17 Apr 2013
30 min 37 sec
Video Overview
Creators:
Gangri Pumo, Drangchar
This is the sixth part of a lecture on literature by Pematso at the First Young Tibetan Women's Literature Training in Trika, Qinghai Province. Pematso is a teacher at Repgong Yipha High School.
- Triga
- དེ་ནས་ད་ནངས་བཤད་པའི་གོ་རིམ་གྱི་སྟེང་ནས་གོ་རིམ་གསུམ་པ།
- བོད་མོའི་རྩོམ་ཡིག་གི་གནས་བབ་དེའི་སྟེང་ན་ང་ཚོ་ཡོད་པ་རེད།
- ད་དུང་སྨྲེང་བུ་ཡིས་དྲི་བ་སྐོར་ཞིག་དྲིས་པ་རེད།
- དྲི་བ་ང་ལ་བཏོན་མོད་ང་ཚོ་ཚང་མས་གོ་དགོས།
- རེད་ལ།
- ཁྲི་སེམས་དཔའ་ཡིས་དྲི་བ་སྐོར་ཞིག་དྲིས་ཡོད་པ་དེ་ཡང་གཅིག་ལ་གཅིག་རེད།
- དྲི་བ་ང་ལ་དྲིས་མོད་ང་ཚོ་ཚང་མ་ལ་འཁེལ་ཡོད་པ་རེད།
- ངས་དེ་རེ་རེར་ང་རང་གིས་ལན་འདི་ལྟར་བཏབ་པ་ཡིན་ཞེས་བཤད་ཡོད།
- ཁྱོད་ཚོ་ཡིན་ཁྱོད་རང་གིས་ལན་ཅི་ལྟར་འདེབས་རྒྱུ་རེད།
- ང་ཚོས་དེ་བཤད་ཀྱིན་ཡོད་པ་རེད།
- དེ་རྗེས་ནས་ང་ཚོས་བགྲོ་གླེང་བྱེད།
- ཁྱོད་ཚོར་དེ་ལྟར་དྲིས་ན་ཁྱོད་ཀྱིས་ལན་ཅི་ཞིག་འདེབས།
- དེ་རྗེས་ནས་ང་ཚོས་རང་རང་གི་བསམ་ཚུལ་གླེང་རྒྱུ་བྱེད།
- རེད་ལ།
- དེ་གཅིག་རེད།
- དེའི་འཕྲོ་ནས་ཁྲིམས་ལུགས་ཚགས་པར་ནང་གི་རྡོ་རྗེ་ཚེ་རིང་གིས་ཀྱང།
- རྩོམ་རིག་གི་ཕྱོགས་ནས་བཅར་འདྲི་ཞིག་བྱས་པ་རེད།
- འདིའི་ནང་ན་ཡང་ང་ཚོ་ཚང་མས་གོ་ན་འགྲིག་པ།
- གོ་རྒྱུ་ཅན་གྱི་དྲི་བ་འགའ་རེ་ཡོད་ཀི
- ངས་ང་ཚོར་འབྲེལ་མེད་དོན་གཞན་གྱི་དྲི་བ་འདི་དག་མི་གླེང་རྒྱུ་བྱེད།
- ཐད་ཀར་དུ་ང་ཚོར་འབྲེལ་བ་ཡོད་པ།
- ཁོས་ཅི་ཟེར་ཞེ་ན།
- ཁྱོད་ཀྱིས་བསམ་ན་རྩོམ་འབྲི་ཡི་ལས་ཀའི་ཐད་ནས།
- བུད་མེད་ལ་སྐྱེས་པ་དང་མི་འདྲ་བའི་བཀག་རྐྱེན་ཅི་ཞིག་ཡོད་ཟེར།
- དེ་ནི་ང་ཚོར་ཐུག་ཡོད་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད།
- རེད་ལ།
- ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད།
- ཁོས་དེ་ལྟར་བཤད།
- དེ་ཡིན་ན་ངས་ཕྱིར་ཅི་ལྟར་ལན་བཏབ་ཟེར་ན།
- མདོར་བསྡུས་ཤིག་བྱས་པ་ཡིན།
- མདོར་བསྡུས་ཤིག་བྱས་ཡོད་མོད།
- འདིར་ང་ཚོས་འཕྲོས་བཤད་ཅིག་བྱས་ན་ཆོག་གི
- ཁ་བརྡ་ཡི་རྣམ་པའི་སྒོ་ནས།
- ངས་ཅི་ལྟར་ལན་བཏབ་པ་ཡིན་ཟེར་ན།
- རྩོམ་འབྲིའི་ལས་རིགས་འདིའི་ཐད་ནས།
- བུད་མེད་རྣམས་ལ་སྐྱེས་པ་དང་མི་འདྲ་ས་ཡི།
- བཀག་རྐྱེན་ཅི་འདྲ་ཞིག་ཡོད་མེད་དེར་འདང་རྒྱབ་མ་མྱོང་མོད།
- འོན་ཀྱང་ང་བརྒྱུད་ཡོང་བའི་ལམ་ལ་བལྟས་ན་བཀག་རྐྱེན་ཏག་ཏག་རེད།
- དེར་འདང་རྒྱག་མི་དགོས།
- ཨེ་རེད།
- ཁོས་ཁྱོད་ཀྱིས་འདང་བརྒྱབ་ན་བཀག་རྐྱེན་ཅི་འདྲ་ཡོད་ཟེར།
- དེར་འདང་རྒྱག་དགོས་པ་ཞིག་མ་རེད།
- དེ་ངོ་མས་མིག་ལམ་ལ་བཤམས་ཡོད་པའི་གནད་དོན་ཞིག་རེད།
- རེད་ལ།
- གནད་དོན་ཞིག་ཕུག་ན་ཡོད་དེ་ང་ཚོས་བཙལ་མི་དགོས།
- ང་ཚོ་སྐྱེས་པ་དང་བསྡུར་ནས་བཤད་ན།
- ང་རང་ཉིད་སྒེར་གྱི་ངོས་ནས།
- ང་དེ་ཡིན་ན་ཁྱོད་ཚོ་ཡང་དེ་ཡིན་པ་མ་རེད།
- ང་རང་ཉིད་སྒེར་གྱི་ངོས་ནས་ཅི་ཞིག་རེད་ཟེར་ན།
- གཉེན་ཞིག་སྒྲིག་ཁ་བྱས།
- ཁྱིམ་ཚང་ཞིག་སྐྱོང་ཁ་བྱས།
- བྱིས་པ་བུ་ཕྲུག་གི་གནམ་ནས་བསྡད།
- དེ་ལྟར་བྱས་པ་ཡིན་ན་འཁོར་བ་ཡི་ཅི་ཟེར་དགོས་པ་རེད་ཟེར་ན་གཏིང་རྡོ་འདྲ་བོ་རེད།
- ཨ་མ་དེ་ཁྱིམ་ཚང་ནང་གི
- དེའི་ཞོར་དུ།
- ཁྱིམ་ལས་ཙག་ཙིག་གི་སྐོར་ཚང་མ་རང་གིས་ལས་དགོས།
- དེའི་ཞོར་ནས་གཞུང་ཞབས་པ་འདྲ་ཞིག་ཡང་ང་ཚོ་ཚང་མ་རེད་ལ།
- ང་ཚོས་ལས་ཀ་འགའ་ཞིག་ཁུར་ཡོད་པ་རེད།
- གཞུང་གི་བྱ་བ་དེ་ཡང་ལས་དགོས་པ་རེད།
- རེད་ལ།
- དེ་ལྟར་ལས་དགོས་ན།
- ང་ལ་མཚོན་ན་རྩོམ་ཡིག་འདི་རང་གི་ངོས་ནས་བཤད་ན་ལས་རིགས་གཞན་ཞིག་རེད།
- ལས་རིགས་གསུམ་པ་རེད།
- ཁྱིམ་ཚང་གི་ལས་ཀ་ཡི་ནང་དུ་མ་གཏོགས།
- གཞུང་ཞབས་ཀྱི་ལས་ཀའི་ནང་དུ་མ་གཏོགས་པའི་ལས་རིགས་གཞན་པ་ཞིག་རེད།
- རེད་ལ་་་ལས་རིགས་གསུམ་པ་རེད།
- འདི་ལ་ཧ་ཅང་གིས་བར་ཆད་ཆེ་བ་རེད།
- འདི་ལ་ཧ་ཅང་གིས་དགའ་ལས་ཆེ་བ་རེད།
- དཀའ་ལས་ཆེ་བའི་གོ་རིམ་དེ།
- ད་ནངས་ཁྱོད་ཚོར་གཅིག་གཅིག་གཉིས་གཉིས་བྱས་ནས་བཤད་པ་ཡིན།
- ཡིན་ནམ།
- ཧ་ཅང་གིས་དཀའ་ལས་མང་པོར་འཕྲད་པ་རེད།
- དཀའ་ལས་མང་པོར་ཐུག་མོད་སྤྱིའི་ངོས་ནས་བཤད་ན།
- གཙོ་བོ་མི་རང་ཉིད་དེ་ལས་ཀ་གང་ལ་ཡང་།
- ཉམས་པ་མེད་པའི་སེམས་ཤུགས་ཤིག་ཡོད་དེ།
- དེར་བཅོས་མ་མ་ཡིན་པའི་དགའ་བ་ཞིག་ཡོད་ན།
- དོན་དག་གཞན་དག་གིས།
- དཔེ་བཞག་ན་ཁྱིམ་ཚང་གི་བར་ཆད།
- བྱ་བའི་བར་ཆད།
- འདི་དག་གིས་ཁོག་པ་མ་རེད།
- དེ་དོན་དག་ཆུང་ཆུང་ཡིན་པ་རེད།
- རེད་ལ།
- དོན་དག་ཆུང་ཆུང་ཡིན་པ་རེད།
- དཔེ་འཇོག་རྒྱུ་ན་ན་ཚ་ལས་ལྷག་པའི་བར་ཆད་ཅིག་མ་ཡོང་ན།
- ན་ཚ་ཡོང་ནས་འཇིགས་སྐུལ་བྱས་ན་དཀའ་རྒྱུ་རེད།
- དེ་མིན་དོན་དག་གཞན་པ་ཆུང་ཆུང་རེད་འདོད་ཀི
- དེ་བཀག་རྐྱེན་གྱིས་འགྱུར་མི་ཐུབ་ཀི་འདོད་ཀི
- ཡང་གཅིག་བཤད་ན།
- ཁྱིམ་ཚང་གི་ལས་ཙག་ཙིག་དེ་ལྟ་བུ།
