17 Apr 2013
17 min 7 sec
Video Overview
Creators:
Gangri Pumo, Drangchar
This is the tenth part of a lecture on literature by Pematso at the First Young Tibetan Women's Literature Training in Trika, Qinghai Province. This video is the second part of a question and answer session. Pematso is a teacher at Repgong Yipha High School.
- Triga
- དེ་ལྟར་བཤད་པ་རེད་ལ་ང་རང་སྐབས་དེར་ཐོན་འདུག
- ད་ཐེངས་ང་ཚོས་གསབ་སྦྱོང་འཛིན་གྲྭ་སྒྲུབ་དོན་དང་།
- ཐེངས་སྔོན་མར་བྱམས་བུད་མེད་རྩོམ་རིག་བྱ་དགའ་སྟེར་རྒྱུ་དེ་དག་ཚང་མ།
- ང་ཚོའི་དམིགས་ཡུལ་གཅིག་རེད།
- མི་སུ་ཡིན་རུང་བསམ་བློ་ནར་སོན་དགོས།
- ཁྱེད་ཀྱིས་སྔོན་ལ་བཤད་པ་བློ་སྦྱོང་བྱེད་དགོས་པ་དེ་རེད།
- དཔེ་ཆ་མང་པོ་བཀླག་དགོས་ཟེར།
- ང་ཚོས་འདི་ལྟར་ཉམས་མྱོང་བཤད་ན་་་ཨོ་་་མོས་བཤད་པ་བདེན།
- ཕྱིར་སོང་རྗེས་ཡང་ང་ཚོས་འདི་ནས་ཉམས་མྱོང་བཤད་པ་བརྗེད་འགྲོ།
- དེ་བས་སྔོན་ནས་དཔེ་ཆར་ཡག་པོ་བལྟ་རྒྱུའི་གོམས་གཤིས་ལོབས་སུ་བཅུག་ནས།
- ལོབས་རྗེས་ཁྱོད་རང་ལ་བསམ་བློ་འདྲ་བོ་ཡོད་དུས།
- ཁྱོད་ཕར་ལ་འབྱར་ན་ཚུར་ལ་བསྲེས་ན་རང་གིས་ཚོད་ཟིན་པ་རེད།
- དེ་ལྟར་བྱས་ན་ངས་བལྟས་ན་འགྲིག་གི་བསམ་གི།
- དང་པོ་གཞན་གྱི་ཐོས་པ་མང་དུ་བཙལ་ཞེས་པ་དང་གཅིག་རེད།
- དང་པོ་རང་གིས་དཔེ་ཀློག་བྱས་ཏེ།
- འདི་ཚོས་བཤད་པ་དང་གཅིག་རེད།
- ད་བར་མང་པོ་དེ་རེད།
- སློབ་ཆུང་གི་སྐབས་སུ་དེ་འདྲ་མེད་པ་མ་གཏོགས།
- སློབ་འབྲིང་ནས་མང་པོ་ཞིག་གིས་དེའི་སྐོར་ན་བཤད་ཀྱིན་འདུག་ཟེར།
- དེ་ལྟར་བཤད་པ་དེ་མ་གཞི་ནས།
- ང་ད་ཐེངས་ཀླུ་ཆུ་རྫོང་མི་རིགས་སློབ་འབྲིང་ནང་ལ་ཕྱིར་སོང་ནས་ཟླ་གཅིག་ལ་དགེ་རྒན་བྱས་པ་རེད།
- དེའི་སྐབས་ལ་ང་ཅུང་ཙམ་ཧ་ལས་སོང་།
- ཨ་ཙི་་་དེང་སང་སློབ་མ་ཚོའི་རྒྱུ་སྤུས་ཧ་ཅང་ཞན་གི་ཟེར་བཞིན་ཡོད་ལ།
- ཞན་པའང་ཁག་མེད་དེ་རྒྱུ་མཚན་ནི་དགེ་རྒན་རྣམས་ཀྱང་འདི་འདྲ་རེད་བསམ་བྱུང་།
- དགེ་རྒན་ཚོས་ཀྱང་སློབ་ཁྲིད་བྱས་ཏེ་དེའི་འགན་ཁུར་དེ་སྒྲུབ་པ་མ་གཏོགས།
- གཞན་ཅི་ཡང་མི་བཤད་པ་མ་ཟད་ད་དུང་འདི་ཟེར།
- ང་རང་གསར་བ་ཡིན་པས་ཨག་གསར་ཆེ།
- སློབ་མ་ཚོར་སེམས་གཏམ་བཤད་ཁ་བྱས་ན་དགེ་རྒན་ཚོས་འདི་ཟེར།
- ཁྱོད་ཀྱིས་དེ་འདྲ་མ་བཤད་མ་གཏོགས་སློབ་མ་ཚོས་ཁྱོད་ཀྱི་རྗེས་ལ་བླ་བཙགས་པ་རེད་ཟེར།
- དགེ་རྒན་ཚོས་སློབ་ཁྲིད་དེ་འགྲུབ་ཐབས་བྱེད་རྒྱུ་ལས།
- སློབ་མ་ཚོར་འདི་འདྲ་བྱོས་དང་འདི་འདྲ་མ་བྱེད་ཅེས་བཤད་རྒྱུ་མེད།
- དགེ་རྒན་ཚོས་དེ་ལྟར་མི་བྱེད།
- དེ་ལྟར་བྱས་ན་སློབ་མ་ཚོ་ཡང་བསམ་བློའི་སྟེང་ནས།
