21 May 2013
29 min 42 sec
Video Overview
Creators:
Gangri Pumo, Drangchar
This is the eighth part of a lecture on literature by Professor Dülhagyel at the First Young Tibetan Women's Literature Training in Trika, Qinghai Province. Professor Dülhagyel teaches at Northwest University for Nationalities.
- Triga
- ཡ་་་ད་ང་ཚོས་དེ་རིང་གི་འཆད་ཁྲིད་ཀྱི་མགོ་བརྩམས།
- ཁ་སང་སྔ་དྲོ་ང་ཚོས་རྩོམ་རིག་གི་ལྟ་བའི་སྐོར་བཤད་པ་རེད།
- གཙོ་བོ་རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་ཁུར་ཡོད་མེད་དེ་བཤད་རྒྱུ་གཙོ་བོ་རེད།
- དེ་ལས་ང་ཚོའི་སྐད་ཆ་དེ་ཡིན་རྒྱུ་ན་ཚིག་ངོས་ཀྱི་ནང་དོན་ཁོ་ན་མ་རེད།
- ཨོ་ཡ་་ཁོ་ཡིན་རྒྱུ་ན་དེ་རྒྱབ་ལྗོངས་ཤིག་ཡིན་པ།
- ལྷག་པར་དུ་ཡིན་རྒྱུ་ན་ང་ཚོའི་བོད་ལ་མཚོན་ན་ཡང་།
- རྩོམ་རིག་གི་གནས་བབ་ཅིག་ལ་བལྟས་ན།
- ང་ཚོའི་རྩོམ་རིག་ལ་སྤྱི་ཚོགས་ཀྱི་འབྲེལ་བ་དེ།
- ཨོ་ཡ་་ཉུང་ཙམ་ཞིག་རྒྱང་ཐག་བཀྱེད་ན་བོད་ཀྱི་རྩོམ་རིག་ལ་འཕེལ་རྒྱས་བྱུང་རྒྱུ་རེད།
- དེ་འདྲ་ཞིག་གི་སྒོ་ནས་སྐད་ཆ་བཤད་པ་ཡིན།
- དེ་ཡིན་པའི་སྟབས་ཀྱིས་ང་ཚོའི་སྤྱིར་བཏང་གིས།
- རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་ཁུར་ཡོད་ཡང་ཟེར་རྒྱུ་མ་རེད།
- རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་ཁུར་མེད་ཀྱང་ཟེར་རྒྱུ་མ་རེད།
- མ་གཞི་ནས་ཡིན་རྒྱུ་ན་རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་ཁུར་ཡོད་མེད་དེ།
- ངས་བལྟ་རྒྱུ་ན་ཁོའི་གནད་དོན་དེ་ཅི་ཟེར་བ་རེད་ཅེས་ན།
- དེ་ལྟར་སྣང་བ་ཞིག་རེད།
- བོད་ཀྱི་རྩོད་པ་རྩོད་གླེང་སྐོར་ཞིག
- ཨོ་ཡ་་ཁོ་ཡིན་རྒྱུ་ན་མ་གཞི་ནས།
- གནད་དོན་བཏོན་པའི་དྲི་བ་དེ་ཡིན་རྒྱུ་ན་དྲི་བ་ལྟར་སྣང་ཞིག་རེད།
- དྲི་བ་ངོ་མ་ཞིག་མ་རེད།
- དཔེ་འཇོག་རྒྱུ་ན་ད་རུང་ཡིན་རྒྱུ་ན་དེ་གཞན་པ།
- གོ་དཀའ་བ་སྙན་ངག་གི་ཡོན་ཏན་ཡིན་ཟེར་རྒྱུ་ཡང་ཡོད་གི
- གོ་དཀའ་བ་སྙན་ངག་གི་ཡོན་ཏན་མིན་ཟེར་ནི་ཡང་ཡོད་གི
- དེར་མཚོན་ན་ཡང་གཅིག་ལ་གཅིག་རེད།
- ངས་བལྟ་རྒྱུ་ན་ཡང་དྲི་བ་དེ་ཡིན་རྒྱུ་ན་དྲི་བ་ཡང་དག་ཅིག་མ་རེད།
- དྲི་བ་ལྟར་སྣང་ཞིག་རེད།
- མ་གཞི་ཁོ་ཡི་ཡིན་རྒྱུ་ན་དེ་དྲི་བ་བཏོན་པ་ནོར་ཡོད་པ་རེད།
- དེའི་རྒྱུ་མཚན་ཅི་རེད་ཟེར་ན།
- གོ་དཀའ་བ་དེ་གང་ལ་ངོས་འཛིན་དགོས་བ།
- ཚིག་སྦྱོར་གྱི་ཆ་ནས་གོ་དཀའ་བ་ལ་ངོས་འཛིན་རྒྱུ་རེད་ལ།
- ཡང་ན་ཡིན་རྒྱུ་ན་བརྗོད་བྱ་ཡི་ཆ་ནས་གོ་དཀའ་བ་ངོས་འཛིན་དགོས་བ་རེད་དམ།
- དེར་འདང་རྒྱོབ་དང་བཤད་ཤེས་མཁན་ཞིག་གིས་བཤད་ན།
- སྙན་ངག་འདི་གོ་དཀའ་བ་སྙན་ངག་གི་ཡོན་ཏན་ཡིན་ཞེས་བཤད་ན་ཡང་ཆོག
- དེ་བཞིན་དུ་ཡིན་རྒྱུ་ན་སྐད་ཆ་གཞན་ཞིག་བཤད་ན།
- གོ་དཀའ་བ་སྙན་ངག་གི་ཡོན་ཏན་མིན་ཞེས་ཟེར་ན་ཡང་ཆོག་གི
- དེ་བཞིན་དུ་ང་ཚོས་ཁ་སང་ངས་བཤད་པའི་སྐད་ཆ་དེར་མཚོན་ན་ཡང་།
- སྙན་ངག་ལ་ཡིན་རྒྱུ་ན་དེ།
- རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་ཁུར་ཡོད་དམ་མེད་ཟེར་བ་དེ།
- དོན་གྱིས་དྲི་བ་ལྟར་སྣང་བ་ཞིག་རེད།
- ཡིན་པའི་རྒྱུ་མཚན།
- ཨོ་ཡ་་སྐད་ཆ་དེ་བཤད་ནས་སོང་ན།
- མདོར་བསྡུས་ན་རྩ་བ་གང་ལ་འབབ་དགོས་ཟེར་ན།
- ཨོ་ཡ་་་མི་བུ་ཡི་སྟེང་ལ་བབས་ན་འགྲིག་ཡོད་པ་རེད།
- རྩོམ་རིག་གི་སྤྱི་ཚོགས་འཚོ་བ་མཚོན་རྒྱུ་རེད།
- རྩོམ་རིག་དང་སྤྱི་ཚོགས་གཉིས་ཀྱི་བར་ན་འབྲེལ་བ་ཡོད་པ་རེད།
- འོ་ན་ཁོ་ཡི་འབྲེལ་བ་དེ་ཅི་རེད་ཟེར་ན།
- རྩོམ་རིག་གིས་ཐད་ཀར་དུ་སྤྱི་ཚོགས་ཀྱི་དོན་དག་སྟོན་རྒྱུ་ཞིག་མ་རེད།
- སྤྱི་ཚོགས་ཀྱི་དོན་དག་མང་པོ་དེ་ཡིན་རྒྱུ་ན་མི་བུ་ཡི་སྟེང་ལ་བབས་ནས།
- མི་བུ་ཡི་སེམས་ཀྱི་མྱོང་ཚོར་དང་ཚེ་སྲོག་གི་མྱོང་རྟོག་གི་སྟེང་དེ་ནས།
- སྤྱི་ཚོགས་ཀྱི་གནད་དོན་དེ་མཚོན་ན།
- ད་བཟོད་ཡིན་རྒྱུ་ན་རྩོམ་རིག་རང་གི་ཆོས་ཉིད་དང་མཐུན་པ་ཡིན་པ།
- དེ་ཁ་སང་བཤད་རྒྱུ་སྔ་དྲོ་ཡི་གནད་གཙོ་བོ་རེད།
- ད་ཕྱི་དྲོ་ང་ཚོའི་གཙོ་བོ་གསར་རྩོམ་གྱི་ཕྱོགས་ནས་བཤད་ནི་རེད།
- རྩོམ་ལ་འཇུག་པའི་སྦྱོང་བ་དེའི་ཆ་ནས་བཤད་ནི་རེད།
- གཙོ་བོ་ང་ཚོའི་བསམ་བློ་ཡི་སྐོར་དུ་ཐོག་མར་སྦྱོང་བ་བྱེད་མཁན་ཞིག་ལ་མཚོན་རྒྱུ་ན།
- ཁོ་ཡིན་རྒྱུ་ན་དེ་དངས་སྙོམས་སུ་གྱུར་ནས།
- ང་ཚོའི་བརྩམས་སྒྲུང་གི་ཅི་ཟེར་བ་རེད་ཅེས་ན།
- རྨང་གཞི་རུ་གྱུར་ནས།
- ང་ཚོའི་འདི་འདྲ་ཡིན་རྒྱུ་ན་མི་སྣ་ཡི་གཟུགས་དཔྱད་འབྲི་བ་དང་།
- དེ་སེམས་ཁམས་འབྲི་བ་དང་།
- ཁ་བརྡ་འབྲི་བ་དང་།
- ཡང་ན་ཡིན་རྒྱུ་ན་བྱ་བྱེད་འབྲི་བ་ལ་སོགས།
- དེ་ཕན་ཆད་ཀྱི་ཡིན་རྒྱུ་ན་ལྗོངས་འབྲི་བ་ལ་སོགས་པ།
- དེ་ང་ཚོར་མཚོན་རྒྱུ་ན་ཚང་མའི་བལྟས་ན་སྦྱོང་བརྡར་གཙོ་བོ་ཡིན་ནི་རེད།
- འདི་རྩོམ་འབྲི་མཁན་ཞིག་ལ་མཚོན་རྒྱུ་ན་ཡང་སྦྱོང་བ་རེད།
- ལྷག་པར་དུ་ཡིན་རྒྱུ་ན་མ་གཞི་ནས་རྩོམ་རིག་གི་བློ་སྦྱོང་མཐོ་དགོས་ན།
- སྦྱོང་བ་འདི་འདྲ་ཞིག་ནས་འགོ་བརྩམས་ན་འགྲིག་ནི་རེད།
- དེ་ཁ་སང་བཤད་པའི་གནད་དང་པོ་རེད།
- དེ་འཕྲོ་ནས་ཁོ་ཡིས་ཡིན་རྒྱུ་ན་དེ་བརྩམས་སྒྲུང་ཞིག་ལ་མཚོན་རྒྱུ་ན།
- ཁོ་ཡིས་ཡིན་རྒྱུ་ན་དེ་བཀོད་འབྲི་དང་ལྷུག་བརྗོད།
- ཨོ་ཡ་་འདི་འདྲ་གཉིས་ཀྱིས་གྲུབ་ཡོད་པ་རེད།
- དེ་ལ་ཡིན་རྒྱུ་ན་གོང་ནས་བཤད་པ་ཚང་མ་བཀོད་འབྲི་རེད།
- འོ་ན་དེའི་རྗེས་ཀྱི་ལྷུག་བརྗོད་ཀྱི་ཆ་དེ་ནས།
- ང་ཚོས་གཙོ་བོ་བྱུང་རིམ་གྱི་ཆ་ནས་བཤད་པ་ཡིན།
- སྒྲུང་ཐུང་ལ་མཚོན་རྒྱུ་ན་གཙོ་བོ་དོན་དུ་གཉེར་རྒྱུ་གང་རེད་ཟེར་ན།
- བྱུང་རིམ་མཚར་བོ་ཡོང་བའི་ཕྱོགས་ལ་སྦྱོང་བ་བྱས་པ་ཡིན་།