- ལས་རིགས་གསུམ་པ་གཉེར་མཁན།
- ང་ཚོར་མཚོན་ན་ལས་རིགས་གསུམ་པ་ཟེར་བ་དེ་རྩོམ་རིག་གི་སྟེང་ནས་བཤད་པ་རེད།
- གཞན་ཞིག་མ་རེད།
- འདི་གཉེར་མཁན་ཞིག་ལ་བཀག་རྐྱེན་གྱིས་འགྱུར་མི་ཉན་གི
- བཀག་རྐྱེན་གྱིས་ལོག་མི་ཉན།
- ང་ལ་ཁྱིམ་ཚང་ནང་ན་དཀའ་ལས་འདི་འདྲ་ཡོད་ཀི
- བྱིས་པ་བུ་ཕྲུག་ཅེས་མཚམས་འཇོག་མི་ཉན་གི
- ངས་དེ་དུས་གནས་སྐབས་ཤིག་ལ་མཚམས་བཞག་པ་རེད།
- མ་ཐུབ་པ་རེད་དྲང་མོར་བཤད་ན།
- མ་ཐུབ་པ་རེད་་་བཀོད་པ་མ་ཡོང་བ་རེད།
- དེ་ཧ་ཅང་གིས་ང་ལ་མཚོན་ན་གྱོང་གུད་ཆེན་པོ་ཞིག་རེད།
- ལ་ལས་བཤད་ན་གྱོང་གུད་ཡིན་མོད།
- དེའི་ཕྱོགས་ན་ཁྱོད་ལ་ཉམས་མྱོང་མང་པོ་ཐོབ་ཡོད་པ་རེད་ཟེར།
- ཉམས་མྱོང་ཐོབ་ཡོད་ཁ་རེད།
- ཉམས་མྱོང་ཐོབ་ཡོད་ཁ་རེད་མོས་གྱོང་གུད་ཀྱང་རེད།
- འདི་དག་བར་ཆད་ལ་འགྱུར་དུ་འཇུག་མི་ཉན་གི
- སྤྱིར་དེ་འདྲ་ཞིག་རེད།
- ངས་ལན་དེ་འདྲ་སྟབས་བདེ་ཞིག་མ་གཏོགས་མ་བརྒྱབ།
- ལན་སྟབས་བདེ་འདི་རྒྱག་དོན་ཅི་རེད་ཟེར་ན།
- སྔོན་ལ་ངས་ལན་འདི་འདྲ་ཞིག་བཏབ་མྱོང་།
- མགོན་པོ་སྐྱིད་ཀྱི་བོད་མོའི་དོགས་གཞི་དང་ཐུན་མོང་གི་ལྟ་ཚུལ་ཞེས་པའི།
- དཔེ་ཆ་དེ་ཁྱོད་ཚོས་རིག་མྱོང་ཡོད་རྒྱུ་རེད།
- དེའི་སྟེང་གི་མོའི་དྲི་བ་དེ་བོད་ཆོལ་ཁ་གསུམ་གྱི་བུད་མེད་ཀྱི་ལས་ཀ་དང་།
- བུད་མེད་ཀྱི་རྩོམ་རིག་དང་བུད་མེད་ཀྱི་ལས་དབང་འདིར།
- ཅུང་ཙམ་མཉམ་འཇོག་མཁན།
- རྣ་བ་གཡོར་མཁན་གྱི་སྐོར་དེ་ཐམས་ཅད་ལ་དྲི་བ་མང་པོ་མོས་སྐུར་ཡོད་པ་རེད།
- དེ་ཧ་ཅང་གིས་ལས་པ་བཟང་གི
- དྲི་བ་གཅིག་སྟོད་ཀྱི་མི་ལ་བཏོན་ཡོད་ལ་སྨད་ཀྱི་མི་ལ་ཡང་བཏོན་ཡོད།
- སྟོད་ཀྱི་མི་ལ་ཡང་བཏོན་ཏེ་སྨད་ཀྱི་མི་ལ་ཡང་བཏོན་ན་གཉིས་ཀ
- དཔེ་འཇོག་རྒྱུ་ན་སྟོད་ཉི་མ་ལྷ་སའི་མི་ཞིག་ལ་དྲི་བ་ཞིག་དང་།
- སྨད་ང་ཚོ་ཨ་མདོ་ཕྱོགས་ཀྱི་མི་ཞིག་དྲི་བ་དེ་བཏོན་ན།
- དྲི་བ་འདོན་སའི་ཡུལ་གཉིས་ཀྱིས་གཅིག་གིས་གཅིག་ངོ་མི་ཤེས།
- ཁོ་གཉིས་འཚོ་གནས་བྱེད་སའི་ཁོར་ཡུག་མི་གཅིག་གི
- ཁྱིམ་ཚང་གི་ནང་ནས་ཀྱང་གཅིག་རྒྱུ་མ་རེད།
- དེ་ཡིན་ན་ཁྱོད་ཀྱིས་དྲི་བ་དེར་ཅི་ལྟར་ལན་རྒྱག་གི
- ངས་དྲི་བ་དེར་ཅི་ལྟར་ལན་རྒྱག་གི
- དེ་གཉིས་ཞིབ་བསྡུར་བྱས་ན་དེའི་ནང་ན་ཧ་ཅང་གིས་ལེན་རྒྱུ་ཡོད།
- དྲི་བ་འདོན་ཕྱོགས་དེ་ཧ་ཅང་གིས་བཟང་གི
- ཁྱོད་ཀྱིས་དེ་དུས་ཀྲུང་དབྱངས་མི་རིགས་སློབ་ཆེན་ནང་གི།
- ཚེ་རིང་སྒྲོལ་མ་ཟེར་བ་ཞིག་དང་ངེད་གཉིས་ལ་དྲི་བ་གཅིག་འཕངས་འདུག
- ཚེ་དབང་ལྷ་མོ་ཟེར་བ་རེད་ལ།
- དེ་དང་ངེད་གཉིས་ལ་དྲི་བ་གཅིག་འཕངས་འདུག
- དེ་ཡིན་ན་མོ་རང་རིག་གནས་ཀྱི་རིམ་པའི་སྟེང་ནས།
- རྒྱ་ཡིས་བཤད་ན文化层次མི་གཅིག་གི།
- མོ་རང་སློབ་ཆེན་གྱི་དགེ་རྒན།
- རྒྱ་ས་ཞིག་ན་ཡོད་ཀི
- ང་གཞི་རིམ་གྱི་དགེ་རྒན་ཆུང་ཆུང་ཞིག་རེད།
- མོས་གྲོང་ཁྱེར་བ་ཡི་འཚོ་བ་རོལ་བཞིན་ཡོད།
- ང་ནི་གཞི་རིམ་གྱི་བུད་མེད་ཕལ་བ།
- བུད་མེད་དཀྱུས་མ་ཞིག་གི་འཚོ་བ་དེ་རོལ་བཞིན་ཡོད།
- ངེད་གཉིས་ཀྱི་དེ་ཅི་ཟེར་དགོས་པ་རེད།
- བྱ་དངོས་ལ་ལྟ་ཚུལ་དེ་མི་གཅིག་གི
- སེམས་ཀྱི་འཁྱེར་སོ་དེ་མི་གཅིག་གི
- དེ་ལྟར་ལན་བཏབ་འདུག
- ལན་བཏབ་ནས་སོང་ན་མཐའ་མ་རྔ་མ་ལན་གཅིག་གི་སྟེང་ལ་བབས་འདུག
- དེ་ཅི་རེད་ཟེར་ན་ངེད་གཉིས་ཀ་བུད་མེད་ཡིན་པའི་རྐྱེན་རེད།
- གཉིས་ཀ་བུད་མེད་ཡིན་པའི་སྟབས་ཀྱིས་གཉིས་ཀར།
- རེབ་གོང་ན་ཁ་དཔེ་ཞིག་ཡོད།
- སྐྱ་རྒྱའི་མགོར་བྱུང་བ་དོ་རྒྱའི་མགོར་ཡང་བྱུང་འདུག་ཟེར་བ།
- མོར་བྱུང་བའི་སྡུག་དེ་ང་ཡང་བྱུང་འདུག
- ང་ལ་བྱུང་བའི་སྡུག་དེ་མོར་ཡང་བྱུང་བ་དེ་ནས་ལྷང་ལ་བུད་འདུག
- དེ་མིན་ཁྱོད་གྲོང་ཁྱེར་ན་བྱ་བ་སྒྲུབ་བཞིན་པའི་བུད་མེད་ཅིག་དང་།
- ངེད་གཉིས་ཀྱིས་དྲི་བ་གཅིག་ལ་ལན་གཅིག་བཏབ་ཟེར་ན་ཅི་ཡིན།
- ངེད་གཉིས་ཀྱིས་གཅིག་གིས་གཅིག་ངོ་ཡང་མི་ཤེས།
- དེ་ནི་ངེད་གཉིས་ཀྱིས་བར་ན་སྡུག་བསྔལ་གཅིག་ཡོད་པའི་རྐྱེན་རེད།
- ང་ཚོ་ཡང་འདི་ལྟར་བཤད་ནས་ཡོང་ན།
- ང་ཚོའི་བར་དུ་ཡང་སྡུག་བསྔལ་ལ་ལ་ཞིག་སྡུག་བསྔལ་གཅིག་ཡིན་ས་ཡོད་རྒྱུ་རེད།
- དེ་ཧ་ཅང་གིས་བཟང་གི
- དེའི་ནང་ནས་མོས་ང་ལ་དྲི་བ་ཅི་འདྲ་ཞིག་བཏོན་ཟེར་ན།
- སྐྱེས་པ་ཚོར་འབུམ་རམས་པ་དང་རབ་འབྱམས་པ་ཡི་ཡོན་ཚད་ཅི་ལྟར་མཐོ་ན།
- དེ་འདྲའི་བཟའ་ཚང་དེ་འདེམ་སླ་མོ་རེད།
- བོད་ཀྱི་བུད་མེད་ལ་མཚོན་ན།
- ཤེས་ཡོན་གྱི་ཚད་ཅི་ལྟར་མཐོ་ན་དེ་ལྟར་བཟའ་ཚང་འདེམ་དཀའ་ཟེར།
- ཁྱོད་ཀྱིས་བལྟས་ན་ཅི་འདྲ་རེད་ཟེར།
- ངོ་མ་རེད་ཅེས་བཤད་པ་ཡིན།
- ང་འབུམ་རམས་པ་དང་རབ་འབྱམས་པ་དེ་འདྲ་གཅིག་ཀྱང་མིན་མོད།
- ངས་ཡི་གེ་འགའ་ཤེས་པ་འདི་ཡིས་ང་རང་གསོད་ལ་ཉེ་བར་བྱས།
- ངས་ཡི་གེ་གཅིག་ཀྱང་མི་ཤེས་པ་ཞིག་ཡིན་ན་ངས་འདི་འདྲ་ཞིག་མྱངས་དགོས་རྒྱུ་མ་རེད།
- བྱིས་པ་འགའ་ཞིག་སྙོར་ནས་ཡུལ་ན་བསྡད་ཡོད་རྒྱུ་རེད།
- འགའ་ཞིག་ཤེས་པ་འདི་ཡིས་ང་མ་འགྲིག་པ་རེད།
- མ་འགྲིག་པ་རེད་མོད་དེ་ལྟར་ཟེར་ཉན་རྒྱུ་མ་རེད།
- མོས་དོན་དག་འཆོལ་བ་དེ་ཡི་གེ་ཤེས་པ་ལ་ལན་སོང་ཟེར་ན་ཐང་།
