21 May 2013
25 min 49 sec
Video Overview
Creators:
Wendekhar, Gangri Pumo, Drangchar
This is the ninth part of a lecture on literature by Professor Dülhagyel at the First Young Tibetan Women's Literature Training in Trika, Qinghai Province. Professor Dülhagyel teaches at Northwest University for Nationalities.
- དོན་གྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་ལ་མཚོན་ནའང་དེ་རེད།
- དོན་གྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་ཡི་ནང་ན་ཁྱོད་ཚོས་བལྟས་ན།
- བརྗོད་བྱེད་ཚིག་ཡིན་པ་བཤད་མི་དགོས་པ་རེད་ལ།
- བརྗོད་བྱ་ཁྱོད་ཚོས་ལྟོས་དང་གཉིས་ཡོད་གི
- གཅིག་གང་རེད་ཟེར་ན་གཞོན་ནུ་རེད།
- འདི་ནི་ཡིན་རྒྱུ་ན་དེ་ལོ་རབས་བརྒྱད་ཅུ་ཡི་གཞོན་ནུ་རྣམས་རེད།
- གཞོན་ནུ་རྣམས་ལ་སྒྲ་རིག་པ་དང་སྙན་ངག་དང་སྡེབ་སྦྱོར་དང་།
- འདི་ཁྱོད་ཚོས་ལྟོས་དང་ཁོ་ཡི་བརྗོད་བྱ་ངོ་མ་རེད།
- འདི་ཅི་རེད་ཟེར་ན།
- ཕྱིའི་བརྡ་འཕྲིན་ནང་གི་བརྡ་འཕྲིན་གཉིས་ཀྱི་བར་ན་བར་ཐག་མེད་གི
- འོན་ཀྱང་དེ་ལང་ཚོའི་རྦབ་ཆུ་ལ་མཚོན་རྒྱུ་ན།
- བརྗོད་བྱ་གཞོན་ནུ་ཡི་ཕན་ཆད་ན།
- ད་རུང་བརྗོད་བྱ་གཉིས་བ་ཞིག་ཡོད་གི་དེ་གང་རེད།
- རྦབ་ཆུ་རེད།
- སྔོ་ཞིང་བསངས་པའི་ནམ་མཁའ།
- ཡངས་ཤིང་ཆེ་བའི་ས་གཞི་འདིའི་ནང་འདི་ན་ཅི་རེད་ཟེར་ན།
- ཆལ་ཆིལ་དུ་འབབ་པའི་རྦབ་ཆུ།
- ལྟོས་དང་ཝུ་བའི་རླབས་ཕྲེང་དཀར་ཞིང་།
- འོད་ཀྱི་ཐིག་ལེ་ནི་ཟ་འོག་གི་རི་མོ་ཅན་པོ་རེད།
- དེའི་རྗེས་ནས་ད་རུང་ཡིན་རྒྱུ་ན་རྦབ་ཆུ་བྲིས་ཡོད་གི་རེད་ལ།
- དཔྱིད་གསུམ་མཁའ་ལས་བབས་པའི་ཆར་ཆུ།
- དབྱར་གསུམ་ས་འོག་ནས་བརྡོལ་བའི་ཆུ་མིག
- སྟོན་གསུམ་སད་དང་སེར་བའི་སྙིང་བཅུད།
- དེའི་རྗེས་ན་བྲིས་ཡོད་པ་དེ་རེད།
- ཆུ་མགོ་གངས་དང་འབྲེལ་ཞིང་ཆུ་རྔ་རྒྱ་མཚོར་འདྲེས་ཡོད་གི
- དེ་ཚང་མ་ཁྱོད་ཚོས་ལྟོས་ལ་ཡིན་རྒྱུ་ན་ཆུ་ཞིག་བྲིས་ཡོད་པ་རེད།
- འོ་ན་བོད་ཀྱི་སྙན་ངག་ལ་མཚོན་རྒྱུ་ན་ཡིན་རྒྱུ་ན།
- འདི་འདྲའི་བོད་ཀྱི་སྙན་ངག་ལ་བལྟ་ཚུལ།
- བོད་ཀྱི་སྙན་ངག་ཀློག་ཚུལ།
- དེའི་ངོས་དེ་ནས་ཁྱོད་ཚོས་ཡིན་རྒྱུ་ན་ལང་ཚོའི་རྦབ་ཆུ་ལ་བལྟས་ན།
- དོན་སྙིང་མེད་པ་ཞིག་བྲིས་ཡོད་པ་རེད།
- ཁོ་ཡིས་ཆུ་ཞིག་བྲིས་ཡོད་པ་རེད།
- དེར་དོན་སྙིང་མེད་པ་རེད།
- ཡོད་པ་མ་རེད།
- རེད་བརླན་གཤེར་གྱི་ཆུ་བོ་དེར་དོན་སྙིང་ཡོད་པ་མ་རེད།
- དེ་ཡིན་ན་ཅི་རེད་ཟེར་ན།
- ཁོ་ལ་མཚོན་རྒྱུ་ན་དོན་གྱིས་བརླན་གཤེར་གྱི་ཆུ་བོ་དེ་ཡིན་རྒྱུ་ན་བརྗོད་བྱ་རེད།
- བརྗོད་བྱ་དེའི་ཤུགས་ན་བརྗོད་བྱའི་སྙིང་བོ་ཡོད་པ་རེད།
- བརྗོད་བྱའི་སྙིང་བོ་ཅི་རེད་ཟེར་ན་ཆུ་མ་རེད།
- བརྗོད་བྱའི་སྙིང་བོ་ཅི་རེད།
- གཞོན་ནུ་རྣམས་ཀྱི་ལང་ཚོ་ཡི་ཟིལ་ཤུགས་རེད།
- དེ་ཡིན་ན་གཞོན་ནུ་རྣམས་ཀྱི་ལང་ཚོ་ཡི་ཟིལ་ཤུགས་དང་།
- རྦབ་ཆུ་གཉིས་ཀ་བར་ཐག་རིང་ལ་མི་རིང་གི་ཟེར་ན་ཤིན་ཏུ་རིང་གི
- ཨོ་ཡ་་་ང་ཚོས་བལྟས་ན་མིག་ངོར་མཐོང་ཐུབ་པ་དེ་གང་རེད་ཟེར་ན།
- བརླན་གཤེར་གྱི་ཆུ་བོ་རེད།
- འོན་ཀྱང་དེའི་ཤུགས་ན་ཡོད་པ་གང་རེད་ཟེར་ན།
- ཨོ་ད་ཡིན་རྒྱུ་ན་གཞོན་ནུ་རྣམས་ཀྱི་ལང་ཚོ་ཡི་ཟིལ་ཤུགས།
- ལང་ཚོ་ཡི་གཟི་དཔལ།
- དེ་ཡིན་ན་ཅི་རེད་ཟེར་ན།
- ཕྱིའི་བརྡ་འཕྲིན་དང་ནང་གི་བརྡ་འཕྲིན་གཉིས་ཀྱི་བར་ཐག་ཤིན་ཏུ་རིང་གི
- འདི་ཅི་རེད་ཟེར་ན།
- སྙན་ངག་གསར་བ་ཡི་ཁྱད་ཆོས་རེད།
- བོད་ལ་བྱུང་མ་མྱོང་བའི།
- སྙན་ངག་གི་རྣམ་པ་གསར་བ་དེ་གང་ནས་བྱུང་བ་རེད་ཟེར་ན།
- སྤྱིར་ན་བརྗོད་པ་དང་མཚོན་པ་ཡི་ཁྱད་པར་དེ།
- ཡང་ན་ཡིན་རྒྱུ་ན་ཕྱིའི་བརྡ་འཕྲིན་དང་།
- ནང་གི་བརྡ་འཕྲིན་གཉིས་ཀྱི་བར་ཐག་དེ་རིང་བར་བྱས་བ།
- འདིའི་སྟེང་འདི་ནས་ཡིན་རྒྱུ་ན་སྙན་ངག་བྱུང་ཡོད་པ་རེད།
- དེ་ཡིན་པའི་སྟབས་ཀྱིས།
- སྙན་ངག་གསར་བ་ཡི་ཁྱད་ཆོས་དེ་གཙོ་བོ་ཅི་རེད་ཟེར་ན།
- ཕྱིའི་བརྡ་འཕྲིན་དང་ནང་གི་བརྡ་འཕྲིན་གྱི་བར་ཐག་ཤིན་ཏུ་རིང་གི
- དེ་ཡིན་ན་སྙན་ངག་དེ་ཡང་ཅི་འདྲ་ཞིག་ཏུ་ལོག་རྒྱུ་རེད་ཟེར་ན།
- གོ་དཀའ་བ་རུ་འགྱུར་རྒྱུ་རེད།
- ཨོ་ཡ་་་དེ་ཡིན་ན་སྙན་ངག་འདི་གོ་དཀའ་བ་རེད་ཟེར་བའི།
- གོ་དཀའ་བ་འདི་གང་ནས་བྱུང་བ་རེད་ཟེར་ན།
- ཚིག་སྦྱོར་གྱི་སྟེང་གི་གོ་དཀའ་བ་མ་རེད།
- བོད་ཀྱི་སྲོལ་རྒྱུན་སྙན་ངག་དེ་གོ་དཀའ་བ་ཡིན་པ་རེད།
- ཁོ་ཡི་གོ་དཀའ་བའི་ཁྱད་ཆོས་གང་ནས་བྱུང་བ་རེད།
- ཚིག་སྦྱོར་གྱི་ཆ་ནས་བྱུང་བ་རེད།
- སྙན་ངག་གསར་བ་གོ་དཀའ་བ་རེད།
- གོ་དཀའ་བའི་རྒྱུ་མཚན་ཅི་རེད།
- ཚིག་སྦྱོར་གྱི་ཆ་ནས་བྱུང་བ་མ་རེད།
- གང་ནས་བྱུང་བ་རེད་ཟེར་ན།
- བརྗོད་བྱ་དང་བརྗོད་སྙིང་གཉིས་ཀྱི་བར་ན་བར་ཐག་ཡོད་པ་རེད།
- སྲོལ་རྒྱུན་སྙན་ངག་ལ་མཚོན་རྒྱུ་ན།