- དེ་འཕྲོ་ནས་ཅི་རེད་ཟེར་ན།
- དེ་ཕན་ཆད་ཀྱི་སྒྲུང་འབྲིང་དང་།
- ལྷག་པར་དུ་སྒྲུང་རིང་ལ་མཚོན་ན།
- ང་ཚོའི་གཙོ་བོ་གནད་གང་ལ་འཛིན་དགོས་ཟེར་ན།
- བྱུང་རིམ་ཟེར་བའི་གོ་དོན་གཙོ་བོ།
- རྒྱུ་འབྲས་ཀྱི་གཏན་ཚིགས་བཙན་པོ།
- རྒྱུ་དེ་ཡོད་ན་འབྲས་བུ་དེ་འབྱུང་ངེས་བ་དང་།
- འབྲས་བུ་དེ་ལྟ་བུ་ཞིག་འབྱུང་དགོས་ན་རྒྱུ་དེ་ཡིན་རྒྱུ་ན་ཚང་དགོས་བ།
- དེ་འདྲ་ཞིག་གི་ཆ་དེ་ནས།
- བྱུང་རིམ་གྱི་གོ་དོན་དེ་ཡིན་རྒྱུ་ན་ང་ཚོས་གཙོ་བོར་བཤད་པ་རེད།
- དེ་བརྩམས་སྒྲུང་གི་ཕྱོགས་ཀྱི་ང་ཚོས་བཤད་རྒྱུ་གཙོ་བོ་གཅིག་ཡིན་པ་རེད།
- དེའི་རྗེས་ནས་ང་ཚོས་བཤད་པའི།
- སྐྱོན་བསལ་གྱི་སྐོར་དེ་རེད།
- གཙོ་བོ་ཡིན་རྒྱུ་ན་དེ་ཟློས་གར་རང་བཞིན་ཅན་དུ་བྱ་བ།
- དེ་ལ་ཅུང་ཙམ་དོག་ཟོན་བྱ་རྒྱུ་དེ་རེད།
- དེ་ང་ཚོའི་རྩོམ་རིག་ལ་གནད་མ་བྱས་ནས་སྦྱང་མཁན་ཞིག་ལ་མཚོན་རྒྱུ་ན།
- ཨོ་ཡ་་ཟློས་གར་ཅན་དུ་བྱ་བ་དེ་ཅུང་ཙམ་ཞིག་སྐྱོན་ཆ་རུ་འགྱུར་བ་རེད།
- བོད་ཀྱི་རྩོམ་ལ་མཚོན་རྒྱུ་ན་ཡང་གནད་དོན་གཙོ་བོ་དེ་རེད།
- ཁོ་ཡིས་ཡིན་རྒྱུ་ན་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་གི
- ཅི་ཟེར་བ་རེད།
- རང་མདངས་དེ་ཇི་མ་ཇི་བཞིན་དུ་མངོན་མི་ཐུབ་པར་བསྡད་ནས།
- དངོས་ཡོད་རིང་ལུགས་ཡིན་པ་འདྲ་འདྲ།
- ཡང་དེའི་སྟེང་ན་ཡིན་རྒྱུ་ན་འཆར་རིམ་གྱི་ཁྱད་ཆོས་ཡོད་པ་འདྲ་འདྲ།
- དེ་འདྲ་བྱས་ནས་བོད་ལ་ཡིན་རྒྱུ་ན།
- དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་ངོ་མ་ཞིག
- འབྱུང་དཀའ་བའི་རྒྱུ་མཚན་ཡང་དོན་གྱིས་ཅི་རེད་ཟེར་ན།
- ཟློས་གར་ཅན་དུ་བྱ་བ།
- འདིའི་སྟེང་འདི་ན་གནད་དོན་འབྱུང་བཞིན་ཡོད།
- འོ་ན་ཟློས་གར་ཅན་དུ་བྱ་བ་དེ་ཡིན་རྒྱུ་ན་བྱུང་རིམ་གྱི་ཆ་ནས་བཤད་ན་ཡང་ཆོག་གི
- མི་སྣ་ཡི་གཤིས་ཀ་ཡི་ཆ་ནས་བཤད་ན་ཡང་ཆོག་གི
- ཨོ་ཡ་་འདི་འདྲ་ཡིན་རྒྱུ་ན་གཙོ་བོ་ཕྱོགས་གཉིས་ནས།
- དེ་ཡིན་ན་ང་ཚོར་མཚོན་རྒྱུ་ན་གཙོ་བོ་ཅི་རེད་ཟེར་ན།
- དངོས་འབྲི་ཡི་ལམ་ནས་འབྲི་རྒྱུ།
- དེ་ཡིན་རྒྱུ་ན་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་པ།
- དེ་ནི་བཤད་བྱ་གསུམ་པ་རེད།
- དེ་རྗེས་ནས་ཡིན་རྒྱུ་ན་དེ་རྩོམ་གྱི་བསམ་བློ་ཡི་བློ་སྦྱོང་གི་སྐོར་དེ་བཤད་པ་རེད།
- བསམ་བློའི་ཡིན་རྒྱུ་ན་སྦྱོང་བརྡར།
- ཨོ་ཡ་་་རྩོམ་གྱི་བརྗོད་བྱའི་སྲོག
- ཡང་ན་ཡིན་རྒྱུ་ན་བརྗོད་བྱའི་སྙིང་བོ་དེ་གང་ཞིག་ནས་ཐོན་དགོས་པ།
- ཨོ་ཡ་་དེའི་སྐོར་དེ་ནས་བཤད་པ་རེད།
- དེའི་སྐོར་དེ་ནས་ང་ཚོས་ཕྱོགས་གཉིས་ནས་བཤད་པ་རེད།
- གཅིག་ཅི་རེད་ཟེར་ན།
- བསྐྱར་ཟློས་བྱས་ན་ཆོག་གི
- རྩོམ་རིག་ལ་མཚོན་ན་གཏན་ཏུ་འོས་བའི་བརྗོད་སྙིང་ཡོད་གི
- དེ་ཡིན་པའི་སྟབས་ཀྱིས་ཅི་རེད་ཟེར་ན།
- རྩོམ་རིག་ལ་མཚོན་རྒྱུ་ན་བརྗོད་བྱའི་སྙིང་བོ་ཡི་ཆ་དེ་ནས་ཡིན་རྒྱུ།
- གསར་གཏོད་ཀྱི་རང་བཞིན་ཡིན་རྒྱུ་ན།
- མ་གཞི་ནས་ཡིན་རྒྱུ་ན་ཆེས་ཤིན་ཏུ་གལ་ཆེ་བ་ཞིག་མ་རེད།
- གཙོ་བོ་ཅི་རེད་ཟེར་ན།
- མི་བུ་སོ་སོ་བ་ཞིག་གི་སྟེང་ལ་དོན་དག་དེ་བཞག་ན།
- མི་བུ་ཡི་སྟེང་དེ་ན་ཐུན་མོང་མ་ཡིན་པའི་མྱོང་ཚོར་ཟེར་ན་ཆོག
- འཚོ་བ་དེ་ཡིན་རྒྱུ་ན་མངོན་ཚུལ་ཞིག་ཡོད་གི
- དེ་ཡིན་རྒྱུ་ན་མི་བུ་ཡི་རང་གཤིས་དང་མཐུན་པ་བྱས་ནས་མངོན་དུས།
- ཁོ་ཡི་སྟེང་ན་ཡིན་རྒྱུ་ན་གསར་གཏོད་ཀྱི་རང་གཤིས་དེ་ཡོད་ཁོ་ཐག་རེད།
- དེ་ཡིན་པའི་སྟབས་ཀྱིས།
- ཨོ་ཡ་་་ང་ཚོས་དང་པོ་བཤད་རྒྱུ་ཅི་རེད་ཟེར་ན།
- སླ་མོ་བྱས་ནས་བཤད་རྒྱུ་ན།
- བརྗོད་བྱའི་སྙིང་བོ་ཡི་ཆ་དེ་ནས།
- དེ་འདྲའི་མཐོན་པོ་མཐོན་པོ་ཞིག་ལ་མ་སྙེགས་ན་ཡང་སྐྱོན་མེད་གི
- དེ་ལྟར་བཤད་པ་ཡིན།
- ཨོ་ཡ་་་དེའི་འཕྲོ་ནས་ད་རུང་ཡིན་རྒྱུ་ན་ཁ་སང་མ་བཤད་པ་ཅི་རེད་ཟེར་ན།
- སྤྱིར་བཏང་གིས་ཁྱོད་ཀྱིས་བལྟས་ན་ཡིན་རྒྱུ་ན།
- བརྗོད་བྱའི་སྙིང་བོ་དེ་མེད་པ་ཞིག་ཡིན་ན།
- ཡང་ན་དཔྱད་བརྗོད་པ་ཞིག་གིས་བལྟས་ན།
- དེ་ལ་བརྗོད་བྱའི་སྙིང་བོ་ཡོད་ན་ཐང་ལ་མེད་ན་ཡང་ཐང་།
- དེ་ཡིན་རྒྱུ་ན་ཁྱོད་ལ།
- རྩོམ་པ་པོ་དང་ཀློག་པ་པོ།
- དཔྱད་བརྗོད་པ་ཁོངས་སུ་འདུ་བའི་ཀློག་པ་པོ།
- ཁོ་གཉིས་ཀྱི་ཡིན་རྒྱུ་ན་ཅི་ཟེར་བ་རེད།
- བར་ཀྱི་འབྲེལ་བ་དེ་འདི་འདྲའི་ཡ་མཚན་ཞིག་ཡིན་པ་རེད།
- དེ་ང་ཚོའི་འཚོ་བ་དེ།
- རྩོམ་རིག་གི་ཉམས་མྱོང་གི་སྟེང་ནས་སོང་ན།
- གནས་ཚུལ་དེ་ནམ་ཡིན་ན་ཡང་བྱུང་སྲིད་པ་རེད།
- དཔེ་འཇོག་རྒྱུ་ན་ང་རང་གི་ཉམས་མྱོང་གི་སྟེང་ནས་སོང་ན་ཡང་དེ་རེད།
- ཚེ་རིང་དོན་གྲུབ་ཀྱིས་ར་ལོ་བྲིས་པ་དང་།
- ངས་ར་ལོ་ལ་དཔྱད་བརྗོད་བྱས་པ་དེ་གཉིས་གཏན་ནས་ཆ་མཚུངས་བ་མ་རེད།
- ཁྱོད་ཚོས་ཀྱང་ཅུང་ཙམ་རེ་གོ་མྱོང་ན་ཐང་།
- ཁོ་ལ་མཚོན་རྒྱུ་ན་སྤྱིར་བཏང་གི་ཨུ་རི་སི་ཡི་མི་ལྷག་མ་ཟེར་བ།
- དེ་འདྲའི་མི་སྣ་ཡི་སྣང་བསྙན་ཞིག་བྲིས་པ་རེད།
- དེ་ར་ལོ་ཟེར་བ་དེ་འདྲ་ཙམ་རེད།
- ཁོ་ལ་མཚོན་རྒྱུ་ན་དེ་འདྲ་ཕར་ལ་ཅི་ཟེར་བ་རེད།
- རིག་པ་ཡིས་དཔྱད་པ་བཏང་ནས།
- ད་ཡིན་རྒྱུ་ན་ངས་བཤད་པ་འདི་འདྲ་ཡིན་རྒྱུ་ན།
- དེ་ཕར་ལ་རིག་པ་ཡིས་བརྡར་ཤ་བཅད་ནས་བསྡད་དེ།
- དེ་འདྲ་ཞིག་ལ་བསམ་བློ་བཏང་ནས།
- ད་ཁོ་ཡིས་རྩོམ་ལ་འཇུག་པ་དེ་འདྲ་ཞིག་མ་རེད།
- ཁོ་ལ་མཚོན་རྒྱུ་ན་སྤྱི་ཚོགས་འཚོ་བ་ཡི་སྟེང་ལ་སོང་ནས།
- འདི་འདྲའི་མི་ཡ་མཚན་པ་ཡོད་གི
- དགོད་བྲོ་བ་ཡོད་གི
- དེ་ཙམ་ཞིག་རྩོམ་གི་ནང་ལ་བྲིས་བ་རེད།
- དེ་ཡིན་པའི་སྟབས་ཀྱིས།
- སྤྱིར་བཏང་གི་རྩོམ་པ་པོ་རང་ངོས་ནས་བཤད་རྒྱུ་ན།
- ཁྱོད་ཀྱིས་རྩོམ་ཞིག་བྲིས་ན།
- སྤྱི་ཚོགས་འཚོ་བའི་ནང་ལ་བལྟས་ནས་བསྡད་དེ།
- ཁྱོད་ཀྱིས་གཅིག་འབྲི་རྒྱུ་ན།