- དེ་མིན་མོད།
- འདང་རྒྱག་ཕྱོགས་ཀྱིས་བསམ་བློ་མི་གཅིག་པ་ཞིག་ཡོད་པ་རེད།
- རེད་ལ།
- རང་ལ་རང་གི་ཚུགས་ཐུབ་ཀྱི་འདང་རྒྱག་ཕྱོགས་ཤིག་ཡོད་པ་རེད།
- ཡོད་པས་གཉིས་ཀ་ལམ་གཅིག་གི་ནང་དུ་མ་འདྲེས་པར།
- འདི་ནི་ངའི་རྗེས་ཀྱི་རྣམ་འདྲེན།
- འདི་ཅུང་ཙམ་ཆག་སྒོ་ཡི་རྣམ་འདྲེན་གྱིས་ལོག་ཐལ།
- དེ་བཤད་རྒྱུ་མེད་ཀི
- རྩོམ་རིག་ལ་འཇུས་མེད་པར་ཡི་གེ་ཡང་མི་ཤེས་པ་ཞིག་ཡིན་ན།
- ཡིག་རྨོངས་བ་ཞིག་ཡིན་ན།
- ཡུལ་ན་ངས་མགོ་ལུག་ལུག་བྱས་ནས།
- ཕག་བཅོས་ནས་སྣ་མགོ་ཡི་ས་བྲད་ནས་བསྡད་ཡོད་རྒྱུ་རེད།
- ཁོས་ཀྱང་ང་ཁྱིམ་ཚང་ལས་རྒྱང་འབུད་ལ་གཏོང་རྒྱུ་མ་རེད།
- ངས་འདི་སྣོག་ནས་བསྡད་པས་མ་འགྲིག་པ་རེད།
- དེ་ངས་ངོ་མ་རེད་ཅེས་བཤད་པ་ཡིན།
- དེ་ཅི་རེད་ཟེར་ན།
- སྐྱེས་པ་ཚོར་རབ་འབྱམས་པ་དང་འབུམ་རམས་པ་ཡི་ཡོན་ཚད་ཅི་ལྟར་མཐོ་ན།
- བཟའ་ཚང་འདེམ་རྒྱུ་དེ་ལྟར་སླ་མོ་རེད་ཟེར་བ་འདི་ཅི་ཞིག་རེད་ཟེར་ན།
- གནད་དོན་འདི་བོད་ཀྱི་བུད་མེད་ཀྱི་སྟེང་ན་ཡོད་པ་རེད།
- བོད་ཀྱི་བུད་མེད་རྣམས་ལ་གཞན་བརྟེན་གྱི་འདུ་ཤེས་འདི་ཤུགས་དྲག་པ་རེད།
- དེང་སང་གི་ལོ་ཆུང་གི་བུ་མོ་ཚོའི་ནང་ན།
- སློབ་གྲྭ་བཏོན་ཏེ་ཕྱིར་ཡོང་ན་ལས་ཀ་ལས་མི་འདོད་ཀི
- ལས་ཀ་ལས་མི་འདོད་ཀི
- གོན་པ་ཡག་པོ་གོན་ན་འདོད་ཀི
- ལྟད་མོ་ཡག་པོར་བལྟ་རུ་སོང་ན་འདོད་ཀི
- དེ་ན་བཟའ་ཚང་སྒྲིག་དུས།
- དྲང་མོར་བཤད་ན་རྒད་པོ་ལོ་ལོན་ཞིག་ཡིན་ནའང་རྗེས་ལ་འགྲོ་བ་རེད།
- རྒད་པོ་ལོ་བདུན་ཅུ་བརྒྱད་ཅུ་ཅན་གྱིས།
- བུ་མོ་ལོ་བཅོ་ལྔ་ཉི་ཤུ་བླངས་ཡོད་པ་མང་བ་རེད།
- གནད་དོན་དེ་གང་ནས་བྱུང་བ་རེད།
- བུད་མེད་ཚོའི་གཞན་བརྟེན་གྱི་འདུ་ཤེས་དེའི་ཤུགས་དྲག་པ་རེད།
- རྒད་པོ་དེའི་རྩིབ་ནས་བསྡད་ན་ཁྱོད་ལ་འཚོ་བ་ཡི་མཐུན་རྐྱེན་སྦྱོར་ཐུབ་པས།
- ཁྱོད་རང་ཟས་རང་འགྲུབ་དང་གོས་རང་འགྲུབ་རེད་ལ།
- མོའི་སེམས་ནང་ན་དེ་མ་གཏོགས་མེད་སོང་བ་རེད།
- རེད་ལ།
- དེ་འདྲའི་སྣང་ཚུལ་ཧ་ཅང་ཚབས་ཆེ་བ་རེད།
- བུད་མེད་ཅིག་གིས་དེ་མི་ཐུབ་པ་རེད།
- མི་ཐུབ་པ་རེད།
- སྐྱེས་པ་ཚོར་ཁེར་ཚུགས་ཀྱི་བསམ་བློ་ཡོད་པ་རེད།
- ཁྱོད་ལ་མི་བརྟེན།
- བུད་མེད་ཚོ་དེ་རེད་་་སེམས་ནང་ནས་མི་འདོད་ནའང་།
- མིག་གི་ནང་གི་སྐྱིད་ཐུང་ཐུང་དེར་བལྟས་ནས།
- རྒྱ་རྐང་ཞིག་དང་ཤ་ཟ་རྒྱུ་སོགས་ལ་སྡུག་མི་དགོས།
- ལས་ཀ་མ་ལས་ན་ཆོག་གི་ཞེས།
- དེ་འདྲའི་སྐྱིད་ཅིག་ཡོད་རྒྱུ་མ་རེད།
- བདེ་སྐྱིད་བདེ་སྐྱིད་ཟེར་བ་འདི།
- ཕྱིའི་ཟང་ཟིང་གི་དངོས་པོ་ཡི་སྟེང་ནས་ལོངས་སུ་སྤྱོད་རྒྱུ་ཞིག་མ་རེད།
- མ་རེད།
- སེམས་ཀྱི་ལོངས་སྤྱོད།
- སེམས་སྐྱིད་ནས་བསྡད་ན་སྐྱིན་པོ་རེད།
- སེམས་ཕྱུག་ན་ཕྱུག་པོ་རེད།
- སེམས་སྐྱིད་པོ་ཟེར་བ་འདི།
- རང་གིས་རང་ལ་འདང་རྒྱག་ཚུལ་དང་ཁེར་ཚུགས་ཀྱི་བསམ་བློ་ཞིག་ཡོད་པ།
- སེམས་ཕྱུག་པོ་ཟེར་བ།
- རང་གིས་རང་གི་བློ་སྦྱོང་ལ་འབྲེལ་ནས་ཤེས་བྱ་ཞིག་ཡོད་ན།
- དེ་ནི་ད་གཟོད་རྒྱུ་ནོར་གྱིས་ཉོ་ཐབས་མེད་པའི་ལོངས་སྤྱོད་རེད།
- དེ་ཡིན་ན་སྐོར་ཞིག་གིས་དེར་བསམ་བློ་མ་བཏང་བར།
- མིག་གི་ཁ་ཡི་ཐུང་ཐུང་དེར་བལྟས་ནས་རང་གི་ཡོད་ཚད་དེ་ལ་བྱིན་པ་རེད།
- གནད་དོན་དེ་སྐྱེས་པ་ཚོའི་སྟེང་ན་ཡང་ཡོད་ཡོད་མོད།
- གཙོ་བོ་བུད་མེད་རང་སྟེང་ནས་བྱུང་བ་རེད།
- བོད་ཀྱི་བུད་མེད་འདི་དག་ལ་གཞན་བརྟེན་གྱི་བསམ་བློ་དེ་ཧ་ཅང་ཤུགས་དྲག་པ་རེད།
- ཅུང་ཙམ་ཡིན་ནའང་གཞན་ལ་ཁེན་རྒྱུ།
- བོད་ཀྱི་བུ་མོ་ཆུང་ཆུང་བ་རྣམས་ལ་བལྟས་ན།
- སློབ་གྲྭའི་ནང་དུ་སོང་ན་ཟུར་ནས།
- དེང་སང་རྒྱ་ཡི་སྐད་ཆ་ཞིག
- རྒྱ་སྐད་ཀྱིས་བཤད་ན་时髦ཡི་སྐད་ཆ་ཞིག་བཤད་རྒྱུ་ཡོད་པ།
- 大款ཞིག་འཛིན་དགོས་པ་རེད་ཅེས་བཤད་པ།
- སྐད་ཆ་དེ་ཧ་ཅང་གིས་མི་ཡག་མོད།
- ཡག་མི་ཡག་མོད།
- དེ་ནི་བོད་ཀྱི་སྤྱི་ཚོགས་ནང་དུ་གནས་པའི་གནད་དོན་ཡང་རེད།
- ངོ་མ་བཤད་པ་ཡིན།
- སློབ་གྲྭའི་ནང་ན་དེ་འདྲ་ཡོད་ཀི
- སློབ་གྲྭ་མང་བོའི་ནང་ན།
- ཟུར་ན་ཕྱུག་པོ་ཞིག་ལ་འགྲོགས་ས་མེད་ན་སྐྱིད་རྒྱག་མི་ཐུབ་ཀི
- གོན་པ་རྟགས་ཅན་ནམ་ཚོང་རྟགས་ཅན་དེ་འདྲ་གོན་མི་ཐུབ།
- གློག་ཀླད་དང་ཁ་པར་བཟང་བོ་འཛིན་མི་ཐུབ་ཀི
- སྒོར་མོ་གློ་ཁུག་ནང་ན་ཆུ་བཞུར་བཞུར་བྱས་ནས་བཀོལ་རྒྱུ་མེད་ཀི
- ཡུལ་གྱི་ཕ་མའི་ལག་ལ་བལྟས་ནས་བསྡད་ན།
- དེ་ཡིན་ན་རང་གི་ཡོད་ཚད་གཞན་ལ་བྱིན་ནས།
- གཞན་གྱིས་ཁྱོད་ལ་འཚོ་བ་ཡིན་མཐུན་རྐྱེན་ཁོ་ན་སྦྱར་ན།
- ཁྱོད་མི་ཡིན་པ་བརྗེད་འདུག
- ཁྱོད་ཀྱང་མི་ཞིག་རེད།
- ཨེ་རེད།
- འཚོ་བ་ཡི་མཐུན་རྐྱེན་དེ་ང་ཚོར་བཤད་རྒྱུ་ཞིག་ཡོད་པ།
- མི་རྒྱ་ཐོག་ནས་བཞག་ན་ཡང་འདུག་པ་རེད།
- སྲང་ཐོག་ནས་བཞག་ནའང་འདུག་པ་རེད།
- ང་ཚོར་བཤད་རྒྱུ་ཞིག་ཡོད་པ།
- ཇ་འཐུང་མ་དང་ཆུ་འཐུང་མ།
- ནམ་མཁའ་ལངས་ལ་འདྲ་འདྲ་ཡིན་ཟེར་བ།
- དེ་གཅིག་དང་གཅིག་རེད།
- རེད་ལ།
- རྒྱན་གྱི་མཆོག་ནི་ཐོས་པ་སྟེ།
- གྲོགས་ཀྱི་མཆོག་ནི་མི་བསླུ་བའོ་ཞེས།
- སྔོན་བྱོན་མཁས་པར་དེ་ལྟར་ལེགས་བཤད་ཡོད་པ་རེད།