- ང་ཚོའི་ཡུལ་གྱི་ཕ་མ་རྣམས་མང་ཆེ་བར་རིག་གནས་མེད་པ་རེད།
- ཕ་མས་ཁྱོད་ཀྱིས་ཉག་གེ་ཡོག་གེ་དེ་འདྲ་ལས་མི་ཉན།
- དཔེ་ཆར་ཤུ་རེ་བྱས་ནས་བལྟ་དགོས་ཞེས་ཕ་མའི་སྐད་ཆ་དེ་དག་མ་གཏོགས་མེད།
- སྣ་རྐྱང་རྐྱང་ཞིག་མ་གཏོགས་མེད།
- དེ་བས་དགེ་རྒན་གྱི་ལག་ཏུ་སྤྲད་པ་རེད།
- ཕ་མས་དགེ་རྒན་གྱི་ལག་ཏུ་སྤྲད་པ་དང་དགེ་རྒན་ཚོ་དེ་རེད།
- ང་འགྲོ་དུས་ངའི་ལག་ཏུ་འཛིན་གྲྭ་བདུན་བཞག་བྱུང་།
- འཛིན་གྲྭ་བདུན་བཞག་པ་དང་འཛིན་གྲྭ་གཅིག་ལ་མི་དྲུག་ཅུ་ལྷག་རེ་ཡོད་ཀི།
- སློབ་ཁང་ནང་དུ་བཀང་ནས་བསྡད་འདུག
- རང་གིས་ཁྲིད་ན་སུ་ཞིག་གིས་ཉན་བཞིན་པ་དང་སུ་ཞིག་གིས་ཉན་བཞིན་མེད་པ།
- ལ་ལ་ཡག་པོར་བསྡད་ཡོད་པ་དང་ལ་ལ་གཉིད་ཡོད་པ།
- ལ་ལས་རང་གིས་གཞན་ཞིག་ལས་བཞིན་བསྡད་ན་ཁྲིད་པ་དེ་རང་གི་བསམ་ཐོག་ལ་ཡང་མི་ཡོང་།
- དགེ་རྒན་རྙིང་བ་ཚོས་དེ་ལྟར་བཤད་བཞིན་འདུག
- ང་རང་མཐོ་འབྲིང་གསུམ་པའི་སྐབས་ཀྱི་འཛིན་བདག
- དེང་སང་ད་དུང་དགེ་རྒན་བྱས་འདུག་པ་དེས་ང་ལ་དེ་ལྟར་བཤད་བྱུང་།
- ད་ལོ་མཐོ་འབྲིང་གསུམ་པ་ཁོས་སྐྱེལ་བ་རེད།
- ཁོས་བཤད་པ་ནི་ད་བར་གྱི་སློབ་མ་ཚོར་གནོན་ཤུགས་ཆེ་བ་མ་རེད།
- དགེ་རྒན་གྱིས་བཤད་པ་བདེན་གི
- དགེ་རྒན་ཁོ་ཚོར་ཤ་ཚ་བས་འདི་དང་དུ་ལེན་དགོས་མི་ཟེར་བར།
- ཚང་མས་རྒྱུགས་འཕྲོད་ན་མ་འཕྲོད་ན་རང་གི་ལས་རེད།
- ཁོ་ཚོའི་སློབ་གྲོགས་ཅིག་མ་ཅིག་གིས་སྡུག་རུས་མ་བྱས་ནའང་རྒྱུགས་འཕྲོད་སོང་བ་རེད།
- སློབ་གྲོགས་ཅིག་མ་ཅིག་གིས་སྡུག་རུས་བྱས་རུང་རྒྱུགས་མ་འཕྲོད་པ་རེད་ཅེས།
- སློབ་གྲོགས་ཅིག་མ་ཅིག་ལ་སྡུག་རུས་མེད་རུང་རྒྱུགས་ཡག་པོ་འཕྲོད་སོང་བ་རེད་ཅེས།
- དེ་ལྟར་བཤད་ནས་བསྡད་འདུག་པ་དང་ད་བར་གྱི་དགེ་རྒན་ཚོ་ཡང་དེ་རེད།
- རང་གི་སེམས་བླངས་ནས་སློབ་མ་ཚོའི་ལག་ཏུ་འཇོག་མཁན་མེད་ཀི་ཟེར།
- དེ་བས་ཚང་མ་འགྱུར་ནས་འགྲོ་བཞིན་འདུག
- དེ་བས་སློབ་མ་འདི་ཚོས་ཀྱང་རང་གི་བསླབ་ཚན་གཅིག་པུ།
- རྒྱུགས་ཀྱི་ཆེད་དུ་བསླབ་ཚན་གཅིག་པུ་ལ་བལྟས་རྗེས།
- བུ་མོ་ཚོས་སྒོ་ནས་韩国片དང་小说ལ་བལྟ་བ་ལས་གཞན་དེའི་རིགས་ལ་མི་བལྟ།
- དེའི་རིགས་ལ་མ་བལྟས་པས་རིམ་བཞིན་སློབ་གྲྭ་ཆེན་མོར་སོང་ན།
- ཡར་ལ་ཁ་པར་བཏང་མར་ལ་ཁ་པར་བཏང་རྗེས་ཅིག་ལ་འབྱར་འགྲོ།
- འབྱར་རྗེས་དེ་རེད་འབྱར་ཡག་བྱས་པ་རེད།
- ཧ་ཧ་་་
- དེ་ལྟར་ལོག་འགྲོ་བས་སུ་ཡིན་རུང་སྔོན་ལ།
- བསམ་བློའི་སློབ་གསོ་བཟང་།
- ཕྱི་རྒྱལ་མང་ཆེ་བར་དེ་ལྟར་བཤད་བཞིན་འདུག
- སློབ་གསོ་གཏོང་བའི་ཆ་ནས་མཚོན་ན།
- དང་ཐོག་སློབ་རིམ་དང་པོ་གཉིས་པ་གསུམ་པའི་སྐབས་སུ་སློབ་ཁྲིད་མེད་པར།
