་ལ་འདི་འདྲ་ཞིག་བཏགས།
- ང་ཚོ་ནི་རླབས་ཆེན་གྱི་མ་ཡུམ་དག་ཡིན།
- ང་ཚོ་ནི་རླབས་ཆེན་གྱི་མ་ཡུམ་ཏག་ཏག་ཡིན་པ་རེད།
- དེ་ཁས་མ་བླངས་ས་འགྲོ་བ་མ་རེད།
- བུད་མེད་ཡིན་ན།
- རྒྱུ་འབྲས་ཀྱི་དབང་གིས་བཤད་ན་འབྲས་བུ་ཐམས་ཅད་མོ་ལ་བརྟེན་ནས་བྱུང་བ་རེད།
- སྣོད་བཅུད་ཀྱི་དབང་དུ་བྱས་ནའང་ཕོ་དང་མོ་བགར་རྒྱུ་ཡོད་པས།
- མིའི་ནང་ན་ལོས་ཡོད།
- ས་ཡི་ནང་ན་ཕོ་ས་མོ་ས།
- རྡོ་ཡི་ནང་ན་ཕོ་རྡོ་མོ་རྡོ།
- ཆུ་ཡི་ནང་ན་ཕོ་ཆུ་མོ་ཆུ་ཡོད་པས།
- དེ་ང་ཚོ་མི་ལ་ལོས་ཡོད།
- མོ་རིགས་ཐམས་ཅད་རླབས་ཆེན་རེད་ཅེས་ངས་ཁ་ཡིག་གི་ནང་དུ་འཇོག་དོན་དེ་ཡིན།
- ན་ཆུང་བུད་མེད་རྣམས་ལ་གླེང་མོལ་དུ།
- ན་ཆུང་བུད་མེད་རྣམས་ལ་གླེང་མོལ་གྱི་ཚུལ་དུ་ངས་བྲིས་པ་ཡིན།
- མ་ཡུམ་ཟེར་བ་འདི་བྱམས་སྙིང་རྗེ་དང་ལས་དྲང་བདེན་གྱི་དེ་ཉིད་རེད།
- ཨ་མའི་རྒྱུད་ཀྱི་སྙིང་རྗེ་དང་བྱམས་སྙིང་རྗེ་འདི་འདྲ་ཞིག་ཡོད་པ་མ་རེད།
- ཨ་ཕས་དེ་ཐུབ་པ་མ་རེད།
- དེ་མི་ཐུབ་པ་ཁོ་ཐག་རེད།
- གང་ཞིག་མིན་རུང་གང་ཞིག་གིས་དེར་འཐུས་ཤོར་བྱུང་བ་རེད།
- འདིའི་སྔོན་ལའང་ངས་ཁོ་ཚོར་ཞོར་ནས་ཁ་བརྡ་བྱས།
- ང་བཟའ་ཚང་གི་སྟེང་ནས་གཉིས་ལ་ཐོར་སོང་།
- གཉིས་ཐོར་སོང་རུང་བྱིས་པ་གཉིས་ཀ་ངས་བཟུང་ཡོད།
- སྤྱིར་ཡིན་ན་ངས་དེ་མི་ཐུབ་ཀི
- ང་ལ་ཧ་ཅང་གིས་འགན་ཁུར་ལྗིད་མོད།
- ངས་བསམ་པར་ཨ་མའི་རྩིབ་ནས་བཞག་ན།
- ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གོན་རྒྱུ་གཞན་གྱི་དེ་འདྲ་སྐྱིད་པོ་གོན་མི་ཐུབ་མོད།
- ཨ་མས་བྱིས་པ་ལ་སེམས་དྲོན་མོ་ཞིག་སྟེར་ཐུབ།
- བྱིས་པ་ལོ་ཆུང་དུས་དགོས་པ་དེ་རེད།
- སེམས་དྲོ་དགོས་པ་རེད།
- མི་སེམས་དྲོ་དགོས་པ་རེད།
- རེད་ལ།