- མིའི་སྟེང་གི་རྒྱན་ཆ་ཆེས་མཆོག་ཏུ་གྱུར་བ།
- རྒྱན་ཆ་ཅི་ཞིག་རེད་ཟེར་ན་ཐོས་པ།
- ཐོས་པ་ཟེར་བ་དེ་ཡོན་ཏན་རེད།
- མིའི་རྒྱུད་ན་ཡོན་ཏན་ཞིག་ཡོད་ན་དེ་ཡག་པོ་ཞིག་རེད།
- ཁྲ་ཁྲ་རིག་རིག་གི་གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆ་མ་ཐེག་པར་སོང་ནས།
- རྒྱན་ཆ་དེ་ས་ཉོ་རྡོ་ཉོ།
- དེ་ཡ་མཚན་ཡིན་པ་མ་རེད།
- ད་ང་ལྟ་བུ་ཞིག་གིས་ཡིན་པ་མ་རེད་ཅེས་ཐག་གིས་བཅད་པ་མ་རེད།
- དང་པོ་ནས་ཡོད་པ་རྒྱན་གྱི་མཆོག་ནི་ཐོས་པ་དང་།
- གྲོགས་ཀྱི་མཆོག་ནི་མི་བསླུ་བ་ཟེར་བ།
- དེ་ཡིན་ན་ང་ཚོས་དེ་ལྟར་མ་བྱས་པར།
- ཕྱིའི་ཟང་ཟིང་དེར་འཁོར་ནས་རང་ཉིད་མི་ཞིག་ཡིན་པ་བརྗེད་དེ།
- རང་གི་མི་གཤིས་དེ་རྩ་བ་ནས་མེད་པར་བཏང་ནས།
- རྐང་བའི་ཐོག་ན་འགྲོ་བ་ལས་མི་ཞིག་ཡིན་མ་ཡིན་མེད་ཀི
- ལེགས་བཤད་ཀྱི་ནང་ན་ཡོད་པ།
- སྤུ་མེད་པ་ཡི་ཕག་དང་འདྲ་ཟེར་བ།
- འདི་ལ་སྤུ་ཞིག་མ་སྐྱེས་པ་མ་གཏོགས་ཕག་རེད་ཟེར་བ་བཞིན།
- ང་ཚོ་ཡང་རྐང་ལག་བཞི་བོའི་སྟེང་ནས་ཀོག་སྟེ།
- མོའོ་ཟེར་བཞིན་མ་སོང་བ་མ་གཏོགས་དུད་འགྲོ་རེད།
- མ་སོང་བ་མ་གཏོགས།
- ཚང་མ་བྱིན་ནས་ཁྱོད་ཀྱང་མི་ཞིག་རེད།
- ཁྱོད་ཀྱང་སྨྲ་ཤེས་ཤིང་དོན་གོ་བའི་མི་ཞིག་རེད།
- སྨྲ་ཤེས་ཤིང་ཟེར་བ་དེ་རང་བཞིན་གྱིས་སྐད་ཆ་ཞིག་པ་ར་ར་བཤད་པ་ཞིག་མ་རེད།
- གནས་ལུགས་ཅན་གྱི་སྐད་ཆ་ཞིག་བཤད་ཤེས་དགོས།
- དོན་གོ་བ་ཟེར་བ་དེ་ཅི་ཞིག་རེད།
- ཁྱོད་ཀྱིས་ང་ལ་ཅིག་བཤད་ན་གོ་བ་དེ་མ་རེད།
- བསམ་བློ་གཏོང་ཤེས་དགོས།
- མིའི་མཚན་ཉིད་དེ་ལྟར་བཞག་ན་ཆ་ཚང་རེད།
- ཕར་ལ་གནས་ལུགས་ཅན་ཞིག་བཤད་རྒྱུ་ཡོད་པ།
- རང་ལ་ཁེར་ཚུགས་ཀྱི་བསམ་བློ་ཞིག་ཡོད་ན།
- མི་ཟེར་བ་དེ་ཕལ་ཆེར་དེ་འདྲ་ཞིག་གི་མིང་ལ་གོ་དགོས།
- རང་གི་འདང་རྒྱག་ཕྱོགས་བཤད་པ་ཡིན།
- དེ་མེད་སོང་བ་རེད།
- དེ་ཡིན་ན་སྐྱེས་པ་ཚོས་ཡོ་ཏན་གྱི་ཚད་ཅི་འདྲ་མཐོ་ན།
- བཟའ་ཚང་འདེམ་སླ་མོ་ཡིན་པ་དེ་རེད།
- ཕྱུག་པོ་ཆགས་ནས།
- མཚན་སྙན་གྲགས་ཡོད་ན་བུ་མོ་བསལ་ན་ཆོག་གི
- ཆོག་གི
- བུ་མོ་ཚོ་དེ་ལྟར་རྗེས་ལ་དེད་ནས་འགྲོ
- བོད་ཀྱི་བུ་མོ་ཞིག་ལ་ཡོན་ཏན་ཡོད་ཉན་ནི་མ་རེད།
- ཡོན་ཏན་ཡོད་ན་ཚང་མའི་མིག་ནང་གི་ཚེར་མ་རུ་ལོག་འགྲོ
- མིག་གི་ནང་གི་ཚེར་མ་རུ་ལོག་འགྲོ
- དེར་བལྟས་ནས་བསྡད་ན་སྐྱོན་ཞིག་ཡོད་ཅེས་ཁས་ལེན་པ་མ་རེད།
- བོད་ཀྱི་སྐྱེས་པ་རྣམས་ལ་ལྷན་སྐྱེས་ནས།
- ངས་དེའི་སྟེང་དུ་ལན་དེ་ལྟར་བརྒྱབ་ཡོད།
- བྲན་འཁོར་གྱི་འདུ་ཤེས་དེ་དྲག་པོ་ཡོད་པ་རེད།
- བུད་མེད་ཅིག་ཡིན་ན་བྲན་དང་འཁོར་བོ།
- འཁོར་བོ་ཟེར་ན་གཡོག་པོ་དང་བྲན་རེད།
- དེའི་འདུ་ཤེས་དེ།
- ཁྱོད་ངའི་རྒན་མོ་ཡིན་ན་ཅི་ཞིག་རེད་ཟེར་ན།
- ཁྱོད་ཀྱིས་ང་ལ་གཡོ་སྐོལ་བྱོས།
- ཁྱོད་ཀྱིས་ང་ལ་ཞབས་ཞུ་བྱོས།
- ཁྱོད་ལ་འཚོ་བའི་མཐུན་རྐྱེན་དེ་ངས་སྦྱོར།
- དེ་ལྟར་བཤད་ན་བུད་མེད་ལ་ལ་ཞིག་གིས་ཡ་ཞེས་ཁ་རོག་གེར་བསྡད་ཡོད་པ་རེད།
- ཡིན་ཁ་བྱས་ནས་བསྡད་ཡོད་པ་རེད།
- ལ་ལ་ཞིག་གིས་དེ་མི་དགོས་ཟེར་བཞིན་ཡོད་པ་རེད།
- དྲང་མོར་བཤད་ན་མགོར་ཐུར་འཇོག་གིན་ཡོད་པ་མ་རེད།
- མ་བཞག་ན་བར་ནས་འགལ་བ་བྱུང་བ་རེད།
- ང་དེ་མི་འགྲོ་ཟེར་བཞིན་ཡོད་པ་རེད།
- བར་ནས་འགལ་བ་བྱུང་བ་རེད།
- བོད་ཀྱི་བུད་མེད་ཀྱི་ནང་ན་དེ་ཚབས་ཆེ་བ་རེད།
- མགོ་འབུལ་འདི་འབུལ་གྱིས་ཚང་མ་བྱིན་པ་རེད།
- དེ་ཡིན་ན་དྲི་བ་དེའི་ནང་ནས་ཀྱང་དེ་རེད།
- སྐྱེས་པ་ཚོར།
- བོད་ཀྱི་སྐྱེས་པ་ཕལ་ཆེར་ཞིག་ལ་ཅི་ཞིག་རེད་ཟེར་ན།
- བྲན་འཁོར་གྱི་འདུ་ཤེས་འདི་ཤུགས་དྲག་པ་རེད།
- དེ་བས་བུད་མེད་ཅིག་ལ་ཡང་གཡོག་མོ་ལུག་འདྲ་བ་ཞིག་བླངས་ན།
- ཁོས་ཅི་ལྟར་བཀོད་སྒྲིག་བྱས་ནས།
- སྣ་གདུ་ལ་འཇུས་ནས་གང་ལ་ཁྲིད་ན་འདུག་གི
- ཁྱོད་གན་དུ་ལོངས་ནས་སྡོད་ཟེར་ན་ལངས་ནས་འདུག་རྒྱུ་རེད།
- ཙོག་ནས་སྡོད་ཟེར་ན་ཙོག་ནས་འདུག་རྒྱུ་རེད།
- གཞན་ཞིག་གིས་བཤད་པ།
- ཁྱོད་ཀྱིས་ང་འགྲོ་གི་ཟེར་ནས་བཏང་ནས་བལྟ།
- ཁྱོད་ཀྱིས་ང་འདུག་གི་ཟེར་ནས་བཏགས་ནས་བལྟ་ཟེར་བ་བཞིན།
- དེ་འདྲ་ཞིག་གིས་བཏང་ནས་བཞག་ཡོད་པ་རེད།
- དེ་འདྲ་ཞིག་གིས་བཏང་ནས་བཞག་ཡོད་པ་རེད།
- དེ་གནད་དོན་གཙོ་བོ་རང་སྟེང་ནས་བྱུང་བ་རེད།
- རང་སྟེང་ནས་བྱུང་བ་ཤེས་པ་རེད།
- རང་སྟེང་ནས་བྱུང་བ་རེད།
- གཡུང་མོ་ལུག་འདྲ་ཞིག་དགོས་པ་དེ་རེད།
- དེ་ཡིན་ན་ཁོས་ཅི་ལྟར་བཀོད་སྒྲིག་བྱས་ན་ཆོག
- སྐྱེས་པ་ལ་ཧ་ཅང་གིས།
- རྒྱ་ལ་བཤད་རྒྱུ་ཞིག་ཡོད་པ།
- སྐྱེས་པ་བྱ་བའི་སྟེང་ན་གྲུབ་འབྲས་ཅན།
- དང་པོ་ནས་སྙན་གྲགས་ཅན་དང་མཚན་སྙན་གྲགས་ཕྱོགས་ཡོངས་ལ་ཁྱབ་ཡོད་པའི།
- རྒྱབ་ལྗོངས་ན་བུད་མེད་ཅིག་གིས་ཡོད་ཚད་བློས་བཏང་ཡོད་ཅེས།
- དེ་ངེས་པར་དུ་ཡོད་པ་ཞིག་རེད།
- དེ་ཁོས་གཅིག་པུ་ཡིས།
- འཁོར་བ་འདི་ཕོ་མོ་གཉིས་ཀྱིས་ལག་པ་གཉིས་ཀྱིས་སྐྱོང་རྒྱུ་ཞིག་རེད།
- གཅིག་གིས་གཅིག་ལ་རྒྱབ་སྐྱོར་མེད་དེ་འཁྱོང་ས་འགྲོ་བ་མ་རེད།
- རེད་ལ།