- ཁྱོད་ཀྱིས་དེ་ལ་དོན་སྙིང་ཆེན་པོ་ཆེན་པོ་མེད་གི་དེ་བསམ་ན་ཡང་།
- དེ་ཡིན་རྒྱུ་ན་རིག་པ་ཡི་རྒྱ་ཡངས་པ།
- དེ་འདྲ་ཞིག་གིས་བལྟ་རྒྱུ་ན།
- དེའི་ནང་ན་རྔོག་འདོན་བྱ་རྒྱུ་ཡིན་རྒྱུ་ན་མང་པོ་མང་པོ་ཡོད་རྒྱུ་རེད།
- དེ་ཡིན་རྒྱུ་ན་རྩོམ་པ་པོ་ལ་མཚོན་རྒྱུ་ན།
- དོན་གྱིས་བཤད་ན་ཡིན་རྒྱུ་ན་ཁྱོད་ཀྱིས་སེམས་ན་དྲན་པ་ཅི་རེད་ཟེར་ན།
- འདི་ཡ་མཚན་ཞིག་རེད་ལ་ཟེར་རྒྱུ།
- རྒྱ་ཡིག་གིས་སྟེང་ནས་བཤད་རྒྱུ་ན།
- དཔེ་འཇོག་རྒྱུ་ན་ཨེད་དེར་ངོ་མས་意思ཡོད་པ་ཟེར་བ་དེ་རེད།
- དེ་འདྲ་ཞིག་བྲིས་ནས་བསྡད་ན།
- དེའི་རྔོག་འདོན་བྱས་ན་ཡིན་རྒྱུ་ན།
- དཔྱད་བརྗོད་པ་ཞིག་གིས་དེའི་ནང་ན་རྔོག་རྒྱུ་ཡོད་པ་རེད།
- དེ་སྤྱིར་ན་ང་ཚོ་བོད་གཅིག་པུ་མ་རེད།
- ཨུ་རུ་སུ་ཡི་ནང་ན་ཡང་དེ་འདྲ་བཤད་རྒྱུ་མང་པོ་ཡོད་པ་རེད།
- རྩོམ་པ་པོ་མིང་ཅན་ཐམས་ཅད།
- ཐམས་ཅད་མ་རེད་མོད།
- རྩོམ་པ་པོ་མིང་ཅན་མང་པོ་ཞིག་ཅི་རེད་ཟེར་ན།
- དཔྱད་བརྗོད་པ་ཡི་ཁོ་ཡི་རྩོམ་དེ་ལ་དཔྱད་བརྗོད་བྱས་ནས་བསྡད་དེ།
- རྔོག་འདོན་བྱས་ནས་བསྡད་དེ།
- བསམ་བློ་ཡི་སྟེང་དེ་ཕྱིར་མངོན་དུ་བཅུག་ནས།
- རྩོམ་པ་པོ་དེ་གྲགས་ཅན་ཞིག་ཏུ་གྱུར་བ།
- དེ་ཡིན་རྒྱུ་ན་ཨུ་རུ་སུ་ཡི་ལོ་རྒྱུས་ཀྱི་སྟེང་ན་ཤིན་ཏུ་མང་པོ་ཡོད་པ།
- དེ་འདྲ་བ་རེད།
- དེ་ཡིན་པའི་སྟབས་ཀྱིས་ཡིན་རྒྱུ་ན།
- དེ་ཐོག་མ་ནས་བཟུང་སྟེ་ང་ཚོ་རྩོམ་ལ་འཇུག་མཁན་ཞིག་གིས།
- ཁོས་ཡིན་རྒྱུ་ན་བསམ་བློ་ཡི་མཐོ་ས་ཞིག་ལ་བསྙེགས་རྒྱུ་ཡིན།
- དེ་ཡིན་རྒྱུ་ན་དོན་གྱིས་ང་ཚོར་མཚོན་རྒྱུ་ན་བཀག་རྒྱ་ཆེ་བ་རེད།
- དེ་ཡིན་པའི་སྟབས་ཀྱིས་དེའི་ཆ་དེ་ནས་ཡིན་རྒྱུ་ན།
- ངས་བལྟ་རྒྱུ་ན་དེ་འདྲའི་རེ་བ་ཆེན་པོ་མ་བཟུང་ན་ཆོག་གི
- དེ་གཅིག་རེད།
- དེའི་འཕྲོ་ནས་ང་ཚོས་བཤད་རྒྱུ་ངོ་མས་ཁྱོད་ཡིན་རྒྱུ་ན་དེ་རེད།
- རྩོམ་པ་པོ་ཡི་ནང་དེ་ན་ཡང་རྣམ་པ་གཉིས་ཡོད།
- གཅིག་ཅི་རེད་ཟེར་ན།
- དེ་མཁས་པ་རི་ཡི་ཅན་གྱི་རྩོམ་པ་པོ་ཟེར་བ་རེད།
- 学者性的作家ཟེར་བ་རེད།
- ད་གཅིག་ཅི་རེད་ཟེར་ན།
- དེ་སྙན་ངག་པ་ཡི་རང་བཞིན་ཅན་གྱི་རྩོམ་པ་པོ་དེ་ཟེར་བ་རེད།
- དེ་གཉིས་ཀ་ཡིན་རྒྱུ་ན་ཁ་ཁ་ཡིན་པ་རེད།
- དེ་ཡིན་རྒྱུ་ན་ཁྱོད་རང་གི་ཡིན་རྒྱུ་ན་དེ།
- རང་གི་རྒྱུ་ཚོད་དང་བསྟུན་ནས་བསྡད་དེ།
- གང་ཞིག་བསྙེགས་ན་རང་ལ་འཚམས་གི
- དེ་རང་རང་གི་ཡིན་རྒྱུ་ན་ཁམས་དང་མོས་པ་ལ་བསྟུན་ན་ཆོག་པ་ཞིག་རེད།
- དེ་ན་ང་ཚོས་ཁ་སང་བཤད་དུས་དེ་རེད།
- ཁྱོད་ངོ་མས་ཡིན་རྒྱུ་ན།
- མཁས་བ་ཡི་རིགས་ཅན་གྱི་རྩོམ་པ་པོ་ལ་འདུས་ཟེར་བའི་དུས་སུ།
- ཁྱོད་ངེས་པར་དུ་མཚན་ཉིད་རིག་པའི་བློ་སྦྱོང་ཞིག་དགོས་བ་རེད།
- མཚན་ཉིད་རིག་པའི་བློ་སྦྱོང་ཡོད་ན་ད་ཁྱོད་ལ་ཕན་ཐོག་ཆེན་པོ་ཡོད་པ་རེད།
- དེ་ང་ཚོས་ཁ་སང་བཤད་ཚར་བ་རེད།
- དེའི་རྗེས་ནས་ང་ཚོས་དཔེ་ཀློག་གི་སྐོར་བཤད་པ་རེད།
- དེའི་བར་དེ་ནས་ཡིན་རྒྱུ་ན་གཙོ་བོ།
- དཔེ་ཆ་ཀློག་པ་དེ་ལ་ཡིན་རྒྱུ་ན་གོ་རིམ་ཞིག་ཡོད་པ།
- འཛམ་གླིང་ནས་ཡིན་རྒྱུ་ན་གྲགས་ཅན་ཞིག་ཡིན་པ་རེད།
- ཁྱོད་དེ་ལྟར་བཤད་དུས་དེ་ཁྱོད་དང་མི་འཚམས་པ་རེད།
- མང་རྒྱུ་རེད།
- དེ་ཡིན་པའི་སྟབས་ཀྱིས་ང་ཚོས་ཁ་སང་བརྒྱུད་རིམ་གྱི་སྟེང་ནས་བཤད་ན།
- ང་རང་གི་ཉམས་མྱོང་བཤད་པ་རེད།
- རྒྱ་ཡི་དུས་སྐབས་གསར་བའི་རྩོམ་རིག་དེ་ཐོག་མར་འཇུག་རྒྱུ་རེད།
- དེའི་འཕྲོ་ནས་ཅི་རེད་ཟེར་ན།
- རྒྱ་ཡི་དེང་རབས་རྩོམ་རིག་ཟེར་བ་རེད་ལ།
- 现代文学ཞེས་ལུའུ་ཞུན་གྱི་རྩོམ་དེ་བཤད་པ་རེད།
- དེ་ནས་རིམ་གྱིས་ཡིན་རྒྱུ་ན་ཕྱི་གླིང་ལ་སོང་ནས་བསྡད་དེ།
- དེའི་ནང་དེ་ན་ཡིན་རྒྱུ་ན་སྒྲུང་ཐུང་དང་སྒྲུང་འབྲིང་དེ་འདྲ་སྐོར་ཞིག་ཡོད་པ་རེད།
- ཁ་སང་ཡང་ང་ཚོས་བཤད་པ་རེད།
- དེའི་ནང་ན་དཔེ་ཞིག་འཇོག་རྒྱུ་ན་ད་རུང་ཡིན་རྒྱུ་ན།
- ཁ་གསབ་བྱེད་རྒྱུ་ཞིག་ལ།
- མའོ་པོ་སང་གིས་བྲིས་པའི་ཚིལ་ལི་རིལ་བུ་ཟེར་བ་ཞིག་ཡོད་ལ།
- ཨོ་་དེ་ངོ་མས་ཡག་པོ་ཡིན་པ།
- ང་ཚོས་བཤད་པའི་ཟློས་གར་རང་བཞིན་ཅན་མ་རེད།
- ཁོ་ཅི་རེད་ཟེར་ན་མངོན་ཆུང་གི་ཚུལ་དུ་འབྲི་བ།
- མངོན་ཆུང་རེད་ལ།
- མངོན་གསལ།
- འབུར་ཐོན།
- ང་ཚོའི་ཡིན་རྒྱུ་ན་དོན་གྲུབ་རྒྱལ་གྱི་རྒྱུ་འབྲས་མེད་པའི་མནའ་མ་ལྟ་བུ།
- དེ་འདྲའི་ཟློས་གར་རང་བཞིན་ཅན་དུ་བྱས་བ།
- དེ་གཏན་ནས་ཡིན་པ་མ་རེད།
- ཁོ་ཡིན་རྒྱུ་ན་དོན་དག་ཕྲ་མོར་བྲིས་ནས་བསྡད་དེ།
- ཞིབ་དུ་འདང་རྒྱབ་ན་དེའི་ནང་ན་མཐོང་རྒྱུ་ཞིག་ཡོད།
- རག་མོ་ལ་འདང་བརྒྱབ་ན་མཐོང་རྒྱུ་མེད་པ་དེ་རྩོམ་རིག་གི་ཁྱད་ཆོས་རེད།
- རྩོམ་རིག་ཟེར་བ་དེ་ཡིན་རྒྱུ་ན་མངོན་ཆུང་ཡིན་ན་བཟང་བ་མ་གཏོགས།
- འབུར་ཐོན་ཡིན་ན་ང་ཡིན་རྒྱུ་ན་དེ་ལ་སུན་སྣང་སྐྱེས་བ་རེད།
- དེ་ཡིན་པའི་སྟབས་ཀྱིས་དཔེ་འཇོག་རྒྱུ་ན་ཅི་རེད་ཟེར་ན།
- ཡང་ན་ཡིན་རྒྱུ་ན་ཁ་སང་ཡང་བཤད་པ་དེ་རེད།
- དངོས་པོ་ཡི་བལྟ་རྒྱ་ལ་ཆེ་ནི་མ་རེད་ལ།
- དེ་པའོ་ལེན་གྱི་རྩོམ་པ་པོ་ཞིག་ལ་ཞན་显克微支་ཟེར་བ།
- ནའོ་པེ་ཨར་གྱི་བྱ་དགའ་ཡང་ཐོབ་མྱོང་བ་རེད།
- དེའི་ཡིན་རྒྱུ་ན་ཅི་རེད་ཟེར་ན།
- 灯塔看守人 ཟེར་བ་འདྲ།
- དེ་འདྲ་ཞིག་ཁྱེད་ཚོའི་སེམས་ན་ཨེ་ཡོད་གི
- ཁྱེད་ཚོས་ལྟོས་ལ།
- འཛམ་གླིང་གི་སྒྲུང་འབྲིང་མིང་ཅན་གྱི་གྲལ་ན་གོང་གི་རྩོམ་རིག་དེ་ཡོད་གི
- རྩོམ་པ་པོ་ཡིན་རྒྱུ་ན་པའོ་ལེན་གྱི་རེད།
- མིང་ལ་ཡིན་རྒྱུ་ན་གོང་ནས་བཤད་པའི་显克微支་ཟེར་བ་རེད།
- དཔེ་འཇོག་རྒྱུ་ན་དེ་ལྟ་བུ་རེད།
- དེའི་ཕན་ཆད་ཀྱི་ང་ཚོས་རྒྱུན་དུ་བཤད་པའི།
- མཇུག་མཐའི་སློབ་ཐུན་གཅིག་ཟེར་བ་རེད།
- བོད་ཡིག་ལ་བསྒྱུར་ཡོད་པ་དེ་རེད།
- དེ་མགུལ་རྒྱན་ཟེར་བ་འདྲ་འདྲ།
- ཡང་ན་ཁ་སང་བཤད་པའི་བན་ཁ་ཟེར་བ་འདྲ་འདྲ།
