21 May 2013
32 min 49 sec
Video Overview
Creators:
Gangri Pumo, Drangchar
This is the third part of a lecture on literature by Professor Dülhagyel at the First Young Tibetan Women's Literature Training in Trika, Qinghai Province. Professor Dülhagyel teaches at Northwest University for Nationalities.
- Triga
- ང་ཚོས་ཕྱི་དྲོ་གསར་རྩོམ་གྱི་ཕྱོགས་ནས་ཁ་བརྡ་ཞིག་བྱེད།
- སྤྱིར་བརྩམས་སྒྲུང་གསར་རྩོམ་ཞིག་ལ་མཚོན་རྒྱུ་ན།
- དེར་བརྒྱུད་རིམ་ཞིག་ཡོད་པ་རེད།
- ཐོག་མ་དེ་ཅི་རེད་ཟེར་ན།
- འབྱུང་བའི་སྐོར་རེད།
- འོ་ན་ད་ནངས་ཐེངས་མང་པོར་བཤད་པ་རེད།
- དེ་གསར་རྩོམ་གྱི་ཆ་ནས་བཤད་ན།
- ཡང་ན་སྦྱང་བ་ཡི་ཆ་ནས་བཤད་རྒྱུ་ན།
- ཐོག་མར་གལ་ཆེ་བ་ནི་གང་རེད་ཟེར་ན།
- བྱ་དངོས་ཀྱི་ལྟ་ཞིབ་འདི་ཤིན་ཏུ་གལ་ཆེ་བ་རེད།
- ཞེས་པ་དེ་གཙོ་བོ་རེད།观察
- ད་ནངས་ཡང་ང་ཚོས་བཤད་པ་དེ་རེད།
- གཅིག་གིས་བརྩམས་སྒྲུང་ཞིག་འབྲི་ན།
- སྤྱི་ཚོགས་ཀྱི་དོན་དག་ཟེར་ནའང་ཆོག་གི
- སྤྱི་ཚོགས་ཀྱི་དོན་དག་དེ།
- སྤྱིར་དེ་དོན་དག་ཅིག་གི་ཚུལ་དུ་ཡོད་པ།
- དོན་དག་དེ་རྩོམ་པ་པོས་འབྲི་རྒྱུ་གཙོ་བོ་མ་རེད།
- དོན་དག་དེ་ཡིན་རྒྱུ་ན་སྤྱི་མཚམས་རེད།
- འོ་ན་རྩོམ་པ་པོ་ཡི་གནས་སྐབས་དེ་གང་རེད་ཟེར་ན།
- དེ་ཡིན་རྒྱུ་ན་བྱེ་བྲག་ཆ་རེད།
- དེ་ཡིན་ན་ང་ཚོ་བྱེ་བྲག་གི་ཆ་དེར་འབབ་དགོས་ན་ཅི་རེད་ཟེར་ན།
- ཡིན་གཅིག་མིནགཉིས་སྔོན་ལ།
- སྤྱི་ཚོགས་ཀྱི་ངོས་མང་པོ་ཞིག་ལ་ལྟ་ཞིབ་བྱེད་ཐུབ་དགོས་རྒྱུ་རེད།
- དཔེ་འཇོག་རྒྱུ་ན།
- ང་ཚོས་བརྩམས་སྒྲུང་ཞིག་འབྲི་རྒྱུ་ཡིན་ཞེས།
- ཁྱོད་ཀྱི་དེའི་ནང་ན་ཡིན་རྒྱུ་ན།
- དོན་དག་ཁོ་ན་ཞིག་བརྗོད་ན།
- ཨོ་ཡ་་་དེ་སུ་ཞིག་གིས་ཀྱང་ལས་ཐུབ་པ་རེད།
- དཔེ་འཇོག་རྒྱུ་ན།
- བོད་ཀྱི་སྤྱི་ཚོགས་ཀྱི་སྟེང་ན་ཡ་ང་བའི་དོན་དག་དེ་འབྱུང་རྒྱུ་མང་གི
- ཐ་ན་ཁྱིམ་ཚང་ཞིག་ལ་མཚོན་རྒྱུ་ན།
- ནང་དེ་ན་ཡིན་རྒྱུ་ན།
- ཨ་ནེ་དང་མནའ་མ་མ་འགྲིག་པའི་རྣམ་པ་ལ་སོགས་པ།
- རྒྱུན་དུ་མང་པོ་ཞིག་མཐོང་ཐོས་ཡོད་པ་རེད།
- འོ་ན་ཁྱོད་ཚོས་ལྟོས་དང་།
- ཨ་ནེ་དང་མནའ་མ་མ་འགྲིག་པའི་དོན་དག་ཡིན་རྒྱུ་ན།
- དོན་གྱིས་ཡིན་རྒྱུ་ན།
- ཨ་ནེ་ལ་ཡང་གནས་ལུགས་ཡོད་ཀྱི་རེད།
- མནའ་མ་ལ་ཡང་བདེན་ཆ་ཡོད་ཀྱི་རེད།
- འོ་ན་དེའི་སྐོར་དེ་ནས་ཡིན་རྒྱུ་ན།
- མགོ་མ་འདི་ཡིན་པ་རེད།
- དེའི་རྗེས་ནས་འདི་བྱུང་བ་རེད།
- དེའི་རྗེས་ནས་འདི་བྱུང་བ་རེད།
- དེའི་རྗེས་ནས་འདི་བྱུང་བ་རེད།
- འདིའི་དོན་དག་སྤྱི་དེ།
- ང་ཚོས་མི་རྣམས་ཀྱིས་བཤད་ན་ཁྱོད་ཀྱི་རྣ་ནང་ལ་གོ་བ་རེད།
- ཇི་མ་ཇི་བཞིན་དུ་བྲིས་བཏང་ན།
- དེ་ཁོ་ཡི་དོན་དག་དེ་བྲིས་བ་རེད།
- འོ་ན་རྩོམ་པ་པོ་ཡིས་ལས་རྒྱུ་ཅི་རེད་ཟེར་ན།
- དོན་དག་དེ་བཤད་དགོས་པ་མ་ཟད།
- ད་རུང་བྱེ་བྲག་ལ་བབས་ནས།
- ད་ང་ཚོས་ད་ནངས་བཤད་པ་དེ་རེད།
- ཨ་ནེ་ལ་མཚོན་རྒྱུ་ན་ཨ་ནེ་ཡི་སེམས་ཀྱི་དྲན་པ་ཅི་རེད།
- ཨ་ནེ་ཡི་བལྟ་ཚུལ་ཅི་རེད།
- དོན་དག་དེ་ལ་ཁ་གཏད་ནས་ཨ་ནེ་ཡི་སེམས་ཀྱི་མྱོང་ཚོར་ཅི་རེད།
- དེ་ཡིན་རྒྱུ་ན་ཁྱོད་ཀྱི་ཁོང་དུ་ཆུད་དགོས་པ་རེད།
- དེ་བཞིན་དུ་མནའ་མ་ཡི་དོན་དག་ལ་མཚོན་རྒྱུ་ན་ཡང་གཅིག་ལ་གཅིག་རེད།
- ཁོ་ཡིན་རྒྱུ་ན།
- མནའ་མ་ཡིས་འདི་བྱས་པ་དང་དེ་བྱས་པ་ཁོ་ན་མིན་པ།
- དོན་དག་དེ་ལ་མཚོན་རྒྱུ་ན།
- མནའ་མ་ཡིས་དེ་ལྟར་དུ་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་པ།
- ཁོ་ཡིན་རྒྱུ་ན་རྒྱུ་མཚན་གྱི་ཆ་ནས་འདི་ལྟར་བཤད་པ།
- དེ་ཡིན་པའི་སྟབས་ཀྱིས་སྤྱིར་ང་ཚོས་བཤད་པ་དེ་རེད།
- རྩོམ་པ་པོ་ཡི་འགན་ཁུར་དེ་་ཅི་རེད་ཟེར་ན།
- རགས་མོ་ཞིག་གི་སྒོ་ནས་དོན་དག་དེ་འབྲི་རྒྱུ་གཙོ་བོ་མ་རེད།
- འོ་ན་གཙོ་བོ་ཅི་རེད་ཟེར་ན།
- དེ་བྱེ་བྲག་གི་ཆ་ནས་ཡིན་རྒྱུ་ན།
- ཞིབ་དུ་ད་ནངས་ཡང་བཤད་པ་དེ་རེད།
- སྤྱིར་བརྩམས་སྒྲུང་བྲིས་ནས་མགྱོགས་སོང་ན།
- ཨོ་ཡ་་་མི་ཡི་སེམས་ཁམས་ཀྱི་མཚམས་ནས་འདུག་མ་ཐུབ།
- དེའི་རྗེས་ནས་འདི།
- དེའི་རྗེས་ནས་འདི།
- དེའི་རྗེས་ནས་འདི།
- དེའི་རྗེས་ནས་རྗེས་ནས་རྗེས་ནས་ཞེས་བུད་སོང་བ་ན་དེ་ཅི་རེད་ཟེར་ན།
- ཁོ་ཡིན་རྒྱུ་ན་བརྩམས་སྒྲུང་མ་རེད།
- དེ་མིང་ལ་གཏམ་རྒྱུད་ཟེར་བ་རེད།
- སྤྱིར་ཡིན་རྒྱུ་ནའང་དེ་རེད།
- བརྩམས་སྒྲུང་དང་གཏམ་རྒྱུད་ཀྱི་ཁྱད་པར།
- གཏམ་རྒྱུད་ཅི་རེད་ཟེར་ན།
- དེའི་རྗེས་ནས་དེའི་རྗེས་ནས་དེའི་རྗེས་ནས།
- དེ་ཡིན་རྒྱུ་ན་གཏམ་རྒྱུད་ཡིན་དགོས་པ་རེད།
- འོ་ན་བརྩམས་སྒྲུང་ཡིན་ན་ཅི་རེད་ཟེར་ན།
- དེའི་རྗེས་ནས་མ་རེད།
- རྩོམ་རིག་གི་གཞུང་ལུགས་ཀྱི་སྟེང་ནས་བཤད་རྒྱུ་ན།
- ཅི་རེད་ཟེར་ན།
- བརྩམས་སྒྲུང་ཟེར་བ་དེ་འཕྲེད་དུ་སྤྲོ་བའི་ཆ།
- དེ་ཡོད་ཀྱི་རེད།
- དེ་ཡིན་རྒྱུ་ན་འཕྲེད་དུ་སྤྲོ་བརེད།横向发展
- འོ་ན་གཏམ་རྒྱུད་ཡིན་ན་ཅི་རེད་ཟེར་ན།
- དེ་ཡིན་རྒྱུ་ནརེད།纵向发展
- སྤྱིར་ང་ཚོའི་དཔེ་ཆའི་ནང་ན་ཡང་སྐད་ཆ་དེ་བཤད་ཡོད་པ་རེད།
- བརྩམས་སྒྲུང་གི་སྐབས་ཀྱི་བྱུང་རིམ་དང་།
- གཏམ་རྒྱུད་ཀྱི་བྱུང་རིམ་ཁོ་གཉིས་ཀྱི་བར་ན་ཁྱད་པར་ཡོད་པ།
- ཨོ་ཡ་་་བརྩམས་སྒྲུང་གི་བྱུང་རིམ་དང་།