- བརྗོད་བྱ་དང་བརྗོད་སྙིང་གཉིས་ཀའི་བར་ན་བར་ཐག་ཡོད་པ་མ་རེད།
- བར་ཐག་གི་ཆ་དེ་ཅི་རེད་ཟེར་ན།
- སྙན་ངག་གསར་བ་ཡི་གོ་དཀའ་བའི་ཁྱད་ཆོས་དེ་བྱུང་བ་རེད།
- དེ་མིང་ལ་ཅི་ཟེར་རྒྱུ་རེད་ཅེ་ན།
- ཨོ་ཡ་་སྙན་ངག་འཁྱོག་པོ་རེད།
- སྙན་ངག་ཡིན་རྒྱུ་ན་དྲང་མོར་ཐད་ཀར་དུ་བརྗོད་རྒྱུ་མ་རེད།
- སྙང་ངག་དེ་ཅི་རེད་ཟེར་ན་ད་ཡིན་རྒྱུ་ན།
- གོང་ནས་བཤད་པའི་ཕྱིའི་བརྡ་འཕྲིན་དང་ནང་གི་བརྡ་འཕྲིན་ཀྱི་བར་ཐག་རིང་བ།
- ཨོ་ཡ་་ཡང་ན་ཡིན་རྒྱུ་ན་བསྟན་དོན་ཐད་ཀར་དུ་མ་བསྟན་པར།
- སྙན་ངག་གི་ནང་ལ་ཡིན་རྒྱུ་ན་འབྲེལ་མེད་ཀྱི་ཆོས།
- ཡང་ཡང་གི་ཆོས་ཤིག་བྲིས་ནས་བསྡད་དེ།
- དེའི་ཤུགས་ན་བསྟན་དོན་ཡོད་པ་རེད།
- དེ་ན་དེ་ཅི་རེད་ཟེར་ན་སྙན་ངག་དེ་གོ་དཀའ་བ་རུ་གྱུར་སོང་བ་རེད།
- འདི་ཅི་རེད་ཟེར་ན།
- རྒྱ་ཡི་ཅི་ཟེར་བ་རེད་ཅེ་ན་སྙན་ངག་གི་ལེགས་བཤད་འདི་འདྲ་ཞིག་ཡོད།
- མི་དྲང་མོ་དཀའ་་་སྙན་ངག་འཁྱོག་པོ་དཀའ་དེ་ཟེར་བ་རེད།
- དེ་ཅི་ཟེར་བ་རེད་ཅེ་ན།
- སྙན་ངག་དེ་དྲང་ཐད་དུ་བརྗོད་རྒྱུ་ཞིག་མ་རེད།
- དེ་ཡིན་པའི་སྟབས་ཀྱིས་ངས་ཁ་སང་བཤད་རྒྱུ་དེ་རེད།
- སྙན་ངག་གི་ངོས་ནས་བཤད་རྒྱུ་ན།
- ང་ཚོ་བོད་ཀྱི་སྙན་ངག་དེ་འཕེལ་རྒྱས་སུ་འགྲོ་དགོས་ན།
- བལྟ་ས་བཟང་བོ་ཞིག་ཡོད་པ་གང་རེད།
- རྒྱ་ཡི་ཡིན་རྒྱུ་ན་དེ་ཐང་གི་སྙན་ངག་ལྟ་བུ་རེད།
- ཁྱོད་ཚོས་ལྟོས་ལ་ཐང་གི་སྙན་ངག་ཏེ་ཅི་རེད་ཟེར་ན།
- ཕྱི་རོལ་གྱི་ལྗོངས་བྲིས་ནས་བསྡད་དེ་ཅི་རེད་ཟེར་ན།
- ནང་སེམས་ཀྱི་དབྱེ་འབྱེད་དེ་སྟོན་པ་རེད།
- ནང་སེམས་ཀྱི་དབྱེ་འབྱེད་ཐད་ཀར་དུ་སྟོན་པ་གཅིག་ཀྱང་ཡོད་པ་མ་རེད།
- འདི་ཡིན་རྒྱུ་ན་དེ་ཕྱི་རོལ་གྱི་ལྗོངས་ཏེ་རི་ལ་སོགས་པ།
- ཆུ་ལ་སོགས་པ་ནག་ལ་སོགས་པ་བྲིས་ནས་བསྡད་དེ་ཅི་རེད་ཟེར་ན།
- ཨོ་ཡ་་རང་གི་བསྟན་དོན།
- གནས་འགྱུར་དེ་བརྗོད་རྒྱུ་ཞིག་རེད་ལ།
- དེ་ཅི་རེད་ཟེར་ན་གོ་དཀའ་བ་རེད།
- འོ་ན་འདིའི་མིང་ལ་ཅི་རེད་ཟེར་ན།
- སྙན་ངག་རྣམ་པ་ཅན་དུ་བྱ་བ་ཟེར་བ་འདི་འདྲ་ཞིག་རེད།
- སྙན་ངག་དེ་ཡིན་རྒྱུ་ན།
- སྙན་ངག་རང་གིས་བརྗོད་བྱ་དེ་ལ་ཡང་ན་ཡིན་རྒྱུ་ན་སྲོག་དེ་ལ།
- ཕན་ཆད་ན་ཁོ་ཡི་ཡིན་རྒྱུ་ན་དེ།
- ཤ་དང་ཚིལ་སྐྱི་མོ་འདི་འདྲ་མང་པོ་ཞིག་གིས་ཡིན་རྒྱུ་ན།
- སྙན་ངག་དེ་གྲུབ་པར་བྱས་ཡོད།
- སྙན་ངག་དེའི་སྲོག་དེ་གོང་ནས་ང་ཚོས་བཤད་པའི་དཔེ་འཇོག་རྒྱུ་ན།
- བརྗོད་བྱའི་སྲོག་བརྗོད་བྱའི་སྙིང་བོ་ཡིན་པ་རེད།
- འོ་ན་ཁོ་ཡི་རྗེས་ཀྱི་རྣམ་པ་དེ་ཅི་ཞིག་ཡིན་དགོས་ཟེར་ན།
- ཨོ་ང་ཚོ་མི་ཞིག་ལ་མཚོན་རྒྱུ་ན་ལུས་ཀྱི་ཡིན་རྒྱུ་ན་དེ།
- ཤ་ཁྲག་ཚིལ་གསུམ་ལ་སོགས་པ་ཡིན་པ་རེད།
- འོ་ན་སྙན་ངག་རྣམ་པ་ཅན་དུ་བྱ་བ་ཟེར་བ་དེ་ཅི་རེད་ཅེ་ན།
- ཁོ་ངེས་པར་དུ་ཐད་ཀར་དུ་བརྗོད་པ་མ་རེད།
- གང་ལྟར་ཀྱང་རྣམ་པ་ཅན་དུ་བྱ་བ་ཟེར་ན།
- རྒྱ་ཡིག་གི་སྟེང་ནས་གོ་སླ་བ་རེད།
- 形式化ཟེར་བ་རེད།
- ཁོ་ཡི་ཡིན་རྒྱུ་ན་དེ།
- བརྗོད་དོན་དེ་ཡིན་རྒྱུ་ན་ཐད་ཀར་དུ་མ་བརྗོད་པར།
- བརྗོད་དོན་དེ་ལ་ཡིན་རྒྱུ་ན་རྣམ་པ་ཞིག་བཙལ་དགོས་བ།
- རྣམ་པ་གང་ལ་བསྟུན་ན་འགྲིག་གི
- ཨོ་ཡ་་དེའི་མིང་ལ་ཡིན་རྒྱུ་ན་རྣམ་པ་ཅན་དུ་བྱ་བ་དེ་ཟེར་བ་རེད།
- ཡ་་འདི་ང་ཚོས་སྙན་ངག་གསར་རྙིང་གི་ཁྱད་པར་བཤད་དུས།
- གནད་གཙོ་ཆེས་བ་རེད།
- ཨོ་ཡ་་དེ་ཡིན་པའི་སྟབས་ཀྱིས་གོང་ནས་བཤད་པ་དེ་རེད།
- གཙོ་བོ་བོད་ལ་མཚོན་རྒྱུ་ན།
- སྤྱིར་བཏང་གིས་ང་ཚོ་ཡིན་རྒྱུ་ན།
- རང་མོས་སྙན་ངག་དར་བ་དེ་ཡ་མཚན་ཞིག་ཏུ་བརྩིས་པ་རེད་ལ།
- རང་མོས་སྙན་ངག་ཟེར་བའི་གོ་བ་དེ།
- ཚིགས་སུ་གཅོད་ལུགས་ཙམ་ཞིག་གི་སྟེང་ལ་ངོས་བཟུང་དུས།
- བོད་ལ་རང་མོས་སྙན་ངག་དར་ན་མ་དར་ན་དོན་སྙིང་ཆེན་པོ་མེད་གི་བསམ་གི
- དེ་ཙམ་ཞིག་ཡིན་བཏང་ན།
- དེ་རིང་སང་ཉིན་མང་པོ་ཞིག་གིས་བཤད་པ་དེ་རེད།
- བོད་ལ་རང་མོས་སྙན་ངག་ཟེར་བ་གནའ་ཞིག་ནས་ཡོད་གི
- མི་ལ་རས་བའི་མགུར་གྱི་ནང་ན་ཡང་ཡོད་གི
- ཡང་ན་ཡིན་རྒྱུ་ན་བོད་ཀྱི་མགུར་གླུ་ཐོག་མ།
- འ་བ་ཉིལ་ཉིལ་བའི་ཉི་ཅན་པོ་དེར་བལྟས་ན།
- རང་མོས་ཡིན་པ་རེད།
- ཚིགས་སུ་གཅོད་ལུགས་རང་མོས་རེད།
- འོན་ཀྱང་ཁོ་ཅི་རེད་ཟེར་ན།
- ཚིགས་སུ་གཅོད་ལུགས་དེ་འདྲ་ཞིག་ཡིན་དུས་ཡིན་རྒྱུ་ན།
- དེ་མི་ལ་རས་བའི་མགུར་ཡིན་ན་ཡང་ཆོག་གི
- འ་བ་ཉིལ་ཉིལ་བའི་ཉི་ཡིན་ན་ཡང་ཆོག་གི
- འདི་སྙན་ངག་གསར་བ་མ་རེད།
- རང་མོས་སྙན་ངག་རེད།
- དེ་ཡིན་ན་ཅི་རེད་ཟེར་ན།
- བོད་ལ་རང་མོས་སྙན་ངག་དར་བའི་དོན་སྙིང་དེ།
- ཚིགས་སུ་གཅོད་ལུགས་ཀྱི་སྟེང་ནས་བཤད་ན་མི་འགྲིག་གི
- ཁོ་ཅི་རེད་ཟེར་ན།
- བསམ་བློ་ཡི་ནང་དོན་དང་སྒྱུ་རྩལ་གྱི་ཁྱད་ཆོས།
- སྒྱུ་རྩལ་གྱི་ཁྱད་ཆོས་དེ་ཚིགས་སུ་གཅོད་ལུགས་ཙམ་མ་རེད།
- ང་ཚོས་འདི་ན་བཤད་པའི་སྒྱུ་རྩལ་གྱིས་མཚོན་ཐུབ་པ།
- གཙོ་བྱས་ནས་ཡིན་རྒྱུ་ན།