- དགེ་རྒན་མང་པོས་བསམ་བློའི་སློབ་གསོ་བཏང་སྟེ།
- སློབ་རིམ་བཞིན་བ་ལྔ་བ་ནས་སོ་མ་སློབ་དེབ་ལག་ཏུ་བཞག་སྟེ་དེ་ལྟར་མགོ་བརྩམས་པ།
- དེ་འདྲའི་སྐོར་གྱི་སློབ་ཁྲིད་བྱེད་ཐབས་ཡོད་ཟེར་བ་རེད།
- ང་ཚོ་དེ་མིན་པར་ཐོག་དང་པོར་བསླབ་དེབ་ལག་ཏུ་འཇོག་པ་རེད།
- མ་གཞི་ཡིན་ན་བསམ་བློའི་སློབ་གསོ་དེ་སློབ་ཆུང་དུ་མྱང་དགོས་མོད་སློབ་མ་ཚོ་ཆུང་གི།
- བཤད་ས་མི་འགྲོ།
- མ་གཞི་ཡིན་ན་སློབ་འབྲིང་གི་དགེ་རྒན་ཚོའི་ལག་ཏུ་སྤྲད་ཡོད་པ་རེད།
- སློབ་གྲྭ་ཆེན་མོ་ནང་དུ་སོང་ན་ང་རང་ལ་ལྟ་བ་ཡོད་པ་དང་ཁྱོད་རང་ལ་ལྟ་བ་ཡོད་ཅེས་ཁས་ལེན་རྒྱུ་མེ་རེད།
- སློབ་འབྲིང་གི་དགེ་རྒན་ཚོར་སྤྲད་ཡོད་པ་རེད།
- ང་ཚོ་ཀླུ་ཆུ་རྫོང་བོད་ཡིག་སློབ་འབྲིང་ལ་མཚོན་ན་དགེ་རྒན་ཚོས་དངོས་གནས་འགན་ཁུར་གྱིན་མེད་ཀི།
- ང་ད་ཐེངས་ཧ་ལས་སོང་།
- མང་ཆེ་བ་དང་དགེ་རྒན་ཆུང་ཆུང་ཡང་མང་གི།
- ངའི་ཁ་ཡ་ན་ཟླ་དེ་འདྲ་དང་།
- སྔོན་ཆད་ངའི་དགེ་རྒན་བྱས་མྱོང་བ་དེ་འདྲ་དྲུག་མ་གཏོགས་མེད་ཀི།
- ཚང་མ་ལས་གནས་སྤར་ནས་བུད་སོང་།
- དེ་བས་དགེ་རྒན་ཆུང་ཆུང་ཏག་ཏག་རེད།
- དགེ་རྒན་ཆུང་ཆུང་ཚོ་སོང་ན་དེ་རེད།
- སློབ་མ་ཡང་མང་ལ་སློབ་མ་ཁ་ཤས་བཟང་ཞེས་བཤད་པ་མ་གཏོགས།
- དེ་མིན་མི་དྲུག་ཅུ་ལས་མི་ཉི་ཤུ་རེ་བ་ཅན་དུ་བཟུང་བ་ལས་གཞན་ཚང་མ་བསྐྱུར་འདུག
- ང་རང་གིས་དེ་རིང་སློབ་མ་ཚོས་དེ་འདྲ་བཤད་དང་འདི་འདྲ་བཤད་ཅེས་བཤད་ན།
- སློབ་མ་ཚོའི་ཁ་རྒྱུགས་རྒྱུ་མེད།
- སློབ་མ་ཚོས་མི་བཤད་རྒྱུ་ཞིག་མེད་པས་དེ་ཚོའི་ཁ་གཏན་ནས་རྒྱུགས་མི་ཉན་ཞེས་ཟེར།
- དེ་ལྟར་སློབ་མ་ཚོར་ཡང་ཁོ་ཚོ་རང་གི་བསམ་བློ་མེད།
- རྗེས་ནས་སློབ་གྲྭ་ཆེན་མོ་ནང་དུ་སོང་ན་ཁོ་རང་ལ་བསམ་བློ་ཡོད་བསམ་ཏེ།
- སློབ་འབྲིང་ནང་དུ་དེ་འདྲ་བཤད་མཁན་མེད་པས།
- སྔོན་མར་ཡང་ང་ཚོ་ཚོགས་དུས་བསམ་བློའི་སྟེང་ནས།
- བཟའ་ཚང་བཙལ་ཡོད་པ་དང་ཆུང་ཕྱོགས་པ།
- དང་ཐོག་ང་ཚོས་མི་འདེམ་དུས་ཀྱང་ཅུང་ཙམ་ཆེ་བ་དང་སྤྱི་ཚོགས་སྟེང་དུ་ལོ་གཅིག་ལ་ཞུགས་ཡོད་པ།
- དེ་འདྲའི་རིགས་འདེམ་ན་རང་ལ་དྲི་བ་ཡོད་ན་འདྲི་སླ་བ་རེད།
- རྗེས་སུ་འདང་བརྒྱབ་ན་ཆུང་ཕྱོགས་པ་གསོ་སྐྱོང་བྱས་ན་བཟང་རྒྱུ་རེད།
- དེ་ལྟར་བསམ་པས་ཆུང་ཕྱོགས་པ་རྣམས་བོས་པ་རེད།
- ང་ཚོས་འདི་ལྟར་བཤད་ན་ཁོ་ཚོས་བདེན་གི་ཟེར་བ་རེད།
- ང་རང་ལ་མཚོན་ན་གཞན་གྱིས་བཤད་པ་དེ་བདེན་གི་སྙམ།
- བརྙན་འཕྲིན་ཞིག་ལ་བལྟས་ནའང་དེའི་སྐད་ཆ་བཤད་པ་བདེན་གི་སྙམ།
- རང་གི་ཅི་ཡང་ཤེས་ཀྱིན་མེད་པ་དང་ཅི་ཡང་ཐུབ་ཀྱིན་མེད་ཀི་སྙམ།
- སྐབས་ཐོག་དེར་བློ་ཡུལ་དང་བསམ་བློར་དེ་ཤར་བ་རེད།
- དཔེ་ཆ་ཞིག་ཁྱེར་ཡོང་ནས་ལྟ་བ་མ་གཏོགས་རང་གིས་ཅི་ཡང་ཤེས་ཀྱིན་མེད་ཀི་སྙམ།