- གཏམ་རྒྱུད་ཀྱི་བྱུང་རིམ་བར་ན་ཁྱད་པར་ཡོད་པ་རེད།
- དེ་ཅི་རེད་ཟེར་ན།
- ང་ཚོས་དེ་རྒྱུན་དུ་བཤད་བཞིན་པ་དེ་རེད།
- ཞེས་པ་ཡིས་བྲིས་པ།小说面面观福斯特
- ཨོ་ཡ་་་དཔེ་ཆ་དེའི་ངོས་ན་བཤད་ཡོད་པ་རེད།
- དེ་ཡིས་ཅི་ཞིག་བཤད་ཡོད་པ་རེད་ཟེར་ན།
- ཁོས་དཔེ་བཤད་པའི་དུས་སུ་རྒྱལ་བོ་ཤི་སོང་བ་རེད།
- དེའི་རྗེས་ནས་བཙུན་མོ་ཡང་ཤི་སོང་བ་རེད།
- དེ་ལྟར་ཟེར་ན་གཏམ་རྒྱུད་རེད།
- འོ་ན་གཏམ་རྒྱུད་ཀྱི་བྱུང་རིམ་རེད།
- བརྩམས་སྒྲུང་གི་བྱུང་རིམ་ཡིན་ན་ཅི་ཞིག་ཡིན་དགོས་ཟེར་ན།
- རྒྱལ་བོ་ཤི་སོང་བ་རེད།
- དེའི་རྗེས་ནས་བཙུན་མོ་སེམས་སྡུག་གིས་མ་བཟོད་པར་ཤི་སོང་བ་རེད།
- དེ་བརྩམས་སྒྲུང་རེད།
- འདི་ཡིན་རྒྱུ་ན་ང་ཚོས་ཤེས་དགོས་པ་རེད།
- འདི་དཔེ་རེད།
- དཔེ་ཡིན།
- དེ་ཁྱོད་ཀྱིས་ནམ་ཡིན་ནའང་རྒྱལ་བོ་ཤི་སོང་བ་རེད།
- དེའི་རྗེས་ནས་སེམས་སྡུག་གིས་མ་བཟོད་པར་བཙུན་མོ་ཤི་སོང་བ་རེད།
- དེ་ཡིན་ན་བརྩམས་སྒྲུང་དེ་ཅུང་ཙམ་སླ་མོ་ཞིག་རེད་ཅེས།
- དེ་ལྟར་འདོད་ན་དེ་དཔེ་རེད།
- དེ་ན་ང་ཚོར་ཅུང་ཙམ་ཞིག་མཉམ་འཇོག་རྒྱུ་ཡོད་པ་རེད།
- ང་ཚོས་བཤད་པ་དེ་ཡིན་རྒྱུ་ན།
- མཛུབ་མོ་ཡིས་ཟླ་བ་བསྟན་ན།
- མཛུབ་མགོ་ལ་བལྟས་ནས་བསྡད་ན་འགྲིག་པ་མ་རེད།
- ཟླ་བ་བལྟ་དགོས་པ་རེད།
- གོང་ནས་བཤད་པ་དེ་ཡང་དོན་གྱིས་ཅི་རེད་ཟེར་ན་དཔེ་རེད།
- དེ་ཡིས་ཅི་ཞིག་བཤད་ཡོད་པ་རེད་ཟེར་ན།
- གོང་ནས་བཤད་པ་དེ་རེད།
- གཞུང་ལུགས་ཀྱི་སྟེང་ནས་བཤད་ན་ཅི་རེད་ཟེར་ན།
- ཐུར་དུ་སྤྲོ་བ་དང་འཕྲེད་དུ་སྤྲོ་བ་ཞེས་པའི་ཁྱད་ཆོས་དེ་རེད།
- སྤྱིར་གཏམ་རྒྱུད་བཤད་ན་དེ་རེད།
- ང་ཚོའི་བྱིས་པའི་བྱིས་སྒྲུང་ལྟ་བུ་ཞིག་ལ་མཚོན་ན།
- སྔོན་ལ་ས་ཆ་ཞིག་ན་རྒྱལ་བོ་ཞིག་ཡོད་པ་རེད།
- རྒྱལ་བོ་དེ་ལ་བཙུན་མོ་ཞིག་ཡོད་པ་རེད།
- བཙུན་མོ་དེ་ལ་བུ་མ་སྐྱེས་པར།
- དེ་ནས་ཅིག་མ་ཉིག་མ་ཉིག་མ་ཞེས།
- དེ་ཡིན་རྒྱུ་ན་བརྩམས་སྒྲུང་དེ་ཕལ་ཆེར་དེ་ལྟར་འགྲོ་དགོས་པ་རེད།
- དེ་ཁྱོད་ཚོས་ལྟོས་དང་གོང་ནས་བཤད་པ་ལྟར།
- མི་ཡི་སེམས་ཁམས་ལ་འབབ་པ་མ་རེད།
- ཁོ་ཡིན་རྒྱུ་ན་མྱུར་བ་མྱུར་དུ།
- མྱུར་ཚད་དེ་ཅུང་ཙམ་མགྱོགས་པ་རེད།
- འོ་ན་བརྩམས་སྒྲུང་ཞིག་ལ་མཚོན་རྒྱུ་ན།
- ང་ཚོས་དཔེ་ཞིག་འཇོག་རྒྱུ་ན།
- དེ་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ལྟ་བུ་རེད།
- གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་དེ་ཅི་ལྟར་བྲིས་ཡོད་པ་རེད་ཟེར་ན།
- ཁོས་ཡིན་རྒྱུ་ན་དེ་མྱུར་བ་མྱུར་དུ་ཞེས་མི་འབྲི་བར།
- ས་ཆ་ཞིག་ན་རྒྱལ་བོ་ཞིག་ཅེས་མི་ཟེར་བར།
- གྲོང་ཁྱེར་ཆེན་པོ་པད་མ་རྒྱས་བ་ཟེར་བ་ཞིག་ཡོད།
- གྲོང་ཁྱེར་ཆེན་པོ་པད་མ་རྒྱས་བའི་གྲོང་ཁྱེར་དེཅི་འདྲ་ཞིག་རེད་ཟེར་ན།
- ཁོས་ཡིན་རྒྱུ་ན་འདིའི་ནང་ན་མང་པོ་མང་པོ་ཞིག་བྲིས་ཡོད་པ།
- དེའི་ལྗོངས་ཆེན་པོ།
- མཐའ་ཐམས་ཅད་ལྗོན་ཤིང་ཡིན་པ།
- ལྗོན་ཤིང་གི་དཀྱིལ་ན་མེ་ཏོག་གི་ཚལ་ཡོད་པ།
- མེ་ཏོག་གི་ཚལ་དེའི་དཀྱིལ་ན་ཕོ་བྲང་མཐོན་པོ་ཞིག་ཡོད་པ།
- ཕོ་བྲང་མཐོན་པོ་དེའི་ནང་ན།
- རྒྱལ་བོ་ཞིག་ལ་རྒྱལ་བོ་ཉི་མའི་བློ་གྲོས་ཟེར་བ་ཞིག་ཡོད་པ།
- ཨོ་་་དེ་ནས་རེ་ཞིག་ཉིན་ཞིག་ལ་ཅི་རེད་ཟེར་ན།
- རྒྱལ་བོ་ཉི་མའི་བློ་གྲོས་ཀྱིས་བློན་པོ་རྣམས་བསྡུས་ནས་བསྡད་དེ།
- བུ་མ་སྐྱེས་བའི་དོན་དག་དེ་བྲིས་ཡོད་པ་དེ་ཟེར་བ་རེད།
- དེ་དཔེ་རེད།
- དེ་བརྩམས་སྒྲུང་གི་ནང་ནས་བརྩམས་སྒྱུང་ཡག་པོ་ཞིག་མ་རེད་མོད།
- གང་ལྟར་ཀྱང་དེའི་ཅི་ཞིག་མཚོན་གི་ཟེར་ན།
- གོང་ནས་བཤད་པའི་གཏམ་རྒྱུད་ཀྱི་བྱུང་རིམ་དང་།
- བརྩམས་སྒྲུང་ཀྱི་བྱུང་རིམ་འབྲི་བའི་དུས་སུ།
- ཡིན་ན་མིན་ན་ཞིབ་འབྲི་ཡི་ཆ་དེ་ཡོད་དགོས་བ།
- གོང་གི་གཏམ་རྒྱུད་ཡིན་ན།
- ས་ཆ་ཞིག་ན་རྒྱལ་བོ་ཞིག
- རྒྱལ་བོ་ཞིག་ལ་བཙུན་མོ་ཞིག་དེ་རེད།
- བརྩམས་སྒྲུང་ཡིན་དུས་ས་ཆ་དེ་ཐོག་མར་ཅི་ཞིག་རེད་ཟེར་ན།
- ཞིབ་འབྲི་བྱེད་རྒྱུ་རེད།
- ཨོ་ཡ་་་ས་ཆ་ཞིག་ན་དེ་མ་རེད།
- འདི་འདྲའི་མཐའ་ཐམས་ཅད་བར་རི་ཡིན་པ།
- དེའི་ཆོག་པ་མ་རེད།
- རི་ཡིན་པ་ཁོ་ནའི་ཆོག་པ་མ་རེད།
- རི་ཅི་འདྲ་ཞིག་ཡིན་པ།
- རི་ཡི་སྟེང་ན་རྡེའུ་ཅི་འདྲ་ཞིག་ཡོད་པ།
- དེ་ལ་སོགས་པ་རིམ་གྱིས་རིམ་གྱིས།
- ཞིབ་འབྲི་བྱས་ནས་ཅི་རེད་ཟེར་ན།
- རྒྱལ་བོ་འདུག་སའི་ཕོ་བྲང་།
- འོ་ན་ཕོ་བྲང་ལ་ཡོང་ན་ཕོ་བྲང་དེ་ཡང་།
- འདི་འདྲ་འདི་འདྲ་ཞིག་རེད་ཅེས་ཞིབ་འབྲི་རེད།
- ཕོ་བྲང་དེར་ཡིན་རྒྱུ་ན།
- སྤྱིར་བཏང་གི་བཤད་པའི་ཕོ་བྲང་མཐོན་པོ།
- བལྟས་ན་མགོ་ཡི་ཞྭ་ཡང་ལྷུང་འགྲོ་བ་རེད་ཟེར་ན་སྟབས་བདེ་བྱས་པ་རེད།
- མདོར་བསྡུས་བྱས་པ་རེད།
- དེ་བརྩམས་སྒྲུང་ལ་དགོས་བ་མ་རེད།
- བརྩམས་སྒྲུང་ལ་དགོས་བ་ཅི་རེད་ཟེར་ན།
- ད་ཡིན་རྒྱུ་ན་ཞིབ་འབྲི་རེད་ཟེར་རྒྱུ་རེད།
- དེ་ཡིན་པའི་སྟབས་ཀྱིས་ང་ཚོས་གོང་ནས་བཤད་པ་དེ་རེད།
- སྤྱིར་བཏང་གི་བརྩམས་སྒྲུང་དང་།
- གཏམ་རྒྱུད་ཀྱི་ཁྱད་པར་བཤད་པའི་དུས་སུའང།
- དོན་གྱིས་ཅི་འདྲ་ཞིག་ཏུ་ལོག་ཡོད་གི་ཟེར་ན།
- ཨོ་ཡ་་་ཁྱོད་ཀྱིས་དོན་དག་གི་བརྒྱུད་རིམ་ཙམ་ཞིག་བྲིས་ན།
- དེ་ཡིན་རྒྱུ་ན་གཏམ་རྒྱུད་རེད།
- དོན་དག་དེ་ཡིན་རྒྱུ་ན།