- དེ་ཡིན་མོད་ཁོ་ཚོས་དེ་ཁས་བླངས་ན་འདོད་པ་མ་རེད།
- བུད་མེད་ཀྱི་རྒྱབ་སྐྱོར་ཞིག་ལ་བརྟེན་ནས།
- འདིས་ང་ལ་འཚོ་བ་ཡི་མཐུན་རྐྱེན་སྦྱར་ནས།
- ཁྱིམ་ཚང་གི་ནང་དུ་འདིས་ང་ལ་སེམས་ཁུར་མེད་པར་བྱས་ནས།
- ངས་བྱ་བ་ཏག་ཏག་གི་སྟེང་དུ་མགོ་འཁོར་ནས་བསྡད་ན་ཆོག་པར་བྱས་པས།
- ང་ལ་གྲུབ་འབྲས་འདི་འདྲ་ཞིག་ཐོབ་སོང་ཞེས།
- དེ་ཁས་ལེན་པ་མ་རེད།
- གྲུབ་འབྲས་ཡོད་པ་དག་ཕལ་ཆེར་དེ་ཡིན།
- ཡུལ་ན་བུད་མེད་ཀྱིས་ཁོ་ལ་སེམས་ཁུར་མེད་པར་བྱས་ནས།
- བྱ་བ་ཙག་ཙིག་ཐམས་ཅད།
- ཁྱིམ་ཚང་གི་འགན་ཆེ་མ་ཆུང་གསུམ་ཐམས་ཅད་མོའི་ཁུར་ནས།
- བུད་མེད་ཀྱིས་ཁུར་བས།
- ད་གཟོད་ཁོ་རང་ཁ་གཡེང་ལུས་གཡེང་ལ་བཏང་བ་རེད།
- དེ་བས་ཁོས་བྱ་བ་ཏག་ཏག་མི་སྒྲུབ་པར་གང་དུ་འགྲོ།
- ཨེ་རེད།
- དེ་འདྲ་ཞིག་རེད།
- དེ་བས་སྐྱེས་པ་ཚོས་བཟའ་ཚང་བདམ་སླ་མོ་ཡིན་པ་དེའི་རྐྱེན་རེད།
- འཚོ་བའི་སྟེང་ནས་བོད་ཀྱི་བུད་མེད་རྣམས་བདེ་འདོད་སྐྱིད་འདོད་ཆེ་བས།
- དེ་འདྲ་ཞིག་གིས་ལོག་སོང་བ་རེད།
- གནད་དོན་དེ་བུད་མེད་རང་སྟེང་ནས་བྱུང་བ་རེད།
- བུད་མེད་ལ་ཤེས་བྱ་ཅུང་ཙམ་ཡོད་ན་མ་འགྲིག་པ་རེད།
- རང་གིས་བཀོད་སྒྲིག་བྱེད་ས་མི་འགྲོ།
- བཀོད་སྒྲིག་བྱེད་ས་མ་སོང་ན་མ་འགྲིག་པ་རེད།
- མ་འགྲིག་པས་བཟའ་ཚང་བདམ་རྒྱུ་དཀའ་བ་དེའི་རྐྱེན་རེད།
- ཁྱོད་ཀྱིས་ལྟོས་དང་།
- བུ་མོ་ཚོས་རྒད་པོ་བཙལ་རྒྱུ་སླ་མོ་ཡིན་པ་དང་།
- རྒད་པོ་ཚོས་བུད་མེད་བཙལ་རྒྱུ་སླ་མོ་ཡིན་པ་གཉིས་ཀྱི་བར་ན་ཧ་ཅང་གིས་ཁྱད་པར་ཡོད།
- སྐྱེས་པ་ཚོས་བུད་མེད་དེ་ང་ཚོར་བཤད་རྒྱུ་ཞིག་ཡོད་པ་ལྷམ་བརྗེ་བརྗེ་བྱས་ནས།
- མང་པོ་ལག་ཏུ་ཡོང་བ་རེད།
- ཁྱོད་ལ་དེའི་ནུས་པ་དེ་ཡོད་ན།
- བུད་མེད་ཚོར་དེ་དཀའ་བ་རེད།
- སྤྱི་ཚོགས་ཀྱི་གནད་དོན་ཟེར་བ་འདི་དག་རེད།
- དེ་ཡང་དེད་དེ་མདོར་བསྡུས་ནས་སོང་ན་གནད་དོན་རང་སྟེང་ནས་བྱུང་བ་རེད།
- དེ་བས་མགོན་པོ་སྐྱིད་ཀྱི་དྲི་བ་དེར་ངས་དེ་ལྟར་ལན་བརྒྱབ་ཡོད།
- མཐའ་གཅིག་ཏུ་སྐྱེས་པ་ཏག་ཏག་ལ་ཁག་བཞག་ན་ཡང་འགྲིག་པ་མ་རེད།
- བུད་མེད་ཏག་ཏག་ལ་ཁག་བཞག་སའང་འགྲོ་བ་མ་རེད།
- གནད་དོན་འདི་གཉིས་ཀྱིས་དཀྱིལ་ནས་ལས་ཏེ་གྲུབ་པ་ཞིག་རེད།
- དེ་འདྲ་ཞིག་རེད།
- ལན་དེ་ལྟར་བཏབ་པ་ཡིན།
- དེའི་སྟེང་དུ་ཡང་བུད་མེད་ལ་བཀག་རྐྱེན་ཅི་འདྲ་ཞིག་ཡོད་པ་ཤེས།
- དྲི་བ་འདིའི་ནང་ནས་ང་ཚོས་འཕྲོས་བཤད་བྱས་པ་དེ་རེད།
- དེ་བས་བོད་ཀྱི་བུ་མོ་མང་པོ་ཞིག་ལ་ཅི་རེད་ཟེར་ན།
- ངས་སྔོན་ཆད་སྙན་ངག་ཅིག་བྲིས་མྱོང་།
- དྲན་ཤེས་དམར་པོ་ཞིག་གི་གསང་བ་ཞེས།
- དྲན་ཤེས་དམར་པོ་ཞིག་གི་གསང་བ་ཞེས།
- བུད་མེད་ཡིན་ན་ཤ་དང་རུས་པ་གཉིས་ལས་ཤ་དང་ཁྲག་གི་བདག་པོ་རེད།
- དེ་བས་དྲན་ཤེས་དམར་པོ་ཟེར་དོན་དེ་རེད།
- བུད་མེད་ཚོ་དཀར་དམར་གཉིས་ལས་དམར་པོ་ཡི་བདག་པོ་རེད།
- ཨེ་རེད།
- དམར་པོ་ཞིག་གི་གསང་བ་ཟེར་བ་ཅི་རེད།
- བུད་མེད་ཐམས་ཅད་ལ་གསང་བ་རེ་དང་གསང་བའི་གཏམ་རྒྱུད་རེ་ཡོད་པ་རེད།
- ཡོད་མོད་འདི་ཕྱིར་ཕུད་ཐུབ་པ་མ་རེད།
- ཁོག་ཏུ་སྦས་ནས།
- ང་ཚོ་ལས་ངན་ནང་གི་ལས་ཅན་རེད།
- ཡི་གེ་ཤེས་པས་རང་གིས་བཤད་འདོད་པ་བཤད་ན་ཆོག་གི
- བཤད་མི་ཐུབ་ན་ཡིག་སྟེང་དུ་ཕབ་ན་ཆོག་གི
- ཡུལ་གྱི་བུད་མེད་དག་སྙིང་རྗེ་སྡུག་ཧ་ཅང་ཆེ་བ་རེད།
- ཡི་གེ་མི་ཤེས།
- སེམས་ན་སྡུག་བསྔལ་ཧ་ཅང་ཡོད་མོད།
- ང་ཚོའི་དེ་ན་ཨ་ཅེ་ཞིག་ཡོད།
- སྙིང་རྗེ།
- ཨ་ཅེ་ཡག་མ་ཟེར་བ་ཡིན།
- དངོས་གནས་ཡག་མ་ཟེར་བ་ཡིན།
- ངས་དངོས་གནས་བུད་མེད་དེ་འདྲ་ཡག་མ་རིག་མ་མྱོང་།
- དེང་སང་རྒས་ནས་ལོ་ལྔ་བཅུ་ཚར་ནས་དྲུག་ཅུ།
- དེ་ལོ་ཞིག་ལ་ང་མ་བདེ་བར་བོད་སྨན་ཁང་དུ་ཟླ་འགའ་ལ་བསྡད།
- མོ་དེའི་ནང་དུ་ཡོང་ནས་གླ་ཆ་བཙལ་ཆེད་ནང་དུ་གཙང་དག་བྱེད་བཞིན་འདུག
- ངེད་གཉིས་ཀྱིས་ཁ་བརྡ་བྱེད་བཞིན་མོའི་རྒྱུ་མཚན་ཁ་བརྡ་བྱས་པ་ཡིན།
- རྒྱུ་མཚན་ཁ་བརྡ་བྱས་ནས་མོ་སྔོན་ལ་སློབ་གྲྭ་སོང་ཚུལ་སོགས་བཤད་དེ།
- སློབ་གྲྭའི་ནང་དུ་སློབ་མ་ཡིན་དུས།
- རྨ་ལྷོ་ཁུལ་གྱི་དམག་ཁུལ་གྱི།
- རྒྱ་ཡིས་བཤད་ན་州军分区司令ཡོད་པ།
- དེ་འདྲ་ཞིག་གིས་མོ་བློར་བབས་ནས།
- བློར་འབབ་པ་མོའི་སྟེང་ན་དེ་འདྲའི་ཁྱད་ཆོས་ཤིག་ཡོད་པ་རེད།
- དམག་ཁུལ་གྱི་司令员གིས་བློར་འབབ་རྒྱུ་དེ་འདྲ་སླ་མོ་ཞིག་མ་རེད།
- དེའི་མིག་ནང་དུ་རྒྱ་མོ་ཚོ་མི་འཁོར་བར་ལུང་པ་ཆུང་ཆུང་ནང་གི་བུ་མོ་ཞིག་འཁོར་རྒྱུ་ཨེ་རེད།
- ངས་བཤད་པའི་ཨ་ཅེ་དེ་དེ་འདྲའི་ཡག་མ་ཞིག་ཡིན་པ་རེད།
- དེ་ལྟར་མོ་སློབ་གྲྭའི་ནང་དུ་ཡོད་དུས།
- མོར་གློག་བརྙན་ལ་བལྟ་རུ་འཇུག་པའི་ཆེད་དུ།
- རྨ་ལྷོ་དགེ་ཐོན་སློབ་གྲྭའི་སློབ་གྲྭ་གང་བོར་རིན་མེད་དུ་གློག་བརྙན་བསྟན་ཟེར།
- སྔོན་ཆད་གློག་བརྙན་ལ་བལྟ་མི་ཐུབ་ཀི
- གློག་བརྙན་ལ་བལྟ་མི་ཐུབ་ཀི
- དེ་འདྲ་ཞིག་ཡིན་པ་རེད།
- རྗེས་སུ་བཟའ་ཚང་གི་སྟེང་ནས་ཕ་མས་བཙན་གྱིས་མོ་ཅིག་ལ་བྱིན་པ་རེད།
- བྱིན་རྗེས་མི་དགོས་ཟེར་ན་ཕ་མ་ལ་འགལ་དགོས།
- ཡ་ཟེར་ན་རང་གིས་མི་འདོད་ཀི
- དེ་ལྟར་རྗེས་ནས་བྱིས་པ་གསུམ་ཡོད་ཀི