- ཕྱོགས་གཞན་པ་མང་པོ་མང་པོ་ཞིག་ལ་འགྱུར་ལྡོག་ཡོད་པ་རེད།
- དེ་གཅིག་ཤེས་དགོས་བ་རེད།
- དེའི་འཕྲོ་ནས་སྤྱིར་ཅི་རེད་ཟེར་ན་གོང་ནས་ང་ཚོས་བཤད་པའི།
- རང་མོས་སྙན་ངག་ཟེར་བ་དེ་ཡིན་རྒྱུ་ན་རང་འདོད་ལྟར་ཚིགས་སུ་བཅད་ན་ཆོག་གི
- རང་མོས་སྙན་ངག་དེ་བོད་ཀྱི་སྙན་ངག་ལ་མཚོན་ན།
- ཁོ་ཡིན་རྒྱུ་ན་དེ་འཆིང་གྲོལ་ཞིག་རེད་དེ་འདྲ་བཤད་རྒྱུ་ཡོད་པ་རེད་ལ།
- ཁྱོད་ཚོས་བལྟས་ན་དེ་ངས་བལྟ་རྒྱུ་ན།
- ཚང་མའི་ཡིན་རྒྱུ་ན་ཤེས་བྱ་རུ་གྱུར་ཡོད་པ་རེད།
- དེ་ཡིན་རྒྱུ་ན་རྟོག་དཔྱོད་བྱེད་རྒྱུ།
- དེ་ཅི་རེད་ཟེར་ན།
- བོད་ཀྱི་སྲོལ་རྒྱུན་སྙན་ངག་དེ་མ་གཞི་ནས་འཆིང་བ་ཅན་ཞིག་རེད་ལ་མ་རེད།
- ཨོ་ཡ་་དེ་ཡིན་པ་མ་རེད།
- དབྱིན་ཇི་ཡི་ཡིན་རྒྱུ་ན་སྲོལ་རྒྱུན་གྱི་སྙན་ངག
- 古典诗歌
- ཡང་ན་ཡིན་རྒྱུ་ན་རྒྱ་ནག་གི་古典诗歌
- དེར་བལྟས་ན་ཅི་རེད་ཟེར་ན་ངོ་མས་འཆིང་བ་རེད།
- ཁོ་ཡིན་རྒྱུ་ན་བོད་ཀྱི་སྐད་ཆ་ཡིས་བཤད་རྒྱུ་ན།
- སྒྲ་རྒྱན་གྱི་སྣང་ཚུལ་དེ་བཙན་པོ་ཡིན་པ།
- ང་ཚོས་ཤེས་པ་དེ་རེད།
- མ་མཐའ་ཡིན་ན་ཡང་རྒྱ་ཡིས།
- དེ་སྙན་ངག་ཅིག་འབྲི་དུས་雅韵ཟེར་རྒྱུ་ཞིག་ཡོད་གི
- ཨོ་་་་དེ་ལྟ་བུ་རེད།
- བོད་ལ་མཚོན་རྒྱུ་ན་དེ་ཅི་རེད་ཟེར་ན་སྒྲ་རྒྱན་ལྟ་བུ་ཞིག་རེད།
- སྒྲ་རྒྱན་ལྟ་བུ་ཞིག་ཡིན་དུས་ཅི་རེད་ཟེར་ན་ངོ་མས་འཆིང་བ་ཡོད་གི
- ང་ཚོར་མཚོན་རྒྱུ་ན་ཟུང་ལྡན་གྱི་རྒྱན་ཟེར་ནས།
- མགོ་དེ་ནས་ངེས་པར་དུ་ཡིན་རྒྱུ་ན་ཚིག་རྐང་འདྲ་བ་ཞིག་བཟོ་དགོས་པ་རེད།
- དེ་ཡིན་ན་ཁྱོད་ཚོས་ལྟོས་ལ་བོད་ཀྱི་སྙན་ངག་ཅིག་བྲིས་དུས།
- དོན་གྱིས་ཅི་རེད་ཟེར་ན།
- ཨོ་ཡ་་སྒྲ་རྒྱན་གྱི་སྙན་ངག་ཡག་པོ་ཞིག་བོད་ལ་བྱུང་ཡོད་པ་མ་རེད།
- རབ་རབ་མཛེས་མཛེས་ཆོག་ཆོག་ཅེས།
- བོད་སྐད་མིན་པ་ཞིག་བོད་སྐད་ཡིན་པར་བྲིས་ཡོད།
- དེ་དོན་གྱིས་ཅི་བྱས་པ་རེད་ཟེར་ན།
- འཆིང་བ་ཆེ་སོང་ན་ད་ཅི་རེད་ཟེར་ན།
- འཆིང་བ་དེ་ཁྱོས་གཏོར་མ་ཐུབ་པ་རེད།
- ལྕགས་སྒྲོག་ཅིག་རྒྱབ་པ་རེད།
- ལྕགས་སྒྲོག་དེ་རྒྱབ་ནས་ཁྱོད་གར་འཁྲབ་མ་ཐུབ་པ་རེད།
- གར་འཁྲབ་མ་ཤེས་པ་རེད།
- དེ་ཅི་རེད་ཟེར་ན་འཆིང་བ་རེད།
- འོན་ཀྱང་བོད་ཀྱི་སྲོལ་རྒྱུན་སྙན་ངག་དེ་ཅི་རེད་ཟེར་ན།
- མ་གཞི་ནས་སྒྲ་རྒྱན་གྱི་སྒོ་ནས་འབྲི་བ་ཞིག་མ་རེད།
- ཁོ་གཙོ་བོ་ཅི་རེད་ཟེར་ན།
- ཚེག་ཁྱིམ་ཉམས་པ་དང་།
- ཚིག་རྐང་བཞི་ཡིས་འབྲི་དགོས་པ་ཙམ་མ་གཏོགས།
- དེའི་སྟེང་ན་ཡིན་རྒྱུ་ན་གཞན་པ་ཡི་འཆིང་བ་ཆེན་པོ་མེད་གི
- དེ་ན་ཅི་རེད་ཟེར་ན།
- དེ་འཆིང་བ་ཡི་ངོས་ནས་འདང་རྒྱོབ་ལ།
- ཕྱི་རྒྱལ་གྱི་སྙན་ངག་ཡིན་ན་ཆོག
- ཡང་ན་ཡིན་རྒྱུ་ན་རྒྱ་ཡི་སྙན་ངག་ཡིན་ན་ཆོག
- དེ་ཅི་རེད་ཟེར་ན་ངོ་མས་འཆིང་བ་ཡོད་པ་རེད།
- ཁོ་ལ་ཡིན་རྒྱུ་ན་སྡེབ་སྦྱོར་རིག་པ་ཟེར་བ་ཞིག་་ཀྱང་དར་ཡོད་གི
- སྡེབ་སྦྱོར་རིག་པ་ཡི་སྙན་ངག་དེ་ལ་ཡིན་རྒྱུ་ན།
- དབྱེ་བ་བཟུང་དུས་ཅི་རེད་ཟེར་ན་ངོ་མས་འཆིང་བ་རེད།
- བོད་ཀྱི་སྒྲ་རྒྱན་ལྟ་བུ་རེད།
- འོན་ཀྱང་བོད་ལ་མཚོན་ན་བོད་ཀྱི་སྙན་ངག་འབྲི་ཚུལ་དེ་གཙོ་བོ་ཅི་རེད་ཟེར་ན།
- སྒྲ་རྒྱན་མ་རེད་དོན་རྒྱན་རེད།
- དོན་རྒྱན་ཡིན་ན་ཁོ་ཡི་ཡིན་རྒྱུ་ན་དེ།
- ཚིག་གི་ཆ་དེ་ནས་ཁོ་ཅི་རེད་ཟེར་ན་འཆིང་བ་ཆེན་པོ་ཆེན་པོ་ཞིག་མ་རེད།
- དེ་ཡིན་པའི་སྟབས་ཀྱིས་དེའི་ངོས་དེ་ནས་འདང་ཞིག་རྒྱབ་ན།
- བོད་ལ་ཡིན་རྒྱུ་ན་དེ་སྙན་ངག་གསར་བ་དར་བ་དེ་ཡིན་རྒྱུ་ན།
- རང་མོས་ཀྱི་ངོས་དེ་ནས་འདང་རྒྱབ་དུས་ཅུང་ཙམ་ཞིག་འགྲིག་གི་མེད་གི
- ང་ཚོས་ཡིན་རྒྱུ་ན་ཕྱོགས་སྡོམ་ཞིག་བྱས་ན་ཅི་རེད་ཟེར་ན།
- གནད་གཉིས་ལས་བཤད་ན་ཆོག་གི
- གནད་གཅིག་གང་རེད་ཟེར་ན།
- སྲོལ་རྒྱུན་སྙན་ངག་དང་མི་འདྲ་བའི་སྙན་ངག་གི་རྣམ་པ་གསར་བ་དེ།
- ཚིགས་སུ་གཅོད་ལུགས་ཀྱི་སྟེང་ནས།
- བཅིང་འགྲོལ་དང་བསྒྱུར་བཅོས་བྱས་བའི་སྟེང་ནས་བྱུང་བ་ཞིག་མ་རེད།
- དེ་ཙམ་ཞིག་ཡིན་ན་གོང་ནས་ང་ཚོས་བཤད་པའི།
- མེ་རྒྱལ་གྱི་སྟོད་པ་འདྲ་བ་དེ་རེད།
- དེ་འདྲ་ཞིག་བོད་ལ་དར་མ་དར་ཅི་ཞིག་གི་ཁྱད་པར་ཡོད་གི
- དེ་དང་བསྟུན་ན་མཛེས་བ་ཅི་ཡང་མེད་གི
- དེ་ཡིན་པའི་སྟབས་ཀྱིས་ཡིན་རྒྱུ་ན་ཚིགས་སུ་གཅོད་ལུགས་གཙོ་བོ་མ་རེད།
- དེའི་འཕྲོ་ནས་གོང་ནས་ང་ཚོས་བཤད་པའི།
- རང་མོས་སྙན་ངག་ཟེར་བའི་གོ་དོན་གྱི་སྟེང་ནས་བཤད་རྒྱུ་ན།
- བོད་ཀྱི་སྲོལ་རྒྱུན་སྙན་ངག་དེ་མ་གཞི་ནས་འཆིང་བ་ཅན་ཞིག་མ་རེད།
- ཁོ་ཡིན་རྒྱུ་ན་དེ་སྒྲ་རྒྱན་གྱི་འཆིང་བ་དེ་མེད་གི
- སྡེབ་སྦྱོར་གྱི་འཆིང་བ་དེ་མེད་གི
- འོ་ན་མི་རིགས་གཞན་ལ་མཚོན་རྒྱུ་ན།
- ཨོ་ཁོ་ཡི་རང་མོས་ཀྱི་ནང་དོན་མཐུན་པ་ཡིན་པ་རེད།
- དེའི་རྒྱུ་མཚན་ཅི་རེད་ཟེར་ན།
- ཁོ་ཡིས་སྒྲ་རྒྱན་གྱི་རྣམ་བཞག་ཡོད་གི
- སྡེབ་སྦྱོར་གྱི་རྣམ་གཞག་ཡོད་གི
- རྣམ་བཞག་ངོ་མ་དེར་བརྩི་སྲུང་བྱེད་དགོས་ན་ཅི་རེད་ཟེར་ན།