- དེ་འདྲ་ཡི་མའེ་ཇིས་ལེགས་སྐྱེས་ལྟ་བུ།
- དེ་འདྲའི་རྩོམ་སྐོར་ཞིག་ཡོད་པ་རེད།
- དེ་སྒྲུང་ཐུང་ཞིག་ལ་མཚོན་རྒྱུ་ན་ང་ཚོས་བལྟ་ས་རེད།
- དེ་ཚང་མ་ཅུང་ཙམ་སླ་མོ་རེད།
- གཙོ་བོ་ཅི་རེད་ཟེར་ན།
- སྒྲུང་རིང་ལ་མཚོན་རྒྱུ་ན།
- ཁ་སང་བཤད་པའི་གོ་རིམ་དེ་ངས་བལྟ་རྒྱུ་ན་ངོ་མས་ང་ཚོས་གཟབ་དགོས།
- དེ་མིན་དུས་ཡིན་རྒྱུ་ན་ཁྱོས་རྩོམ་རིག་གི་མོས་བ་དེ་གསོད་རྒྱུ་རེད།
- མོས་བ་དེ་ཡིན་རྒྱུ་ན་ཡར་ལ་བསྐྱེད་རྒྱུ་མ་རེད།
- དེ་ཡིན་པའི་སྟབས་ཀྱིས་ང་ཚོས་ཁ་སང་བཤད་པའི།
- བརྩམས་ཆོས་ཀྱི་སྐོར་དེ་ནས་ངེས་བ་མེད་པར།
- འཛམ་གླིང་ལ་གྲགས་ཅན་ཞིག་ཡིན་པ་རེད་ཅེས་བལྟ་རྒྱུ་ཞིག་མ་རེད།
- ཁོ་ཡིན་རྒྱུ་ན་གོ་རིམ་ཞིག་ཡོད་ན་འགྲིག་གི
- དེ་རེད།
- དེ་འཕྲོ་ནས་རེ་བ་ཞིག་ཡོད་པ་ཅི་རེད་ཟེར་ན།
- ངེས་པར་དུ་ཡིན་རྒྱུ་ན་དཔྱད་བརྗོད་དང་བསྒྲགས་བརྗོད།
- ཤིན་ཏུ་གལ་ཆེ་བ་ཡིན་པ་རེད།
- ང་ཚོ་ཡིན་རྒྱུ་ན་མ་གཞི་ནས་ཡིན་རྒྱུ་ན་སློབ་གྲྭ་ཆེ་འབྲིང་གང་ཡིན་ན་ཡང་ཆོག་གི
- རྩོམ་རིག་གི་བློ་སྦྱོང་དེ་ཡིན་རྒྱུ་ན་ཉུང་བ་རེད།
- དེ་ཡིན་པའི་སྟབས་ཀྱིས་ཅི་རེད་ཟེར་ན།
- རྩོམ་རིག་དཔྱད་བརྗོད་ཅིག་ལ་མ་འཁེན་པར།
- ཁྱོད་རང་གིས་རང་སྟོབས་ཀྱིས།
- གནའ་རྩོམ་གྲགས་ཅན་མང་པོ་མང་པོ་དེ་ང་ཚོས་མྱོང་རོལ་བྱེད་པ་མ་རེད།
- དེ་ཡིན་པའི་སྟབས་ཀྱིས་ཡིན་རྒྱུ་ན།
- དཔྱད་བརྗོད་དང་སྦྲགས་ན།
- རྩོམ་དེའི་བཟང་ཆ་གང་ན་ཡོད་པ་ཧ་གོ་ཐུབ་པ་རེད།
- དེ་བཞིན་དུ་གཞན་གྱི་དཔྱད་བརྗོད་ཀྱི་ནང་ན་རྩོམ་གྱི་མི་འདང་ས་ཡང་ཡོད་པ་རེད།
- ང་ཚོའི་ཡིན་རྒྱུ་ན་དེ་རྩོམ་རིག་གི་མྱོང་རོལ་ཡིན་ན་ཆོག་གི
- རྩོམ་འབྲི་བ་ཡིན་ན་ཆོག་གི
- གང་ཡིན་ན་ཡང་ཕན་ཐོགས་པ་ཞིག་རེད།
- དེ་ཚང་མ་ང་ཚོས་ཁ་སང་བཤད་པའི་སྤྱི་སྡོམ་རེད།
- དེའི་སྟེང་ན་ཁ་གསབ་བྱེད་རྒྱུ་ཞིག་ལ།
- ཁ་སང་མཁའ་འགྲོ་ཚེ་རིང་གིས་ང་ལ་ཀུ་རེ་ཡི་ཚུལ་དུ་བཤད་བཞིན་ཡོད་གི
- ཁྱོད་ཡིན་རྒྱུ་ན་དོན་གྲུབ་རྒྱལ་ལ་མི་དགའ་བའི་རྣམ་པ་སྟོན་བཞིན་ཡོད་པ།
- དེ་འདྲ་བཤད་བཞིན་ཡོད་པ་རེད་ལ།
- ཨོ་ཡ་་་ངས་ཁ་སང་དོན་གྲུབ་རྒྱལ་དེ་བཤད་དུས།
- ང་མཚོན་རྒྱུ་ན་དོན་གྲུབ་རྒྱལ་དེ་ཡིན་རྒྱུ་ན།
- མི་བུ་སྒེར་གྱི་དོན་གྲུབ་རྒྱལ་གྱི་ངོས་ནས་བཤད་གོ་མེད་གི
- ང་ཡིན་ན་དོན་གྲུབ་རྒྱལ་དེ་ཅི་རེད་ཟེར་ན།
- བོད་ཀྱི་རྩོམ་རིག་གི་དེ་ཅི་ཟེར་བ་རེད།
- འཐུས་ཚབ་ཀྱི་ཚུལ་དུ་བཤད་པ་རེད།
- དེའི་རྒྱུ་མཚན་ཅི་ཡིན་པ་རེད་ཟེར་ན།
- དེ་རིང་སང་ཉིན་གྱི་ཀློག་པ་པོ་དང་རྩོམ་པ་པོ་མང་པོ་ཞིག་གིས།
- ད་རུང་ཡིན་རྒྱུ་ན་དོན་གྲུབ་རྒྱལ་དེ་ཡིན་རྒྱུ་ན་ཐོལ་བརྒལ་བྱ་མི་ཐུབ་པ།
- དེ་འདྲ་ཡིན་རྒྱུ་ན།
- མདུན་གྱི་མདུན་རི་མཐོན་པོ་ཞིག་གི་ཚུལ་དུ་བཤད་བཞིན་ཡོད་པ་རེད།
- དེ་ལ་ང་གཏན་ནས་དགའ་བ་མ་རེད།
- མི་དགའ་བའི་རྒྱུ་མཚན་ཅི་རེད་ཟེར་ན།
- དོན་གྲུབ་རྒྱལ་གྱི་རྩོམ་རིག་གི་བྱས་རྗེས་བཤད་ན།
- བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་སྟེང་ནས་བཤད་རྒྱུ་ན།
- ཁོ་ཡིས་ཡིན་རྒྱུ་ན་གདེང་འཇོག་མཐོན་པོ་བྱས་ན་ཆོག་གི
- འོན་ཀྱང་རྩོམ་རིག་གི་ཆུ་ཚད།
- ཁ་སང་ང་ཚོས་བཤད་པའི།
- རྩོམ་རིག་ལ་རྩོམ་རིག་གི་རང་བཞིན་དགོས་བ་ཟེར་བའི།
- དེའི་ངོས་ནས་བཤད་རྒྱུ་ན།
- དོན་གྲུབ་རྒྱལ་གྱི་རྩོམ་རིག་དེ་མ་གཞི་ནས་ན་མ་སྨིན་པ་ཞིག་རེད།
- བསམ་བློ་ཡི་ཆ་ན་ཡང་ཞན་ཆ་ཡོད་པ་རེད།
- ང་ཚོས་ཁ་སང་བཤད་པའི་ཤ་དང་རུས་པའི་བརྩེ་དུང་ལྟ་བུ།
- དེ་བཞིན་དུ་ཡིན་རྒྱུ་ན་འབྲི་ཐབས་ཀྱི་ཕྱོགས་ན་ཡང་ཡིན་རྒྱུ་ན།
- ཟློས་གར་རང་བཞིན་ཅན་དུ་བྱ་བ།
- དེ་འདྲ་ཡིན་རྒྱུ་ན་ཞིབ་འབྲི་ཡི་ཕྱོགས་ན།
- མཐུན་མིན་གྱི་ཁྱད་ཆོས་མེད་པ་ལ་སོགས་པ།
- དེ་འདྲ་ཡིན་རྒྱུ་ན་ཆ་མ་ཚང་བ་དང་ན་མ་སྨིན་པ།
- དེ་འདྲའི་སྐྱོན་ཆ་མང་པོ་མང་པོ་ཞིག་ཡོད་པ་རེད།
- དེ་ཡིན་པའི་སྟབས་ཀྱིས་ང་མཚོན་རྒྱུ་ན་ཡིན་རྒྱུ་ན།
- དོན་གྲུབ་རྒྱལ་ཞེས་བཤད་པ་དེ་མི་བུ་སྒེར་ཀྱི་སྟེང་ནས།
- སྒེར་གྱི་ངོས་ནས་དོན་གྲུབ་རྒྱལ་བཤད་གོ་མེད་གི
- ཨོ་ཡ་་དོན་གྲུབ་རྒྱལ་དེ་ཡིན་རྒྱུ་ན་བོད་ཀྱི་རྩོམ་རིག་གི་འཐུས་ཚབ་ཅིག་རེད།
- རྩོམ་པ་པོ་དང་ཀློག་པ་པོ་མང་པོ་ཞིག་ལ་མཚོན་རྒྱུ་ན།
- ད་ལྟའི་བར་དུ་དོན་གྲུབ་རྒྱལ་ཅི་རེད་ཟེར་ན།
- བོད་ཀྱི་རྩོམ་རིག་གི་ནང་གི་རྩེ་མོ་ཡིན་པ།
- དེའི་བསམ་ཚུལ་དེ་ཡོད་པ་རེད།
- དེ་ཅི་རེད་ཟེར་ན།
- གཏན་ནས་འགྲིག་པ་མ་རེད།
- མི་འགྲིག་པའི་རྒྱུ་མཚན་ཅི་རེད་ཟེར་ན།
- དེ་འདྲ་ཞིག་ཡིན་དུས།
- དོན་གྲུབ་རྒྱལ་གྱི་རྩོམ་དེ་ང་ཚོའི་མ་གཞི་ཡི་ལོག་པ་རེད།
- དོན་གྲུབ་རྒྱལ་གྱི་རྩོམ་རིག་གི་མ་གཞི་རུ་བཞག་ན།
- འགྲིག་ནི་རེད་ལ་འགྲིག་ནི་མ་རེད།
- གཏན་ནས་འགྲིག་ནི་མ་རེད།
- ཐ་ན་ཡིན་རྒྱུ་ན་ལང་ཚོའི་རྦབ་ཆུ་ལ་མཚོན་རྒྱུ་ན་ཡང་།
- དེ་འདྲའི་སྙན་ངག་ཞིག་གི་སྟེང་གི་ཡིན་རྒྱུ་ན།
- དགེ་ཚན་མང་པོ་བརྗོད་ན་ཆོག་གི་མ་གཏོགས།
- སྤྱིར་བཏང་གི་སྙན་ངག་ཞིག་གི་ངོས་ནས་བཤད་རྒྱུ་ན།
- དོན་གྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་ཡི་སྟེང་ན་ཡང་སྐྱོན་ཆ་ཡོད་པ་རེད་ལ།
- ཨོ་ཡ་་ཁོ་ཡི་ཡིན་རྒྱུ་ན།
- སྐད་ཆ་ཡི་སྦྱོར་བ་ཡི་སྟེང་ན་ཡིན་རྒྱུ་ན།
- དེ་ཅི་ཟེར་བ་རེད།
- བསྐྱར་ཟློས་ཟེར་ན་ཆོག་གི
- ཟློས་བ་ཡི་སྐོར་དེ་མང་བ་རེད།
- ཐ་ན་མགོ་ཡི་ཡིན་རྒྱུ་ན་སྔོ་ཞིང་སིང་བའི་ནམ་མཁའ།
- དྲོ་ཞིང་འཇམ་པའི་ཉི་འོད།
- ཚིག་རྐང་ལྔ་ཡོད་ལ།
- ཚིག་རྐང་ལྔ་བོ་དེ་ཁྱོད་ཚོས་ལྟོས་ལ་སྐྱོན་ཆ་རེད།
- ལྔ་འདྲ་ཞིག་ཡིན་ན་མང་སོང་བ་རེད།
- བཏོན་ན་ཡང་ཁྱོད་ཚོས་ལྟོས་ལ་སྔོ་ཞིང་སིང་བའི་ནམ་མཁའ།