- མི་ཡིས་བཟོས་བ་ཞིག་ཡིན་པ་རེད།
- མི་ཡི་སྟེང་ལ་བྱུང་བ་ཞིག་ཡིན་པ་རེད།
- འོ་ན་་་དོན་དག་གི་གོ་རིམ་གྱི་ཁྲོད་དེ་ན།
- མི་དེའི་མྱོང་ཚོར་ཅི་འདྲ་ཞིག་གི་ངང་ན་ཡོད་པ།
- མི་དེའི་སེམས་ཁམས་ཅི་འདྲ་ཞིག་གི་ངང་ན་ཡོད་པ།
- དེ་ཅི་རེད་ཟེར་ན།
- དེ་ཡིན་རྒྱུ་ན་ཞིབ་དུ་འབྲི་དགོས་པ་རེད།
- དེ་ཡིན་པའི་སྟབས་ཀྱིས་ཅི་རེད་ཟེར་ན།
- བརྩམས་སྒྲུང་ཞིག་འབྲི་བའི་སྐབས་སུ།
- སྦྱང་བ་དེ་ཐོག་མར་གང་ནས་ཡོང་བ་རེད་ཟེར་ན།
- ཞིབ་འབྲི་ཡི་ཆ་དེ་ནས་ཡོང་བ་རེད།
- ཨོ་ཡ་་་དེ་ཡིན་ན་ཞིབ་འབྲི་བྱེད་དགོས་ན་ཐོག་མར་ཅི་རེད་ཟེར་ན།
- ལྟ་ཞིབ་རེད།
- དེ་ང་ཚོས་བལྟས་ན་ཡང་ཤེས་བ་རེད།
- དཔེ་འཇོག་རྒྱུ་ན།
- ཁྱོད་ཡིན་རྒྱུ་ན་རོང་བ་ཞིག་གིས།
- འབྲོག་པའི་འཚོ་བ་བྲིས་པ་དང་འདྲ་འདྲ་རེད།
- རགས་མོ་ཞིག་ཡིན་ན།
- རྩྭ་ཐང་ཆེན་མོ་ཞིག་ན་སྦྲ་ཞིག་ཕུག་ནས།
- སྦྲ་ཡི་ནང་ན་ཅིག་མ་ཉིག་མ་ཟེར་བ་རེད།
- འདི་རོང་བ་ཞིག་གི་འབྲི་ཚུལ་རེད།
- དེ་དོན་གྱིས་ཅི་རེད་ཟེར་ན།
- འབྲོག་པ་ཡི་འཚོ་བ་དེ་ལ་འཚོ་བ་རོལ་ནས།
- འབྲོག་པ་ཡི་འཚོ་བ་དེར་མྱོང་བ་ཆེན་པོ་ཞིག་མེད་ནའང།
- རགས་མོ་དེ་འདང་ཞིག་བརྒྱབ་ནའང་།
- ཨོ་དེ་འདྲ་ཞིག་ཡིན་རྒྱུ་རེད་ལ་ཞེས་འབྲི་རྒྱུ་ཞིག་རྙེད་པ་རེད།
- འོན་ཀྱང་དེ་ལྟར་བྲིས་ན།
- འབྲོག་པ་ཞིག་གིས་ལྟ་དུས།
- ཨོ་ངོ་མའི་ཁྱོད་ཀྱིས་ཞིབ་ཏུ་བལྟས་ན།
- འདི་ལ་འབྲོག་པའི་འཚོ་བ་ལ་གསལ་ཆ་མེད་པ།
- ཧ་གོ་ཐུབ་པ་རེད།
- ཤེས་ཐུབ་པ་རེད།
- དེའི་རྒྱུ་མཚན་གང་ན་ཡོད་པ་རེད་ཟེར་ན།
- དེ་ལྟ་ཞིབ་རེད།
- ཞིབ་ཆ་མེད་པ་རེད།
- ཞིབ་ཆ་མེད་པའི་རྒྱུ་མཚན་ཅི་རེད་ཟེར་ན།
- དེ་ལྟ་ཞིབ་བྱས་མ་མྱོང་བ་རེད།
- ལྟ་ཞིབ་བྱས་མེད་ན།
- རང་གི་བསམ་ཚུལ་ཞིག་ལ་འདི་འདྲ་ཞིག་ཡིན་རྒྱུ་རེད་འདོད་པ།
- དེའི་ཕན་ཆད་ནས།
- གཏིང་ཟབ་ས་ཞིག་གམ་ཡང་ན་རྒྱ་ཆེ་ས་ཞིག་དང་ཕུན་སུམ་ཚོགས་པ་ཞིག་ལ།
- འགྲོ་ཐུབ་རྒྱུ་མ་རེད།
- དེ་ཡིན་པའི་སྟབས་ཀྱིས་སྤྱིར་རྩོམ་པ་པོ་ལ་མཚོན་རྒྱུ་ན།
- ཐོག་མར་དགོས་པའི་ཆ་རྐྱེན་ཅི་རེད་ཟེར་ན།
- དེ་ཡིན་རྒྱུ་ན་ལྟ་ཞིབ་བྱེད་རྒྱུ་འདི་ཤིན་ཏུ་གཙོ་བོ་ཡིན།
- ཨོ་ཡ་་ལྟ་ཞིབ་ཞིབ་མོ་ཞིག་བྱེད་རྒྱུ།
- འདི་རྩོམ་པ་པོ་ཞིག་གི་ངོས་ནས་བཤད་རྒྱུ་ན་རྨང་གཞི་རེད།
- རྨང་གཞི་ཡིན་པའི་རྒྱུ་མཚན་ཅི་རེད་ཟེར་ན།
- རྩོམ་པ་པོའི་འགན་ཁུར་གཙོ་བོ་དེ་ཞིབ་འབྲི་ཡི་ཆ་ན་ཡོད་པ།
- ཞིབ་ཆ་ཡི་ཐོག་ནས་ཐོན་དགོས་པ།
- དེ་ཡིན་པའི་སྟབས་ཀྱིས།
- ཐོག་མར་བྱ་དངོས་ཀྱི་ལྟ་ཞིབ།
- དེའི་རྗེས་ནས་ལྟ་ཞིབ་བྱས་པའི།
- ཁྱེད་ཀྱིས་རྙེད་པའི་ངོས་ཟིན་དེ་ཅི་རེད་ཟེར་ན།
- རང་གི་སྦྱང་བ་བྱས་ནས་བསྡད་དེ་མིག་ཁར་ཡོང་ཐུབ་པ།
- འདི་གཉིས་གཙོ་བོ་རེད།
- གཅིག་ཅི་རེད་ཟེར་ན།
- བརྗོད་བྱ་དེ་བཙལ་ནས་རྙེད་དགོས་པ་རེད།
- གཅིག་བརྗོད་བྱ་དེ་ཇི་མ་ཇི་བཞིན་དུ་སྨྱུག་གུ་འོག་ནས་ཐོན་དགོས་པ་རེད།
- དང་པོ་ནི་ཅི་རེད་ཟེར་ན།
- ཁྱོད་ཀྱི་ལྟ་ཞིབ་ཀྱི་བསམ་བློ་ཡི་སྦྱོང་བརྡར་ཞིག་རེད།
- གཉིས་པ་ནི་ཅི་རེད་ཟེར་ན།
- ཁྱོད་ཀྱི་སྨྱུག་གུ་ཡི་སྦྱོང་བརྡར་ཞིག་རེད།
- སྤྱིར་བཏང་དུ་འདི་གཉིས་ཤིན་ཏུ་གལ་ཆེ་བ་རེད།
- བྱ་དངོས་ཀྱི་ལྟ་ཞིབ་བྱས་ནས།
- ལྟ་ཞིབ་དེ་སྨྱུག་ཁ་ནས་ཇི་མ་ཇི་བཞིན་དུ་ཐོན་པར་བྱ་བ།
- དེ་ཤིན་ཏུ་གལ་ཆེ་བ་ཞིག་ཡིན།
- འདི་ང་ཚོས་བཤད་པའི།
- ཆེས་ཐོག་མར་བཤད་པའི།
- རགས་མོ་བཤད་ན་འདི་གཉིས་གཙོ་བོ་ཡིན་པ་རེད།
- འོ་ན་གོང་ནས་བཤད་པའི་ལྟ་ཞིབ་ཟེར་ན་ཆོག་གི
- ཞིབ་འབྲི་ཟེར་ན་ཆོག་གི
- སྨྱུག་ཁ་ནས་ཐོན་དགོས་ཟེར་ན་ཆོག་གི
- འདི་བོད་ཀྱི་སྐད་ཆ་དང་མཐུན་པའི་སྒོ་ནས་བཤད་རྒྱུ་ན།
- ཅི་ལྟར་བཤད་ན་འགྲིག་ཟེར་ན།
- ངས་བལྟ་རྒྱུ་ན་ང་ཚོའི་བོད་ལ་སྒྲ་སྤྱི་དང་དོན་སྤྱི་ཟེར་བ་ཞིག་ཡོད།
- འདི་ངས་བལྟ་རྒྱུ་ན་ཤིན་ཏུ་འགྲིག་གི་བསམ་གི
- སྐད་ཆ་འདི།
- ང་ཚོས་དུས་རབས་འདྲ་ཞིག་སྦྱངས་ན་འདི་ལྟར་ཟེར་བ་རེད།
- ཨོ་ཡ་་་སྒྲ་སྤྱི་དང་དོན་སྤྱི་ཟེར་བའི་ཁྱད་པར།
- སྒྲ་སྤྱི་ཟེར་བ་དེ་དཔེ་འཇོག་རྒྱུ་ན།
- ཁྱོད་ཡིན་རྒྱུ་ན་དེ།
- ལྷ་སའི་པོ་ཏ་ལར་མཇལ་མ་མྱོང་བ་ཞིག་ལ་མཚོན་རྒྱུ་ན།
- བཤད་མཁས་མཁན་ཞིག་གིས་བཤད་ན།
- སེམས་ལ་ཨོ་་་འདི་འདྲ་ཞིག་ཡིན་རྒྱུ་རེད་བསམ་པ།
- སེམས་ན་བག་ཆགས་གསལ་བོ་ཞིག་ཤར་རྒྱུ་ཡོད་པ།
- དེ་ཅི་རེད་ཟེར་ན།
- སྒྲ་སྤྱི་རེད་ཟེར་བ་རེད།
- དེའི་རྗེས་ནས་དོན་སྤྱི་ཟེར་བ་ནི།
- ཁྱོད་སྔོན་ན་པོ་ཏར་མཇལ་མྱོང་བ་རེད།
- ཕྱིར་ཡོང་ནས་མི་ཞིག་དང་ཁ་བརྡ་བྱས་ན།
- གཞན་ཞིག་གིས་པོ་ཏ་ལ་འདི་འདྲ་ཞིག་རེད་ཅེས་བཤད་ན།
- ཁྱོད་ཀྱི་སེམས་ནང་ན་སྔོན་ན་ཡོད་པ།
- ཁྱོད་ཀྱི་མིག་གིས་མཐོང་བ་དེ།
- ཁོ་བོས་གསལ་བཤད་བྱས་བ་ཇི་མ་ཇི་བཞིན་དུ།
- ཁྱོད་ཀྱི་མིག་གིས་བལྟས་བ་དང་འདྲ་མཚུངས་ཡིན་ན།
- དེ་འདྲ་ཞིག་བྱེད་ཐུབ་སོང་ན།
- དེ་དོན་སྤྱི་ཆ་ཚང་ཞིག་ཡིན་ཟེར།
- དེ་ཡིན་པས་ང་ཚོ་རྩོམ་པ་པོ་ཞིག་ལ་མཚོན་རྒྱུ་ན།
- ཐོག་མར་ཞིབ་འབྲི་ཡི་ཆ་དེ་ནས།
- ནུས་པ་གང་གི་སྟེང་ལ།
- ནུས་པ་ཅི་འདྲ་ཞིག་གི་ནུས་པ་ཐོན་དགོས་ཟེར་ན།
- སྒྲ་སྤྱི་ཁྱབ་བར་བྱས་བ་དང་།
- ཡང་ན་དོན་སྤྱི་ཁྱབ་བར་བྱས་བ།
- དེ་ཤིན་ཏུ་གལ་ཆེ།