- ངོ་མས་སྙན་ངག་པ་ལ་ལྕགས་སྒྲོག་རྒྱབ་པ་ལྟ་བུ་རེད།
- ཨོ་་་དེ་འདྲ་གཉིས་ཀྱི་སྒོ་ནས།
- ང་ཚོའི་སྙན་ངག་གསར་རྙིང་གི་ཁྱད་པར་དེ་དོན་གྱིས་ཅི་རེད་ཟེར་ན།
- ངས་བལྟས་ནས་སོང་ན་ཡིན་རྒྱུ་ན་རང་མོས་ལས་བྱུང་བ་མ་རེད།
- ཨོ་ཡ་་མཛེས་རྟོག་གི་ལྟ་བ་གསར་བ་ལས་བྱུང་བ་རེད།
- ཡང་ན་མཛེས་རྟོག་གི་རྩ་དོན་གསར་བ་ཞིག་ལས་བྱུང་བ་རེད།
- ཡ་་དེ་ང་ཚོས་བཤད་བྱ་དང་པོ་རེད།
- དེ་གཙོ་བོ་སྙན་ངག་གསར་རྙིང་གི་ཁྱད་པར་ཞིག་བཤད་པ་རེད།
- ཨོ་ཡ་་དེ་ཡིན་ན་བོད་ལ་མཚོན་ན།
- ཁྱོད་ཚོས་བལྟས་ན་ཡང་ཤེས་གི
- སྙན་ངག་གསར་བ་དེ་ཡིན་རྒྱུ་ན།
- རང་མོས་ཀྱིས་བྲིས་ན་ཡང་སྙན་ངག་གསར་བ་རེད།
- ཚིག་བཅད་ཀྱི་སྒོ་ནས་ཡང་སྙན་ངག་གསར་བ་འབྲི་ན་ཆོག་པ་རེད།
- དཔེ་འཇོག་རྒྱུ་ན།
- ལྷ་རྒྱལ་ཚེ་རིང་གི་སྙན་ངག་ཞིག་ལ།
- འཕུང་བའི་མཆི་མ་དབང་མེད་བཞུར་ཟེར་བ་ཞིག་ཡོད་ལ།
- སྐྱ་རེངས་ལྷ་མོ་འབོད་བརྡ་ཟེར་བ་ཞིག་ཡོད།
- དེ་ཚོར་བལྟས་ན་ཁྱོད་ཚོས་ལྟོས་ལ།
- ཨོ་་་་ཚིགས་སུ་གཅོད་ལུགས་ཀྱིས་སོང་ན་ཅི་རེད།
- སྲོལ་རྒྱུན་སྙན་ངག་གི་ཚིགས་སུ་གཅོད་ལུགས་རེད།
- འོན་ཀྱང་སྙན་ངག་གི་མཛེས་བ་ཡི་ངོས་ནས་བཤད་རྒྱུ་ན།
- སྙན་ངག་གསར་བ་ཡི་མཛེས་བ་ཐོན་པ་རེད།
- བསམ་བློ་ཡིས་སོང་ན་བརྩེ་དུང་མཚོན་ཚུལ་གྱིས་སོང་ན།
- གོང་ནས་བཤད་པའི་སྒྱུ་རྩལ་གྱི་མཚོན་ཐབས་ཀྱིས་སོང་ན།
- དེ་སྙན་ངག་གསར་བ་ཡི་ཁྱད་ཆོས་དེ་ཐོན་ཡོད་པ།
- དེ་ཡིན་པའི་སྟབས་ཀྱིས་ང་ཚོས་བལྟས་ན།
- རང་མོས་ཀྱི་ཚིགས་སུ་གཅོད་ལུགས་དེ་ཡིན་རྒྱུ་ན།
- གཙོ་བོ་གཙོ་བོ་ཞིག་མ་རེད།
- དེ་ཡིན་བཏང་ན་ང་ཚོའི་ཚིག་གི་སྟེང་ན་ཡིན་རྒྱུ་ན་ལུས་ཡོད་པ།
- དེ་འདྲ་ཞིག་ཡིན་ན་ང་ཚོའི་གོ་བ་དེ་རྒྱ་བསྐྱེད་ཐུབ་རྒྱུ་མ་རེད།
- ཡ་་དེ་ཡིན་རྒྱུ་ན་གླེང་སློང་ཞིག་རེད།
- དེའི་འཕྲོ་ནས་ང་ཚོའི་ག་རེད་ད།
- འདི་ཁྱོད་ཚོར་འབྲེལ་བ་ཡོད་པ་ཞིག་རེད།
- ན་ནིང་གི་བྱམས་བུད་མེད་ཀྱི་ཚོགས་འདུ་ཡི་སྟེང་ནས།
- དགའ་རྟགས་ཨང་དང་པོ།
- གནམ་གྱི་ཕྱེད་ཀ་འདེགས་པའི་གྱེད་མི་ཟེར་བ་དེར་ཐོབ་པ་རེད།
- ཨོ་་ང་ཚོས་འདིའི་ནང་ལ་བལྟས་ན།
- འདིའི་ནང་ན་ཅུང་ཙམ་བལྟ་རྒྱུ་ཞིག་ཡོད་པ་རེད།
- ང་ཚོས་མང་པོ་མང་པོ་འདོན་མི་དགོས།
- ཨོ་ཡ་་བཙན་པོ་འཁོར་གྱིས་བཞེངས་བའི་རྒྱལ་རབས་དེ་བསམ་ནས།
- ལོ་རྒྱུས་དལ་གྱིས་འཁོར་བའི་འཁྱུག་བྲིས་ལ་བལྟས་ཏེ།
- ཟུར་དུ་ལོངས་སྤྱོད་རྒྱས་བའི་གདུང་འདེགས་ཀྱི་ཀ་བ།
- འབྲི་བཟའ་ཁྲི་མ་ལོད་ཀྱི་བློ་གྲོས་རང་མིན་ནམ།
- ཡན་ཆད་ཀྱི་མང་པོ་མང་པོ་འདོན་མི་དགོས་བ་རེད།
- དེའི་རྗེས་ཀྱི་མི་འདྲ་བའི་ཁྱད་པར་ཞིག་ཡོད་པ་ཡང་དེ་རེད།
- མ་གཅིག་ལབ་ཀྱི་སྒྲོན་མེའི་གཟི་མདངས་རང་མིན་ནམ།
- མ་ཡུམ་མྱང་ཚེ་ཁོག་དབང་ལ་རྒྱ་དེ་མི་ནམ།
- དེ་ཅན་པོ་འདི་རེད།
- འོ་ན་འདི་སྤྱིར་སྙན་ངག་ལ་བལྟས་ནས་སོང་ན།
- ཁྱོད་ཚོས་ལྟོས་དང་འདིའི་ཁྱད་ཆོས་དེ་གང་ན་ཡོད་གི
- གོང་ནས་ང་ཚོས་བཤད་པའི་ཁོ་ལ་ཅི་ཞིག་གི་ཁྱད་ཆོས་ཡོད་གི་ཟེར་ན།
- ཕྱིའི་བརྡ་འཕྲིན་དང་ནང་གི་བརྡ་འཕྲིན་རིང་བོ་ཡི་གྲལ་རེད་ལ།
- ཐུང་བོ་ཡི་གྲལ་རེད།
- ཐུང་བོ་ཡི་གྲལ་རེད།
- ངས་དྲང་མོར་བཤད་ན་དེ་རེད་ཐུང་བོ་ཡི་གྲལ་རེད།
- འབྲི་བཟའ་ཁྲི་མ་ལོད་ཟེར་ན་གོ་རྒྱུ་ཞིག་ཡོད་པ་རེད།
- བོད་ཀྱི་ལོ་རྒྱུས་ཀྱི་སྟེང་གི་ཡིན་རྒྱུ་ན།
- བྱས་རྗེས་ཅན་གྱི་ཡིན་རྒྱུ་ན་མཛངས་མ་ཞིག་རེད།
- མ་གཅིག་ལབ་ཀྱི་སྒྲོན་མེ་ཟེར་ན།
- ཨོ་་་བོད་ཀྱི་ལོ་རྒྱུས་ཀྱི་སྟེང་གི་ཡིན་རྒྱུ་ན་ཆོས་ལུགས་པ།
- ཡང་ན་ཡིན་རྒྱུ་ན་མཁས་བ་ཆེན་པོ་སྒྲུབ་སྦྱོང་བ་ཆེན་པོ་རེད།
- དེ་ན་ཅི་རེད་ཟེར་ན།
- དེ་བོད་མི་ཡི་བྱས་རྗེས་ཅན་གྱི་མི་སྣ།
- འདི་འདྲ་རེ་རེ་བཞིན་དུ་ཡིན་རྒྱུ་ན་བགྲངས་ནས་བྲིས་ཡོད་པ་རེད།
- འོ་ན་འདི་སྤྱིར་བཤད་རྒྱུ་ན།
- སྙན་ངག་གི་ངོ་བོ་ཡི་ཆ་ནས་བཤད་རྒྱུ་ན།
- ངས་བལྟས་ན་ཁོ་ཅི་རེད་ཟེར་ན།
- སྲོལ་རྒྱུན་སྙན་ངག་གི་ཁོངས་སུ་གཏོགས་གི
- ངོ་བོར་གཏོགས་གི
- དེ་ཡིན་ན་གོང་ནས་བཤད་པ་ཅི་རེད་ཟེར་ན།
- ཕྱིའི་བརྡ་འཕྲིན་དང་ནང་གི་བརྡ་འཕྲིན་གི་བར་ཐག་ཡིན་རྒྱུ་ན་རིང་བོ་མ་རེད།
- ཐུང་བོ་རེད།
- ཐད་ཀར་དུ་བརྗོད་པ་ཡི་གྲལ་རེད།
- སྙན་ངག་གི་ཡིན་རྒྱུ་ན་དེ།
- རྣམ་པ་དེ་ཡིན་རྒྱུ་ན་ཤིན་ཏུ་གོ་དཀའ་བ་ཅན་དུ་མ་བྱས་བ་དེའི་གྲལ་རེད།
- སྙན་ངག་འདི་དེ་འདྲ་ཞིག་ཡིན་དགོས་པ་རེད།
- འདི་འདྲ་ཞིག་ཡིན་དགོས་པ་རེད།
- འོ་ན་སྙན་ངག་འདིའི་བཟང་ཆ་གང་ན་ཡོད་གི་ཟེར་ན།
- ངས་བལྟ་རྒྱུ་ན་གཙོ་བོ་ནང་དོན་ཡང་རེད།
- དེའི་འཕྲོ་ནས་ཅི་རེད་ཟེར་ན་གཙོ་བོ་ཚིག་སྦྱོར་རེད།
- ཚིག་སྦྱོར་ཤིན་ཏུ་བདེ་བ།
- རང་བྱུང་ལྷུག་བབས་འདིའི་ཁྱད་ཆོས་དེ་ཡོད།
- འོ་ན་ཚིག་སྦྱོར་གྱི་བདེ་བ་འདི་སྤྱིར་ན་དེ་རེད།