- དྲོ་ཞིང་འཇམ་པའི་ཉི་འོད།
- ཡངས་ཤིང་ཆེ་བའི་ས་གཞི།
- དེའི་རྗེས་ན་ད་རུང་ཚིག་གཉིས་ཡོད་པ།
- ཁྱོད་ཚོས་ལྟོས་ལ་དེ་ལ་མང་སྐྱོན་ཡོད་པ་རེད།
- དཔེ་འཇོག་རྒྱུ་ན།
- ཡང་ན་དེའི་རྗེས་ན་ཁམས་ལོགཔ་ལྟ་བུའི་ཆ་དེ་ཡོད་གི
- དེ་ལ་སོགས་པ་སྐྱོན་ཆ་ཡིན་པ་རེད།
- དོན་གྲུབ་རྒྱལ་གྱི་ཡིན་རྒྱུ་ན།
- རང་མོས་སྙན་ངག་མང་པོ་ཞིག་བྲིས་ཡོད་པ་རེད།
- དེའི་ནང་ནས་འཁྱོངས་ཡོད་པ་དེ་ལང་ཚོའི་རྦབ་ཆུ་རེད།
- དེའི་ཕན་ཆད་ནས་ཡིན་རྒྱུ་ན་སྙན་ངག་མང་པོ་མང་པོ་ཞིག་འཁྱོངས་ཡོད་པ་མ་རེད།
- རིག་པའི་དཔའ་བོ་རྣམས་ལ་ཕུལ་བའི་གཏམ་ཟེར་བ་འདྲ་འདྲ།
- སྐྱོན་ཆ་མང་པོ་མང་པོ་ཞིག་ཡོད་པ་རེད།
- འོ་ན་དོན་གྲུབ་རྒྱལ་གྱི་སྟེང་དེ་ནས།
- ངས་ཞན་ཆ་ཡི་སྐོར་དེ་མང་པོ་བཤད་པའི་རྒྱུ་མཚན་ཅི་རེད་ཟེར་ན།
- ཨོ་ཡ་་གོང་ནས་བཤད་པ་དེ་རེད།
- ཁོ་ཡིན་རྒྱུ་ན་དེ་བོད་ཀྱི་རྩོམ་རིག་དང།
- ཡང་ན་བོད་ཀྱི་ཀློག་པ་པོ་དང་རྩོམ་པ་པོ་མང་པོ་ཞིག་ལ་མཚོན་ན།
- དོན་གྲུབ་རྒྱལ་དེ་ད་དུང་ཡིན་རྒྱུ་ན།
- ཆེས་མཐོ་ས་ཞིག་ལ་བཞག་ནས།
- དེ་ལ་ཐོལ་བརྒལ་བྱ་མི་ཐུབ་པ།
- རྩོམ་དེ་ཡིན་རྒྱུ་ན།
- དོན་གྲུབ་རྒྱལ་གྱི་རྩོམ་དེ་ཡིན་རྒྱུ་ན་ང་ཚོའི་མ་གཞི་ཡིན་པ་འདྲ་འདྲ།
- དེ་འདྲ་ཞིག་གི་ངོས་ནས་བཞག་དུས།
- བོད་ཀྱི་རྩོམ་རིག་དེ་ལམ་ལོག་ཞིག་ལ་ཞུགས་ཡོད་པ།
- དེ་ཡིན་པའི་སྟབས་ཀྱིས་ཡིན་རྒྱུ་ན།
- ཁོ་ཡི་སྟེང་གི་སྐྱོན་ཆ་མང་པོ་བཤད་ན་དོན་གྱིས་ཅི་རེད་ཟེར་ན།
- བོད་ཀྱི་དུས་རབས་ཉི་ཤུ་བ་ཡི་རྩོམ་ཐམས་ཅད་ཀྱི་ཁྱད་ཆོས་དེ།
- སྤྱིར་བཏང་གིས་དོན་གྲུབ་རྒྱལ་གྱི་རྩོམ་གྱི་ནང་ནས་མཚོན་ཐུབ་པ་རེད།
- དུས་རབས་ཉི་ཤུ་བ་ཡི་ནང་དེ་ནས།
- དོན་གྲུབ་རྒྱལ་གྱི་རྩོམ་ལ་ཡིན་རྒྱུ་ན་དེ་ཐོལ་བརྒལ་བྱས་བ་ཉུང་གི
- དུས་རབས་ཉེར་གཅིག་པ་ལ་ཐོན་དུས།
- དོན་གྲུབ་རྒྱལ་གྱི་རྩོམ་ལ་ཐོལ་བརྒལ་བྱས་བ་མང་གི
- དེ་ཡིན་པའི་སྟབས་ཀྱིས་ཡིན་རྒྱུ་ན།
- དོན་གྲུབ་རྒྱལ་ཁོ་རང་ལ་ཅི་ཟེར་བ་རེད།
- མ་འཐད་པ་དང་མ་དགའ་བ་ཡི་གནད་དོན་ཞིག་མ་རེད།
- དོན་གྲུབ་རྒྱལ་གྱི་བོད་ཀྱི་རྩོམ་རིག་གི་སྣང་ཚུལ་གྱི་ངོས་དེ་ནས།
- ངས་སྐད་ཆ་མང་པོ་མང་པོ་ཞིག་བཤད་གི་བསྡད་ཡོད་པ་རེད།
- ཨོ་ཡ་་་དེ་ཡིན་རྒྱུ་ན་ཁ་གསབ་ཅིག་རེད།
- དེའི་འཕྲོ་ནས་དེ་རིང་ང་ཚོས་བཤད་རྒྱུ་གཙོ་བོ།
- སྙན་ངག་གི་ཕྲན་བཤད་རེད།
- ཁྱོད་ཚོའི་ནང་ན་སྙན་ངག་འབྲི་མཁན་ཡང་མང་བ་རེད།
- བལྟ་མཁན་ཡང་མང་རྒྱུ་རེད།
- ཨོ་ཡ་་སྤྱིར་གོང་ནས་ཡང་བཤད་པ་དེ་རེད།
- ང་ཚོ་ཡིན་རྒྱུ་ན་སྙན་ངག་ལ་འབྲི་བ་དང་བལྟ་བ་དེ་མང་བ་རེད་ལ།
- སྙན་ངག་གི་དགེ་སྐྱོན་བཤད་པ་དེ་དོན་གྱིས་ཉུང་གི
- དེ་ཡིན་པའི་སྟབས་ཀྱིས་ཡིན་རྒྱུ་ན་དགེ་སྐྱོན་ཞིག་བཤད་ན།
- ཁྱོད་ཚོས་འབྲི་རྒྱུ་ཡིན་ན་ཀློག་རྒྱུ་ཡིན་ན་དེ་ཕན་ཞིག་ཨེ་ཐོགས།
- དེ་འདྲ་ཞིག་བསམ་ནས་བསྡད་དེ།
- དེ་རིང་གི་འཆད་ཁྲིད་ཀྱི་ནང་དོན་གཙོ་བོ་དེ།
- ཨོ་ཡ་་་སྙན་ངག་གི་བརྩམས་ཆོས་འགའ་ཞིག་ལ།
- ང་ཚོས་ཕྲན་བཤད་བྱེད་པ།
- མདོར་བསྡུས་ཀྱི་སྒོ་ནས་བཤད་རྒྱུ་དེ་རེད།
- བཤད་རྒྱུ་ཅུང་ཙམ་བརྩམས་ཆོས་མང་དུ་བྱས་ནས་ཞིབ་ཏུ་མི་བཤད་པ།
- དེ་ནི་དེ་རིང་གི་ཁྲིད་ཐབས་ཀྱི་སྐོར་རེད།
- དེ་ཡིན་ན་ཐོག་མར་འདིའི་བར་འདི་ནས་ང་ཚོས་བཤད་རྒྱུ་ཞིག་ལ།
- བོད་ཀྱི་རང་མོས་སྙན་ངག་འདི་བཤད་དགོས་ན།
- སྙན་ངག་གསར་རྙིང་གི་ཁྱད་པར་བཤད་ན་འགྲིག་གི
- ཨོ་ཡ་་འདི་ང་ཚོས་མདོར་བསྡུས་ཤིག་བཤད་ན་ཆོག་གི
- སྤྱིར་སྙན་ངག་གསར་རྙིང་གི་ཁྱད་པར་འདི།
- ད་ལྟ་བཤད་ན་ཚང་མས་སྙན་ངག་གསར་བ་ཡི་མཚམས་དེ།
- རང་མོས་སྙན་ངག་ནས་འགོ་འཛིན་བཞིན་ཡོད་པ།
- ལྷག་པར་དུ་ཡིན་རྒྱུ་ན།
- དོན་གྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་ནས་བཟུང་ཏེ་འགོ་འཛིན་བཞིན་ཡོད་པ།
- དེ་འགྲིག་ནི་རེད་ལ།
- དེའི་རྒྱུ་མཚན་དེ་ད་རུང་བཤད་ན་མི་འགྲིག་གི
- དེ་རིང་སང་ཉིན་གྱི་སེམས་ཞིག་ལ།
- བོད་ཀྱི་སྲོལ་རྒྱུན་སྙན་ངག་ལ་འགྱུར་ལྡོག་བྱུང་བའི་འགོ་དེ།
- བོད་ལ་རང་མོས་སྙན་ངག་བྱུང་བ་ནས་བཟུང་ཏེ།
- བོད་ཀྱི་སྲོལ་རྒྱུན་སྙན་ངག་ལ་འགྱུར་ལྡོག་བྱུང་སོང་དེ་འདྲ་ཞིག་གི་བསམ་ཡོད།
- འོ་ན་དོན་གྱིས་ངའི་བལྟ་ཚུལ་ཅི་རེད་ཟེར་ན།
- བོད་ཀྱི་སྲོལ་རྒྱུན་སྙན་ངག་ལ་འགྱུར་ལྡོག་བྱུང་བའི་མཚམས་དེ།
- དོན་གྱིས་ཡིན་རྒྱུ་ན་ཚིགས་སུ་གཅོད་སྟངས་ཀྱི་སྟེང་དེ་ནས།
- རང་མོས་ཀྱི་སྒོ་ནས་ཚིགས་སུ་བཅད་པའི་སྒོ་ནས།
- བོད་ཀྱི་སྲོལ་རྒྱུན་སྙན་ངག་ལ་འགྱུར་ལྡོག་བཟོས་བ་རེད།
- དེ་ཟེར་ན་ཅུང་ཙམ་ཞིག་མི་འགྲིག་གི
- ཨོ་ཡ་་དེ་སྤྱིར་བཤད་རྒྱུ་ན།
- སྲོལ་རྒྱུན་སྙན་ངག་དང་མི་འདྲ་བའི་སྙན་ངག་གསར་བ་ཡི་ཁྱད་པར་དེ།
- སྤྱིར་ན་བསམ་བློ་དང་སྒྱུ་རྩལ་གྱི་ཁྱབ།
- འདི་འདྲའི་ཕྱོགས་གཉིས་ནས་བཤད་ན་འགྲིག་གི
- བསམ་བློ་ཡི་ཕྱོགས་དེ་ནས་ངའི་བལྟ་རྒྱུ་ན་མང་པོ་ཞིག་བཤད་མི་དགོས།
- ཚང་མའི་བལྟས་ན་གོ་སླ་བ་རེད།
- མདོར་བསྡུས་ན་ངའི་འདི་ནས་སྐད་ཆ་བཤད་རྒྱུ་འདི་རེད།
- སྲོལ་རྒྱུན་སྙན་ངག་ཟེར་བ་ཅི་རེད།
- འཁོར་བ་ལས་བློ་ལྡོག་པའི་བསམ་བློ་རེད།
- འོ་ན་ང་ཚོ་དེ་སྙན་ངག་གསར་བ་འདི་ཅི་རེད་ཟེར་ན།
- འཁོར་བ་ལ་བློ་འཇུག་པའི་བསམ་བློ་དེ་ཁོ་ཡིས་སྟོན་རྒྱུ་རེད།
- དེ་ང་ཚོའི་མང་པོ་བཤད་དགོས་བ་མ་རེད།
- ཨོ་ཡ་་ཁ་སང་ཡང་བཤད་པ་དེ་རེད།
- བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་གྱི་སྙན་ངག་གང་དང་གང་ཞིག་ཡིན་ན་ཡང་།
- ཁོ་ཡིས་བཤད་རྒྱུ་ཡིན་རྒྱུ་ན།
- ཆོས་ལུགས་ཀྱི་བལྟ་བ་ཡི་ཤན་ཤུགས་དེ་ཆེ་བ་རེད།
- འོ་ན་ཆོས་ལུགས་ཀྱི་བལྟ་བ་ཞིག་བརྗོད་དུས།
- ངེས་པར་དུ་ངེས་འབྱུང་གི་བསམ་བློ་དེ་ཨང་དང་པོ་བཤད་རྒྱུ་རེད།