- དེ་ནི་ཁོ་ཡི་ནུས་པ་ཡིན།
- ང་ཚོས་བལྟས་ན་ཡང་དེ་རེད།
- མི་དང་མི་ཡི་ཁྱད་པར་ཀྱིས་སོང་ན་ཤེས་ཐུབ།
- ཁ་བརྡ་བྱས་ན་ཁོ་ས་ཆ་འདི་འདྲ་ཞིག་ལ་སོང་བ།
- དེའི་རྒྱུ་མཚན་དེ་བཤད་པའི་སྐབས་སུ།
- ལ་ལ་ཞིག་གིས་བཤད་ན།
- ངོ་མས་སེམས་ན་དྲན་རྒྱུ་ཡོད་པ།
- འདི་འདྲ་ཞིག་ཡིན་རྒྱུ་རེད་བསམ་པ།
- དངོས་ནས་ཤར་ཐུབ་པ།
- ལ་ལ་ཞིག་གིས་བཤད་ན།
- དེ་འདྲ་མང་པོ་མང་པོ་ཞིག་བཤད་ཀྱི་མེད་པ་རེད།
- དངོས་ནས་ཆེ་བ་དང་།
- མཐོ་བ་དང་སྐྱིད་པ་ཙམ་ཞིག་རེད།
- དེའི་སྐབས་དེར་སྒྲ་སྤྱི་དང་དོན་སྤྱི་མ་རེད།
- དེ་ཡིན་ན་ང་ཚོས་གང་དང་གང་ཞིག་ལ་འདང་བརྒྱབ་ན།
- རྩོམ་པ་པོ་ཞིག་གི་སྦྱོང་བ་ཡི་ངོས་ནས་བཤད་རྒྱུ་ན།
- ཁྱོད་ཀྱིས་ལས་རྒྱུ་གཙོ་བོ་གང་རེད་ཟེར་ན།
- ཁྱོད་ད་ཐེངས་ཁྲི་ཀ་ཡོང་ན།
- ཨོ་་་ཁྱོད་ཀྱིས་ཁྲི་ཀ་ས་ཆ་དེ་ཅི་འདྲ་ཞིག་ཡིན་པ།
- དེ་ཁྱོད་ཀྱིས་འབྲི་ཐུབ་དགོས་པ་རེད།
- ཁྱོད་སོང་ནས་ཁྲི་ཀ་ཡོང་མ་མྱོང་བའི་མི་ཞིག་ལ།
- ཁྱོད་ཀྱིས་ཁ་ཡིས་བཤད་ནས།
- ཁོ་ཡི་སེམས་ལའང་ཕལ་ཆེར་འདི་འདྲ་ཞིག་ཡིན་རྒྱུ་རེད།
- དེ་འདྲ་ཞིག་བཅའ་ཐུབ་སོང་ན།
- ད་ཅི་རེད་ཟེར་ན།
- རྩོམ་པ་པོ་ཡི་ལོ་དངོས་ལྗོངས་ཀྱི།
- གོང་ནས་བཤད་པའི་ཞིབ་འབྲི་ཟེར་ན་ཆོག་གི
- ཡང་ན་ལྟ་ཞིབ་བྱས་པ་དེ་ཞིབ་ཚགས་བྱས་ནས།
- ལྟ་ཞིབ་བྱས་བའི་ངོས་ཟིན་དེ།
- ཁྱོད་རང་གི་ངག་ནས་བརྗོད་ཐུབ་སོང་བ་རེད།
- འདི་ཡིན་རྒྱུ་ན་སྦྱོང་བརྡར་རེད།
- དེ་ཡིན་པས་བརྩམས་སྒྲུང་གསར་རྩོམ་བྱེད་མཁན་ཞིག་ལ་མཚོན་རྒྱུ་ན།
- ཁོའི་སྦྱོང་བ་དེ་ཐོག་མར་ཅི་རེད་ཟེར་ན།
- ཞིབ་འབྲི་ཡི་ཆ་དེ་ནས་ཡིན་རྒྱུ་ན།
- སྦྱོང་བ་བྱེད་དགོས་བ་རེད་ཅེས་བཤད།
- འོ་ན་ཞིབ་འབྲི་ཡི་ཆ་དེ་གོང་ནས་བཤད་པ་དེ་རེད།
- དེའི་ཆེས་དཀའ་ས་འདི་ན་ཡོད་པ་རེད།
- ཁྱོད་ཡོང་ནས་ཁྲི་ཀ་ས་ཆ་དེ་ཤིན་ཏུ་ཆེ་ལ།
- རི་ཐམས་ཅད་པོར་ངོ་མས་ཤུན་པ་མེད་པ།
- རྩྭ་ཡང་སྐྱེས་མེད་པ་དེ་འདྲ་ཞིག་རེད།
- ཨོ་་་དེའི་རྗེས་ནས་ཁྱོད་ཚོས་འདི་ན་ལྟ་སྐོར་བ་མང་གི་ཟེར་རྒྱུ་ན།
- དེ་སུ་ཞིག་གིས་ཀྱང་འབྲི་ཐུབ་པ་རེད།
- དེ་འདྲ་ཞིག་མ་རེད།
- དེ་འདྲ་ཞིག་མ་རེད།
- འོ་ན་ཅི་འདྲ་ཞིག་ཡིན་དགོས་པ་རེད་ཟེར་ན།
- དེ་ངས་ཀྱང་བཤད་མི་ཐུབ།
- འདི་ལ་ཁྱོད་ཚོས་ཀྱང་འདང་རྒྱོབ་དང་།
- ཁྱོད་ཚོ་རང་རང་གིས་ཚོད་ལྟ་བྱས་དང་།
- དེའི་ནང་ན་ཧ་གོ་རྒྱུ་ཞིག་ཡོད་པ་རེད།
- ལ་ལ་ཞིག་གིས་རི་མཐོན་པོ་འབྲི་ཐུབ་རྒྱུ་རེད།
- ཁོད་ཡངས་བ་འབྲི་ཐུབ་རྒྱུ་མ་རེད།
- ལ་ལ་ཞིག་གིས་ཁོད་ཡངས་བ་འབྲི་ཐུབ་ན།
- རི་ཅི་འདྲ་ཞིག་ཡིན་པ་འབྲི་ཐུབ་རྒྱུ་མ་རེད།
- རི་ལ་མཚོན་ན་ཡང་དེ་རེད།
- རི་ཡི་སྟེང་ན་ཡིན་རྒྱུ་ན་རྩྭ་མེད་པ།
- རི་ལ་ཤུན་པ་མེད་གི་ཟེར་རྒྱུ་ན།
- རི་ལ་ཤུན་པ་མེད་པའི་ས་ཆ་མང་གི
- ཨོ་ཡ་་་དཔེ་འཇོག་རྒྱུ་ན།
- ང་ཚོའི་ཞོན་ཧྭ་ས་ཆ་སོང་ན་ཡང་དེ་རེད།
- རི་ཐམས་ཅད་ལ་ཤུན་པ་མེད་པ།
- འོན་ཀྱང་འདི་དང་མི་འདྲ་བ་རེད།
- འོ་ན་མི་འདྲ་བ་དང་མི་འདྲ་བའི་ཁྱད་པར་དེ་ཤར་བར་འཇུག་ཐུབ་དགོས་པ་རེད།
- དེ་རྩོམ་པ་པོ་ཡི་འགན་ཁུར་རེད།
- དེ་ཅི་རེད་ཟེར་ན།
- ཐུན་མོང་མ་ཡིན་པ་ཟེར་བ་དེ་འདྲ་ཞིག་རེད།
- ཨོ་ཡ་་་ཁོ་ལ་ཁྱོད་ཀྱིས་བཤད་པའི་དུས་སུ།
- ལྗོངས་ཤིག་འབྲི་བའི་དུས་སུ།
- ཁོ་ཡིན་རྒྱུ་ན་རང་གི་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་རེད།
- ཁྱོད་ཀྱིས་བཤད་པ་དེ་ཐུན་མོང་མ་ཡིན་པ་ཞིག་ཡིན་དགོས་པ་རེད་མ་གཏོགས།
- ཐུན་མོང་བ་ཞིག་ཡིན་ན་མི་ཆོག་གི
- རི་ལ་ཤུན་པ་མེད་པ་དེ་འདྲ་ཙམ་ཞིག་ཡིན་ན་ཐུན་མོང་བ་རེད།
- ཐུན་མོང་མ་ཡིན་པའི་ཚུལ་དུ་ཅི་ལྟར་ཐོན་དུ་འཇུག་དགོས་ཟེར་ན།
- དེ་ང་ཚོས་ནུས་པ་རེད།
- དེ་ཡིན་པས་ང་ཚོའི་བོད་ཀྱི་རྩོམ་རིག་ལ་མཚོན་ན་ཡང་དེ་འདྲ་རེད།
- གཅིག་མཚུངས་ཡིན་པ་རེད།
- ཁྱོད་ཚོས་ལྟོས་དང་།
- རྩྭ་ཐང་བྲིས་ན་ཕལ་ཆེར་འདྲ་མཚུངས་ཡིན་པ་རེད།
- ཐུན་མོང་མ་ཡིན་པ་ཟེར་བ་དེ་སུ་ཡིན་ནའང་འབྲི་ཐུབ་ཀྱིན་མེད་པ།
- དེ་ཡིན་པས་འདི་སྤྱིར་བཏང་གིས།
- ང་ཚོས་བཤད་པ་འདི་ང་ཚོས་འབྲི་བའི་སྐབས་སུ།
- ད་ཡིན་རྒྱུ་ན་སྒྲ་སྤྱི་ཟེར་ན་ཆོག་གི་དོན་སྤྱི་ཟེར་ན་ཆོག་གི
- གཞན་ཕ་རོལ་བ་ཞིག་ལ་འདི་ལྟ་བུ་ཞིག་ཡིན་རྒྱུ་རེད་བསམ་པའི།
- སྣང་གཉན་གསལ་བོ་ཞིག་འཆར་རུ་འཇུག་རྒྱུ།
- འདི་ང་ཚོའི་དམིགས་ཡུལ་ཡིན།
- འོ་ན་འདི་འཆར་རུ་འཇུག་དགོས་ན་ཅི་རེད་ཟེར་ན།
- གཅིག་ནི་ཁྱོད་ཀྱི་ཡི་གེ
- ང་ཚོས་བཤད་པའི་ཡིག་རྩ་དེ་སྦྱོང་བརྡར་བྱས་ནས།
- ངས་བལྟ་རྒྱུ་ན་གཙོ་བོ་ཞིག་མ་རེད།
- དཀའ་མོ་ཞིག་མ་རེད།
- དཀའ་མོ་ཅི་རེད་ཟེར་ན།
- ཁྱོད་ཀྱིས་དེ་ཅི་ལྟར་དུ་འབྲི་རྒྱུ་ཡིན་པ།
- ཨོ་ཡ་་་ལྟ་ཞིབ་བྱས་པ་དེ།
- ཇི་མ་ཇི་བཞིན་དུ་སྨྱུག་འོག་ཏུ་ཐོན་རྒྱུ།
- འདི་ཤིན་ཏུ་གལ་ཆེ་བ་རེད།
- དེ་ཡིན་པའི་སྟབས་ཀྱིས།
- ང་ཚོས་འདི་ནས་བཤད་པ།
- ཐོག་མར་བཤད་རྒྱུ་ཅི་རེད་ཟེར་ན།
- ཁྱོད་ཀྱིས་ཕྱི་རོལ་གྱི་ལྗོངས་ཡིན་ན་ཆོག་གི
- མི་ཞིག་གི་རྣམ་པ་ཡིན་ན་ཆོག་གི
- གང་དང་གང་ཞིག་ཡིན་ནའང་།
- ཁྱོད་ཀྱིས་བྲིས་ནས།
- གཞན་ཕ་རོལ་བོ་ཞིག་ལ།
- སྒྲ་སྤྱི་དང་དོན་སྤྱི་གསལ་བར་འཆར་རུ་འཇུག་རྒྱུ།
- འདི་གཙོ་བོ་ཡིན་དགོས་པ་རེད།
- འདི་དམིགས་ཡུལ་ཡིན་དགོས་པ་རེད།