- རྩོམ་རིག་ཐམས་ཅད་སྐད་ཆའི་སྒྱུ་རྩལ་ཡིན་པ།
- དེའི་ངོས་ནས་བལྟས་ནས་སོང་ན་སྙན་ངག་དེ་ཡིན་རྒྱུ་ན།
- བཟང་ཆ་ཆེན་པོ་བཤད་ན་ཆོག་པ་རེད།
- འོན་ཀྱང་ང་ཚོ་ཡིན་རྒྱུ་ན་ཅི་ཟེར་དགོས་ཟེར་ན།
- སྙན་ངག་གསར་བ་དེ་གོ་དཀའ་བ་ཞིག་ཡིན་པ།
- དེ་རིང་སང་ཉིན་གྱི་སྐད་ཆ་ཡིས་བཤད་ན།
- 难度系数ཟེར་བ་ཞིག་ཡོད་ལ།
- 难度系数ངོས་ནས་བལྟ་རྒྱུ་ན།
- ངས་བལྟ་རྒྱུ་ན་难度系数ཅུང་ཙམ་ཆུང་གི
- དེ་ལྟར་བཤད་ན་ཧ་གོ་བ་རེད་ལ།
- ཨོ་ཡ་་་སྙན་ངག་གསར་བ་དེ་གོང་ནས་བཤད་པ་དེ་རེད།
- ཁོ་ངེས་པར་དུ་ཡིན་རྒྱུ་ན།
- བརྗོད་དོན་ལས་རིང་དུ་བཀྱེད་པའི།
- ཁ་ཐག་རིང་བའི་སྣང་བརྙན་གསར་བ་ཞིག་གཞེངས་བསྐྲུན་བྱས་ནས།
- དེ་བརྒྱུད་ལས་མཚོན་པ་ཞིག་རེད།
- འོ་ན་འདི་ཅི་རེད་ཟེར་ན།
- བརྒྱུད་ལས་མཚོན་པའི་གྲལ་ད་རུང་མ་རེད།
- ཡ་་འདི་ང་ཚོས་སྙན་ངག་གསར་བ་ལ་གོ་བ་ལེན་དུས།
- འདི་ཡིན་རྒྱུ་ན་བལྟ་ས་བལྟས་འཇོག་གཅིག་རེད།
- དེའི་རྗེས་ན་འདི་འདྲའི་སྙན་ངག་ཅིག་ཡོད་པ་རེད།
- ཁྱོད་ཚོས་ལྟོས་ལ་གངས་དཀར་བོ་དང་མ་སྲིན་མོ།
- ཨོ་ཡ་་་རྟ་དང་རསྒ་སྲབ་ཅན་པོ།
- མདའ་དང་རྨུ་ཐག་ཆད་ནས།
- སྟག་ཤར་དགྲ་ལྷ་ཅན་དང་།
- ནམ་མཁའ་བཟུང་སྐར་མ་ལག་བཟུང་གིས་ལམ་ལ་ཆས་བྱུང་།
- ན་ཀུན་འཛོམས་བསང་རྩི་སྒྲིག་མཁན་གྱི་མ་སྲི་ཚོ།
- ལྷ་སྲུང་མའི་འབོད་པ་གཏོང་མཁན་གྱི་གྲོས་ལ་མི་འོས་ཚེ།
- ཡུལ་མི་ཀུན་ཀྱི་དབང་གིས་ཡོད་པས།
- ངས་བསང་མའི་རླུང་གིས་ཁྲོད་ནས་བགྲོད་མ་མྱོང་།
- རླུང་རྟ་རླུང་དང་འགྲོགས་ནས་སྤུར་མ་མྱོང་།
- ལྗང་འདོག་གི་མཚོ་བོ་ཁེར་གྱི་བྱས།
- ཁྱོད་ཀྱི་ཕང་བ་ན་ལྷིང་འཇགས་སེ།
- སྙོམ་ཆུང་གི་ངོ་མོ་ཁེར་བུ་ཞིག
- ཁྱོད་ཀྱི་འདུན་ལམ་ན་ཁུ་སུམ་མེ།
- ཡུལ་མི་ཚོ་ཀླད་པ་སྙིང་ཞེན་ཆེ་དྲགས།
- ཨོ་ཡ་་་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་བར་ཁྱད་མང་པོ་ཞིག
- ལམ་རེ་སེམས་ཀྱི་དཀྱིལ་ན་ལྕི་ཞིང་།
- མཚམས་རེར་དྲན་པའི་གསེབ་ན་སྣང་མོད།
- སང་ནང་མོ་གངས་རི་དཀར་བོ།
- ད་དུང་འུ་ཚང་ལ་དབང་ན།
- སང་ནང་མོ་རྟ་རྒྱུགས་ར་བ་ད་དུང་འུ་ཚང་གི་ཡིན་ན།
- མ་སྲུ་མོ་སྐྱེ་ཡུན་གྱི་བཞེས་ཆོག
- གངས་དཀར་བོ་འདའ་རོ་ནས་ཡང་ཡང་བླངས་ཆོག
- མ་སྲུ་མོ་བསམ་ཤེས་ཀྱིས་འཛུམ་པ།
- སྒྲ་ནག་པོ་ནང་རོལ་ནས་ཅི་སྲིད་བླངས་ཆོག
- འདིར་ལྟོས་ར་ཁྱོད་ཚོས་བལྟས་ན་རྣམ་པ་ཅན་དུ་བྱ་བ་ཟེར་བ།
- ཡང་ན་ཕྱིའི་བརྡ་འཕྲིན་དང་ནང་གི་བརྡ་འཕྲིན།
- རིང་བའི་ཚུལ་དུ་བྲིས་ཡོད་གི་རེད་ལ།
- དེའི་རྒྱུ་མཚན་ཅི་རེད་ཟེར་ན།
- སྤྱིར་དེ་ལང་ཚོའི་རྦབ་ཆུ་ལྟ་བུ་དང་།
- ཡང་ན་ཡིན་རྒྱུ་ན་གནའ་བོའི་ཅོང་རྙིང་ལྟ་བུ་ཅི་ཟེར་བ་རེད།
- མཚོན་དོན་ཧྲིལ་བོ་ཅན།
- 整体象征དེའི་སྒོ་ནས་བྲིས་མེད་གི
- ཁོ་ཡི་ནང་ན་བྲིས་ཡོད་པ་ནི་ཡར་ནས་ཅུང་ཙམ་ཞིག་བྲིས།
- མར་ནས་ཅུང་ཙམ་ཞིག་བྲིས་ནས་དེ་ལྟར་བྲིས་ཡོད་པ་རེད།
- གཅིག་ཡིན་རྒྱུ་ན་བསང་འཇོག་ཚུལ་གྱི་རྣམ་པ་ཞིག་བྲིས་ཡོད་གི
- དེའི་མ་ནིང་ན་ལྗང་མདོག་གི་ཚིག་ངོ་ཁེར་སྐྱེས།
- སྙོམ་ཆུང་གི་ངང་མོ་ཁེར་འཕུར།
- ཡང་ང་ཚོའི་མཚོ་དང་ངང་བ་ཞིག
- དེའི་རྗེས་ནས་ཅི་རེད་ཟེར་ན།
- ཡང་བསྟན་དོན་དངོས་ལ་འཇུག་ནས་དེ་འདྲ་ཞིག་ཡོད་པ།
- ཁོ་ཡིན་རྒྱུ་ན་སྤྱིར་ན་སྙན་ངག་གི་ངོ་བོ་ཡིས་བཤད་རྒྱུ་ན།
- ཁོ་ཡིན་རྒྱུ་ན་ཡིད་སྙམ་ལྡན་པ།
- 意向诗歌དེའི་ཁོངས་སུ་གཏོགས་པ་རེད།
- དེའི་གོང་གི་ལང་ཚོའི་རྦབ་ཆུ་དང་།
- གནའ་བོའི་ཅོང་རྙིང་གི་འབྲི་ཚུལ་དང་ཅུང་ཙམ་ཞིག་འདྲ་ནི་མ་རེད།
- དེའི་རིགས་དེ་ཡིན་རྒྱུ་ན།
- སྤྱིར་བཏང་གིས་ཡིན་རྒྱུ་ན་མཚོན་དོན་ཅན་གྱི་འབྲི་ཚུལ་རེད།
- འོ་ན་སྙན་ངག་འདི་ལ་མཚོན་རྒྱུ་ན།
- གོང་ནས་བཤད་པའི་ཐད་ཀར་དུ་བརྗོད་པ་མ་རེད།
- ཁོ་ཡིས་གང་ལྟར་ཀྱང་།
- ཡིད་སྙམ་གྱི་ཚོགས་པ་ཞིག་བསྒྱུར་ནས།
- བསྟན་དོན་ཞིག་མཚོན་ཡོད་གི
- རེད་མོད་ཀྱང་ཁོ་ཡིས་ནང་ན་བྲིས་ཡོད་པ་གཅིག་ཅི་རེད་ཟེར་ན།
- བསང་འཇོག་ཚུལ་གྱི་རྣམ་པ་ཞིག་རེད།
- གཅིག་གོང་ནས་བཤད་པའི་ལྗང་མདོག་གི་མཚོ་མོ་ལ་སོགས་པ་སྐོར་ཞིག་རེད།
- འདིའི་ནང་ན་བརྗོད་བྱ་ཡིན་པ་མ་གཏོགས།
- འདི་ཐམས་ཅད་བརྗོད་སྙིང་རེད་ལ་མ་རེད།
- བརྗོད་སྙིང་མ་རེད།
- འོ་ན་ཁོ་ཡི་བརྗོད་བྱའི་སྙིང་བོ་གང་ན་ཡོད་གི་ཟེར་ན།
- དེ་བུད་མེད་ཀྱི་རྣམ་པ་ཞིག་བརྗོད་པ་རེད།
- བུད་མེད་ཀྱི་འཚོ་བ་ཡི་རྣམ་པ་ཞིག་བརྗོད་ཡོད་པ་རེད།
- དེའི་ནང་དོན་ངས་བལྟ་རྒྱུ་ན་ཧ་མི་གོ་རྒྱུ་ཆེན་པོ་ཡོད་རྒྱུ་མ་རེད།
- སྤྱིར་བཏང་གི་ཡིན་རྒྱུ་ན།
- བོད་ཀྱི་སྤྱི་ཚོགས་ཀྱི་སྟེང་གི།
- ཕོ་མོ་འདྲ་མཉམ་མ་ཡིན་པའི་རྣམ་པ་དེ་བརྗོད་ཡོད་པ།
- འོན་ཀྱང་ཁོ་ཡི་ནང་དོན་དེ་ཡིན་རྒྱུ་ན་དེ་ཁོ་ན་ཞིག་མ་རེད།
- འདྲ་མཉམ་མ་རེད་ཟེར་ནས།
- སྙན་ངག་ལ་མཚོན་རྒྱུ་ན་རྗེས་ན་བྲིས་ཡོད་པ་དེ་རེད།
- ཨོ་ཡ་འདིའི་སྙན་ངག་ཁོ་རང་ཅི་ཟེར་བ་རེད།