- ཉིན་ཁ་ཤས་འགོར་ན་འདུག་རོགས་འགྲོ་རོགས་གཞན་ཞིག་ལ་ཐུག་རྗེས།
- བསམ་བློ་འགྱུར་འགྲོ་བ་དང་བརྟན་མི་ཚུགས་པ་རེད།
- དེ་བས་ངས་བལྟས་ན་རང་གི་འགྲོ་རོགས་དེ་བཟང་བོ་ཞིག་ཡིན་དགོས།
- འགྲོ་རོགས་ཡག་པོ་ཞིག་ཡིན་ན་ཁྱོད་ཀྱི་བློ་ཁ་བསྒྱུར་ན།
- ཨ་རོད་་་དེ་འདྲ་མ་བྱེད་དང་དེ་འདྲ་བྱེད་མི་ཉན་ཞེས་བཤད་དེ།
- ཁྱོད་ཡག་པོ་ཞིག་ཡིན་ཏེ་ང་མ་རབས་ཤིག་ཡིན་ན་ངས་ཁྱོད་འདྲུད་སླ་བ་རེད།
- འདིས་ང་ཡར་འཐེན་རྒྱུ་སླ་མོ་མ་རེད།
- འདི་ལྟར་བཤད་ན་འདི་དག་ཐམས་ཅད་བདེན་པར་སྙམ།
- དངོས་གནས་བདེན་པ་རེད་ཅེས་སེམས་ལ་ཤར་ཡོད་པ་རེད།
- དེ་ནས་ཕྱིར་སློབ་གྲྭར་སོང་རྗེས་ཡར་མར་ལ་ཁ་པར་རེ་བཏང་།
- ང་རང་ཉིད་ཀྱང་དེ་འདྲ་ཡིན་ཏེ་ཁ་སྐོར་སླ་བ་རེད།
- དེ་བདེན་རྒྱུ་རེད་བསམ་ནས་གཞན་གྱིས་བཤད་ན་འབྱར་འགྲོ་བ་རེད།
- བཤད་དཀའ་མོ་རེད།
- ཚང་མ་དེ་འདྲ་རེད།
- དེ་ནས་སྐྱེས་པ་མང་པོ།
- ང་ཚོའི་སློབ་གྲོགས་མང་པོ་བཟའ་སྒྲིག་བྱས་ནས་བྱིས་པ་གཅིག་རེ་གཉིས་རེ་ཡོད་མཁན་མང་གི།
- ཁོ་ཚོས་དེ་ལྟར་བཤད་བཞིན་འདུག
- དངོས་གནས་མི་ཤེས་དངོས་གནས་མི་ཤེས་ཟེར།
- བུད་མེད་ཚོ་ཡང་དེ་འདྲ་ཡིན་ན་ཐང་མོད།
- སྐྱེས་པ་ཚོར་དངོས་གནས་འགྱུར་རྒྱུ་མང་གི་ཞེས་བཤད་ཀྱིན་འདུག
- བཟའ་སྒྲིག་མ་བྱས་གོང་དང་བཟའ་སྒྲིག་བྱས་རྗེས་ཀྱི་བར་གྱི་དུས་མཚམས་དེར་འགྱུར་རྒྱུ་ཡོད་ཀི།
- དེ་ནས་བྱིས་པ་སྐྱེས་པ་དང་མ་སྐྱེས་པའི་བར་གྱི་དུས་མཚམས་དེར་འགྱུར་རྒྱུ་ཡོད་ཀི་ཟེར།
- འཚོ་བའི་སྟེང་གི་གཙོ་བོ་བཤད་རྒྱུ་ཞིག་ལ།
- འདིའི་སྔོན་ལ་སློབ་གྲོགས་ཚེ་སྒྲོན་སྐྱིད་ཀྱིས་དགེ་རྒན་ལ་ནང་གསེས་རིགས་བཞི་དབྱེ་བ།
- བཞི་བོ་དེར་ད་དུང་རིགས་གཅིག་བསྣན་པ་ནི་ཕུགས་བསམ་དང་རེ་བ་ཅན་ཡིན།
- ང་ཚོ་འདི་ན་ཡོད་པ་ཚང་མ་ཕུགས་བསམ་དང་རེ་བ་ཅན་ཏག་ཏག་རེད།
- དེ་འདྲ་ཡིན་པ་དང་དེ་ལྟར་མིང་བཏགས་པ་ཡིན།
- ཕུགས་བསམ་དང་རེ་བ་ཅན་ཡིན་ན།
- ང་ཚོར་དངོས་གནས་ཕུགས་བསམ་ཞིག་དང་རེ་བ་ཞིག་དགོས་པ་རེད་མ་གཏོགས།
- གཞན་ལ་སྟོན་རྒྱུ་ཞིག་མེད་ན་ང་ཚོར་མིང་སྟོང་པ་ཞིག་གིས་གཞན་ཅི་ཡང་ལས་རྒྱུ་མེད་པ་རེད།
- དེ་བས་ངས་འདི་ན་ཅིག་བྲིས་ཡོད་པ་ནི་ཕུགས་བསམ་དགོས་ན་ཅི་འདྲ་ཞིག་ཡིན་དགོས་ཞེས།
- མི་ཡི་བརྩེ་བ་རྟ་བདུན་འོད་སྣང་སྨྱུག་གུའི་རྩེ་ནས་གཏོར་བ་མེད།
- ང་ཚོ་ཚང་མ་མ་དང་ཨ་མ་ཏག་ཏག་རེད།
- ཨ་མ་ཡིན་ལ་མ་འོངས་པ་དང་ད་ལྟ་བའི་ཨ་མ་ཏག་ཏག་རེད།
- དེ་ན་ཅི་རེད་ཟེར་ན་རང་གི་བརྩེ་བ་འདི་ཉི་མའི་འོད་སྣང་བཞིན་དུ།
- སྨྱུག་གུའི་རྩེ་ནས་གཏོར་རྒྱུ་ཟེར་མཁན་ཏག་ཏག་རེད།
- འདི་ན་ཡོད་པ་ཚང་མ་དེ་རེད།