- འདི་འབྲི་བའི་སྐབས་སུ་དཀའ་བའི་རྒྱུ་མཚན་ཅི་རེད་ཟེར་ན།
- ཁྱོད་ཀྱིས་ཇི་མ་ཇི་བཞིན་དུ་བྲིས་ན།
- ད་ཡིན་རྒྱུ་ན་ང་ཚོས་བཤད་པའི།
- རང་བྱུང་རིང་ལུགས་ཀྱི་ཁྱད་ཆོས་དེ་ཐོན་པ་རེད།
- རེད།自然主义
- མེ་ལོང་གི་ནང་ལ་གཟུགས་བརྙན་འཆར་བ་ལྟ་བུ་ཞིག་བྲིས་ཚེ།
- དེ་ཡང་སྐྱོན་ཆ་རེད།
- རི་འདི་འདྲ་ཞིག་རེད།
- དེའི་རྗེས་ནས་ཆུ་འདི་འདྲ་ཞིག་རེད།
- དེའི་རྗེས་ནས་འདི་འདྲ་ཞིག་རེད།
- འབྲི་ཚུལ་དེ་ཡང་ཡག་པོ་ཞིག་མ་རེད།
- དེ་ན་འདི་རྒྱ་ཡིག་གི་སྟེང་ནས་བཤད་རྒྱུ་ན།
- ཟེར་བ་ཞིག་ཡོད་པ་ཨེ་རེད།有机
- སྲོག་དང་ལྡན་པ།
- སྲོག་ལྡན་གྱི་རྣམ་པ།
- འདུ་ལྡན་གྱི་རྣམ་པ།
- དེ་འདྲ་ཞིག་ལ་ཐོན་དགོས་ན།
- ང་ཚོ་ཡིན་རྒྱུ་ན་དཀའ་ས་འདི་ན་ཡོད་པ་རེད།
- དེ་གཙོ་བོ་ཅི་རེད་ཟེར་ན།
- ཐོག་མར་འདུ་ཤེས་ཡོད་པ་དེ་གཙོ་བོ་རེད།
- ཁྱོད་ཀྱིས་ཡིན་རྒྱུ་ན་མང་པོ་མང་པོ་ཞིག
- རི་ཡང་འབྲི་རྒྱུ།
- ཆུ་ཡང་འབྲི་རྒྱུ།
- ས་ཡང་འབྲི་རྒྱུ།
- མང་པོ་མང་པོ་ཞིག་ཐོག་མར་འབྲི་ཐུབ་རྒྱུ་མ་རེད།
- ཐོག་མར་དཔེ་འཇོག་རྒྱུ་ན།
- རི་ཁོ་ན་བྲིས་ན་ཡང་ཆོག་གི
- རི་ཁོ་ན་བྲིས་ན་ཡང་ཆོག་གི
- དཔེ་འཇོག་རྒྱུ་ན།
- ང་ཚོའི་བོད་ཀྱི་སྙན་ངག་གི་ནང་ན།
- གངས་རི་བཤད་པའི་དུས་སུ།
- གངས་རི་དེ་གླང་ཆེན་གྱི་མཆེ་བ་བཅག་པ་དང་འདྲ་བ།
- ཨེ་རེད་་་དེ་ངས་བལྟ་རྒྱུ་ན།
- དངོས་ནས་བོད་ཀྱི་གངས་རིའི་ཁྱད་ཆོས་ཅུང་ཙམ་ཞིག་ཐོན་ཡོད་པ་རེད།
- དེ་ཅུང་ཙམ་ཐུན་མོང་མ་ཡིན་པ་ཞིག་རེད།
- བོད་ཀྱི་གངས་རི་དེ་སྤྱིར་བཏང་གིས་བཤད་རྒྱུ་ན།
- རི་དེ་བགས་ཀྱིས་ཐང་ལ་གཞོལ་བ་དེ་འདྲ་ཞིག་མ་རེད།
- རི་ཡི་རྩེ་མོ་ཡི་ངོས་ནས་བཤད་རྒྱུ་ན།
- བྲག་དེ་འདྲ་ཡོད་དུས་ཟུར་ཁ་ཡོད་པ་འདྲ་འདྲ།
- རྒྱང་རིང་ཞིག་ནས་བལྟས་ན་གྲི་ཡི་ཁ་འདྲ་ཡོད་པ།
- དེ་འདྲ་ཡོད་པ།
- དཔེ་འཇོག་རྒྱུ་ན་གོང་ནས་བཤད་པ་དེ་རེད།
- དེ་ཡག་པོ་ཡག་པོ་ཆེན་པོ་ཡག་པོ་ཞིག་མ་རེད་མོད།
- ཨོ་ཡ་་་གླང་ཆེན་གྱི་མཆེ་བ་བཅག་པ་དང་འདྲ་བ།
- དེ་འདྲ་ཟེར་བ་རེད།
- དེ་ཡིན་རྒྱུ་ན་ཐུན་མོང་གི་ཁྱད་ཆོས་ཡོང་ཡོད་པ་རེད།
- དཔེ་འཇོག་རྒྱུ་ན་དེ་ལྟ་བུ་རེད།
- དེ་ང་ཚོས་ཐོག་མར་ངོས་འཛིན་རྒྱུ་ཞིག་རེད།
- དེ་ན་སྤྱིར་བཤད་རྒྱུ་ན།
- ང་ཚོས་གསར་རྩོམ་གྱི་སྐབས་དེ་ནས།
- སྦྱོང་བ་ཡི་སྐབས་དེ་ནས།
- ཨོ་ཡ་་་གོང་ནས་བཤད་པ།
- སྒྲ་སྤྱི་དང་དོན་སྤྱི་འཆར་རུ་འཇུག་དགོས་ན།
- ང་ཚོས་ལས་རྒྱུ་ཅི་རེད་ཟེར་ན།
- སྤྱིར་མི་ཞིག་འབྲི་རྒྱུ་རེད།
- ཡང་ན་ལྗོངས་ཤིག་འབྲི་རྒྱུ་རེད།
- ཞིབ་འབྲི་ཡི་གནས་སྐབས་དེ་ན།
- སྤྱིར་ན་འདི་འདྲ་ཞིག་ཡིན་རྒྱུ་རེད།
- མི་འབྲི་བ་དང་ལྗོངས་འབྲི་བ།
- ཡ་་་དཔེ་འཇོག་རྒྱུ་ན།
- དེ་མི་འབྲི་བ་ལྟ་བུ་ཞིག་ལ་མཚོན་རྒྱུ་ན་དེ་རེད།
- མི་སྣ་ཡི་གཟུགས་བྱད་འབྲི་བ།
- དཔེ་འཇོག་རྒྱུ་ན་འདི་འདྲ་ཞིག་གི་སྟེང་ལ་སྦྱོང་བརྡར་བྱེད་རྒྱུ་རེད།
- ཨོ་ཡ་་་འདིའི་སྐབས་དེ་སྦྱོང་བརྡར་རེད།
- འདི་ད་རུང་ཡིན་རྒྱུ་ན་བརྩམས་སྒྲུང་མ་རེད།
- སྤྱིར་དེ་རེད།
- ང་ཚོས་བརྩམས་སྒྲུང་ཞིག་ལ་ཚོད་ལྟ་བྱེད་པ་ཞིག་ལ་མཚོན་རྒྱུ་ན།
- བརྩམས་སྒྲུང་ཧྲིལ་བོ་ཞིག་བྲིས་ན་ངས་བལྟ་རྒྱུ་ན།
- སྦྱོང་བ་ཡག་པོ་ཞིག་མི་ཐོབ་གི་བསམ།
- ཁྱོད་ཀྱིས་ཡིན་རྒྱུ་ན་སྦྱོང་བ་བྱེད་ན་སྦྱོང་བ་ཅི་ཞིག་བྱེད་དགོས་ཟེར་ན།
- ཨོ་་་མི་སྣ་ཡི་གཟུགས་བྱད་འབྲི་བའི་སྦྱང་བ།
- མི་སྣ་ཡི་ཁ་བརྡ་འབྲི་བའི་སྦྱང་བ།
- མི་སྣ་ཡི་བྱ་བྱེད་འབྲི་བའི་སྦྱང་བ།
- འདི་འདྲའི་དུམ་མཚམས་དུམ་མཚམས་ཀྱི་སྦྱང་བ་དེ་ལ་སྦྱང་བ་ཟེར།
- དེ་ཡིན་པའི་སྟབས་ཀྱིས།
- མཚམས་རེར་ངས་སེམས་ན་ཅི་ཞིག་དྲན་ཟེར་ན།
- དེའི་བོད་ཀྱི་བརྩམས་སྒྲུང་སྦྱང་བ་དང་།
- དེ་བརྩམས་སྒྲུང་འབྲི་བ་དང་སྦྱང་བ་འདི་ཡིན་རྒྱུ་ན།
- སྤྱིར་བཏང་གི་རྒྱ་ཡི་རི་མོ་འབྲི་བའི་ནང་ན།
- ཟེར་བ་ཞིག་ཡོད་པ་རེད།素描
- དེ་ཅི་རེད་ཟེར་ན།
- མི་ཞིག་མཐོང་མ་ཐག་དུ་མྱུར་བ་མྱུར་དུ་འབྲི་བ་རེད།
- དེའི་རྗེས་ནས་གཞན་ཞིག་མཐོང་ན་ཡང་མྱུར་བ་མྱུར་དུ་འབྲི་བ་རེད།
- དེ་ཁོ་སྒོ་ཕྱིར་སོང་ནས་དཔར་ལ་འགོད་རྒྱུ་འདྲ་འདྲ།
- དེ་འདྲའི་རེ་བ་ཆེན་པོ་མེད་པ་རེད།
- དེ་སྦྱོང་བ་ཞིག་རེད།
- འོ་ན་ང་ཚོར་མཚོན་རྒྱུ་ན་ཐོག་མར་ཅི་རེད་ཟེར་ན།
- བརྩམས་སྒྲུང་ཧྲིལ་བོ་ཞིག་གི་བྱུང་རིམ་ཡིན་རྒྱུ་ན།
- དེ་ཅི་ཟེར་བ་རེད་ཟེར་ན།
- སྒྲིག་སྦྱོར་བྱས་ན།
- བཀོད་པ་བྱེད་ན།
- ད་ཡིན་རྒྱུ་ན་དེ་ལྗོངས་ཀྱི་བཀོད་པ་དང།
- མི་ཡི་དེ་ཚོ་མང་པོ་མང་པོ་དེ།
- ཕྱོགས་གཅིག་ཏུ་བཞག་ནས་བསྡད་དེ་སྦྱོང་རྒྱུ།
- དེ་ཡིན་རྒྱུ་ན་ཐོག་མའི་དུས་སུ་ལས་ཀ་དེ་མ་ལས་ན་མི་ཆོག་པ་རེད།
- འོ་ན་ཐོག་མའི་དུས་སུ་ངས་བལྟ་རྒྱུ་ན་ཅི་ཞིག་བྱེད་དགོས་ཟེར་ན།
- མི་སྣ་ཡི་གཟུགས་བྱད་འབྲི་བའི་སྦྱོང་བ།
- དཔེ་འཇོག་རྒྱུ་ན་དེ་རེད།
- དེ་ན་ཅི་རེད་ཟེར་ན།
- ང་ཚོས་བལྟས་ནས་སོང་ན།
- ཁྱོད་ཀྱིས་རང་གི་ཁོར་ཡུག་ལ་བལྟས་ནས་སོང་ན།
- ད་ཡིན་རྒྱུ་ན་དེ་མི་སྣ་མང་གི
- འོ་ན་མི་སྣ་དེའི་གཟུགས་བྱད་འབྲི་བ་ལ་མཚོན་ན།
- ཁྱོད་ཀྱིས་སྦྱོང་བ་བྱས་ན་ཆོག
- རེད་ལ་་དཔེ་འཇོག་རྒྱུ་ན།
- མི་ཡག་པོ་ཞིག་ལ་འཕྲད་ན།
- ཨེད་་་མི་དེ་ཡག་པོ་ཞིག་རེད།