- རྗེ་ཙོང་ཁ་བ་ཡི་ལམ་གྱི་གཙོ་བོ་རྣམ་པ་གསུམ་ཟེར་ནས་བསྡད་དེ།
- ཐོག་མ་གང་བཞག་ཡོད་ཟེར་ན།
- ངེས་འབྱུང་གི་བསམ་བློ་དེ་བཤད་ཡོད་པ་རེད།
- ཡང་དག་པའི་ལྟ་བ་བྱང་ཆུབ་ཀྱི་སེམས།
- འདི་ཚོ་ནི་ལམ་གྱི་གཙོ་བོ་རྣམ་པ་གསུམ་རེད་དེ་ལྟར་བཤད་ཡོད་པ་རེད།
- འོ་ན་བོད་ཀྱི་རྩོམ་རིག་སྤྱིར་ལོ་རྒྱུས་ཀྱི་ངོས་ནས་བལྟས་ནས་སོང་ན།
- འཁོར་བ་ལས་བློ་ལྡོག་པ་འདི་ཡིན་རྒྱུ་ན།
- བོད་ཀྱི་རྩོམ་རིག་གི་བསམ་བློ་ཡི་ནང་ནས་གྲུབ་ཆ་གཙོ་བོ་ཡིན་ནི་རེད།
- བོད་ལ་རྩོམ་རིག་གྲུབ་པ་ལས་བཟུང་ཏེ།
- རྩོམ་རིག་གི་བསམ་བློ་ཡི་སྟེང་ལ།
- འཁོར་བ་ལས་བློ་ལྡོག་པའི་བསམ་བློ་དེ་ཡིན་རྒྱུ་ན།
- མཉམ་དུ་གྲུབ་པ་རེད།
- འདིའི་འགོ་ཁུངས་དེ་དེད་ནས་སོང་ན་གང་ལ་ཐུག་རྒྱུ་རེད་ཟེར་ན།
- བཀའ་ལྡན་པའི་རྩོམ་རིག་ལ་ཐུག་ཡོད་ནི་རེད།
- ང་མཚོན་ན་ཡིན་རྒྱུ་ན་བོད་ཀྱི་རྩོམ་རིག་གི
- བོད་ཀྱི་རྩོམ་རིག་ངོ་མ་ཡི་འགོ་ཁུངས་དེ།
- བཀའ་ལྡན་པའི་རྩོམ་རིག་ལས་བྱུང་བ་རེད་དེ་ཟེར་རྒྱུ་རེད།
- དེ་ཡིན་ན་ང་ཚོ་ལ་ལ་ཞིག་གི་སེམས་ན་ཡིན་རྒྱུ་ན།
- བཙན་པོ་ཡི་སྐབས་ཀྱི་རྩོམ་རིག་དང་སྙན་ངག
- དེ་ཡིན་རྒྱུ་ན་འཁོར་བ་ལས་བློ་ལྡོག་པའི་བསམ་བློ་ཞིག་མ་རེད།
- དེ་ཟེར་རྒྱུ་རེད།
- འོན་ཀྱང་ང་མཚོན་རྒྱུ་ན་ཡིན་རྒྱུ་ན།
- དེ་བཙན་པོ་ཡི་སྐབས་ཀྱི་རྩོམ་རིག་དེ་ཡིན་རྒྱུ་ན་རྩོམ་རིག་ངོ་མ་མ་རེད།
- ཁོ་ཡིན་རྒྱུ་ན་རྩོམ་རིག་གི་རང་བཞིན་ཡོད་པ་རེད་མ་གཏོགས།
- རྩོམ་རིག་ངོ་མ་ཞིག་མ་རེད།
- དེ་དེ་རིང་བཤད་རྒྱུ་ཞིག་མ་རེད།
- དེ་ཡིན་ན་ཅི་རེད་ཟེར་ན།
- བོད་ལ་རྩོམ་རིག་གི
- བོད་ལ་རྩོམ་རིག་གྲུབ་པའི་དུས་ཚོད་ཀྱི་འགོ་དེ་ཡིན་རྒྱུ་ན།
- དོན་གྱིས་བསྟན་པ་ཕྱི་དར་རེད།
- བསྟན་པ་ཕྱི་དར་གྱི་ནང་གི་བཀའ་གདམས་པ་དེ་ནང་གི་གཙོ་བོ་རེད།
- འོ་ན་བཀའ་གདམས་པའི་བསམ་བློ་ཡི་ནང་གི་གྲུབ་ཆ་གཙོ་བོ་གཅིག་གང་རེད་ཟེར་ན།
- ང་ཚོའི་ངེས་འབྱུང་གི་བསམ་བློ་རེད།
- དེ་ང་ཚོའི་བཀའ་གདམས་གྱི་བུ་ཆོས་དེར་བལྟས་ན་ཡིན་རྒྱུ་ན་ཧ་གོ་ཐུབ་པ་རེད།
- འགྲོན་སྟོན་པའི་སྐྱེ་རབས་དེ་བརྗོད་དུས་ཁྱོད་ཚོས་ལྟོས་ལ།
- གང་གི་ནང་ལ་མཚོན་ན་ཡང་ཡིན་རྒྱུ་ན་རབ་དུ་བྱུང་བ་ཟེར་བ།
- ངེས་འབྱུང་དེ་མང་བ་ཡོད་པ།
- དེ་ནས་བཟུང་ཅི་རེད་ཟེར་ན།
- བསམ་བློ་དེ་ཡིན་རྒྱུ་ན་འགྱུར་བ་བྱུང་ཡོད་པ་མ་རེད།
- དེ་ཡིན་པའི་སྟབས་ཀྱིས་ཡིན་རྒྱུ་ན།
- དེ་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་ཐམ་པ་ཡི་ནང་འདི་ནས་ཅི་རེད་ཟེར་ན།
- ཨོ་ཡ་་དེ་འཁོར་བ་ལས་བློ་ལྡོག་པ་ཟེར་བའི་བསམ་བློ་དེ་ལ།
- འགྱུར་ལྡོག་བྱུང་ནས་བསྡད་དེ།
- ང་ཚོའི་བོད་ཀྱི་རྩོམ་རིག་གི་གླིང་འདི་ནས་ཅི་རེད་ཟེར་ན།
- བོད་མི་རྣམས་ལ་བསམ་བློ་གསར་བ་ཞིག་བསྒྲེངས་ཡོད་མེད་ཅི་རེད་ཟེར་ན།
- ང་ཚོས་ཡིན་རྒྱུ་ན་འཁོར་བ་འདིའི་ཆེད་དུ།
- ཤི་ཐབས་འབད་ཐབས་བྱེད་དགོས།
- འཁོར་བ་དེ་དར་བར་འཇུག་པའི་ཆེད་དུ་ཤུ་རེ་བྱེད་དགོས་དེ་ཟེར་བ་རེད།
- ཨོ་་་ང་ཚོའི་ཆོས་ལུགས་ཀྱི་སྐད་ཆ་ཡིས་བཤད་ན་འཁོར་བ་དེ་ཟེར་བ་རེད།
- ད་ལྟ་ཡི་སྐད་ཆ་ཡིས་བཤད་རྒྱུ་ན་ཅི་རེད་ཟེར་ན།
- དེ་འཇིག་རྟེན་གྱི་འཚོ་བ་དར་པར་འཇུག་དགོས་བ་དེ་ཟེར་རྒྱུ་རེད།
- དེ་གཉིས་ཀ་གཅིག་རེད་དོན་གྱིས།
- འདི་ང་ཚོའི་མང་པོ་བཤད་དགོས་པ་མ་རེད།
- འདི་ཡིན་རྒྱུ་ན་དེ་ང་ཚོའི་བལྟས་ན་རྟགས་མཚན་ཤིན་ཏུ་གསལ་བ་རེད།
- དེ་རེད།
- འོ་ན་གཙོ་བོ་གལ་ཆེ་བ་དེ་གང་རེད་ཟེར་ན།
- སྒྱུ་རྩལ་གྱི་ཆ་འདི་ཡིན་རྒྱུ་ན་ཤིན་ཏུ་གལ་ཆེ་བ་རེད།
- བོད་ཀྱི་སྲོལ་རྒྱུན་སྙན་ངག་དང་།
- སྲོལ་རྒྱུན་སྙན་ངག་དང་མི་འདྲ་བའི་སྙན་ངག་གསར་བ།
- སྙན་ངག་གསར་བའི་ཁྱད་ཆོས་ཨང་དང་པོ་དེ་གང་ནས་ཡོང་དགོས་ཟེར་ན།
- ངས་བལྟ་རྒྱུ་ན་ཚིགས་སུ་གཅོད་ལུགས་མ་རེད།
- དཔེ་འཇོག་རྒྱུ་ན་ཚིགས་སུ་གཅོད་ལུགས་ཀྱི་ཆ་ནས་བཤད་རྒྱུ་ན།
- འདི་འདྲའི་སྙན་ངག་ཅིག་ཡོད་པ་རེད།
- ཁྱོད་ཚོས་ལྟོས་ལ།
- འདི་ཡིན་རྒྱུ་ཁྱོད་ཚོས་ལྟོས་དང་རང་མོས་རེད་ལ།
- དུས་དེང་སང་ཕྱོགས་བཞི་མཚམས་བརྒྱད་དུ།
- གྲོང་ཁྱེར་གྱི་གཞི་ཁྱོམ་ཟླ་བཅུ་ཕྲག་དུ་མ་འཕར།
- དེང་རབས་ཅན་གྱི་ཁང་ཁྱིམ།
- གཏེར་ཕྲེང་དང་གཏེར་ཕྲེང་།
- འཕྲེད་གཞུང་གང་སུ་མུན་ནག་གི་ལམ་ཆེན།
- མིག་མང་གི་དྲ་བ།
- མཚན་དུས་གློག་ཕྱེ་ཕྲེང་བ་ཉིན་མོ་ལྟར་གསལ།
- ཚོང་ཁང་དང་སྨན་ཁང་ཟེར་ནི་ཡིན་རྒྱུ་རེད།
- འདི་ཡིག་ནོར་ཡིན་རྒྱུ་རེད།
- ཡ་་ད་གཟིམ་ཁང་དང་ཟློས་གར་ཁང་ཟེར་བ་རེད།
- ལྕི་བའི་སྐྱེས་ཚད་དང་མེ་ཏོག་ལྡུམ་ར།
- ལྗོན་ཤིང་གི་ཕྲེང་ལྟར་སོགས་མ་ཚང་བ་མེད་པའི་གྲོང་ཁྱེར།
- མིང་དང་དོན་མཚུངས་བ་ཞིག་འཛུགས་སྐྲུན་བྱས་ཡོད།
- རེད་ཡ་་་ཚང་མས་དཔང་པོ་རྣམས་དང་།
- མི་ལོ་བཅུ་ཁྲག་ཁ་ཤས།
- འདི་འདྲ་ཁྱོད་ཚོས་བལྟས་ན་སྙན་ངག་ཅིག་ལ་མཚོན་རྒྱུ་ན།
- འདིར་ཁྱོད་ཚོས་བལྟས་ན་རང་མོས་སྙན་ངག་རེད་ལ།
- འོན་ཀྱང་འདིའི་སྟེང་ན་ཡིན་རྒྱུ་ན།
- སྙན་ངག་གསར་བ་ཡི་ཁྱད་ཆོས་ཡོད་ལ་མེད།
- ངས་བལྟ་རྒྱུ་ན་གཅིག་ཀྱང་མེད་གི
- བོད་ཀྱི་སྙན་ངག་གསར་བ།
- ཚིགས་སུ་གཅོད་ལུགས་ཀྱི་སྟེང་གི་འདི་འདྲ་ཞིག་ཡིན་དུས།
- དོན་གྱིས་ཅི་རེད་ཟེར་ན།
- བོད་ལ་རང་མོས་སྙན་ངག་དར་མ་དར་མེད་གི
- དེ་ཡིན་པའི་སྟབས་ཀྱིས་ཅི་རེད་ཟེར་ན།
- སྲོལ་རྒྱུན་སྙན་ངག་དང་མི་འདྲ་བའི།
- སྙན་ངག་གསར་བ་ཡི་ཁྱད་ཆོས་དེ་ཡིན་རྒྱུ་ན།
- རང་མོས་ཀྱི་ཚིགས་སུ་གཅོད་ལུགས་ཀྱི་སྟེང་ནས་བྱུང་བ་མ་རེད།
- ཚིགས་སུ་གཅོད་ལུགས་ཀྱི་སྟེང་ནས་འབྱུང་བ་མ་རེད།
- ཨོ་ཡ་་འོ་ན་གང་ནས་འབྱུང་བ་རེད་ཟེར་ན།
- གཅིག་ནས་གོང་ནས་ང་ཚོས་བཤད་པའི་བསམ་བློ་ཡི་ཆ་ནས་བྱུང་བ་རེད།