- གཏོར་རྒྱུར་དགའ་མཁན་ཏག་ཏག་ཡིན་པས་ཅི་བྱེད་དགོས་ཟེར་ན།
- མ་ཡུམ་ལྷག་བསམ་འོ་མའི་རང་མདངས་ཚོར་བ་རྣོན་པོ་རྩེ་ལ་བསྙེག་དགོས།
- ང་ཚོའི་ཕུགས་བསམ་དེ་ལྟར་བྱེད་དགོས།
- ད་དུང་ཅི་རེད་ཟེར་ན་ང་ཚོ་ཕུགས་བསམ་དང་རེ་བ་ཅན་ཞིག་ཡིན་ན།
- ང་ཚོར་དེའི་ཚོད་ཀྱི་བུད་མེད་གཞན་དང་མ་འདྲ་བའི་མིག་རྒྱང་ཞིག་ཡོད་རྒྱུ་རེད།
- མིག་རྒྱང་རིང་བོ་ཞིག་ཡོད་རྒྱུ་རེད།
- མ་ཡི་མིག་རྒྱང་གཙང་བོ་རྒྱུད་བཟང་དཔག་དཀའ་རིང་བོ་རྒྱང་ལ་གཏོར།
- ང་ཚོས་རྒྱུན་དུ་རྩོམ་ཡིག་གི་རྒྱུན་འདི་ཆད་མི་ཉན་ཟེར་རྒྱུ་རེད།
- རྒྱུན་དུ་འབྲི་བ།
- མ་ཡུམ་མཆོག་གི་སེམས་གཞས་ཡག་མོ་ཁ་བའི་ལྗོངས་ཀྱི་ཟས་སུ་སྨིན།
- ང་ཚོ་རང་གིས་བྲིས་པའི་སེམས་གཞས་དང་རང་རང་གི་བྱམས་བརྩེ།
- རང་རང་གི་བརྩེ་བ་དང་རང་རང་གི་ལྷག་བསམ་འདི།
- ནམ་ཡིན་ཡང་ཅི་རེད་ཟེར་ན་རྒྱུན་དུ་ཡིག་སྟེང་ནས་བཤད་དགོས་པ།
- ངས་བཤད་རྒྱུ་དེ་མདོར་དེད་ནས་སོང་ན་རྩོམ་འབྲི་རྒྱུ་དེ་རྒྱུན་ཆད་མི་ཉན།
- དེ་ལྟར་བྱས་ན་ང་ཚོ་ཕུགས་བསམ་དང་རེ་བ་ཅན་ཞིག་གིས་ལོག་གི་བསམ།
- དེ་ལྟར་མ་བྱས་པར་རྩོམ་འབྲི་རྒྱུ་དེ་ཆད་སོང་ན།
- ང་ཚོར་ཕུགས་བསམ་དང་རེ་བ་ཅན་ཞེས་མིང་དེ་བཏགས་རུང་།
- མིང་སྟོང་པ་ཞིག་གིས་ང་ཚོར་ལས་རྒྱུ་མེད་པ་དེ་ང་རང་གི་བསམ་པ་ཡིན།
- དེ་མ་གཏོགས་གཞན་མེད།
- རྩོམ་ཡིག་རྒྱུན་མ་ཆད་ཅེས་བཤད་ན་དཔེ་ཀློག་རྒྱུན་ཆད་མི་ཉན་གི།
- རྩོམ་ཡིག་རྒྱུན་ཆད་ན་དཔེ་ཀློག་རྒྱུན་ཆད་འགྲོ།
- ངས་སྔོན་ལ་རྡོ་རྗེ་སྐྱིད་ལའང་དེ་ལྟར་དྲིས་པ་ཡིན།
- དེ་ནས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་སོང་བ་དང་ནུབ་བྱང་དུའང་སོང་།
- དེ་ནས་ཀན་ལྷོ་རུ་ཡང་ཚར་སོང་།
- དེ་བས་སློབ་གྲྭ་ཆེན་མོ་སོ་སོ་རུ་ང་ལ་སྣང་བ་དེ་འདྲ་ཞིག་སྟེར།
- དེང་སང་སློབ་གྲྭ་ཆེན་མོའི་བུ་མོ་མང་པོ་ཞིག་བོད་ཡིག་གི་དཔེ་ཆ་བལྟ་རྒྱུར་མི་དགའ།
- དེའི་ནང་ནས་བོད་ཡིག་གི་ལམ་ནས་བྲིས་པའི་དཔེ་ཆ་དེ་ཚོར་བལྟ་རྒྱུར་མི་དགའ།
- མང་ཆེ་བ་དེའི་རིགས་ལ་བལྟ་རྒྱུར་མི་དགའ།
- ཁྱད་པར་ཆེ་བ་ངོས་ཟིན་ཡིན་པ་ཞིག་ལ་ལྷག་པར་ཏུ།
- དཔེ་བཞག་ན་སྐྱེས་པ་གཉིས་མཉམ་དུ་འགྲོ་དུས་རྒྱ་སྐད་བཤད་མཁན་མང་པོ་མེད་ཀི།
- ཚང་མས་རང་གི་ཡུལ་སྐད་བཤད་ཀྱིན་འདུག།
- བུ་མོ་གཉིས་མཉམ་དུ་འགྲོ་དུས།
- དཔེ་བཞག་ན་ལྷ་ས་བ་དང་ཨ་མདོ་བ་གཉིས་མཉམ་དུ་འགྲོ་དུས་ཁག་མེད་མོད།
- རྒྱ་སྐད་བཤད་ནས་འགྲོ་མཁན་ཧ་ཅང་མང་།
- དེ་ལྟར་ཡིན་ན་ང་ཚོའི་ཁ་ཡ་ན་ཟླ།
- ཁ་བ་ལྷ་མོ་དང་བོད་བཞུགས་སྐྱིད་སོགས།
- འདི་ཚོའི་རིགས་འདིའི་རྗེས་ན་དཀའ་རྒྱུ་རེད་བསམ།
- མ་གཞི་ནས་བོད་ཡིག་གི་དཔེ་ཆར་བལྟ་རྒྱུར་དགའ་མཁན་སློབ་གྲྭ་ཆེན་མོ་ཚོའི་ནང་ན་མེད་ཀི།