- འོ་ན་ཁྱོད་ཀྱིས་བལྟས་ན་གང་ཞིག་ཡག་གི
- ཨོ་་ད་ཡག་པའི་ཆ་དེ་ཁྱོད་ཀྱིས་འབྲི་དགོས་པ་རེད།
- འདི་ང་ཚོའི་ངོ་མའི་སྦྱང་བ་རེད།
- ངས་བལྟ་རྒྱུ་ན་སྦྱང་བ་ཆེས་ལེགས་པོ་ཞིག་རེད།
- ང་ཚོས་སྤྱིར་བཏང་གིས་ཅི་རེད་ཟེར་ན།
- དེ་འབྲི་བའི་སྐབས་སུ་གཡོ་སྒྱུ་འབྲི་ཚུལ་རེད།
- ཅི་རེད་ཟེར་ན་དཔེ་བཞག་པ་རེད།
- ངོ་ཡག་གི་ཟླ་བ་འདྲ་བ་ཞིག་རེད།
- གཟུགས་ཡག་གི་སྨྱུག་མ་འདྲ་བ་ཞིག་རེད།
- ངོ་མས་བཤད་ན།
- མི་ཞིག་སྨྱུག་མ་འདྲ་བ་ཞིག་ཡིན་ན་ཡག་རྒྱུ་མེད་པ་རེད།
- དེ་གང་རེད།
- ཕྲ་བ་ཕྲ་བ་ཞིག་ལས་ཁོ་ལ་ཕྲ་སྦོམ་མེད་པ།
- ང་ཚོས་བཤད་པའི་མེད་པ་རེད།线条
- དེ་ཡིན་རྒྱུ་ན་མི་ཡག་གི
- དེ་འདྲ་ཞིག་མ་རེད།
- འོ་ན་ཅི་རེད་ཟེར་ན།
- རྩོམ་པ་པོ་ཞིག་ལ་མཚོན་རྒྱུ་ན།
- ཐོག་མ་ནས་བཟུང་སྟེ་གཡོ་སྒྱུ་ཡི་ཐབས་ལབསྟེན་རྒྱུ་མ་རེད།
- ཁྱེད་ཀྱིས་དེ་དངོས་འབྲི།
- དེའི་བར་དེ་ན་དོན་གྱིས་ཅི་རེད་ཟེར་ན།
- དཀའ་ཁག་ཡོད་པ་རེད།
- མི་ཞིག་ལ་མཚོན་རྒྱུ་ན་དེ།
- གཟུགས་མཐོན་པོ་ཅན་ཞིག་དང་།
- གཟུགས་དམའ་མོ་ཅན་ཞིག
- ཡང་ན་ཡིན་རྒྱུ་ན།
- མི་ཞིག་ལ་མཚོན་རྒྱུ་ན་དངོས་ནས་ངོ་སྣུམ་བག་དང་ལྡན་པ།
- ཡང་ན་ཡིན་རྒྱུ་ན།
- ལས་ཀ་སོང་ནས་ངོ་སྐམ་ནས་ནག་འཇོང་སེ་བསྡད་ཡོད་པ།
- འདི་འདྲའི་སྐོར་འདི་ནི་ཅི་རེད་ཟེར་ན།
- གཟུགས་བྱད་འབྲི་བའི་སྐབས་དེར།
- ཁྱེད་ཀྱིས་ཚོད་ལྟ་བྱས་ན་འགྲིག་གི
- ང་ཚོས་བལྟས་ནས་སོང་ན་ཡིན་རྒྱུ་ན།
- མི་སུམ་ཅུ་ཐམ་པ་ཡོད་ན་གཟུགས་བྱད་སུམ་ཅུ་ཐམ་པ་རེད།
- འོ་ན་ཁྱེད་ཡིན་རྒྱུ་ན།
- རང་གི་གམ་དུ་མི་གསུམ་བཞག་ནས།
- ད་ཁྱེད་ཀྱིས་ཕྲིས་དང་།
- ཁོའི་ཁྱད་པར་དེ་ཡོང་ཐུབ་བམ་མི་ཐུབ།
- དེའི་ཕྱོགས་ཀྱི་སྦྱོང་བརྡར་རེད།
- སྤྱིར་ང་ཚོ་བོད་ཀྱི་གནའ་ཡི་རྩོམ་རིག་ཡིན་ན།
- ད་བར་གྱི་བརྩམས་སྒྲུང་ཡིན་ན།
- གང་ལ་མཚོན་ན་ཡང་།
- མི་སྣ་ཡི་གཟུགས་བྱད་བྲིས་པ་དེ་ཡིན་རྒྱུ་ན།
- ཡག་པོ་ཞིག་མ་རེད།
- ང་ཚོའི་ནམ་ཞིག་ལ་མཚོན་ན་ཡང་དེ་རེད།
- སྐྲ་འགྱུ་ལིར་འཁྱིལ་བ་ཟེར་བ་རེད།
- སྣའི་གཟེངས་མཐོ་བ་ཟེར་བ་རེད།
- ད་ཚང་མ་ཚང་མ་ཡིན་རྒྱུ་ན་ཕལ་ཆེར་དེ་འདྲ་ཞིག་རེད།
- གཅིག་མཚུངས་ཀྱིས་ལོག་ཡོད་པ་རེད།
- འོ་ན་དོན་གྱིས་དེ་འདྲ་ཞིག་རེད་ལ་མ་རེད།
- ཨོ་ཡ་་་མ་རེད།
- འོ་ན་འདིའི་སྐོར་འདི་ཁྱེད་ཀྱིས་ཅི་ལྟར་ཐོན་དུ་འཇུག་དགོས།
- ད་སྦྱོང་བརྡར་རེད།
- དོན་གྱིས་ཅི་རེད་ཟེར་ན།
- ཁྱོད་རང་གི་སྦྱོང་བརྡར་བྱས་པས་ཀྱང་མི་ཆོག་པ་དང་།
- དོན་གྱིས་ཅི་རེད་ཟེར་ན།
- ཁྱོད་ཀྱིས་དཔེ་ཆ་གཞན་ན་བལྟས་ན་ཡང་འགྲིག་པ་རེད།
- དཔེ་ཆ་གཞན་ལ་བལྟས་ན་གཞན་གྱིས་ཅི་ལྟར་བྲིས་ཡོད་པ།
- དེའི་ནང་ན་ཤེས་རྒྱུ་ཞིག་ཡོད་པ་རེད།
- དེ་རྒྱ་ཡིག་ལྟར་ན།
- ཟེར་བ་ཞིག་ཡོད་པ་དེ་རེད།描写词典
- དེ་འདྲ་ལ་བལྟས་ན་ཤར་རྒྱུ་ཞིག་ཡོད་པ་རེད།
- ངོ་མ་ཡིན་རྒྱུ་ན།
- སྦྱོང་བ་ཞིག་གི་ངོས་ནས་བཤད་རྒྱུ་ན།
- འདི་འདྲའི་དཀའ་བའི་སྦྱོང་བ་བྱེད་དགོས་པ་རེད།
- སྤྱིར་དེ་རེད།
- བརྩམས་སྒྲུང་གི་ནང་ལ་མི་སྣ་བུད་མེད་ཡག་པོ་ཞིག་འབྲི་རྒྱུ་ན།
- ཡག་པའི་ཆ་དེ་ཐམས་ཅད་ལ་མེད་ན་ཆོག་གི
- ཡང་ན་ཡིན་རྒྱུ་ན།
- སྐེ་དེ་ཡག་གི་ཟེར་བ་འདྲ།
- ཡང་ན་ཡིན་རྒྱུ་ན།
- རྐེད་པ་ཡག་གི་ཟེར་བ་འདྲ།
- གང་ལྟར་ཀྱང་ཡག་པའི་ཆ་དེ།
- དོན་དག་གཅིག་དང་གཉིས་ཀྱི་སྟེང་ན་ཡོད་པ་ཞིག་ཡིན་པ་རེད།
- མིག་ཡང་ཡག་པ།
- སྣ་ཡང་ཡག་པ།
- ཁ་ཡང་ཡག་པ།
- གཟུགས་ཀྱང་ཡག་པ།
- ཚང་མ་ཡག་པ་ཞིག་སྤྱིར་དཀའ་བ་རེད།
- དེ་འདྲ་ཞིག་སྐྱེས་པར་དཀའ།
- ཡོད་པ་ཡང་མ་རེད།
- ཡོད་པ་མ་རེད།
- དེ་ཡིན་པའི་སྟབས་ཀྱིས།
- ང་ཚོས་བལྟས་ནས་སོང་ན།
- དེ་ཡིན་རྒྱུ་ན་ང་མཚོན་ན་ཡང་ཚོད་ལྟ་མ་རེད་མོད།
- འདང་རྒྱབ་མྱོང་།
- བལྟས་ནས་སོང་ན་མི་དང་མི་དེ་ཡག་པོ་ཡོད་ཀྱི་རེད།
- ཡག་པོ་ཡོད་ན་ཁྱོད་ཀྱིས་དེ་སྨྱུག་ཁ་ནས་འབྲི་རྒྱུ་ན་ཅི་ལྟར་འབྲི་རྒྱུ་རེད།
- ང་མཚོན་ན་དེ་ལ་བཀོད་པ་མེད་པ་རེད།
- འབྲི་མི་ཐུབ་པ་རེད།
- འོན་ཀྱང་རྩོམ་པ་པོ་ཞིག་ལ་མཚོན་ན།
- དེ་ཅི་རེད་ཟེར་ན།
- དེ་ཁོའི་མ་མཐའ་ཡི་སྦྱོང་བརྡར་རེད།
- དེ་ངེས་པར་དུ་འབྲི་ཐུབ་དགོས།
- དཔེ་འཇོག་རྒྱུ་ན་དེ་ལྟ་བུ་རེད།
- དེ་ང་ཚོས་མི་སྣ་ཡི་གཟུགས་བྱད་འབྲི་བའི་སྦྱོང་བརྡར་ལྟ་བུ་ལ་མཚོན་ན་དེ་རེད།
- དེའི་རྗེས་ནས་ཅི་རེད་ཟེར་ན།
- ང་ཚོ་སྤྱིར་དེ་རེད།
- རྩོམ་རིག་གི་སྐབས་འདི་ནས།
- བརྩམས་སྒྲུང་གི་སྐབས་འདི་ནས་བཤད་པའི་དུས་སུ།
- མི་སྣ་འབྲི་བའི་སྐབས་སུ།
- མི་སྣ་ཡི་ངོས་བཞི་ནས་བྲིས་ན་ཆོག
- གཟུགས་བྱད་འབྲི་བ།
- ཁ་བརྡ་འབྲི་བ།
- བྱ་བྱེད་འབྲི་བ།
- སེམས་ཁམས་འབྲི་བ་དེ་རེད།
- དེའི་རྗེས་ནས་ཅི་རེད་ཟེར་ན།
- ཁ་བརྡ་འབྲི་བ་རེད།
- ཁ་བརྡ་ཟེར་བ་དེ་ཡིན་རྒྱུ་ན།
- འདི་ཡིས་འདི་ཟེར།
- འདི་ཡིས་འདི་ཟེར།
- འདི་ཡིས་འདི་ཟེར།
- དེ་ཁོ་ན་མ་རེད།
- ཡིན་པ་མ་རེད།
- མི་ཞིག་ལ་ཅི་འདྲ་ཞིག་གི་གཤིས་ཀ་ཡོད་ན།
- ཁ་བརྡ་ཡང་དེ་མཚུངས་ཀྱི་ཁ་བརྡ་ཞིག་བྱེད་པ་རེད།
- ང་ཚོས་བལྟས་ལ་དོན་གྱིས་འདྲ་བ་མ་རེད།
- ལ་ལ་ཞིག་གིས་ཁ་བརྡ་བྱས་ན།
- ཞིབ་ཅིང་རྒྱས་བའི་མང་པོ་མང་པོ་ཞིག་བཤད་ཀྱི་རེད།
- ལ་ལ་ཞིག་གིས་ཁ་བརྡ་བྱས་ན་ཅི་རེད་ཟེར་ན།