- ཨོ་ཡ་་བསམ་བློ་ཡི་ཆ་ནས་ཡིན་རྒྱུ་ན།
- འཁོར་བ་ལས་བློ་ལྡོག་པ་ལས།
- འཁོར་བ་ལ་བློ་འཇུག་པ་ཡི་སྟེང་ལ་ཡིན་རྒྱུ་ན་དེ་འགྱུར་ལྡོག་བྱུང་སོང་བ་རེད།
- འདི་ནས་འདི་ལ་ཅི་རེད་ཟེར་ན།
- ང་ཚོའི་དེ་སྙན་ངག་ལ་མཚོན་རྒྱུ་ན་འགྱུར་ལྡོག
- བསམ་བློ་ཡི་སྟེང་གི་འགྱུར་ལྡོག་ཆེན་པོ་གཅིག་རེད།
- འདི་ཡིན་རྒྱུ་ན་དེ་མཛེས་རྟོག་གི་རིན་ཐང་གི་སྟེང་གི་ཡང་།
- འགྱུར་ལྡོག་ཆེན་པོ་གཅིག་ཡིན་པ་རེད།
- འོ་ན་དེ་ལས་ཀྱང་གལ་ཆེ་བ་གང་རེད་ཟེར་ན།
- སྒྱུ་རྩལ་གྱི་ཆ་ནས་བཤད་རྒྱུ་ན་ཅི་རེད་ཟེར་ན།
- བརྗོད་པ་དང་མཚོན་པ་ཡི་བར་ཁྱབ་འདི་ཅི་རེད་ཟེར་ན།
- སྙན་ངག་གསར་བ་ཡི་ཡིན་རྒྱུ་ན་ནང་སྙིང་རེད།
- ང་ཚོའི་སྲོལ་རྒྱུན་སྙན་ངག་དེ་ཅི་འདྲ་ཞིག་རེད་ཟེར་ན།
- བརྗོད་པ་རེད།
- སྙན་ངག་གསར་བ་ཡི་ཁྱད་ཆོས་གཙོ་བོ་ཅི་རེད་ཟེར་ན།
- མཚོན་པ་རེད།
- བརྗོད་པ་ཟེར་བ་དེ་ཅི་རེད་ཟེར་ན་ཐད་ཀར་དུ་བཤད་པ།
- མཚོན་པ་ཟེར་བ་དེ་ཁ་སང་ཡང་ང་ཚོས་བཤད་པ་དེ་རེད།
- ཐད་ཀར་དུ་བཤད་རྒྱུ་མ་རེད།
- སྙན་ངག་གི་ནང་དེ་ནས་ཡིན་རྒྱུ་ན།
- ཕྱི་རོལ་གྱི་ཆོས་ཤིག་གཞེངས་སྐྲུན་བྱས་ནས་བསྡད་དེ།
- སྣང་བརྙན་གཞན་པ་ཞིག་གཞེངས་སྐྲུན་བྱས་ནས།
- དེ་བརྒྱུད་ནས་བསྡད་དེ་ཅི་བྱེད་རྒྱུ་རེད་ཟེར་ན།
- གཏན་དུ་མཚོན་པ་རེད།
- ཁྱོད་ཚོས་བལྟས་ན།
- འདི་ང་ཚོས་མན་ཆད་ནས་བལྟས་ནས་སོང་ན་ཡང་གོ་སླ་བ་རེད།
- དཔེ་འཇོག་རྒྱུ་ན་ཁྱོད་ཚོས་འདི་ཡིན་རྒྱུ་ན་ཚོར་བ་ལས་ཤེས་ཐུབ།
- ནམ་ལངས་དམ་པའི་དཔྱད་ཀྱི་བུམ་བཟང་ལས།
- ལེགས་པར་རུང་བའི་ལེགས་བཤད་བདུད་རྩིས་རྒྱན།
- དད་པའི་ཉིན་འགའི་ཡང་ཡང་གསོལ་བ་ལས།
- བློ་གྲོས་ལུས་སྟོབས་རྒྱས་ལ་གསོལ་བ་འདེབས།
- འདི་ཁྱོད་ཚོས་བལྟས་ན་བོད་ཀྱི་སྲོལ་རྒྱུན་སྙན་ངག་རེད་ལ་མ་རེད།
- ཡིན་ནི་རེད།
- རེད་ལ་ཡིན་ནི་རེད།
- དེའི་འཕྲོ་ནས་མཁྱེན་བརྩེ་ཡོན་ཏན་གཏིང་མཐའ་མི་མངོན་ཞིང་།
- ཡོན་ཏན་རིན་ཆེན་དུ་མའི་ཡོངས་སུ་ཁེངས།
- རྨད་བྱུང་དྲི་མའི་རླབས་ཕྲེང་གཡོ་བ་བཞིན།
- རྒྱལ་སྲས་རྒྱ་མཚོ་ཆེ་ན་རྒྱལ་གྱུར་ཅིག
- ཨ་་་་སྲོལ་རྒྱུན་སྙན་ངག་རེད།
- དེའི་མན་ཆད་ནས་དཔེ་འཇོག་རྒྱུ་ན་འདི་འདྲ་ཞིག་ལ་ལྟོས།
- གནའ་བོའི་ཅོང་རྙིང་།
- སྨུག་ནག་གི་ཁ་དོག་ལ་སྲ་མཁྲེགས་ཀྱི་རང་བཞིན་ལྡན་ཞིང་།
- སྲ་མཁྲེགས་ཀྱི་རང་བཞིན་ལས་ཨུ་ཚུགས་ཀྱི་གཤིས་རྒྱུད་ཅིག་ཀྱང་མཐོང།
- གནའ་བོའི་གཏམ་རྒྱུད་ཀྱི་རྒྱུན་ཐག་ཅིག་གིས།
- ཁྱེད་ཀྱི་བརྗིད་ཉམས་དེ་འཛམ་གླིང་གི་ཏོག་དང་།
- ཁྱེད་ཀྱི་གཟི་མདངས་དེ་འཇིག་རྟེན་གྱི་རྒྱན་དུ་གྱུར་པར་བཤད་ལ།
- ཁྱེད་ཀྱི་ངར་སྐད་ཀྱིས་མི་ཡུལ་ཟིལ་གྱིས་མནན་པར་ཡང་བརྗོད།
- རེད་དེ་་་འདི་དག་ཐམས་ཅད་ནི་སྔར་བྱུང་གི་གཏམ་རྒྱུད་ཡིན་པ་དང་།
- ལོ་རྒྱུས་ཀྱི་དཔང་བོ་ཞིག་ཏུ་ཡང་ངེས།
- ངེས་ཀྱང་་་དེང་སྐབས་ཁྱེད་ཏིང་འཛིན་གྱི་བདེ་བ་ལ་སྙོམས་པར་ཞུགས་འདུག་སྟེ།
- ཁྱེད་ཀྱིས་སྔར་བྱུང་གི་ལོ་རྒྱུས་རྣམས་ཕྱིར་དྲན་བྱེད་བཞིན་ནས།
- མ་འོངས་པའི་བདེ་སྐྱིད་ལ་སྨོན་ལམ་བྱེད་ཀྱིན་ཡོད།
- ངའི་འདྲེན་བྱེད་ཀྱི་སྤྱད་བྱར་གྱུར་པ་ནི།
- ནག་དྲག་ཆགས་པའི་གནའ་བོའི་ཅོང་རྙིང་ཞིག་ལས།
- སྙན་འཇེབས་ཀྱི་ཅོང་སྒྲ་གསར་བ་ཞིག
- ཐོས་འཛིན་གྱི་བཅུད་དུ་ཐོབ་པའི་སྐལ་བ་ནི་ཧ་ཅང་ཕྲ།
- ཀྱེ་ཀྱེ་་་འབྱུང་འགྱུར་གྱི་བདེ་སྐྱིད་དེ་རང་ཤུགས་ལ་བསྟེན་པ་ལས།
- སྐྱབས་ཞུ་དང་རེ་འབོད་ཀྱིས་ཅི་ཕན།
- ཁྱེད་ཀྱིས་སྲ་མཁྲིགས་ཀྱི་རང་བཞིན་དང་དུ་ལོངས།
- ཨུ་ཚུགས་ཀྱི་གཤིས་རྒྱུད་རིང་དུ་དོར།
- བཅོས་མིན་གྱི་རང་མདོག་ཕྱི་རུ་ངོམས་དང་།
- ཁྱེད་ཀྱི་སྙན་འགྱུར་གྱི་ངར་སྐད་གསར་བའི་ཆེད་དུ།
- ངས་རང་ཉིད་ཀྱི་མགོ་བོ་འདི་གཏུན་ཤིང་བྱེད་ཀྱང་མོས།
- གོང་ནས་བཤད་པའི་སྲོལ་རྒྱུན་སྙན་ངག་དང་འདི་གཉིས།
- ཁྱོད་ཚོས་བལྟས་ལ་འདྲ་ལ་མི་འདྲ་ཟེར་ན།
- འདྲ་རྒྱུ་མ་རེད།
- མི་འདྲ་བའི་རྒྱུ་མཚན་གོང་ནས་ང་ཚོས་བཤད་པ་དེ་རེད།
- དེ་ཨོ་ཡ་་སྙན་ངག་འདི་ལྟ་བུ་ཞིག་ལ་མཚོན་རྒྱུ་ན།
- ཁོ་ཡིན་རྒྱུ་ན་དེ་ཐད་ཀར་དུ་བརྗོད་པ།
- ཁོ་ཡི་ནང་དེ་ན་ཡིན་རྒྱུ་ན་དཔྱད་པའི་བུམ་བཟང་།
- ལེགས་བཤད་བདུད་རྩི་ཟེར་བ་འདྲ་འདྲ།
- སྙིམ་པའི་ཟོ་བ་ཞེས་འདི་འདྲ་ཡིན་རྒྱུ་ན།
- བསྟན་དོན་དང་རྒྱང་ཐག་རིང་བའི་སྐད་ཆ་བཤད་ཡོད་པ་རེད་ལ།
- སྙན་ངག་གི
- སྙན་ངག་འདིའི་སྲོག་ཤིང།
- སྙན་ངག་འདིའི་ཡིན་རྒྱུ་ན་གཞུང་རྟ་གང་ན་ཡོད་ཟེར་ན།
- སྣ་མང་དམ་པའི་ཞལ་ལས།
- ལེགས་པར་འོང་བའི་ལེགས་བཤད་དེད་པའི་གསོལ་བ་ལས།
- བློ་གྲོས་རྒྱས་བ་དེ་རེད།
- ནང་དོན་ངོ་མ་འདི་ན་ཡོད་པ་རེད།
- དེའི་རྗེས་ཐམས་ཅད་ཀྱིས་སྒུག་ཡོད་པ་རེད།
- འོ་ན་གང་ལྟར་ཀྱང་འདིའི་ནང་ན་ཡིན་རྒྱུ་ན།
- དེ་དཔེ་དང་དཔེ་ཅན་གྱི་ཚུལ་དུ་བྱུང་ཡོད་པ་རེད་ལ།
- གང་ལྟར་ཀྱང་ཁྱོས་བརྗོད་འདོད་ཀྱི་སྐད་ཆ།
- བརྗོད་འདོད་ཀྱི་དོན་དེ་ནང་འདི་ན་ཡིན་རྒྱུ་ན་གསལ་བར་ཐོན་ཡོད།
- ཨོ་་དམ་པ་མང་པོ་ཡི་ཞལ་ལས་ལེགས་པར་འོང་བའི་ལེགས་བཤད་དེ།
- ཁྱོད་ཀྱིས་དད་པ་ཡི་སྒོ་ནས་མྱངས་བའི་སྟབས་ཀྱིས།
- མཐར་ཐུག་ཁྱོད་ལ་བློ་གྲོས་རྒྱས་སོང་དེ་ཟེར་རྒྱུ་རེད།
- དེ་ན་ཡིན་རྒྱུ་ན་སྐད་ཆ་ཐད་ཀར་བཤད་ཡོད་པ་རེད།
- འོ་ན་གོང་ནས་ང་ཚོས་བཤད་པའི་གནའ་བོའི་ཅོང་རྙིང་ལྟ་བུ་ཞིག་ལ་མཚོན་རྒྱུ་ན།
- དེ་འདྲ་ཞིག་རེད་ལ་མ་རེད་ཟེར་ན་མ་རེད།
- ཁོ་ཡིས་ང་བཤད་པ་ནི་གང་རེད་ཅོང་རེད།
- ཅོང་དེ་ཅི་རེད་ཟེར་ན།
- ནག་དྲེག་ཆགས་ཡོད་པ།
- ཨུ་ཚུགས་ཀྱི་རང་གཤིས་ལྡན་པ།
- དེ་རིང་སང་ཉིན་ཁྱོད་ཡིན་རྒྱུ་ན་གྲགས་རྒྱུ་མེད་པ།
- ཁྱོད་ཡིན་རྒྱུ་ན་ཏིང་འཛིན་གྱི་བདེ་ལ་བབས་ཟེར་ན།
- ཁྱོད་ཚོས་ལྟོས་ལ་སྙན་ངག་ལ་སྦྱངས་མེད་པ་ཞིག་ལ་མཚོན་རྒྱུ་ན།