- དགེ་རྒན་བདུད་ལྷ་རྒྱལ་གྱིས་དེ་ལྟར་མང་པོ་བཤད་ཀྱིན་འདུག
- སྔོན་ལ་ང་ཚོར་སྲོལ་རྒྱུན་དང་དཔེ་ཀློག་ཅེས་བཤད་ཀྱིན་འདུག
- དེ་ནང་དུ་ཁོས་གཙོ་བོ་དེ་བཤད་བཞིན་འདུག
- དེ་བུ་མོ་གཅིག་པུ་ལ་བཤད་པ་མ་རེད།
- སློབ་མ་ཚོ་མང་པོ་ཞིག་བོད་ཡིག་གི་དཔེ་ཆ་བལྟ་རྒྱུར་མི་དགའ།
- དེའི་ནང་ནས་ལོ་རྒྱུས་ཀྱི་དཔེ་ཆ་བལྟ་རྒྱུར་མི་དགའ།
- ལོ་རྒྱུས་ཀྱི་དཔེ་ཆ་བལྟ་རྒྱུར་མ་དགའ་ན་ང་ཚོའི་བསམ་བློའི་རྒྱུན་ཆད་འགྲོ།
- བསམ་བློའི་རྒྱུན་དེ་ཆད་སོང་ན་རིམ་བཞིན་རིག་གནས་ཀྱང་མེད་འགྲོ་བ།
- དེ་ལྟར་མང་པོ་བཤད་ཡོད་པའི་རྐྱེན་གྱིས།
- ང་ཚོ་ལྷག་པར་ཏུ་སློབ་གྲྭ་ཆེན་མོའི་བུ་མོ་ཚོ།
- ལོ་རྒྱུས་དང་བསླབ་ཚན་བོད་ཡིག་གིས་བྲིས་ཡོད་པའི་ལོ་རྒྱུས་དེ་དག་ལ་བལྟ་རྒྱུར་མི་དགའ།
- བསླབ་ཚན་གྱི་ནང་དུ་བོད་ཡིག་གི་དཔེ་ཆ་རྣམས་གསར་བར་འདུག
- ང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནང་དུ་སོང་དུས་ཅུང་ཙམ་མཁོ་ཆད་སོང་།
- ཡ་་་ཞེས་དེ་ལྟར་བསམ་བྱུང་།
- ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནང་དུ་སོང་དུས།
- བོད་ཡིག་གི་རྩོམ་འབྲི་མཁན་ཆད་ཡོད།
- ཚང་མས་རྒྱ་སྐད་བཤད་པ་ལས་བོད་སྐད་བཤད་མཁན་མེད།
- བོད་ཡིག་གིས་འབྲི་མཁན་མེད་པར།
- སློབ་མ་ཚོས་ཁ་བརྡ་བྱས་ན་ཁོ་ཚོའི་དགེ་རྒན་ཅིག་ཚོང་རྒྱག་ལ་བཟང་སྟེ་ཅིག་ལ་ཆང་ཁང་ཕྱེ་ཡོད།
- ང་ཚོའི་དགེ་རྒན་ཅིག་ཚོང་རྒྱག་ལ་བཟང་སྟེ་ཅིག་ན་ཇ་ཁང་ཕྱེ་ཡོད།
- དེ་འདྲ་ཁ་བརྡ་བྱས་ནས་བསྡད་འདུག
- དེ་བས་ཅུང་ཙམ་མཁོ་ཆད་སོང་།
- རྩོམ་ཡིག་འདི་ལ་བལྟ་དུས་ཁྱོད་ཀྱིས་འབྲི་ན་འདོད།
- འབྲི་ན་འདོད་ཚེ་ག་ས་གང་གི་དཔེ་ཀློག་མ་བྱས་ན།
- ཁྱོད་ཀྱི་སེམས་ན་ཤར་བ་དེ་སྨྱུག་གུའི་རྩེ་ནས་འཆར་མི་ཐུབ།
- རྩོམ་ཡིག་འབྲི་བ་དང་དཔེ་ཀློག་བྱེད་རྒྱུ་དེ་ཐབས་ལམ་ཡག་པོ་ཞིག་རེད།
- འོན་ཀྱང་ཐབས་ལམ་ཡག་པོ་ཞིག་ཡིན་རུང།
- གོང་ནས་ཨ་ཅེ་བན་མ་མཚོ་དང་དཔའ་མོ་རྒྱལ་སོགས་མང་པོ་ཡིས་བཤད་བྱུང་།
- རྩོམ་ཡིག་འདི་བྲིས་ན་དཀའ་ཁག་ཡོད་ས།
- ལྷག་པར་ཏུ་བཟའ་ཚང་སྒྲིག་ན་དཀའ་ཁག་ཡོད་ས་མང་པོ་བཤད་བྱུང་།
- དཀའ་མོ་ཞིག་ཡིན་པས་བཤད་མི་ཤེས།
- རེད་་་སློབ་ཆེན་སློབ་མ་ཚོ།
- སློབ་ཆེན་ནང་ན་ཡོད་པའི་དེང་སང་གི་སློབ་མའམ་རང་ཉིད་ཀྱང་དེ་དུས་དེ་ལྟར་རེད།
- སློབ་མ་ཚོར་དུས་དེབ་དང་རྩོམ་རིག་ལ་བལྟ་རྒྱུར་སྤྲོ་བ་མེད་པ་རེད།
- ལྷག་པར་དུ་བོད་ཡིག་ལ་སྤྲོ་བ་མེད་པ་རེད།
- དེ་དུས་ང་མི་རིགས་སློབ་ཆེན་ནང་དུ་སོང་དུས།
- ཁུག་རྟ་ཡི་རྩོམ་སྒྲིག་པ་ཚོས་སྒྲུབ་པའི་དེ་འདྲའི་གླེང་སྟེགས་ཤིག་ཡོད་པ་དེར་སོང་།