- དེ་ལྟར་བྱས་ཏེ་ལོ་ལྔ་བཅུ་ལྷག་ལ་འབུད་ཁར་ཐོར་སོང་བ་རེད།
- དེ་ཡང་ཐོར་ན་ཆད་འདོད།
- ཆད་འདོད་མོད་སྐབས་ས་བབས་ན་བཀོད་པ་ཡོད་ནི་མ་རེད།
- དེ་ལྟར་མོས་རང་གི་ལོ་རྒྱུས་དེ་བཤད་པ་རེད།
- ཤུ་རེ་ཁོ་ངས་ཡི་གེ་ཞིག་ཤེས་རྒྱུ་ན།
- ང་ལ་ཧ་ཅང་གིས་འབྲི་རྒྱུ་ཞིག་ཡོད་ཅེས་མིག་ཆུ་ཤམ་ཤམ་དུ་བཞུར།
- ང་ལ་འབྲི་རྒྱུ་ཞིག་ཡོད།
- དེང་སང་གློག་བརྙན་དང་བརྙན་འཕྲིན་ནང་ན་དེ་འདྲ་བཤད་ནས།
- མི་རྣམས་ལ་མིག་ཆུ་ཡོང་གིན་འདུག
- དེ་རྣམས་ལ་བསྡུར་ན་ངའི་མི་ཚེའི་ཁྲོད་ཀྱི་གཏམ་རྒྱུད་རྣམས།
- དེ་རྣམས་གཅིག་ཀྱང་མ་རེད་ཟེར།
- ངས་ཁྱོད་ཀྱིས་ང་ལ་ཤོད་དང་ཞེས་བཤད་པར།
- མོ་ལ་ཧ་ཅང་གིས་མིག་ཆུ་བཞུར།
- ང་ཡང་ཧ་ཅང་གིས་མི་སྐྱིད་ཀི
- སྔོན་ལ་མོའི་ལུས་ལང་ཚོ་དར་བའི་སྐབས་སུ་དེ་འདྲ་ཞིག་རེད།
- རྨ་ལྷོ་ཁུལ་གྱི་དམག་སྤྱི་ཡིས་མོའི་ཆེད་དུ་སློབ་གྲྭ་ཡོངས་ལ་གློག་བརྙན་བསྟན།
- དེ་ལས་མོའི་ལང་ཚོ་དེ་མངོན་བཞིན་ཡོད་པ་རེད།
- ཡིན་མོད།
- མཐའ་མ་རྔ་མར་ཡུལ་གྱི་ཁ་དབང་དུ་སོང་ནས་བཙན་གྱིས་དེ་ལྟར་བསྐྱལ་བ་རེད།
- ཡི་གེ་ཞིག་མ་ཤེས།
- མོས་བཤད་པར་དགེ་ཐོན་སློབ་གྲྭ་ཅུང་ཙམ་བཏོན་མོད།
- དེ་དུས་སྲིད་ཇུས་བཙན་དུས་བཏོན་པ་རེད།
- སྲིད་ཇུས་བཙན་དུས་ཕལ་ཆེར་མའོ་ཀྲུའུ་ཞིའི་གསུང་རྩོམ་ཏག་ཏག་བློར་འཛིན་དགོས་པ་རེད།
- དཔེ་ཆ་འདི་འདྲ་འདོན་རྒྱུ།
- དེང་སང་བསྐལ་བ་བཟང་བ་རེད།
- རང་གིས་ཅི་ཞིག་སྦྱང་ན་སྦྱང་ཆོག་པ་རེད།
- དཔེ་ཆ་འདི་ལ་བལྟ་མི་ཐུབ་གན་ལ་བལྟ་མི་ཐུབ་ཟེར་རྒྱུ་མེད་ཀི
- ཁྱོད་ཀྱིས་རང་གི་རྒྱལ་ཁབ་ཀྱི་ནང་གི་དཔེ་ཆར་བལྟས་ཚར་སོང་ན།
- ཁྱོད་ཀྱིས་འཛམ་གླིང་སྟེང་གི་དཔེ་ཆར་བལྟས་ན་ཆོག་གི
- གློག་ཀླད་ཀྱི་སྟེང་ནས།
- སྔོན་ཆད་དེ་ཡོད་པ་མ་རེད།
- གོ་སྐབས་དེ་ཡོད་པ་མ་རེད།
- བསྐལ་བ་དེ་ཡོད་པ་མ་རེད།
- སྲིད་ཇུས་ཀྱི་དབང་གིས།
- མོ་ལ་ཧ་ཅང་གིས་ན་ཟུག་ཡོད་ཀི
- དེ་བཞིན་དུ་མན་ཆད་ན་ཅི་འདྲ་མེད་ཀི།
- རང་གི་ན་ཟུག་ཁོག་ལ་བཅུག་ནས།
- མི་འདོད་བཞིན་དུ་སྡུག་གི་མཆི་མ་ཁོག་ལ་གཉེར་མཁན་ཅི་འདྲ་མེད་ཀི
- དེའི་སྟེང་དེ་ནས་ངས་ཀྱང་རང་གི་ཨ་མ་ལ་བྲིས་པའི་སྙན་ངག་དེ་འདྲ་ཞིག་ཡོད།
- ངས་རང་གི་ཨ་མར་སྙན་ངག་ཅིག་བྲིས།
- སྤྱིར་ངས་བརྗོད་བྱར་འཇོག་དུས་རང་གི་ཨ་མ་ཞེས་དེ་ལྟར་བཤད་མོད།
- དོན་གྱིས་དེད་ནས་སོང་ན་ངའི་ཨ་མ་དང་འདྲ་བའི་ཨ་མ་ཁྲི་སྟོང་མང་པོ་རེད།
- ཨ་མ་ཁྲི་སྟོང་མང་པོ་རེད།
- ངས་མོ་ལ་དེ་ལྟར་བཤད་པ་ཡིན།
- དེ་ལྟར་ལུས་པའི་སྐབས་སུ།
- མོ་རང་ངས་བཤད་པ་དེ་རེད།
- ང་ཚོ་ཆུང་དུས་ང་ཚོའི་ཕ་འདས་སོང་བ་རེད།
- མ་འཚམས་དུས་མོ་རང་ལོ་སུམ་ཅུའི་ནང་དུ་ཡོད།
- མོ་རང་ལོ་སུམ་ཅུ་དང་སོར་གཅིག་གི་བར་དེ་འདྲ་ཞིག་རེད།
- དེ་དུས་ལུས་ལང་ཚོ་ཡི་བཟང་འགང་རེད།
- ལོ་སུམ་ཅུ་དང་སོར་གཅིག་གི་བར་ལ།
- ཁྱིམ་ཚང་ནང་ལ་མཚོན་ན་བྱིས་པ་བཞི་ཡི་ཨ་མ་རེད།
- ཁ་ཡ་སྐྱ་ཡ་ཞིག་ངེས་པར་དུ་མཁོ་བ་རེད།
- ལྷག་ཏུ་ཞིང་ལས་ས་ཁུལ་གྱི་རེད།
- ཞིང་རྨོ་ལོག་རྒྱག་ཡིན་ན་ཆོག་གི
- བྱིས་པ་ཚོ་ལམ་ལ་འཇུག་མཁན་ཡིན་ན་ཆོག་གི
- ངེས་པར་དུ་མཁོ་བ་ཞིག་རེད།
- མཁོ་བ་རེད་མོད་ཅི་ཞིག་རེད་ཟེར་ན།
- བྱིས་པ་ཚོ་སྡུག་ཨེ་འགྲོ།
- ཡང་མོ་མི་ཁ་ལ་སྐྲག་དགོས་རྒྱུ་ཨེ་ཡིན་ནམ།
- སྐབས་དེར་མོ་ཕར་ལ་དགའ་ས་ཡང་ཡོད་རྒྱུ་རེད།
- མོར་ཚུར་ལ་དུང་མཁན་ཡང་ཡོད་རྒྱུ་རེད།
- དེ་ངས་འདང་རྒྱག་ཕྱོགས་ཡིན།
- དེ་ཡོད་རྒྱུ་རེད།
- དེ་མི་ཞིག་ལ་ཡོད་ཆོག་ཆོག་རེད།
- རྒྱ་སྐད་ཀྱིས་བཤད་ན་人之常情ཟེར་བ།
- མི་ཞིག་ལ་ཡོད་ཆོག་ཆོག་རེད།
- རྒྱུན་ལྡན་གྱི་མི་ཞིག་ལ།
- རེད་མོད་དེ་འདྲ་མ་བྱས་པར་དེ་ལྟར་ཡོང་བ་རེད།
- རྗེས་སུ་རང་ཉིད་ན་ཚོད་དེར་ཐོན་ནས་འདང་བརྒྱབ་ན།
- རང་གི་ཨ་མ་རླབས་ཆེན་རེད།
- རང་གི་ཨ་མ་ཟེར་རྒྱུ་མེད་ཀི
- སྤྱིར་ཨ་མ་ཚང་མ་རླབས་ཆེན་རེད།
- གཞི་འཁོར་བ་དང་བུ་ཕྲུག་གི་སྟེང་དུ་ཡོད་ཚད་བསྟུན་པ་རེད།
- ལུས་ལང་ཚོ་སྟུན་མཁན་མང་པོ་ཡོད་མོད།
- སེམས་སྟུན་ནས་འགྲོ་མཁན་ཁ་ཤས་རེད།
- སེམས་འདི་ལྷག་ཏུ་རང་དབང་ན་མེད་པ་ཞིག་རེད།
- སེམས་ཀྱང་བསྟུན་ཡོད་པ་བཤད་མ་དགོས་པ་རེད།
- སེམས་ཅི་ལྟར་བསྟུན་པ་རེད་ཟེར་ན་རང་ཉིད་དགའ་ས་མཐུན་ས་ཞིག་ལ་མ་འགྲོགས་པ་རེད།
- དེ་ནས་རང་གིས་རང་གི་སེམས་ལ་བཀག་སྡོམ་བྱས་པ་མ་རེད་དམ།
- སེམས་ཀྱང་བསྟུན་ཡོད་པ་རེད།
- ཧ་ཅང་གིས་རླབས་ཆེན་རེད།
- ཡིག་རྡོག་གཅིག་ཀྱང་མི་ཤེས།
- མོ་ལ་ཡང་རང་གི་སྡུག་བསྔལ་ཡོད་རྒྱུ་རེད།
- ཁ་ཡ་སྐྱ་ཡ་ཆུང་དུས་མ་འཚམས་པ་རེད།
- སྲིད་ཇུས་དེ་འདྲ་བཙན་ནས་འཐབ་རྩོད་ཏག་ཏག་བྱས་ནས་བསྡད་ཡོད་ཀི
- འཐབ་རྩོད་ཏག་ཏག་བྱས་པ་ད་དུང་ངས་བརྗེད་མེད་ཀི
- སློབ་གྲྭ་གྲོལ་ནས་ཡོང་ན།
- མགོར་ཚགས་པར་གྱི་ཞྭ་མོ་ཞིག་བསྐོན་ནས།
- སྔུན་ལ་ཐག་ཀ་ལ་སོགས་པ་བཤམ་ནས་འཐབ་རྩོད་བྱས་ཏེ།
- སྐྱོན་བརྗོད་བྱོས་དང་སྐྱོན་བརྗོད་བྱོས།
- སྙིང་རྗེ་ཡི་གེ་གཅིག་ཀྱང་མི་ཤེས་པས་སྐྱོན་བརྗོད་བྱེད་ཤེས་སམ།