- རྒྱ་ཡིག་གིས་བཤད་ན་深化བྱས་ཡོད་པ་རེད།
- རྣམ་པ་ཇེ་མཐོར་བཏང་ཡོད་པ་རེད།
- སང་ནང་མོ་གངས་རི་དཀར་བོ།
- ད་དུང་འུ་ཚང་ལ་དབང་ན།
- སང་ནང་མོ་རྟ་རྒྱུགས་ར་བ་ད་དུང་འུ་ཚང་གི་ཡིན་ན།
- ད་འདི་རེད་མ་སྲུ་མོ་སྐྱེས་ཡུན་གྱི་བཞེས་ཆོག
- གངས་དཀར་པོ་འདབ་རོལ་ནས་ཡང་ཡང་བླངས་ཆོག
- མ་སྲུ་མོ་བསམ་ཤེས་ཀྱིས་འཛུམ་པ།
- སྒྲ་ནག་པོ་ནང་རོལ་ནས་ཅི་སྲིད་བླངས་ཆོག
- འདི་ངོ་མས་深化བྱེད་རྒྱུའི་ཆ་རེད།
- འདིའི་ཁོ་ཡིས་ཕར་ལ།
- ང་ཚོས་བཤད་པའི་འཐབ་འཛིང་རྒོལ་བ་དེ་གཙོ་བོ་མ་རེད།
- འོ་ན་སྙན་ངག་འདི་ལ་མཚོན་རྒྱུ་ན།
- ཁོ་ཡི་གོང་ནས་ང་ཚོས་བཤད་པའི་གཅིག་ཅི་རེད་ཟེར་ན།
- སྲོལ་རྒྱུན་སྙན་ངག་དང་མི་འདྲ་བའི་སྙན་ངག་གི་རྒྱུ་ཆ།
- འདིའི་ནང་ན་མང་པོ་ཡོད་གི་དེ་གཅིག་རེད།
- འོ་ན་སྙན་ངག་འདིའི་ཁ་སང་སློབ་མ་ཞིག་གིས་དྲི་བ་དེ་རེད།
- ཁོ་ཡི་རྩོམ་རིག་རང་བཞིན་གང་ན་ཡོད་གི་དེ་ཟེར་ན།
- སྙན་ངག་འདིའི་རྩོམ་རིག་རང་བཞིན་གང་ན་ཡོད་ཟེར་ན།
- ང་ཡིན་རྒྱུ་ན་དེ་ཁོ་ལ་མཚོན་རྒྱུ་ན་意境ཡོད་གི
- སྙན་ངག་གི་ཁམས་意境དེ་ཡོད་གི
- དེ་གང་རེད་ཟེར་ན།
- སྙན་ངག་དེར་བལྟས་ནས་འོང་ན་ཅི་རེད་ཟེར་ན།
- དེ་བོད་མོ་ཞིག་གི་གཤིས་ཀ
- བོད་མོ་དེའི་གཤིས་ཀ་དེ་ཅི་འདྲ་ཞིག་རེད་ཟེར་ན།
- དངོས་ཡོད་ཀྱི་སྤྱི་ཚོགས་ལ་བལྟས་ནས་སོང་ན།
- དེའི་ནང་དེ་ན་ཡིན་རྒྱུ་ན་ཁས་ལེན་མི་ཐུབ་པ།
- འདྲ་མཉམ་མ་ཡིན་པའི་སྣང་ཚུལ་དེ་ཡོད་གི
- ཡོད་ཀྱང་མཇུག་མཐར་ཅི་རེད་ཟེར་ན།
- དེ་ལ་ཡིན་རྒྱུ་ན།
- བསྐྱེད་ཡུམ་གྱི་ལྟ་སྟངས་ཤིག་བཟུང་ནས་བསྡད་དེ་ཅི་རེད་ཟེར་ན།
- མཛངས་མ་ཞིག་གི་རང་གཤིས་དེ་མངོན་ཡོད་གི་དེ་ཟེར་རྒྱུ་རེད།
- དེ་ང་ཚོའི་སྙན་ངག་གི་ཅི་ཟེར་བ་རེད་ཟེར་ན་ནང་དོན་རེད།
- དེ་ཡིན་ན་ཁ་སང་གི་གནད་དོན་དེ་རེད།
- ལ་ལ་ཡིས་ཅི་ཟེར་རྒྱུ་རེད་ཅེ་ན།
- སྙན་ངག་དེ་མི་བཟང་གི་དེ་ཟེར་རྒྱུ་རེད།
- དེ་ཅི་རེད་ཟེར་ན།
- དེ་འདྲའི་འདྲ་མཉམ་མིན་ན་ད་རུང་ཡིན་རྒྱུ་ན།
- ངོ་ལ་འཛུམ་སྟོན་ནས་ཁའི་གཞས་ཆུང་ལེན་རྒྱུ་ཡིན།
- སྒྲ་ནག་པོ་ནང་རོལ་ནས།
- བསམ་ཤེས་ཀྱི་འཛུམ་ཞིག་འཛིན་རྒྱུ་ཟེར་བའི་དུས་སུ་ཅི་རེད་ཟེར་ན།
- ཁོ་ཡིན་རྒྱུ་ན་གཉའ་སྒུར་བ་མགོ་སྒུར་བ།
- སྒྱིད་ལུག་གི་བསམ་བློ་རེད་དེ་ཟེར་རྒྱུ་རེད།
- དེ་ཡིན་ན་ཁ་སང་གི་དེའི་སྟེང་ལ་བཞག་ན་འགྲིག་པ་རེད།
- ང་ཡིན་རྒྱུ་ན་ཅི་རེད་ཟེར་ན།
- སྙན་ངག་གང་དང་གང་ཞིག་ཡིན་ན་ཁོ་ཡི་བསམ་བློ་དེ།
- ང་ཚོའི་ཁ་སང་བཤད་པ་དེ་རེད།
- 上纲上线ཟེར་བ་ཞིག་ཡོད་ལ།
- སྙན་ངག་པ་ཞིག་གིས་སྙན་ངག་གི་བསམ་བློ་ཡིས་བཤད་ན།
- བོད་མི་ཡོངས་སུ་རྫོགས་པ་ཡི་བསམ་བློ་བཟུང་བ་འདྲ་འདྲ།
- དེ་འདྲའི་སྙན་ངག་གི་ཡིན་རྒྱུ་ན།
- དེ་ནུས་བ་དེ་ཚད་ཐིག་མཐོ་ས་ཞིག་ཏུ་བཞག་ཡོད་པ།
- དེའི་བལྟ་ཚུལ་དེ་ཡང་དག་པ་མ་རེད།
- སྙན་ངག་དེ་གང་ལྟར་ཀྱང་ཕུན་སུམ་ཚོགས་པ་རེད།
- ཅི་ལྟར་བྲིས་ན་ཡང་ཆོག
- སྤྱིར་ཡིན་རྒྱུ་ན་སྙན་ངག་གི་བསམ་བློ་དེ་ཡིན་རྒྱུ་ན།
- ཧུར་བརྩོན་གྱི་རང་བཞིན་ཡོད་གི
- སྒྱིད་ལུག་གི་རང་བཞིན་ཡོད་གི
- 积极ཡི་དོན་སྙིང་ཡོད་གི
- 消极ཡི་དོན་སྙིང་ཡོད་ཟེར་བ་དེ།
- མ་གཞི་ནས་ཡིན་རྒྱུ་ན།
- གྲལ་རིམ་འཐབ་རྩོད་ཀྱི་འབྲས་བུ་ཞིག་ཡིན་པ་རེད།
- ཁོ་ཐག་ལ་དེ་ཡིན་པ་རེད།
- ཨོ་ཡ་་སྤྱིར་ཁ་སང་ཡང་ང་ཚོས་བཤད་པ་དེ་རེད།
- བོད་ཀྱི་རྩོམ་རིག་གི་ལྟ་བ་ཆགས་པའི།
- རྒྱབ་ལྗོངས་དེ་ཅི་རེད་ཟེར་ན།
- དེ་ཀྲུང་གོ་ཡི་ཡིན་རྒྱུ་ན།
- དེ་ཆབ་སྲིད་ཀྱི་ལོ་རྒྱུས་འདི་ལ་འབྲེལ་བ་ཤིན་ཏུ་ཡོད་པ་རེད།
- ང་ཚོའི་ཀྲུང་གོ་ཡི་རྩོམ་རིག་དེ་རྩོམ་རིག་གསར་བར་གྱུར་བ་ནས་བཟུང་སྟེ།
- ཁོ་ཡིས་ནམ་ཡིན་ན་ཡང་ཅི་རེད་ཟེར་ན།
- དེ་འདུ་ཤེས་འཛིན་སྟངས་ཅན་དུ་བྱ་བ།
- 意识现代化
- གང་དང་གང་ཞིག་ཡིན་ན་ཡང་།
- འདུ་ཤེས་འཛིན་སྟངས་ཅན་དུ་གཏོང་རྒྱུ་རེད།
- ཨོ་་འདི་ཁྱབ་བསྒྲགས།
- ཨོ་་་དེས་མི་དམངས་ཀྱི་བློ་བསྒྱུར་བ་རེད།
- དེ་འདྲའི་སྐད་ཆ་བཤད་བཞིན་ཡོད་པ།
- འོན་ཀྱང་ཡིན་རྒྱུ་ན་ངས་བལྟ་རྒྱུ་ན་དེ་འདྲ་ཡིན་དགོས་པ་མ་རེད།
- འདིའི་ནང་འདི་ན་ང་མཚོན་རྒྱུ་ན་ཡིན་རྒྱུ་ན།
- ཤིན་ཏུ་ཡིད་འཕྲོག་པའི་ཆ་ཞིག་ཡོད་གི
- དེ་གང་རེད་ཟེར་ན།
- ཨོ་་དེ་ང་ཚོའི་བོད་ཀྱི་རིག་གནས་ཀྱི་སྟེང་ན་བཤད་བཞིན་པའི།
- བོད་རིགས་བུད་མེད་ཟེར་བའི་གཤིས་ཀ་དེ་སྙན་ངག་འདིའི་མཚོན་ཐུབ།
- དེའི་རྒྱུ་མཚོན་ཅི་རེད་ཟེར་ན།
- ངོ་མས་བོད་རིགས་བུད་མེད་ཚང་མ་དེ་འདྲ་རེད།
- འཁང་ར་འདོན་རྒྱུ་མང་པོ་མང་པོ་ཞིག་ཡོད་མོད།
- སྔར་བཞིན་དུ་ཡིན་རྒྱུ་ན་དེ།
- བསམ་ཤེས་དང་བསྐྱེད་ཡུམ་གྱི་བསམ་བློ་དེ་བཟུང་ནས་བསྡད་ཡོད།
- དེ་ཅི་རེད་ཟེར་ན།
- བོད་ཀྱི་བོད་རིགས་བུད་མེད་ཅིག་གི་ཡིན་རྒྱུ་ན།
- དེ་མ་གཞི་ཡི་སྣང་ཚུལ་ཞིག་རེད།
- བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་ཀྱང་རེད།