- མདོར་བསྡུས་མདོར་བསྡུས་ཤིག་བཤད་པ་རེད།
- དེ་ཅི་རེད་ཟེར་ན་ཁ་བརྡ་ཞིབ་འབྲི་རེད།
- ཁ་བརྡ་ཞིབ་འབྲི་ཟེར་བ་ནི།
- འདིས་འདི་བཤད་པ་དང་།
- འདིས་འདི་ཟེར།
- དེ་ཁོ་ན་མ་རེད།
- གོང་ནས་བཤད་པ་དེ་རེད།
- ཁྱོད་ཀྱིས་མི་ཞིག་འབྲི་དུས།
- དེ་ལ་ཁ་བརྡ་ཐུང་ཐུང་ཞིག་བྱས་ན།
- མི་དེ་ཁ་བརྡ་ལ་དགའ་བ་ཞིག་མ་རེད།
- དེ་ཧ་གོ་ཐུབ་པ་རེད།
- དེ་མཚུངས་སུ་ད་དེ་རེད།
- སྤྱིར་བཤད་ཀྱི་ན་དེ་རེད།
- སྐྱེས་པ་དང་སྐྱེས་མ་ལས་སྐྱེས་མ་ཚོ་ལ་ཁ་བརྡ་མང་གི
- སྐྱེས་མ་ཡི་སྐབས་ནས་ཅུང་ཙམ་ཞིག་མང་བར་བྱེད་པ་དང་།
- སྐྱེས་པ་ཡི་སྐབས་ནས་ཁ་བརྡ་ཉུང་དུ་འཇུག་རྒྱུ་ན།
- ཨོ་་་དེ་ཡང་ཁ་བརྡ་ཞིབ་འབྲི་རེད།
- དེའི་རྗེས་ནས་ཁ་བརྡ་ཞིབ་འབྲི་བྱས་ན་ཅི་རེད་ཟེར་ན།
- ཁ་བརྡ་བྱེད་པའི་དུས་སུ་ཡིན་རྒྱུ་ན།
- མིག་གིས་ལྟ་ཚུལ་ཅི་རེད།
- ལག་པའི་རྣམ་འགྱུར་ཅི་རེད།
- འདི་དང་འདི་ལ་སོགས་པ་གོང་ནས་བཤད་པའི།
- བྱ་དངོས་ཀྱི་ལྟ་ཞིབ་དེ་ཞིབ་ཚགས་ཤིག་བྱེད་དགོས་ཟེར་བ་དེ།
- མི་དེས་ཁ་བརྡ་སྐད་ཆ་བཤད་པའི་དུས་སུ་ཅི་ལྟར་བཤད་བཞིན་ཡོད་པ།
- དེ་ན་ང་ཚོར་འདི་འདྲའི་འདང་རྒྱག་རྒྱུ།
- ཡང་ན་ལྟ་ཞིབ་བྱེད་རྒྱུ་གཉིས་ཡོད་པ་རེད།
- ཨོ་ཡ་་་གཅིག་ཁོའི་ཁ་བརྡ་བྱེད་པའི་དུས་སུ་ཁ་བརྡ་ཡི་རིང་ཐུང་ཟེར་བ་འདྲ།
- སྐད་ཆ་ཡི་ཅི་ཟེར་བ་རེད་ཟེར་ན།
- དེ་མིང་ལ་མྱུར་ཚད་ཟེར་བ་རེད།语速
- ཨོ་ཡ་་་འདི་ཡི་ཆ་ཟེར་བ་འདྲ།
- དེ་ཡི་སྐོར་དེ་ནས་ཁ་བརྡ་ཡི་ནང་དོན་ངོ་མ་རེད།
- དེའི་རྗེས་ནས་ཅི་རེད་ཟེར་ན།
- དེས་ཁ་བརྡ་བྱེད་པའི་དུས་སུ་འདྲ་རྒྱུ་མ་རེད།
- མི་དང་མི་ཡི་ཁ་བརྡ་བྱེད་སྟངས་མི་འདྲ་བ་རེད།
- ལ་ལ་ཞིག་གིས་ཁ་བརྡ་བྱས་ན་མིག་གི་འདི་ལ་ལྟ་བ་དང་།
- ལ་ལ་ཞིག་གིས་ཁ་བརྡ་བྱས་ན།
- མིག་གིས་ལྟ་ཚུལ་གཞན་ཞིག་ཡོད་ཀྱི་རེད།
- ཨེ་རེད་་་འདི་ཚང་མ་གོང་ནས་བཤད་པ་དེ་རེད།
- མི་མི་འདྲ་བ་སུམ་བཅུ་ཐམ་པ་ལ།
- ཁ་བརྡ་བྱེད་ཚུལ་མི་འདྲ་བ་སུམ་བཅུ་མེད་ན་ཡང་བཅོ་ལྔ་ཡོད་ཀྱི་རེད།
- འོ་ན་འདིའི་སྐོར་འདི་ང་ཚོས་བཤད་པའི།
- ཁ་བརྡ་ཞིབ་འབྲི་ཡི་སྦྱོང་བ་རེད།
- དེའི་རྗེས་ནས་དཔེ་འཇོག་རྒྱུ་ན།
- དེ་མི་སྣ་ཡི་བྱ་བྱེད་ཟེར་བ་དེ་རེད།
- བྱ་བ་དང་བྱེད་པ་རེད།
- ཅི་ལྟར་འབྲི་བ།
- དེ་ཡིན་རྒྱུ་ན་སྤྱིར་བོད་ཀྱི་རྩོམ་རིག་ལ་མཚོན་རྒྱུ་ན།
- ད་ང་ཚོའི་རྩོམ་རིག་གསར་བ་ངོས་ནས།
- བརྩམས་སྒྲུང་གསར་བ་ཡི་ངོས་ནས་བཤད་ན།
- མི་སྣ་ཡི་བྱ་བྱེད་འབྲི་བ་འདི་མང་གི
- ངས་བལྟ་རྒྱུ་ན་དེ་རེད།
- བོད་ཀྱི་རྩོམ་རིག་གསར་བ་ལ་མཚོན་རྒྱུ་ན།
- རྩོམ་འབྲི་ཚུལ་ཀྱི་སྟེང་ན་མཐོ་བརྒལ་ཞིག་ཡོད་ན།
- གང་ན་མཐོ་བརྒལ་བྱས་ཡོད་ཟེར་ན།
- བོད་ཀྱི་སྲོལ་རྒྱུན་བརྩམས་སྒྲུང་དེས།
- མི་སྣ་ཡི་ཁ་བརྡ་དེ་གཙོ་བོ་བྱས་པ་རེད།
- འོ་ན་བོད་ཀྱི་རྩོམ་རིག་གསར་བ་དེ།
- གང་ནས་མཐོ་བརྒལ་བྱས་བ་ཡིན་ཟེར་ན།
- ཁ་བརྡ་ཇེ་ཉུང་དུ་བཏང་ནས།
- བྱ་བྱེད་ཇེ་མང་དུ་བཏང་བ།
- དཔེ་འཇོག་རྒྱུ་ན་དོན་གྲུབ་རྒྱལ་གྱི་རྩོམ་རེད།
- དོན་གྲུབ་རྒྱལ་གྱི་རྩོམ་ལྟ་བུ།
- དེའི་ནང་དེ་ན་ཡིན་རྒྱུ་ན་བྱ་བྱེད་མང་གི
- ཨོ་་་དེ་ནས་བྱ་བ་ཅི་ཞིག་བྱས་པ་དང་།
- བྱ་བ་དེ་བྱེད་ན་ཅི་ལྟར་བྱེད་བཞིན་ཡོད་པ།
- ཨོ་ཡ་་དེའི་སྐོར་དེ་ནས་ཡིན་རྒྱུ་ན།
- མ་གཞི་ནས་སྤྱིར་བཏང་གིས་བཤད་རྒྱུ་ན།
- ཇེ་མང་དུ་སོང་ཡོད་པ།
- འོན་ཀྱང་ཇེ་མང་དུ་སོང་ཡོད་པ་དེ་ཡང་ཅི་རེད་ཟེར་ན།
- སྐད་ཆ་མདོར་བསྡུས།
- སྐད་ཆ་ཉུང་བསྡུས་ཀྱི་སྒོ་ནས།
- བྱ་བྱེད་འབྲི་ཐུབ་ཀྱིན་ཡོད་དམ་མེད་ཟེར་ན་མེད་ཟེར་བ་རེད།
- སྐད་ཆ་དེ་ཅུང་ཙམ་ཞིག་ངེས་དགོས་པ།
- སྐད་ཆ་དེ་དོན་ལ་བལྟས་ན་མང་ཡོད་པའི་སྐྱོན་ཡོད་པ།
- འདི་ཅི་རེད་ཟེར་ན།
- སྐད་ཆ་ཡི་ཞན་དུ་བརྩིས་པའི་ནང་གི་གནད་དོན་གཅིག་རེད།
- ཁྱོད་ཀྱིས་ཡིན་རྒྱུ་ན་དེ།
- བྱ་བ་ཞིག་བྱེད་པ་དེ་ཡིན་རྒྱུ་ན།
- དངོས་ནས་སྐད་ཆ་ཉུང་བསྡུས་ཀྱི་སྒོ་ནས་འབྲི་རྒྱུ་འདི་ལ་སྦྱོང་བ་བྱེད་དགོས་པ།
- དེ་གང་རེད།
- ཕྱི་གླིང་བའི་རྩོམ་པ་པོ་ཞིག་གིས་སྐད་ཆ་དེ་བཤད་ཡོད་པ་རེད།
- ཁོས་རྩོམ་ཞིག་བྲིས་ན་ཆད་ལྷག་མེད་པ།
- སྐད་ཆ་གཅིག་བཤད་ན་མང་འགྲོ་བ་དང་།
- གཅིག་བླངས་ན་ཉུང་འགྲོ་བ་དང་།
- དེ་འདྲའི་མང་ཉུང་རན་པ་ཞིག་གི་སྒོ་ནས་འབྲི་རྒྱུ།
- མོ་པོ་སང་རེད་དམ་ཡང་ན་ཧོ་ལི་པེ་རེད།
- དེ་གཉིས་ཀྱི་ནང་ནས་གཅིག་གིས་སྐད་ཆ་དེ་འདྲ་ཞིག་བཤད་ཡོད་པ་རེད།
- ཨོ་ཡ་་་དེ་ལྟ་བུ་རེད།
- དེ་ན་གང་ལྟར་ཀྱང་ང་ཚོས་སྤྱིར་བཤད་ན་དེ་རེད།
- ང་ཚོའི་རྩོམ་རིག་གི་ལྟ་བ་ཡི་སྟེང་དེ་ན།
- བརྩམས་སྒྲུང་ཟེར་བ་དེ།
- མི་སྣ་ཡི་སྣང་བསྙན་འབྲི་བ་རེད།
- བྱེ་བྲག་ཡིན་དགོས་པ་རེད།
- ཞིབ་ཏུ་འབྲི་དགོས་པ་རེད་ཟེར་བའི་གོ་བ་ཡི་ཆ་དེ་ནས།
- ཞིབ་ཏུ་འབྲི་དགོས་ན་ཅི་ལྟར་འབྲི་དགོས་ཟེར་ན།
- ཨོ་ཡ་་་བྱ་བྱེད་དེ་ཡང་།
- མགོ་ནས་འདི་དང་དེ་ནས་འདི་དེ་ནས་འདི་ཟེར་ནས།
- བྱ་བྱེད་ཞིབ་འབྲི་ཡི་ཆ་དེ་ན།
- ང་ཚོར་འདུ་ཤེས་ཀྱང་ཡོད་པ་རེད།
- འོན་ཀྱང་ཡོད་མོད།
- ད་རུང་ཁོའི་ཡིན་རྒྱུ་ན།
- ཉུང་བསྡུས་ཅི་འདྲ་བཤད་ཀྱང་ཆོག
- ཁོའི་ནང་ན་སྐད་ཆ་མང་ནས།
- བརྗོད་བྱ།
- བསྟན་དོན་ལ་བལྟས་ན།
- སྐད་ཆ་དེ་ཅུང་ཙམ་མང་ཡོད་པ།