- སྐྱོན་བརྗོད་བྱེད་ཤེས་པ་མ་རེད།
- སྐྱོན་བརྗོད་ཅི་བྱེད་དགོས་པ་རེད་ཟེར་ན།
- སྡེ་བའི་ནང་གི་དམངས་ཚོགས་རེད།
- ཁོ་ཚོས་ཅི་ཡང་བཤད་མི་ཤེས་པ་རེད།
- ཏུན་ཞའོ་པིན་ཁྱོད་ཚོའི་དགེ་རྒན་རེད།
- ཁྱོད་ཚོས་སྐྱོན་བརྗོད་བྱོས་ཞེས་བཤད་ན།
- ངའི་ཨ་མ་ལ་ཏུན་ཞའོ་པིན་ཞེས་བཤད་ན་ཅི་ཞིག་ཡིན་ཟེར།
- དེ་ལྟར་སྐྱོན་བརྗོད་བྱེད་དགོས་པ་རེད།
- དེ་ལྟར་བྱས་པས་མོ་ལ་མོ་རང་གི་སྡུག་བསྔལ་ཡོད་པ་ཁོ་ཐག་ཡིན་ནི་རེད།
- མོ་ལ་སྡུག་བསྔལ་དེ་བཤད་ས་ཞིག་དགོས་པ་ཡང་ཁོ་ཐག་ཡིན་ནི་རེད།
- མ་བུ་མོ་ངུས་ནས་དྭངས་པ་ཟེར་བ་བཞིན་ངུས་ནས་དྭངས་དགོས་པ་རེད།
- ཐ་ན་མིག་ཆུ་འདོན་ས་ཞིག་ཀྱང་མེད་ཀི
- དེ་བས་ངས་རླབས་ཆེན་རེད་འདོད།
- དེ་བས་སྙན་ངག་དེ་འབྲི་དུས་ངས་དེ་ལྟར་བཤད།
- ལོ་རེ་རེའི་དབྱར་ཟླ་བཞི་བའི་ནང་དུ་ངའི་ཨ་མ་འདིའི།
- ལག་མཐིལ་འདྲ་བའི་ཞིང་ས་གྲུ་བཞིའི་སྟེང་ན་མོའི་ལང་ཚོ་ཟད་ནས་འགྲོ་དུས།
- བྱ་ཁུ་བྱུག་གི་མགྲིན་གླུ་རེ་རེ་ནི་མོའི་སེམས་ཀྱི་རྨོངས་གླུ་ཚན་པ་རེ་རེ་ཡིན་རྒྱུ་རེད་ཅེས།
- དེ་རྟོག་བཟོ་རེད།
- རྩོམ་འབྲི་མཁན་ཞིག་ཡིན་ན་སྐད་ཆ་དེ་འདྲ་བཤད་དགོས་པ་རེད།
- དེ་འདྲ་ཞིག་ལ་ཁག་འཇོག་པ་ལས་གཞན་འཇོག་རྒྱུ་མེད་ཀི
- མོའི་སྡུག་དེ་དེའི་སྟེང་དུ་འཇོག་པ།
- ང་ཚོས་ཅི་ཞིག་ཡིན་ནའང་
- ང་ཚོའི་གཞས་དང་ལ་གཞས་ལ་སོགས་པའི་མགོ་ན།
- བྱ་ཁུ་ལོ་སྙིང་ལ་རྗེ་བོ།
- བྱེའུ་འཇོལ་མོ་སྙིང་ལ་རྗེ་བོ་ཟེར་བ་ཅི་རེད་ཟེར་ན།
- བུད་མེད་རྣམས་ཀྱི་སེམས་བཅོལ་ས་རེད།
- བྱ་ཁུ་བྱུང་གྲག་སྟེ་འཇོལ་མོ་ཡང་གྲག་ན།
- སེམས་གཏིང་ནས་རྨོངས་རྒྱུ་ཞིག་དང་སྐྱོ་རྒྱུ་ཞིག་ཡོང་བ།
- བུད་མེད་ཅིག་ལ་མཚོན་ན་མོའི་ལས་དབང་དེ་བཅོལ་ས་རེད།
- དེ་བས་རང་གི་སེམས་ལ་བྱ་ཁུ་བྱུག་གི་རྨོངས་གླུ་ཚན་པ།
- ངའི་ཨ་མའི་སེམས་ཀྱི་རྨོངས་གླུ་ཚན་པ་རེ་རེ་ནི།
- བྱ་ཁུ་བྱུག་གི་མགྲིན་གླུ་ཚན་པ་རེ་རེ་ཡིན་རྒྱུ་རེད་ཅེས་ངས་དེ་ལྟར་བྲིས་ཡོད།
- མོ་ལ་དེ་འདྲ་ཞིག་ལ་ཉན་རྒྱུའི་བསྐལ་བ་དེ་མ་གཏོགས་མེད་ཀི
- དེ་དུས་ང་ཡང་དེ་འདྲ་ཞིག་རེད།
- གནའ་མི་ལ་གཞོལ་བ་ཡིན་ནམ་ཅི་ཡིན།
- དབྱར་ཟླ་བཞི་བ་ཚེས་ནས་སྔོ་འབུས་ན།
- བྱ་ཁུ་བྱུག་གྲག་དུས་སེམས་རྨོངས་ནས་དེ་ལྟར་བྱེད།
- ང་ཚོར་རྨོངས་རྒྱུ་ཡོང་ན་ཡིག་ཐོག་ཏུ་ཕབ་ན་ཆོག་གི
- ཁོ་ཚོས་དེ་འགོད་མི་ཐུབ་ཀི
- ཁོག་ལ་བཅུག་ནས་འདུག་དགོས།
- ཨེ་རེད།
- དེ་དུས་མཚོ་སྔོན་རླུང་འཕྲིན་ཁང་གིས།
- སྐྱེས་མ་ཞིག་གི་མི་ཚེའི་གཏམ་རྒྱུད་ཅེས་པ་ཞིག་བཅར་འདྲི་བྱས་བྱུང་།
- དུས་ཚོད་གཅིག་གི་རིང་ལ།
- དེའི་ནང་དུ་མི་ཚེའི་གཏམ་རྒྱུད་དེ་བརྗོད་ཀྱིན་བརྗོད་ཀྱིན།
- ཨ་མའི་ལས་དབང་དེ་བརྗོད་ཀྱིན་བརྗོད་ཀྱིན་ངས་དེ་ལྟར་བཤད་པ་ཡིན།
- ངས་དེ་འདྲའི་རྩོམ་ཡིག་ཅིག་དེ་དུས་བྲིས་མྱོང་།
- རྩོམ་དེ་ངས་དེ་ལྟར་བཤད་པ་ཡིན།
- ངའི་ཨ་མ་དང་མཚུངས་བའི་མིའི་རིགས་ཀྱི་ཨ་མ་ཁྲི་ཁྲི་འབུམ་འབུམ་མང་པོའི་།
- རྗེས་དྲན་དུ་བྲིས་པ་ཡིན་ཞེས་བཤད།
- དེད་ནས་སོང་ན་བརྗོད་བྱ་དེ་ངའི་ཨ་མ་གཅིག་པུ་ཡང་མ་རེད།
- བོད་ཀྱི་བུད་མེད་སྤྱི་ལོས་ཡིན།
- མིའི་རིགས་ཀྱི་ཨ་མ་རྣམས་དེ་འདྲ་ཞིག་རེད།
- བཟོད་བསྲན་ཆེ་བ།
- བསྲན་ནས་ཅི་ཡང་ཁོག་ལ་བཅུག་ནས།
- དེ་ལྟར་ཚར་ནས་འགྲོ་བ་མང་བ་རེད།
- མང་ངམ།
- རང་གི་ཉེ་འཁོར་དང་རང་གི་ཁོར་ཡུག
- ཁྱོད་ཀྱི་ཨ་མ་དང་ཁྱོད་ཀྱི་སྤུན།
- དེའི་ནང་ན་ཅི་འདྲ་ཡོད།
- ཡོད་ཚད་ཡིད་བཞིན་དུ་འགྲུབ་ནས་སེམས་ན་སྡུག་བསྔལ་མེད་མཁན་ཡོད་པ་མ་རེད།
- མཐོན་པོ་དང་ཆེ་བ་ལ་མཐོན་པོ་དང་ཆེ་བའི་ས་ལ་སྡུག་བསྔལ།
- ཆུང་བོ་དང་མི་ཆུང་ལ་དེའི་ས་ན་སྡུག་བསྔལ།
- རྒྱལ་བོར་རྒྱལ་བོའི་ས་ན་སྡུག་བསྔལ།
- སྤྲང་པོར་སྤྲང་པའི་ས་ན་སྡུག་བསྔལ་ཡོད་པ་རེད།
- རེད་ལ།
- མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་གྱི་ནང་ནའང་དེ་འདྲ་ཞིག་ཡོད་པ།
- ཅི་ཞིག་རེད་དམ་ངས་ཚིག་དེ་ཡིད་ལ་མི་ཡོང་གི
- གང་ལྟར་དེ་འདྲ་ཞིག་ཡོད།
- རེ་རེའི་ས་ན།
- ཨོ་ལེད་་་དེ་འདྲ་ཞིག་ཡོད་པ།
- རྒྱལ་བོར་རྒྱལ་བོའི་ས་ན་ཁྲི་ཐོག་ན་སྡུག་བསྔལ་ཡོད་རྒྱུ་རེད།
- སྤྲང་པོར་སྤྲང་པོའི་ས་ན་ཅ་ནེ་དང་རྩམ་ཁུག་བར་ན་སྡུག་བསྔལ་ཡོད་པ་རེད།
- སྡུག་བསྔལ་མེད་མཁན་ཞིག་ཡོད་པ་མ་རེད།
- ང་ཚོ་ལས་ངན་ནང་གི་ལས་ཅན་རེད།
- ཡིག་ཐོག་ཏུ་བཀོད་ནས་སྡུག་བསྔལ་འདི་གཤོ་ཐུབ་པ་འདི།
- རྒྱ་སྐད་ཀྱིས་བཤད་ན་发泄བྱེད་ཐུབ་པ་འདི་ཅུང་ཙམ་བཟང་གི
- རང་གིས་རང་ཉིད་ཇེ་ཡང་ལ་གཏོང་ཐུབ།
- ང་ཚོའི་ཡུལ་གྱི་མི་རྣམས་སྙིང་རྗེ།
- དེ་འདྲ་ཡིན་པ་རེད།
- དེ་བས་ལན་དེའི་རིགས་ཀྱང་ངས་འདིར་བཤད་ན་ཆོག་མོད་ངའི་དེ་འགྲིག་མེད་ཀི
- འདི་རང་བཞིན་གྱིས་འཕྲོས་བཤད་ཅིག་བྱས་པ་ཡིན།
- སྔོན་ལ་མགོན་པོ་སྐྱིད་ཀྱི་དྲི་བ་དེའི་ནང་དུ་ལན་བཏབ་ཡོད།
- འདིར་རགས་རམ་ཞིག་བཤད་པ་དེ་ཡིན།
- བོད་ཀྱི་བུད་མེད་ཚོའི་ལས་དབང་བཤད་ན་ལས་དབང་ཡ་ང་བ་ཡིན་པ་རེད།
- དེང་སང་ང་ཚོ་ཡ་ང་བའི་ནང་དུ་བརྩི་ཉན་ནི་མ་རེད།