- བུ་མོ་མང་པོ་མེད་དེ་བུ་མོ་གཉིས་གསུམ་ཙམ་མ་གཏོགས་མེད་ཀི།
- དེའི་དགོང་མོ་ཁོ་ཚོས་ཁུག་རྟ་དུས་དེབ་དེ་ཡང་བསྐྱར་ལས་རྒྱུར་གྲོས་བྱེད་བཞིན་འདུག
- གྲོས་བྱེད་པའི་སྐབས་སུ་ཁུར་རྟ་དུས་དེབ་དེར་བུ་མོ་ཚོ་བལྟ་མཁན་མེད་ཀི་ཟེར།
- བུ་མོ་ཚོ་འབྲི་མཁན་ཆད་ཡོད་བལྟ་མཁན་མེད་ཀི་ཟེར།
- ན་ནིང་བྲག་མགོ་ཡི་ཁ་ཤས་ཀྱིས་རྩོམ་ཆ་ཅིག་དགོས་ཟེར་བ་ཁྱོད་ཚོར་བཤད་པ་དེ།
- རྩོམ་ཞིག་སྐུར་དགོས་ཞེས་བཤད།
- དེ་བས་ངས་བཤད་པ་དེ་བྲིས་ནས་བྱིན་པ་རེད།
- རྗེས་སུ་དེ་ལྟར་བཤད།
- ཁྱོད་ཀྱི་བྱ་བ་ཅི་ཡིན་ཟེར་བར་ང་རང་དགེ་རྒན་ཞིག་ཡིན་ཞེས་བཤད་པར།
- ཁྱོད་ལོ་ག་ཚོད་ཡིན་ཟེར་བར་ལོ་བཤད་པས།
- དེ་འདྲ་ཞིག་ཡིན་རྒྱུ་རེ་མ་གཏོགས་དེང་སང་གི་བུ་མོ་འབྲི་མཁན་རྣམས།
- རྩོམ་བསླང་ན་ཅུང་ཙམ་ཞིག
- དེ་དཔེ་ཆའི་སྟེང་དུ་ཁོ་ཚོས་བྲིས་ཡང་ཡོད་པ་རེད་ཟེར།
- ཅི་ཟེར་ཞེས་དྲིས་པར།
- རྩོམ་ཞིག་བསླང་བར་ཁ་ཡ་མི་བྱེད།
- རྗེས་སུ་རྩོམ་བསླང་ནས་ཁྱོད་ཀྱི་རྩོམ་ཞིག་ངེས་པར་དུ་དུས་དེབ་ནང་དུ་དགོས་ཞེས་བཤད་པས།
- ཁྱོད་ལོ་ག་ཚོད་ཡིན་ཁྱོད་ཀྱི་ཚོན་འཕྲིན་ཞིག་སྐུར་དང་ཟེར།
- ཁྱོད་ཀྱི་འདྲ་པར་ཚོན་འཕྲིན་བྱས་ནས་སྐུར་དང་།
- བློར་འབབ་ན་རྩོམ་ཡིག་སྐུར་རྒྱུ་རེད།
- བློར་མི་འབབ་ན་སྐུར་རྒྱུ་མ་རེད།
- དེ་ལྟར་བཤད་ཟེར།
- དོན་དག་དེ་འདྲ་ཞིག་ཀྱང་བྱུང་བ་ཡིན་པ་འདྲ་ཡང་མི་ཤེས་པ་རེད།
- མིའི་ནང་ནས་དེ་མི་ཤེས་པ་རེད།
- ངོ་མས་བཤད་པ་ཡིན།
- བོད་ཡིག་གི་དཔེ་ཀློག་མི་བྱེད་པ་འདི་ཡང་ངོ་མ་རེད།
- དྲ་རྩོམ་གྱི་ནང་དུ་ཞུགས་ཏེ་དྲ་རྩོམ་བྲིས་ན་བཟང་གི།
- རང་ཉིད་ལ་སེམས་ཤུགས་བསྐྱེད་ཐུབ།
- དེ་རིང་གཅིག་བྲིས་ན་གཞན་གྱིས་ངོ་བསྟོད་བྱས་ན་དགའ།
- དེ་ན་སང་ཉིན་ཡང་འབྲི་རྒྱུར་དེར་སེམས་ཤུགས་ཡོད།
- ཡིན་ཡང་རྗེས་ལ་མི་དགོས་པ་ཉག་ཉོག་བྲིས་ན་སེམས་ཤི་མི་ཉན།
- ཕྱིར་འབྲི་དགོས་པ་དང་དྲ་ཐོག་ལ་སྤེལ་ན་ཆོག་གི་དུས་དེབ་ཀྱི་སྟེང་དུ་སྐུར་ན་ཆོག་གི།
- དེ་ལྟར་བྱས་ན་ལེགས་པ་ལས་གཞན་ཞིག་གིས་བཤད་བྱུང་ཞེས་དེར་མཚམས་འཇོག་མི་ཉན།
- ང་ཚོར་བཤད་མཁན་མང་བ་དེ།
- ང་ཚོ་མབྲི་མཁན་ཉུང་བས་མཉམ་འཇོག་མཁན་མང་སོང་བ་རེད།
- སྐྱེས་པ་ཚོ་ཡང་ཡོངས་རྫོགས་བརྒྱ་ཆའི་བརྒྱ་ནས་བྲིས་པ་ལེགས་པ་དེ་འདྲ་མ་རེད།
- བརྒྱ་ཆའི་བརྒྱ་བྲིས་བ་ལེགས་ངས་ཁས་མི་ལེན།
- དེ་ལྟར་ཡིན་ན།
- ང་ཚོ་འབྲི་མཁན་ཉུང་བས་མཉམ་འཇོག་མཁན་མང་།
- རྗེས་ལ་བལྟ་མཁན་དང་བཤད་མཁན་མང་སོང་།
- དེར་ཁ་ཡ་མ་བྱས་པར་རང་གིས་ཅི་ལྟར་འབྲི་ན་དེ་ལྟར་བྲིས་ན་ལེགས།
- མཚོ་སྔོན་པོ་ཟིན་བྲིས་ཀྱི་སྟེང་དུ་བུ་མོ་ཚོ་ས་བཟུང་ནས་ཤ་ཡུ་མོ་སྡེ་ཞེས་ཟེར་བ་རེད།