- སེམས་ན་ཁོ་ཡི་ནང་ན་བཤད་ཡོད་པའི་བརྗོད་བྱ་གཙོ་བོ་གང་རེད་ཟེར་ན།
- བརྗོད་བྱ་ཡི་ངོས་ནས་བཤད་རྒྱུ་ན་ཅོང་རེད།
- དེ་ལྟར་བྱས་ན་ང་ཚོས་འདང་ཞིག་བརྒྱབ་ན་ཅི་ཟེར་རྒྱུ་རེད་ཅེ་ན།
- ཅོང་དེར་དོན་སྙིང་ཅི་ཞིག་ཡོད་གི
- ཅོང་ཞིག་བྲིས་བ་དེར་དོན་སྙིང་མེད་གི
- དེ་ཟེར་བ་རེད།
- འོ་ན་སྙན་ངག་དེར་མཚོན་རྒྱུ་ན་དོན་གྱིས་ཅི་རེད་ཟེར་ན།
- ཅོང་བྲིས་པ་མ་རེད།
- ཅོང་དེ་ཅི་རེད་ཟེར་ན་མཚོན་དོན་རེད།
- མཚོན་དོན་དེའི་མཚོན་བྱ་རུ་གྱུར་བ་གང་རེད་ཟེར་ན།
- བོད་ཀྱི་རིག་གནས་དང་བོད་ཀྱི་ལོ་རྒྱུས་ཀྱི་ཕྱིར་རྟོག་ཅིག་རེད།
- ཁོ་ཡིན་རྒྱུ་ན་反思རེད་ལ།
- བོད་ཀྱི་ལོ་རྒྱུས་དང་བོད་ཀྱི་རིག་གནས་ཀྱི་སྟེང་ལ་ཡིན་རྒྱུ་ན་དེ་ཅི་ཟེར་བ་རེད།
- མཁྲེགས་འཛིན་གྱི་ཆ་དེ་ཡོད་པ།
- རྙིང་ཞེན་གྱི་ཆ་དེ་ཡོད་པ།
- དེ་ཡིན་ན་ད་ལྟ་ཁྱོད་ཡིན་རྒྱུ་ན་གྲགས་རྒྱུ་མེད་གི
- འགུལ་རྒྱུ་མེད་གི་དེ་ཟེར་རྒྱུ་རེད།
- དེ་ཡིན་ན་ཅི་རེད་ཟེར་ན།
- ཁྱོད་ཀྱི་ངར་སྐད་གསར་བའི་ཆེད་དུ།
- ངས་ཡིན་རྒྱུ་ན་མགོ་བོ་གཏུམ་ཤིང་བྱས་ཏེ་ཁྱོད་རྡུང་རྒྱུ་ཡིན།
- དེ་ཟེར་རྒྱུ་རེད་ལ།
- དེ་ཡིན་ན་ཁྱོད་ཚོས་ལྟོས་དང་འདི་ཅི་འདྲ་ཞིག་ཏུ་ལོག་ཡོད་གི་ཟེར་ན།
- གོང་ནས་ང་ཚོས་བཤད་པའི་སྲོལ་རྒྱུན་སྙན་ངག་ལ་བལྟས་ན།
- མི་འདྲ་ས་ཞིག་ཡོད་པ་གང་རེད་ཟེར་ན།
- དང་པོ་ཡིས་ཡིན་རྒྱུ་ན་རང་གི་བརྗོད་འདོད་ཀྱི་གཏམ་དེ།
- དོན་གྱིས་ཐད་ཀར་དུ་བརྗོད་པ་རེད།
- རྗེས་མ་ཡིས་ཅི་རེད་ཟེར་ན།
- བརྗོད་འདོད་ཀྱི་སྐད་ཆ་དེ་ཡིན་རྒྱུ་ན་ཐད་ཀར་དུ་བརྗོད་ཡོད་པ་མ་རེད།
- ཕྱི་རོལ་གྱི་འབྲེལ་བ་མེད་པའི་ཅོང་ཞིག་བྲིས་ནས་བསྡད་དེ།
- ཅོང་ཞིག་བྲིས་ཡོད་པ་རེད།
- ཁྱོད་ཀྱི་མིག་ངོར་སྣང་བ་གང་རེད་ཟེར་ན་ཅོང་རེད།
- དེ་ཡིན་ན་འདི་གཉིས་ཀ་ཅི་རེད་ཟེར་ན།
- གོང་ནས་བཤད་པའི་བརྗོད་པ་དང་མཚོན་པ་ཟེར་བའི་ཁྱད་པར་འདི་ན་ཡོད་པ་རེད།
- བརྗོད་པ་ཟེར་བ་ནི་ཐད་ཀར་དུ་བརྗོད་པ་རེད།
- ཁ་ནང་ནས་ཡིན་རྒྱུ་ན་ཐད་ཀར་དུ་བཤད་པ་རེད།
- ཨོ་ཡ་་སྲོལ་རྒྱུན་སྙན་ངག་དེ་ཕར་ཆེར་དེ་ཡིན་པ་རེད།
- འོ་ན་ང་ཚོའི་སྙན་ངག་གསར་བ་ལ་མཚོན་རྒྱུ་ན་འདི་ན་བཤད་བཞིན་པ་དེ་རེད།
- མཚོན་པ་ཟེར་ནས་བསྡད་དེ།
- ཨོ་ཡ་་་་མཚོན་པ་ཟེར་བ་དེ།
- ངེས་བར་དུ་ཡིན་རྒྱུ་ན་ཁོ་ཡི་ནང་ན་བྲིས་ཡོད་པ་འདི་འདྲ་ཞིག་རེད་ལ།
- འདི་བརྒྱུད་ནས་བསྡད་དེ་དོན་གྱིས་གཞན་ཞིག་བཤད་ཡོད་པ་རེད།
- དེ་ཅི་རེད་ཟེར་ན།
- བརྗོད་པ་ཡི་གྲལ་རེད།
- འོ་ན་འདི་བོད་ཀྱི་སྙན་ངག་གི་སྟེང་ནས་བལྟས་ནས་སོང་ན་ཅི་རེད་ཟེར་ན།
- ཁོ་ཡིན་རྒྱུ་ན་དེ་མཚོན་ཐབས་གསར་བ།
- མཚོན་ཐབས་གཞན་པ།
- ང་ཡིན་རྒྱུ་ན་ཅི་རེད་ཟེར་ན།
- དེ་ཨོ་ཡ་་བོད་ཀྱི་སྲོལ་རྒྱུན་སྙན་ངག་དང་མི་འདྲ་བའི།
- སྙན་ངག་གསར་བ་ཡི་ཁྱད་ཆོས་གཙོ་བོ་དེ་གང་ནས་ཐོན་ཟེར་ན།
- ཨོ་ཡ་་བརྗོད་པ་ཅན་གྱི་འབྲི་ཐབས་ནས་བཟུང་སྟེ།
- མཚོན་པ་ཅན་གྱི་ཨོ་ཡ་་མཚོན་ཐབས་ལ་འགྱུར་སོང་བ་རེད།
- འདི་ཅི་རེད་ཟེར་ན།
- སྙན་ངག་གསར་བ་ཡི་ཁྱད་ཆོས་རེད།
- འོ་ན་འདི་སྙན་ངག་གསར་བ་ཡི་ཁྱད་ཆོས་ཡིན་པ་དེ།
- ད་རུང་ཡིན་རྒྱུ་ན་སྐད་ཆ་གཞན་པ་ཡིས་བཤད་ན་ཅི་ཟེར་ཅེ་ན།
- འདི་རེད།
- ཕྱིའི་བརྡ་འཕྲིན་དང་ནང་གི་བརྡ་འཕྲིན་ཞེས་དེ་འདྲའི་སྐད་ཆ་བཤད་མཁན་ཡང་ཡོད་པ་རེད།
- འདི་ཡིན་རྒྱུ་ན་སྙན་ངག་གི་གཞུང་ལུགས་ཀྱི་ཡིན་རྒྱུ་ན།
- ཡོངས་གྲགས་ཀྱི་སྐད་ཆ་ཞིག་མ་རེད་ལ།
- ངས་བལྟས་ནས་སོང་ན་སྐད་ཆ་འདི་ཤིན་ཏུ་འཚམས་གི
- དེ་ཅི་རེད་ཟེར་ན།
- གོང་ནས་བཤད་པའི་བརྗོད་པ།
- ཐད་ཀར་དུ་བརྗོད་པ་ཡིན་ན་ཅི་རེད་ཟེར་ན།
- ཕྱིའི་བརྡ་འཕྲིན་དང་ནང་གི་བརྡ་འཕྲིན་གཉིས་གྱི་བར་ན།
- བར་ཐག་ཡོད་དམ་མེད་ཟེར་ན་བར་ཐག་ཆེན་པོ་ཡོད་པ་མ་རེད།
- ཨོ་ཡ་་འདི་ལ་དཔེར་བརྗོད་ཅིག་འཇོག་རྒྱུ་ན།
- དཔེ་འཇོག་རྒྱུ་ན་གནང་ཞུ་ཡི་གེ་ལྟ་བུ་ཞིག་འབྲི་རྒྱུ་ན།
- ང་དེ་རིང་ཆམ་པ་བྱུང་བའི་སྟབས་ཀྱིས།
- སློབ་ཁྲིད་ལ་ཞུགས་མི་ཐུབ་གི་ཞེས་དེ་ལྟར་བཤད་ན།
- ཨོ་ཡ་་ཁོ་ཡི་ཚིག་དང་ཚིག་གི་དོན་གཉིས་ཅི་རེད་ཟེར་ན།
- བར་ཐག་ཡོད་པ་མ་རེད།
- བར་ཐག་ཡོད་པ་མ་རེད།
- འོ་ན་སྙན་ངག་གསར་བ་ལ་མཚོན་རྒྱུ་ན།
- ཅོང་ཞིག་བྲིས་ནས།
- བསྟན་དོན་ངོ་མ་དེ་བོད་ཀྱི་ལོ་རྒྱུས་ཡིན་ན།
- ཁྱོད་ཚོས་ལྟོས་དང་བར་ཐག་ཡོད་དམ་མེད་གི
- བར་ཐག་ཤིན་ཏུ་རིང་བ།
- འདི་གཉིས་ཀྱི་མིང་ལ་ཅི་ཟེར་བ་རེད་ཅེ་ན།
- ཕྱིའི་བརྡ་འཕྲིན་དང་ནང་གི་བརྡ་འཕྲིན།
- ཕྱིའི་བརྡ་འཕྲིན།
- འདི་སྙན་ངག་གི་སྐད་ཆ་ཡིས་བཤད་བཏང་ན།
- ང་ཚོ་ཡིན་རྒྱུ་ན་བོད་ཀྱི་སྐད་ཆ་ལ་བསྒྱུར་བཏང་ན་འདི་ཅི་རེད་ཟེར་ན།
- བརྗོད་བྱ་དང་བརྗོད་བྱེད་ཀྱི་ཁྱད་པར་རེད།
- ང་ཚོས་བལྟས་ན་ཤེས་པ་རེད།
- བོད་ཀྱི་བརྡ་སྤྲོད་བཤད་དུས།
- ཁོ་ཡིན་རྒྱུ་ན་བརྗོད་བྱ་དང་བརྗོད་བྱེད་མ་གཏོགས་ཡོད་པ་མ་རེད།
- འོ་ན་ད་བར་གྱི་ཡིན་རྒྱུ་ན།
- རྩོམ་རིག་གསར་བ་ལ་མཚོན་རྒྱུ་ན་ཅི་ཡོད་གི
- བརྗོད་བྱེད་བརྗོད་བྱ་བརྗོད་བྱའི་སྙིང་བོ་གསུམ་ཡོད་པ་རེད།
- འདིའི་བར་འདི་ན་ཁྱོད་ཚོས་ལྟོས་ལ་གོ་རྒྱུ་ཞིག་ཡོད་པ་རེད།
- ང་ཚོ་བོད་ཀྱིས་རྩོམ་ཐམས་ཅད་ཡིན་རྒྱུ་ན།
- ཐད་ཀར་དུ་བརྗོད་བཞིན་ཡོད་པ།
- དེ་བརྗོད་བྱེད་ཀྱི་ནང་ན་ཡིན་རྒྱུ་ན་དེ།
- བརྗོད་བྱེད་དེ་ཡིན་རྒྱུ་ན་བརྗོད་བྱ་དེ་མཚོན་རྒྱུ་རེད།
- བརྗོད་བྱེད་ལ་བལྟས་ནས་བསྡད་དེ།
- ཚིག་ངོས་ནས་ཇི་མ་ཇི་བཞིན་དུ་བརྗོད་བྱ་དེ་གོ་ཐུབ་རྒྱུ་རེད།
- ང་དེ་རིང་ཆམ་པ་བྱུང་ཡོད་གི
- ཨོ་དེ་རེད།
- ཆམ་པ་བྱུང་ཡོད་ཟེར་བ་རེད་དེ་གཅིག་པུ་རེད།
- ཁྱོད་ཀྱིས་སྐད་ཆ་གོ་བ་དེ་ཡང་ཨོ་་་ཁོ་ལ་ཆམ་པ་བྱུང་ཡོད་གི