- བོད་མི་དམངས་ཀྱི་འཚོ་བ་ལས་བསྐྱེད་པའི།
- བོད་རིགས་བུ་མོ་ཞིག་གི་གཤིས་ཀ་རེད།
- དེ་འདིའི་ནང་ནས་མཚོན་ཐུབ།
- ད་ཅི་རེད་ཟེར་ན།
- ཨོ་ཡ་་འདྲ་མཉམ་མ་ཡིན་པ་ཤེས་གི
- ཤེས་ཀྱང་ད་ཅི་རེད་ཟེར་ན།
- ཁོ་ཡི་ནང་ན་ཡིན་རྒྱུ་ན་དེ་ཅི་ཟེར་བ་རེད།
- རྒྱ་ཡི་བཤད་ན་སྔོན་འགྲོ་ཡི་ཆ་རྐྱེན་ཞིག་ཡོད་ལ།
- 前提条件ཟེར་བ་རེད།
- བསང་ནང་མོ་གངས་རི་དཀར་བོ།
- ད་དུང་འུ་ཚང་ལ་དབང་ན།
- ཡང་ན་ཡིན་རྒྱུ་ན།
- སང་ནང་མོ་རྟ་རྒྱུགས་ར་བ་ད་དུང་འུ་ཚང་གི་ཡིན་ན།
- འདི་ཡིན་རྒྱུ་ན་ཆེས་ཅི་ཟེར་བ་རེད།
- འགྲེལ་དཀའ་བའི་སྐད་ཆ་ཞིག་རེད།
- འདི་ཧ་གང་ལ་གོ་རྒྱུ་རེད།
- ཁྱོས་ཡིན་རྒྱུ་ན་ཀློག་པ་པོ་སོ་སོ་ཡི།
- རང་གིས་གང་དང་གང་ཡིན་ན་ཡང་འགྲེལ་ན་ཆོག་གི
- འོན་ཀྱང་རྩ་བ་གཅིག་རེད།
- གང་ལྟར་ཀྱང་འདི་འདྲའི་སྔོན་འགྲོ་ཡི་ཆ་རྐྱེན་ཞིག་ཡོད་པ་རེད།
- འདི་ཡོད་ན་ཅི་རེད་ཟེར་ན།
- མ་སྲུ་མོ་ཞིག་ལ་མཚོན་རྒྱུ་ན་བསྐྱེད་ཡུམ་གྱི་བསམ་བློ་དེ་འཛིན་རྒྱུ་རེད།
- བསམ་པ་དེ་འཛིན་རྒྱུ་རེད།
- འཛུམ་རེ་དེ་མངོན་རྒྱུ་རེད་ཟེར་དུས།
- ད་ཡིན་རྒྱུ་ན་མཛངས་མ་ཟེར་ན་དེའི་ཁྱད་ཆོས་དེ་ཡིན་རྒྱུ་ན་ཐོན་ཐུབ།
- དེ་ཡིན་པའི་སྟབས་ཀྱིས་སྙན་ངག་ཁོ་ལ་མཚོན་རྒྱུ་ན།
- འདིའི་ནང་འདི་ནས་ཡིན་རྒྱུ་ན་བརྡ་འཕྲིན་བཤད་པ་དེ་གཙོ་བོ་མ་རེད།
- འདྲ་མཉམ་མ་རེད་ཟེར་བ་དེ་དང་།
- ཡང་ན་འདྲ་མཉམ་མིན་རུང་ངས་འདི་དང་འདི་ལྟ་བུ་ཞིག་བྱས་ན་ཆོག་གི
- དེ་ད་རུང་ཡིན་རྒྱུ་ན་གཙོ་བོ་ཡི་ནང་གི་གཙོ་བོ་མ་རེད།
- གཙོ་བོ་ཡི་ནང་གི་གཙོ་བོ་གོང་ནས་ང་ཚོས་བཤད་པའི།
- སྤྱིར་ན་དེ་རེད།
- རྩོམ་རིག་གིས་སྣང་བསྙན་གཞེངས་སྐྲུན་བྱ་དགོས་དེ་ཟེར་བ་ལ།
- འོ་ན་རྩོམ་འདིས་ཅི་འདྲ་ཞིག་གི་སྣང་བསྙན་གཞེངས་སྐྲུན་བྱས་ཡོད་གི་ཟེར་ན།
- བོད་རིགས་ཀྱི་མཛངས་མ་ཞིག་གི་གཤིས་ཀ་དེ་གཞེངས་སྐྲུན་བྱས་ཡོད་གི
- བསམ་བློ་ཡི་སྟེང་གི་ཁྱོས་ཡིན་རྒྱུ་ན།
- བསམ་བློ་ཡི་ངོ་བོ་དེ་ཧུར་བརྩོན་ཅན་རེད་ཟེར་ན་ཆོག
- སྒྱིད་ལུག་ཅན་རེད་ཟེར་ན་ཡང་ཆོག
- འདི་ཡིན་རྒྱུ་ན་ཁྱོད་ཀྱི་གདེངས་འཇོག་ཅིག་རེད།
- འོ་ན་མ་གཞི་ནས་ཁོ་ཡི་ཡིན་རྒྱུ་ན།
- རང་གི་བསྟན་དོན་དེ་སྙན་ངག་ལས་ཡག་པོ་ཞིག་ཐོན་ཐུབ་ཡོད་གི
- དེ་ཅི་རེད་ཟེར་ན།
- རྩོམ་རིག་རང་བཞིན་དང་ལྡན་པའི་སྒོ་ནས་བསྟན་དོན་དེ་མཚོན་ཡོད་གི
- སྙན་ངག་གི་བཟང་ཆ་རེད།
- དེ་ན་འདི་གཉིས་ཀ་ཡིན་རྒྱུ་ན།
- རྩོམ་པ་པོ་བོད་རིགས་བུད་མེད་ཡིན་པའི་སྟབས་ཀྱིས།
- དཔེ་བརྗོད་འདི་འདྲ་ཞིག
- ངས་ཁྱོད་ཚོར་ཡིན་རྒྱུ་ན་དཔེ་བརྗོད་ཅིག་དྲངས་པ་རེད།
- ཡ་་འདིའི་ཡན་ཆད་འདི་ནས་ང་ཚོས་གཙོ་བོ།
- སྙན་ངག་གསར་རྙིང་གི་ཁྱད་པར།
- ཡང་ན་ཡིན་རྒྱུ་ན་སྙན་ངག་གསར་བ་ཡི་ཁྱད་ཆོས།
- དེ་ང་ཚོས་མདོར་ཙམ་ཞིག་བཤད་པ་རེད།
- རྩ་བའི་ཆ་ནས་བཤད་པ་རེད།
- ང་ཚོར་མཚོན་ན་ཡང་ངོ་མས་འདང་རྒྱག་རྒྱུ་ཡོད་པ་རེད།
- གཞན་ཞིག་གི་སྐད་ཆ་བཤད་ན།
- མང་པོ་མང་པོ་བསྐྱར་ཟློས་བྱས་ན་ངོ་མས་མི་བཟང་གི
- ང་མཚོན་རྒྱུ་ན་དེ་རེད།
- ཅིག་གི་ཐུ་འོག་ནས་མོད་ཟེར་དུས་ཡིད་ཆད་འགྲོ།
- དེར་སུན་སོང་བ་རེད།
- ངོ་མས་དེ་འདྲ་ཞིག་རེད།
- དེ་རེད་འདི་ང་ཚོས་སྐད་ཆ་བཀོལ་ནས་རྙིང་སོང་བ་དེ།
- ཡང་ནས་ཡང་དུ་ངོ་མ་ཡིན་རྒྱུ་ན་དེ།
- ཐོག་མ་ཐུ་འོག་ནས།
- ཐོག་མ་ནས་མོད་འབྲི་མཁན་དེ་ཅི་རེད་་ཟེར་ན་ངོ་མས་མཁས་པ་རེད།
- སྐད་ཆ་དེར་ངོ་མའི་གོ་རྒྱུ་ཡོད་གི
- ཡང་ནས་ཡང་དུ་བཤད་ན་རྙིང་སོང་བ་རེད།
- གོ་རྒྱུ་གཅིག་ཀྱང་ཡོད་པ་མ་རེད།
- དེ་འདྲ་རེད།
- དེ་ཡིན་པའི་སྟབས་ཀྱིས།
- སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་ཆེན་པོ་ཞིག་ཡིན་པས།
- སྐད་ཆའི་བེད་སྤྱོད་ལ་ཤིན་ཏུ་གཟབ་འོས།
- མིང་ཚིག་གང་ཡིན་ཡང་རང་གི་སེམས་ཁོངས་ནས་བྱུང་བ་ཞིག་དང་།
- རང་ཉིད་མང་ཚིག་གང་དེ་ལ་ཚོར་བ་གནད་མ་ཞིག་དགོས་པ།
- 语感དགོས་པ་དེ་རེད།
- ཁྱོད་ཀྱིས་སྐད་ཆ་ཞིག་བཀོལ་ན་རང་ལ་语感དགོས་པ་དེ་རེད།
- སྐད་ཆ་བཀོལ་ན་མཁོ་སོད་ནས།
- དགེ་བ་ཞིག་ཡོད་ནས་དེ་འདྲའི་ཚད་ལ་ཐོན་དགོས་པ་རེད།
- འདི་ང་ཚོའི་ཅི་ཟེར་བ་རེད་ཅེས་ན།
- སྙན་ངག་བོད་ཀྱི་རང་མོས་སྙན་ངག་ཡིན་ན་ཆོག་གི
- སྙན་ངག་གསར་བ།
- འདིའི་ད་བར་གྱི་གནས་ཚུལ་ལ་བལྟས་ནས་སོང་ན།
- གཙོ་བོ་ཡི་གནད་དོན་འདི་འདྲ་གསུམ་རེད།
- ངས་སྤྱིར་ཡིན་རྒྱུ་ན་བསམ་བློ་ཡི་ཕྱོགས་ནས།
- ཚད་ཐིག་མཐོན་པོ་དེ་ཡིན་རྒྱུ་ན་སྤྱིར་ན་མི་འཛིན།
- ཁྱོས་བསམ་བློ་དེ་བཤད་ན་ཅི་ཟེར་བ་རེད།
- ཧུར་བརྩོན་གྱི་ཆ་ཞིག་ཡོད་གི་ཟེར་ན་ཆོག
- སྒྱིད་ལུག་གི་ཆ་ཡོད་གི་ཟེར་ན་ཆོག
- དེ་ཡིན་རྒྱུ་ན་ཆེས་གཙོ་བོ་གཙོ་བོ་ཞིག་མ་རེད།
- ང་ཚོའི་གཙོ་བོ་ཡིན་རྒྱུ་ན།
- སྙན་ངག་ཁོ་ལ་མ་གཞི་ནས་སྙན་ངག་གི་རང་བཞིན་ཐོན་རྒྱུ།