- དེ་ངེས་པར་དུ་དགོས།
- དེ་བས་ང་ལ་ཡང་དཀའ་ཁག་ཆེ་མོད།
- བྱིས་པ་གཉིས་ཀ་འཛིན་དོན་ལ་ང་ལ་ཡང་རྒྱུ་མཚན་ཡོད་པ་རེད།
- དེ་བས་བྱིས་པ་གཉིས་ཀ་ངས་བཟུང་བ་ཡིན།
- ཨ་མ་ལ་ཁ་འབྲལ་མི་ཉན།
- ཨ་མ་ལ་ཁ་བྲལ་སོང་ན་མི་འགྲིག
- མི་སེམས་དྲོ་བར་བྱེད་མཁན་ཨ་མ་ལས་ལྷག་པ་ཞིག་ཡོད་པ་མ་རེད།
- ཨ་མ་ཞེས་བོས་པ་དེ་ཡིས་ཀྱང་སེམས་དྲོ་བར་བྱེད།
- དེ་བས་དཀྱེལ་ཡང་དང་ལྷག་བསམ་གྱི་མིང་གཞན།
- མ་ཡུམ་ཟེར་བ།
- མ་ཡུམ་ཐམས་ཅད་ལ་བཟོད་སྒོམ་ཆེ་བ་རེད།
- འཁོར་བ་ཡི་ཆེད་དུ་རང་གི་ཡོད་ཚ་བསྟུན་པ་རེད།
- དེ་དཀྱེལ་ཡངས་ཟེར་བ་དེ་མིན་ནམ།
- དེ་ལྷག་བསམ་མ་ཡིན་ནམ།
- ལྷག་པའི་བསམ་པ་སྟེ་གཞན་ན་མེད་པའི་ལྷག་པའི་བསམ་པ་རེད།
- རེད་ལ།
- མདོར་ན་མ་ཡུམ་ཟེར་བ་ནི་གནམ་འོག་ན་གསེར་འོད་ལམ་ལམ་འཕྲོ་བའི།
- ཆེས་གཟི་བརྗིད་དུ་འཕགས་པའི་ཐ་སྙད་དེ་རེད།
- མ་ཡུམ་ལས་ལྷག་པའི་ཆེས་གཟི་བརྗིད་ཅན་གྱི།
- གསེར་འོད་ལམ་ལམ་འཕྲོ་བའི་ཐ་སྙད་ཅིག་མེད་ཀི།
- ཨ་མ་འདྲ་ཞིག་མེད་ཀི
- དེ་ཡིན་ན་ངས་གྲོགས་མོ་རྣམ་པ་ཞེས་དེ་ལྟར་བྲིས་ཡོད།
- གྲོགས་མོ་རྣམ་པ།
- ང་ཚོ་ཚང་མ་རླབས་ཆེན་གྱི་མ་ཡུམ་དག་ཡིན་པ་སུ་ལའང་བསྙོན་དུ་མེད་པས་ན།
- སུས་ཀྱང་བསྙོན་དུ་ཡོད་པ་མ་རེད།
- ང་ཚོ་བུད་མེད་རྣམས།
- ཨ་མ་ཡིན་ན་བུད་མེད་མ་རེད་ཟེར་ས་ཡོད་པ་མ་རེད།
- བུད་མེད་ཡིན་ན་ཨ་མ་མ་ཡིན་པ་ཚད་མའི་སྒོ་ནས་སྒྲུབ་ན་ཡོད་པ་རེད།
- བཙུན་མའི་ཚོགས་བུད་མེད་རེད་མོད་ཨ་མ་མ་རེད།
- ཡིན་ཡང་མོའི་སྟེང་དུའང་མོ་ཡི་ལུས་རྟེན་དེ་ཐོབ་ཡོད་པ་རེད།
- རྐྱེན་གཞན་དང་གཞན་གྱིས་མ་ཡིས་གྱུར་མ་ཐུབ་པ་མ་གཏོགས་མོ་ཡི་ལུས་རྟེན་ཡོད་པ་རེད།
- དེ་བས་བུད་མེད་ཐམས་ཅད་ཨ་མ་རེད་ཅེས་བཤད་ན་ཆོག་པ་རེད།