- ང་ཚོར་བསྐལ་བ་ལྡན་ཡོད་པ་རེད།
- ང་ཚོར་བསྐལ་བ་རྫོགས་ལྡན་གྱི་དུས་རེད།
- ཅི་ཞིག་ཡིན་ནའང་ལས་ན་ཆོག་པ།
- ཡུལ་གྱི་བུད་མེད་དང་བསྡུར་ན།
- ཡུལ་གྱི་བུད་མེད་ཚོ་ཡང་དང་པོ་ཡི་བུད་མེད་ཚོར་བསྡུར་ན།
- བསྐལ་བ་རྫོགས་ལྡན་གྱི་དུས་ཡིན་པ་རེད།
- རེད་ལ།
- དེ་བས་ང་ཚོས་བཤད་པའི་སྐྱིད་པ་དང་བདེ་བའི།
- མིག་སྔར་གྱི་འདི་འདྲ་ཞིག་ལ་ཡིད་ཚིམ་ནས་འདུག་མི་ཉན་གི
- ཕྱིའི་ཟང་ཟིང་གི་ལོངས་སྤྱོད་འདི་ས་ཉོ་རྡོ་ཉོ་རེད།
- ངེས་པ་དོན་གྱི་ལོངས་སྤྱོད་ནི་ཅི་ཞིག་རེད་ཟེར་ན།
- སྔོན་ལ་ཡང་དང་ཡང་དུ་བཤད་པ་དེ་འདྲ་ཞིག་རེད།
- དེའི་འཕྲོ་ནས་ཁོས་དྲི་བ་འདྲི་འདྲ་ཞིག་བཏོན་འདུག
- འདི་ཡང་ང་ཚོར་འབྲེལ་བ་ཡོད་ཀི
- གནའ་རབས་དང་དེང་རབས་གང་ཡིན་ཡང་།
- རིག་གནས་པའི་སྡེ་ན་བུད་མེད་རྩོམ་པ་པོ་ཉུང་བ་ཁ་ཐོག་མིག་ཐོག་རེད།
- ང་མ་རེད།
- འོ་ན་དེའི་རྒྱུ་རྐྱེན་ཁྱོད་ཀྱིས་ཅི་ལྟར་ངོས་འཛིན་བྱས་པ་ཡིན་ཟེར།
- གནའ་ཡི་སྐབས་སུ་ཡིན་ན་ཆོག་གི་དེང་སང་ཡིན་ནའང་ཆོག་གི
- བུད་མེད་ཤེས་ཡོན་པ་དང་ལྷག་ཏུ་བུད་མེད་རྩོམ་པ་པོ་འདི།
- ཧ་ཅང་ཉུང་བ་ཁ་ཐོག་མིག་ཐོག་རེད།
- བརྩིས་ན་ཆོག་གི
- ཁྱོད་ཀྱིས་འདི་རྒྱུ་མཚན་ཅི་ཞིག་ལ་ཐུག་ཡོད་པར་ཅི་ལྟར་ངོས་འཛིན་བྱས་པ་ཡིན་ཟེར།
- དེར་ངས་ལན་དེ་འདྲ་ཞིག་བཏབ་ཡོད།
- གནའ་རབས་ཡིན་ན་དེང་རབས་ཡིན་ན།
- གནའ་རབས་དེང་རབས་གང་ཡིན་ཡང་རིག་གནས་བའི་སྡེ་ན།
- བུད་མེད་རྩོམ་པ་པོ་ཉུང་བ་དེ་ཁ་ཐོག་མིག་ཐོག་རེད།
- དེ་ངོ་མ་རེད།
- དེའི་རྒྱུ་རྐྱེན་ངས་ཅི་ལྟར་ངོས་འཛིན་བྱས་ཡོད་ཟེར་ན།
- སྔར་གྱི་དུས་ན་དེང་སང་བཞིན་དུ་བུད་མེད་རྣམས་གང་དགའ་འགྲོ་འོང་བྱས་ཆོག་པའི།
- སློབ་གྲྭ་ཤིན་ཏུ་ཉུང་།
- དགོན་སྡེ་ཕུད།
- སློབ་གཉེར་བྱེད་ན་ཡིན་ན་མིན་ན་བཙུན་མ་བྱེད་དགོས་པ་རེད།
- རེད་ལ།
- ལྷ་ས་ཕྱོགས་ལ་མཚོན་ན་སྐུ་དྲག་གི་སྲས་དང་སྲས་མོ།
- དཔོན་པོ་ཡི་སྲས་མོ་ལ་སོགས་པར་སློབ་གཉེར་གྱི་བསྐལ་བ་ཡོད་པ་རེད་མ་གཏོགས།
- འབངས་མི་སེར་ཕལ་བ་ཞིག་ལ་སློབ་གཉེར་གྱི་བསྐལ་བ་ཡོད་པ་མ་རེད།
- དེར་འགྲོ་ན།
- རྒྱ་སྐད་ཀྱིས་བཤད་ན་除非ཁྱོད་རང་ཅོ་མོ་ཞིག་བྱེད་རྒྱུ་ལས།
- དགོན་པར་སོང་ན་སློབ་གཉེར་བྱེད་ཆོག་གི
- དགོན་སྡེ་ཕུད་སློབ་གྲྭ་ཧ་ཅང་ཉུང་གི
- ནང་སྒོས་སུ་ང་ཚོ་བོད་རྣམས་པའི་འདུ་ཤེས་ཀྱི་ཟབ་ས་ན།
- བུད་མེད་ཀྱིས་འཁོར་བ་སྐྱོང་ཤེས་ན་ཆོག་གི་ཞེས།
- དེ་འདྲ་ཞིག་གིས་ཡིད་ཚིམ་འདུག
- ང་ཚོའི་ཡུལ་གྱི་མི་རྣམས་དེ་རེད།
- བུ་མོ་ཞིག་ཡིན་ན་བྱིས་ངན་མ་ངན་དེ་ཚོ་སློབ་གྲྭར་སྐྱེལ་དགོས་པ་མ་རེད།
- འཁོར་བ་བསྐྱང་ན་དེ་རེད་ཅེས་བཤད་དེ།
- བུ་མོ་ཚོར་དེ་འདྲ་ཞིག་བཏགས་ནས་བཞག་ཡོད།
- དེའི་འཕྲོ་མོ་མཁས་ཐན་ཟེར་ན།
- རྒྱ་ཡིས་女子无才便是德ཟེར་བ་དེ་ཡིས་ལོག་སོང་བ་རེད།
- བུ་མོ་ཞིག་ལ་ནུས་པ་ཡོད་ན་དེ་ཐན་ལྟས་ཤིག་ལ་བརྩི་བ་རེད།
- དེ་ལྟར་བསྡོམས་ཚིག་འདི་འདྲ་མང་པོ་མང་མོ་ཞིག
- འདི་འདྲ་མང་པོ་ཞིག་གིས་བུ་མོ་ཞིག་གིས་སློབ་གཉེར་བྱས་ན།
- དེ་ཨ་མཚར་དང་མཚར་མཚར་ཞིག་ལ་བརྩི།
- མཚར་མཚར་ཞིག་ལ་བརྩི།
- དེ་འདྲ་ཞིག་ལ་བརྩིས་ནས་དགག་བར་ཆད་ཐེབས་ཡོད་རྒྱུ་རེད།
- ཡིན་ཡང་།
- འདིའི་སྔོན་ལ་ཡང་ངས་ཡང་དང་ཡང་དུ་བཤད་ཡོད།
- བུད་མེད་རྣམས་ལ་ཡང་རང་སྟེང་ན་བསྒྱུར་དུ་མི་ཐུབ་པའི་རང་གཤིས་ཤིག་དང་།
- ཟློག་ཏུ་མེད་པའི་དམ་བཅའ་བརྟན་པོ་ཞིག་ཡོད་ན་སུ་དང་གང་གིས་ཀྱང་བར་ཆད་བཟོ་མི་ཐུབ་པ།
- འདས་དུས་ཀྱི་བུད་མེད་མཛངས་མ་རྣམས་ཀྱི་རྣམ་ཐར་ལས་རྟོགས་ཐུབ།
- མཁའ་འགྲོ་ཡི་ཤེས་མཚོ་བརྒྱད་ཀྱི་སྐབས།
- བསམ་པ་རྡོ་རྗེ་ཕག་མོའི་སྐབས།
- ད་དུང་སྲིད་སྐྱོང་བའི་ནང་ན་ཡང་དཔེ་འཇོག་རྒྱུ་ན།
- བུད་མེད་ཀྱི་སྲིད་སྐྱོང་བ་ཡོད་པ་འབྲོ་བཟའ་ཁྲི་མ་ལོད་ལྟ་བུ།
- བུད་མེད་དེ་འདྲ་མང་པོ་ཡོད་པ།
- སྐབས་དེར་ཧ་ཅང་གིས་བཀས་བཀོད་རྒྱུད་འཛིན་གྱི་བསམ་བློ་ཤུགས་དྲག་པ་རེད།
- ཤུགས་དྲག་མོད་རང་རང་ཤིང་འདོད་ན་མ་ཁོག་པ་རེད།
- སྤྱི་ཚོགས་ཀྱི་བཀག་རྐྱེན་གྱིས།
- རེད་ལ།
- མ་ཁོག་པ་རེད་ལ།
- སུས་ཀྱང་བར་ཆད་བྱེད་མི་ཐུབ་པ་རེད།
- གཅིག་གིས་ཀྱང་བར་ཆད་བྱེད་མི་ཐུབ།
- འདི་ཅི་རེད་ཟེར་ན་མི་ལ་རང་གཤིས་བརྟན་པོ་ཡོད་པའི་སྟབས་ཀྱིས་ཅིག་མ་ཐུབ་པ་རེད།
- རང་ཉིད་དེའི་ནང་ནས་མཐར་ཐུབ་སོང་བ་རེད།
- གཞན་གྱིས་སྒྲོག་ལ་རྒྱབ་མོད་རང་གིས་སྒྲོག་དེ་དང་ལེན་མ་བྱས་པ་རེད།
- དེ་བས་ཅི་ཟེར་དགོས་པ་རེད།
- སྤྱིར་སྐབས་དེའི་གནས་བབ་དེ་དེ་འདྲ་ཞིག་ཡིན་མོད།
- འོན་ཀྱང་རང་ལ་རང་གཤིས་བརྟན་པོ་ཡོད་ན།
- ཁོར་ཡུག་དེ་འདྲ།
- རྙིང་བ་ཡི་ཁོར་ཡུག་བཙན་རྫོང་།
- ལྕགས་མཁར་སྒོ་མེད་ལྟ་བུའི་ནང་ནས་ཡང་མཐར་བའི་བསྐལ་བ་ཡོད་པ་རེད།
- བུད་མེད་མཛངས་མ།
- འཛམ་གླིང་སྟེང་དུ་ཤུགས་རྐྱེན་བཞག་མྱོང་བ།
- བོད་ན་བུད་མེད་དེ་འདྲ་མང་པོ་བརྩི་རྒྱུ་ཡོད་པ་རེད།
- རེད་ལ།
- དེ་ནི་གཙོ་བོ་མི་རང་རང་ལ་རག་ལས་པ་དེ་རེད།
- གཙོ་བོ་མི་རང་རང་ལ་རག་ལས་པ་རེད།
- དེ་རེད།