- རྩོམ་རིག་གི་རང་བཞིན་ཐོན་རྒྱུ།
- འདིའི་ཆ་འདི་ནས་ང་ཚོར་མཚོན་རྒྱུ་ན།
- བློ་སྦྱོང་མང་པོ་མང་པོ་ཞིག་མངོན་དུ་འགྱུར་བ།
- ད་ཡིན་རྒྱུ་ན་སེམས་དེ་ཅུང་ཙམ་ཟབ་མོ་ཡིན་དགོས།
- དེ་འདྲ་ཞིག་རེད།
- ཡ་་་དེ་ཡིན་ན་ངས་བཤད་པའི་འགན་ཁུར་ཡོངས་སུ་རྫོགས་པ་རེད།
- ཚར་སོང་བ་རེད།
- མཇུག་མཐར་ནས་ང་ལ་སྐད་ཆ་གཞན་པ་བཤད་རྒྱུ་མེད།
- ངས་བཤད་པ་དེ་སྤྱིར་བཏང་གིས་བཤད་རྒྱུ་ན།
- ཚད་ཐིག་མཐོན་པོ་ཞིག་གི་སྒོ་ན་བཤད་བཞིན་ཡོད་གི
- ངས་ཤེས་གི
- ལྷག་པར་དུ་ཁ་སང་གི་བརྩམས་སྒྲུང་ལྟ་བུ་ཞིག་ལ་མཚོན་རྒྱུ་ན།
- མི་སྣ་ཡི་གཟུགས་དཔྱད་ཀྱི་ཆ་ནས་སྦྱོང་བ་བྱེད་རྒྱུ།
- སེམས་ཁམས་ཀྱི་ཆ་ནས་སྦྱོང་བ་བྱེད་རྒྱུ།
- འདི་ང་ཚོར་མཚོན་རྒྱུ་ན་རྒྱང་རིང་རྒྱང་རིང་ཞིག་རེད།
- གཙོ་བོ་ཅི་བྱེད་དགོས་ཟེར་ན།
- ཁྱོད་མཚོན་རྒྱུ་ན་གཙོ་བོ་སེམས་ཀྱི་གྲ་སྒྲིག་དེ་འདྲ་ཞིག་དགོས་བ་རེད།
- ཁྱོད་ཀྱིས་རྩོམ་ཡག་པོ་ཞིག་འབྲི་རྒྱུ་ཟེར་ན།
- དེའི་ཚོད་ཀྱི་ཁྱོས་ཡིན་རྒྱུ་ན་རྔུལ་ཆུ་མང་པོ་ཞིག་འདོན་དགོས་པ་དེ་རེད།
- ང་ཚོ་སུ་དང་སུ་ཞིག་ལ་མཚོན་ན་ཡང་།
- འཛེམ་བྱ་ཆེན་པོ་ཞིག་ཡོད་པ་གང་རེད་ཟེར་ན།
- འདོད་ཐག་ཐུང་བ་དེ་འཛེམ་བྱ་གཙོ་བོ་རེད།
- རེ་མ་རེ་མ་ཡིན་རྒྱུ་ན་ཅི་ཟེར་བ་རེད།
- དེ་མིང་གྲགས་ན་འདོད་པ།
- རེ་མ་རེ་མ་成功བྱ་བ།
- དེ་འདོད་པ་དེ་ཅི་རེད་ཟེར་ན།
- ཉེན་ཁ་ཆེན་པོ་ཞིག་རེད།
- དེ་ཡིན་པའི་སྟབས་ཀྱིས་ཡིན་རྒྱུ་ན་འདོད་ཐག་ཐུང་བ་དེ་ཉེན་ཁ་རེད།
- ང་ཚོར་དགོས་པའི་བསམ་པ་གང་ཡིན་པ་རེད་ཟེར་ན།
- སེམས་ཀྱི་གྲ་སྒྲིག་ངན་པ་དེ་དགོས་པ་དེ་རེད།
- ལྗང་བུ་ཡི་སྙན་ངག་གི་སྐད་ཆ་ཞིག་ཡོད་པ་རེད།
- སེམས་ཀྱི་འདུན་པ་སྔར་ནས་བཅིངས་ཡོད་ཡིད་ཀྱི་སྟ་གོན་སྔར་ནས་བྱས་ཡོད།
- ང་ཚོར་མཚོན་ན་ཡང་སེམས་ཀྱི་འདུན་པ་དགོས་པ་རེད།
- ང་རྩོམ་པ་པོ་ལེགས་པོ་ཞིག་ཏུ་འགྱུར་རྒྱུ་ཡིན་དེ་དགོས་པ་རེད།
- དེ་མཚུངས་སུ་ཁྱོད་ཡིན་རྒྱུ་ན་སེམས་ཀྱི་གྲ་སྒྲིག་དགོས་པ་རེད།
- རྩོམ་པ་པོ་ལེགས་པོ་ཞིག་ཏུ་འགྱུར་རྒྱུ་དེ་སླ་མོ་ཞིག་མ་རེད།
- རྩོམ་པ་པོ་ལེགས་པོ་ཞིག་ཏུ་འགྱུར་ན་ཡིན་རྒྱུ་ན།
- དཀའ་ཁག་མང་པོ་མྱང་དགོས་པ་རེད།
- རྔུལ་ཆུ་མང་པོ་ཞིག་བཞུར་དགོས་པ་རེད།
- དེའི་སེམས་ཀྱི་གྲ་སྒྲིག་དེ་ངེས་པར་དུ་དགོས་པ་རེད།
- དེ་མིན་དུས་ཅི་རེད་ཟེར་ན།
- ཁྱོས་ལོ་གཅིག་དང་གཉིས་ལ་སྦྱངས་ནས།
- ད་རུང་འབྲས་བུ་ཞིག་མ་ཐོབ་དུས་སེམས་ཤི་རྒྱུ་རེད།
- དེ་འདྲ་ཞིག་ཡིན་པ་མ་རེད།
- ཨོ་ཡ་་སྤྱིར་ན་དེ་རེད།
- ཁྱོད་ཀྱིས་བྱས་རྗེས་ཆེན་མོ་ཞིག་འཇོག་རྒྱུ་ཡིན་ན།
- དེ་ཡིན་རྒྱུ་ན་སླ་མོ་ཞིག་ཡིན་པ་མ་རེད།
- དེའི་ཚོད་ཀྱི་དཀའ་བ་དཀའ་ཁག་ཅིག་མྱང་དགོས་པ་རེད།
- དེ་ཡིན་པས་སྤྱིར་བཤད་ཀྱི་ན་དེ་རེད།
- བོད་ཀྱི་རྩོམ་རིག་གི་ཆུ་ཚད་དེ་དམའ་བའི་སྟབས་ཀྱིས།
- སྤྱིར་བཏང་གི་ཁྱེད་ཚོས་ལྟོས་ལ།
- གྲུབ་འབྲས་ཐོབ་སླ་བ་རེད།
- བོད་ཀྱི་རྩོམ་རིག་གི་ཆུ་ཚད་དམའ་བ་དེ་ང་ཚོར་མཚོན་རྒྱུ་ན།
- སྤྱིར་ན་མི་ལེགས་པ་དོན་དག་ཅིག་རེད་ལ།
- ཡང་མི་བུ་ཞིག་གི་ངོས་ནས་བཤད་རྒྱུ་ན།
- ཁོ་ཡི་སྟེང་ན་ཡིན་རྒྱུ་ན་ང་ཚོར་དགའ་འོས་བ་ཞིག་ཡོད་པ་རེད།
- རྒྱུ་མཚན་ཅི་རེད་ཟེར་ན།
- གྲུབ་འབྲས་དམའ་བ་རེད།
- དེའི་སྟེང་ལ་ཐོན་རྒྱུ་ཅུངཙམ་སླ་བ་རེད།
- གཙོ་བོ་ཅི་རེད་ཟེར་ན།
- ད་ང་ཚོས་བཤད་པ་ཡིན་རྒྱུ་ན།
- སེམས་ཀྱི་གྲ་སྒྲིག་ངན་པ་ཞིག་དགོས་པ།
- ཅི་རེད་ཟེར་ན།
- དེ་འདོད་ཐག་ཐུང་རྒྱུ་འདི་ལ་དོག་ཟོན་བྱས་ནས་ཅི་རེད་ཟེར་ན།
- རང་གི་རྔུལ་ཆུ་འབྲི་རྒྱུ་གཙོ་བོ་རེད།
- ང་ཚོ་བོད་ཁ་བ་ཅན་ཟེར་ན་རྒྱུ་འབྲས་ལ་ཡིད་ཆེས་པ་རེད།
- རྒྱུ་ཅི་འདྲ་ཞིག་ཡོད་ན་འབྲས་བུ་དེ་འདྲ་ཞིག་ཡོད།
- དེ་ཡིན་ན་ཅི་རེད་ཟེར་ན།
- གཙོ་བོ་རྒྱུ་ཡི་གནས་སྐབས་དེ་ནས་ང་ཚོས་རྔུལ་ཆུ་བཏོན་བཏང་ན།
- འབྲས་བུ་དེ་མཚུངས་ཤིག་འབྱུང་རྒྱུ་ཁོ་ཐག་ཡིན་པ་རེད།
- ཡིད་སེམས་ནི་མ་གཞི་ས་བོན་ཞིག་ཡིན་ལ།
- འབྲས་བུ་ཞིག་ཀྱང་ཡིན་ཟེར་བ་རེད་ལ།
- ཡིད་སེམས་ཀྱི་ས་བོན་ཡོད་དུས།
- འབྲས་བུ་དེ་ངང་ངམ་ཤུགས་ཀྱིས་འབྱུང་རྒྱུ་ཞིག་ཡིན་པ་རེད།
- དེ་ཡིན་པས་སྤྱིར་བཤད་ནས་སོང་ན།
- ཁ་སང་གི་བཤད་པའི་ངོས་ནས་བཤད་རྒྱུ་ན།
- དཀའ་ཁག་ཆེ་ས་ཞིག་གི་སྒོ་ནས་བཤད་ཡོད་པ་རེད།
- རེད་ལ་་་དེ་མཐོ་ས་ཞིག་གི་སྒོ་ནས་བཤད་ན།
- ལྷག་པར་དུ་སྒྲུང་རིང་འབྲི་བ་ལྟ་བུ་ཞིག་གི་ངོས་ནས་བཤད་ན།
- ལྷག་པར་དུ་འགྲིག་པ་རེད།
- རེད་ལ་་་དེ་རྩོམ་རིག་གི་སྤྱི་ཡི་ཤེས་བྱ་ཞིག་རེད།
- ང་ཚོས་དེ་ངེས་པར་དུ་འདི་ལྟ་བུ་ཞིག་འབྲི་དགོས་ཟེར་བའི་ངེས་པ་ཡང་ཡོད་ནི་མ་རེད།
- དེ་དཀའ་མོ་ཡིན་ན་དཀའ་མོ་ཡིན་སྲོལ་ཡོད་པ་རེད།
- སླ་མོ་ཡིན་ན་སླ་མོ་ཡིན་སྲོལ་ཡང་ཡོད་པ་རེད།
- གཙོ་བོ་ཅི་རེད་ཟེར་ན།
- རང་གི་ཁམས་དང་མོས་བ་ལ་བསྟུན་རྒྱུ་དེ་རེད།