- དེ་ནི་རྒྱུ་དང་ས་བོན་བཀག་པ་མ་གཏོགས་མོའི་སྟེང་ནས་མ་གྲུབ་པ་མ་རེད།
- རེད་ལ།
- དེ་ན་ང་ཚོ་ཨ་མ་ཡིན་པའི་སྟེང་ནས་ནམ་ཡིན་ཡང་།
- ང་རྒྱལ་དང་གཟི་བརྗིད་ཀྱིས་ངང་ནས་འཚོས་ཆོག་ཆོག་རེད།
- ང་ཚོ་ང་རྒྱལ་སྐྱེས་ན་ཆོག་པ་རེད།
- ཡིན་ནའང་།
- ང་ཚོས་དོན་དམ་པས་མ་ཡུམ་ཟེར་བའི་ཐ་སྙད་དེར་འགན་ཁུར་ཐུབ་ཀྱིན་ཡོད་དམ་མེད།
- ང་ཚོ་ཨ་མ་ཡིན་པ་ངོ་མ་ཡིན་མོད།
- ཨ་མ་ཟེར་བའི་ཐ་སྙད་འདིར་འགན་ཁུར་ཐུབ་ཀྱིན་ཡོད་དམ་མེད།
- དེ་གནད་དོན་ཚབས་ཆེན་ཞིག་རེད།
- ཨ་མ་ཡི་འགན་ཁུར་ཐུབ་ཀྱིན་ཡོད་པ་མ་རེད།
- ཨ་མའི་གནད་དོན།
- ཨ་མས་འགན་ཁུར་ཐུབ་དགོས་ན།
- རང་གི་བྱིས་པ་ལེགས་ལམ་ལ་ཁྲིད་ནས།
- སློབ་གསོ་ཡག་པོ་བཏང་ནས།
- རིགས་རྒྱུད་གཙང་མ་སྤེལ་རྒྱུ།
- ཨ་མའི་ལས་ཀ་རེད།
- ཡིན་ནའང་དེང་སང་བོད་ཀྱི་བུད་མེད་ཀྱི་ནང་ན།
- རྒྱུ་ཁ་ཤས་ཀྱི་ཆེད་དུ་ཁ་ཆེ་བའི་རྗེས་ལ་འདེད་མཁན་ཅི་འདྲ་མང་བ།
- ཆེ་ས་ནས་བཤད་ན་རིགས་རྒྱུད་བརྫད་པ་རེད།
- དེ་དག་གིས་གཞན་ལ་སློབ་གསོ་ཅི་ལྟར་གཏོང་།
- ཁྱོད་ཀྱིས་རང་གི་རིགས་རྒྱུད་ཀྱང་བསྒྱུར་བས་གཞན་ལ་སློབ་གསོ་གཏོང་བྱེད་ཀྱི་ཁ་ལྕེ་མེད།
- ཨེ་རེད་དམ།
- དེ་བས་མ་ཡུམ་ཟེར་བ་དེ་ལ་ང་ཚོས་འགན་ཁུར་ཐུབ་དགོས།
- འགན་ཁུར་ཐུབ་དགོས།
- དེ་ཡིན་ན་ང་ཚོ་ཚང་མ་མིང་དོན་མཚུངས་བའི་མ་ཡུམ་ཞིག་ལ་རུང་ངམ་མི་རུང་།
- ང་ཚོ་མ་ཡུམ་ཞིག་ལ་མཛའ་འམ་མི་མཛའ།
- འདི་ལ་སོགས་པའི་ལྡོག་འདྲི་མང་པོ་ཞིག་དང་བཅས།
- ངས་ལྡོག་འདྲི་མང་པོ་ཞིག་དྲིས་པ་ཡིན།
- དེའི་འཕྲོ་ནས་བུད་མེད་རྣམས་ཤེས་རབ་ཀྱི་བདག་མོ་ཡིན་པའི་སྟབས་ཀྱིས།
- སྔོན་ཆད་ཀྱི་མཛངས་པའི་ལས་རྣམས།
- ཕྱི་ནང་གི་དེབ་ཐེར་དག་ན་བཀོད་ནས་བཞག་ཡོད་པ་དེ་རེད།