- ཅིག་གིས་བཤད་པ་ནི་དྲ་འབུ་འདིའི་རིགས་ཀྱིས་ཤ་ཡུ་མོ་སྡེ་འདི་དམར་བསོད་གཏོང་རྒྱུ་རེད།
- དྲ་འབུ་འདིའི་རིགས་ཀྱིས་ཤ་ཡུ་མོ་སྡེ་འདི་དམར་གསོད་གཏོང་རྒྱུ་རེད་ཅེས་བཤད་པ་དེ་ངོ་མ་རེད།
- ཁྱོད་ཀྱིས་གཅིག་བྲིས་ན་ཚང་མ་ཁྱོད་ཀྱི་སྟེང་དུ་ལོག་པ་རེད།
- དེ་ཡིས་གཅིག་བྲིས་ན་ཚང་མ་ལོག
- རེ་མ་མིང་ལ་བལྟས་རྗེས་དགོས་མི་དགོས་བཅོ་བརྒྱད་གླེང་ནས།
- དེ་ནི་འབྲི་མཁན་ཉུང་སོང་བས་རེད།
- དེ་དག་ལ་ཁ་ཡ་མ་བྱས་པར་རང་གིས་འབྲི་བཞིན་བསྡད་ན།
- སྔོན་ལ་བཙུན་མོ་ཡག་གིས་བཤད་པ་དེ་ནི་རང་གིས་འབྲི་འདོད་ཀྱང་སྤོབས་པ་མེད།
- སྤོབས་པ་དང་ངས་བྲིས་པ་ཡག་རྒྱུ་མ་རེད་སོགས་ལ་ཁྱོད་ཀྱིས་ཁ་ཡ་མ་བྱེད།
- འབྲི་བཞིན་བསྡད་ན་དེར་གོ་རིམ་ཞིག་ངེས་པར་དུ་བརྒྱུད་དགོས།
- ནམ་ཞིག་གི་ཉིན་མོར་ཁྱོད་ཀྱི་དེ་རིམ་བཞིན་ཅིག་ལ་ཐོན་རྒྱུ་ཡོད་པ་རེད།
- དེ་བས་ད་སྔ་ང་ཚོ་གཅིག་ཏུའང་ཐོན་ཡོད་པ་མ་རེད།
- ང་ཚོས་སྔོན་ལ་བཤད་པ།
- ང་ཚོར་གྲུབ་འབྲས་མེད་པ་དང་མེད་པའི་དཔེ་དང་ལུང་མང་པོ་དྲངས་བ་རེད།
- ཡིན་མོད་སེམས་ཤུགས་འདི་ཉམས་ཉན་པ་མ་རེད།
- སེམས་ཤུགས་དེ་མ་ཉམས་པར་འབྲི་བཞིན་བསྡད་ན་ཆུ་ཐིགས་བསགས་པའི་རྒྱ་མཚོ་བཞིན།
- ང་ཚོའི་གྲུབ་འབྲས་དེའང་བསགས་བསགས་ན།
- འདི་གཏོང་ཉན་པ་མ་རེད།
- དེ་ཡིས་ང་ལ་ཅིག་བཤད་པར་ཀུམ་པ་དང་འདི་ཡིས་ང་ཅིག་བཤད་པར་ཀུམ་ན་འགྲིག་པ་མ་རེད།
- དེ་ལས་བྲལ་རྒྱུ་ཞིག་ཡོད་པ་རེད།
- གཞན་ཞིག་གིས་བཤད་པ་བཞིན་རྗེས་ནས་ངས་གཅིག་ལའང་ཁ་བྱས་པ་མིན་ཟེར་བ།
- དེ་ཡིས་བཤད་པ་བཞིན་ཤ་ཡུ་མོ་སྡེ་དམར་གསོད་གཏོང་རྒྱུ་རེད་ཅེས།
- ཁོ་ཚོས་ཀྱང་དམར་གསོད་གཏོང་བཞིན་པ་ཤེས་ཀྱིན་འདུག
- དེ་ངོ་མ་རེད་་་དེ་འདྲ་ཞིག་རེད།
- ང་ཚོས་སྔོན་ལ་བཤད་པ།
- ང་ཚོའི་ནང་དུ་མང་པོ་ཞིག་དགེ་རྒན་ཡིན་ལ་དེ་འགྲིག་འདུག
- དགེ་རྒན་ཚོས་ལས་ཀའི་དབང་གིས་དཔེ་ཆ་དེར་ཁ་རིས་ལག་རིས་བྱས་ནས་འདུག་དགོས།
- དཔེ་ཆ་དེ་སྣོག་གིན་འདུག་དགོས།
- དེ་ཡང་དཔེ་ཀློག་གི་གོ་སྐབས་ཤིག་རེད།
- སྲིད་འཛིན་རྣམས་ཀྱིས་དཔེ་ཆར་མ་བལྟས་པ་མ་རེད་མོད།
- ཁོ་ཚོའི་བྱ་བའི་དགོས་དབང་གིས་དཔེ་ཆ་དེར་དེ་འདྲ་ཞིག་འབྲེལ་གཏུག་མ་བྱས་ན་ཆོག
- དགེ་རྒན་ཚོ་དང་འདྲ་བོ་མ་རེད།
- དགེ་རྒན་གྱི་བྱ་བ་འདི་ངོ་སོ་མེད་པ་དང་བྱ་མ་ཉམ་ཐག་ཅིག་ཡིན་མོད།
- དགེ་རྒན་གྱི་བྱ་བ་ལས་མགོ་ཁྲིད་ཅིག་གི་ཁ་ལོ་བར་ཁ་ངོ་ཆེ་བ་རེད།
- ངོ་མས་བཤད་པ་ཡིན་ཏེ་མགོ་ཁྲིད་ཅིག་གི་ཁ་ལོ་བར་ཁ་ངོ་ཆེ།
- དེ་འདྲ་ཞིག་ཡིན་མོད་དཔེ་ཆའི་སྟེང་ལ་གོ་སྐབས་ཧ་ཅང་ཡོད།
- དཔེ་ཆ་སྣོག་གིན་འདུག་དགོས།
- དེ་ཧ་ཅང་བཟང་བ་དེ་འདྲ་ཞིག་རེད།