- ཡིག་ཚོགས་མང་ཡོད་པའི།
- གནད་དོན་དེ་ཡོད་པ་རེད།
- དེའི་བར་དེ་ནས་གོང་ནས་བཤད་པ་དེ་རེད།
- མི་སྣ་ཡི་གཟུགས་བྱད་ཞིབ་འབྲི་ཡིན་ན།
- ཁ་བརྡ་ཞིབ་འབྲི་ཡིན་ན།
- བྱ་བྱེད་ཞིབ་འབྲི།
- གང་དང་གང་ཞིག་ཡིན་ནའང་།
- སྐད་ཆ་ཉུང་ཉུང་ཞིག་གིས་སྒོ་ནས་ཡིན་རྒྱུ་ན།
- རང་གི་བསྟན་དོན་དེ་རྒྱས་བར་བཤད་ཐུབ་པ་དེ་ཡིན།
- དེ་ཡི་ཕྱོགས་ནས་སྦྱོང་བརྡར་བྱེད་དགོས།
- འོ་ན་སྦྱོང་བརྡར་བྱེད་དུས་གོང་ནས་བཤད་པའི།
- བྱ་བྱེད་ཞིབ་འབྲི་ཡི་སྐོར་དེ་ནས།
- སྤྱིར་ན་མང་པོ་ཞིག་བཤད་མི་དགོས།
- དེ་ཡིན་རྒྱུ་ན་རྩོམ་རིག་གཞུང་ལུགས་ཀྱི་སྟེང་ན་མཐོང་རྒྱུ་མང་གི
- གི་ཡི་ནང་ན་བཤད་ཡོད་པ་རེད།鲁迅孔乙己
- ཡི་དུང་ཙེ།孔乙己
- ཆང་འཐུང་ནས་དུང་ཙེ་ཡོད་པའི་དུས་སུ།
- དུང་ཙེ་སྟེར་ཟེར་བ་དེ།
- དེའི་ཆ་དེ་ནས་ཡིན་རྒྱུ་ན།
- རྒྱ་ཡིག་ལ་ཟེར་བ་ཞིག་ཡོད་པ།细述
- དེའི་ཆ་དེ་ཇི་མ་ཇི་བཞིན་དུ་མཚོན་ཡོད་པ་རེད་ཅེས་ཟེར་བ་ཡིན།
- དེ་འདྲ་བ་རེད།
- ང་ཚོར་མཚོན་ན་ཡང་དེའི་ཕྱོགས་ལ་འབད་པ་བྱེད་དགོས།
- ཁོཡིན་རྒྱུ་ན་ཕྲ་རབ་ཐུང་ཐུང་ཞིག་གི་ནང་དེ་ནས།
- མི་སྣ་ཡི་བྱ་བྱེད་ཆ་ཚང་ཞིག་འབྲི་ཐུབ་པ།
- དེ་བརྒྱུད་ནས་མི་སྣ་ཁོ་ཡི་གཤིས་ཀ་མཚོན་ཐུབ་པ།
- དེ་ཕ་རོལ་གྱི་ཕ་རོལ་ལ་སོགས་བརྗོད་ཐུབ་པ།
- དེའི་གོ་རིམ་དེ་བརྗོད་པ།
- དེ་མི་སྣ་ཡི་བྱ་བྱེད་རེད།
- དེའི་རྗེས་ནས་མི་སྣ་འབྲི་བའི་སྐབས་སུ་མི་སྣ་ཡི་སེམས་ཁམས་རེད།
- ཨོ་ཡ་་་མི་སྣ་ཡི་སེམས་ཁམས་ད་ནངས་སྔ་དྲོ་ཡང་བཤད་པ་དེ་རེད།
- སེམས་ཁམས་འབྲི་བ་ཟེར་བ་དེ།
- དགའ་བ་དང་སྐྱོ་བ་དེ་འདྲ་ཞིག་མ་རེད།
- སེམས་ཁམས་དེ་མ་གཞི་ནས་ཅི་འདྲ་ཞིག་གི་ངོས་ནས་འབྲི་རྒྱུ་རེད་ཟེར་ན།
- འགལ་འདུ་ཡི་ངོས་ནས་འབྲི་རྒྱུ་རེད།
- གཟེངས་གཏོད་བྱེད་བཞིན་ཡོད།
- ཟེར་བ་རེད།心里辨证法
- ཡིན་ན།心里辨证法
- ཨོ་འདི་ཡང་རེད།
- འོན་ཀྱང་དེ་དང་འགལ་བའི་བསམ་པ་ཞིག་ཀྱང་ཡོད་པ་རེད།
- མ་ཡི་སེམས་པ་དེ་མ་གཞི་ནས་ཡིན་རྒྱུ་ན།
- འགལ་འདུ་ཡི་ནང་ན་ཡོད་པ་རེད།
- འགལ་འདུ་ཡི་ཆ་དེ་ནས།
- མི་སྣ་ཡི་སེམས་ཁམས་མཚོན་པའི་ཆ་ནས་བཤད་རྒྱུ་ན།
- ནུས་པ་གཙོ་བོ་གཅིག་རེད།
- འོ་ན་མི་སྣ་ཡི་སེམས་ཁམས་འབྲི་ན་ཡང་དེ་རེད།
- ཆེས་སྟབས་བདེ་ཡི་འབྲི་ཚུལ་ཅི་རེད་ཟེར་ན་ཆིག་ལབ་རེད།
- དངོས་སུ་མི་དེ་་དྲན་དང་ཐལ།
- དྲན་དང་ཐལ།
- རང་གི་སེམས་ན་དྲན་པ་དེ་ཇི་མ་ཇི་བཞིན་དུ་འབྲི་བ།
- དེ་སྤྱིར་བཏང་གི་སྟབས་བདེ་ཡིན་མོད།
- ང་ཚོར་མཚོན་རྒྱུ་ན་གནད་དོན་གཙོ་བོ་གང་ན་ཡོད་ཟེར་ན།
- སེམས་ཁམས་དེ་མ་གཞི་ནས་སྟབས་བདེ་ཅན་དུ་བྱས་པ།
- དགའ་བ་སྐྱོ་བ་སྟབས་བདེ་ཅན་དུ་བྱས་བ།
- དེ་འདྲ་ཞིག་ལ་ང་དགའ་བ་དང་ང་སྐྱོ་བ་ཞེས་བྲིས་ན།
- རྩོམ་རིག་གི་ནུས་བ།
- རྩོམ་རིག་གི་མཛེས་བ་ཡིན་མིན་ཡང་མི་ཤེས་པ་རེད།
- ཁྱོད་ཀྱིས་ཆིག་ལབ་ཟེར་བའི་དུས་སུ་གཙོ་བོ་ཅི་རེད་ཟེར་ན།
- མི་སྣ་ཁོ་ཡི་སེམས་ཁམས་དེ་ཆིག་ལབ་ཀྱི་ཚུལ་དུ།
- ཡི་ཚུལ་དུ་འབྲི་བའི་སྐབས་སུ།独白
- ཁོ་བོའི་སེམས་ཁམས་དེ་མ་གཞི་ནས།
- འགལ་འདུ་ཡི་ནང་ན་ཡོད་པ།
- དེ་ཡིན་རྒྱུ་ན་འབྲི་རྒྱུ་གཅིག་ཡིན།
- ཆིག་ལབ་ཀྱི་རྣམ་པ་རེད།
- ད་གཅིག་ཅི་རེད་ཟེར་ན།
- སེམས་ཁམས་འབྲི་བའི་དུས་སུ་ཅི་རེད་ཟེར་ན།
- ཐད་ཀར་དུ་འབྲི་རྒྱུ་མ་རེད།
- ཅི་རེད་ཟེར་ན།
- ཕྱི་རོལ་གྱི་ལྗོངས་བཅོས་ནས།
- མི་སྣ་ཡི་སེམས་ཁམས་དེ་ཟུར་གྱིས་མཚོན་པ།
- འདི་ཡིན་རྒྱུ་ན་སྤྱིར་འབྲི་ཚུལ་བཟང་བོ་དེ་རེད།
- རྩོམ་གྱིས་མི་སྣ་ཞིག་གི་སེམས་ཁམས་ཇི་མ་ཇི་བཞིན་དུ་འབྲི་བ་དེ་ནི།
- བརྩམས་སྒྲུང་གི་ཡིན་རྒྱུ་ན།
- ཚད་ཐིག་མཐོ་ས་ཞིག་ལ་ཐོན་ན་འདི་ཁས་མི་ལེན་པ་ཞིག་རེད།
- དེའི་རྒྱུ་མཚན་ཅི་རེད་ཟེར་ན།
- གཙོ་བོ་དེ་ཡི་ཟེར་བ་རེད།叙事视角
- ལྷུག་བརྗོད་ཀྱི་མཐོང་གནས་ཟེར་བ་རེད།
- དེའི་ངོས་ནས་བཤད་རྒྱུ་རེད།
- དཔེ་འཇོག་རྒྱུ་ན།
- ཁྱོད་ཀྱིས་མི་སྣ་གཞན་པ་ཞིག་གི་སེམས་ཁམས་འབྲི་ན།
- དེ་རིང་སང་ཉིན་ཅི་ཟེར་བ་རེད་ཟེར་ན།
- ཁྱོད་ཀྱིས་མི་སྣ་དེ་ཡི་སེམས་ཁམས་ལ།
- དེ་ལྟར་དུ་དྲན་བཞིན་པ་ཅི་ལྟར་དུ་ཤེས་པ་ཡིན།
- ཁྱོད་ཀྱིས་མི་སྣ་དང་པོ་ཞིག་གིས།
- མི་སྣ་གསུམ་པ་ཞིག་གི་སེམས་ཁམས་བྲིས་ན།
- ཁྱོད་འབྲི་མཁན་པ་དེ་ཅིའདྲ་ཞིག་ཏུ་ལོག་ཡོད་ཟེར་ན།
- གི་ཡིན་ཟེར་བ་རེད།全知全能叙述者
- དེ་ཡིན་རྒྱུ་ན་ཁསདེ་འདྲ་ལེན་པ་མ་རེད།
- དེ་ཡིན་པའི་སྟབས་ཀྱིས།
- ཁྱོད་ཀྱིས་མི་སྣ་འདིའི་སེམས་ན་འདི་དྲན་དང་ཐལ།
- འདི་དྲན་དང་ཐལ་ཟེར་ནས།
- སྐད་ཆ་དེ་ཐད་ཀར་དུ་བྲིས་ནས་སོང་ན།
- དེ་རིང་སང་ཉིན་ཡིན་རྒྱུ་ན།
- སྐྱོན་འབྱུང་བ་རེད།
- རེད་མོད་ཡིན་ཡང་བོད་ལ་མཚོན་རྒྱུ་ན་ད་རུང་སྐྱོན་འབྱུང་བའི་ཚད་མ་རེད།
- སྤྱིར་ན་མི་སྣ་གསུམ་པ་ཡི་སེམས་ཁམས་དེ།
- ཞིབ་རྒྱས་ཤིག་འབྲི་ཐུབ་ཀྱིན་མེད་པ།
- དེའི་གནས་སྐབས་དེ་ནས་ཡིན་རྒྱུ་ན།
- ཐོག་མར་གོང་ནས་བཤད་པ།
- མི་སྣ་འདིའི་སེམས་ན་འདི་དྲན་པ་རེད།
- ཁྱོད་ཁོ་ཡི་ཁོག་ལ་ཞུགས་པ་ལྟར་བྲིས་ན་ཡང་ཆོག་པ་རེད།
- ཨོ་ཡ་་་ཆོག་ཆོག་པ་རེད།
- འོན་ཀྱང་དེའི་རྗེས་ནས་ང་ཚོས་ཤེས་དགོས་པ་ཅི་རེད་ཟེར་ན།
- དེ་ཕན་ཆད་ན་ད་རུང་འབྲི་ཚུལ་ཡོད་པ་རེད།
- ཨོ་ཡ་་མི་སྣ་ཡི་སེམས་ཁམས་དེ།
- ཕྱི་རོལ་གྱི་ལྗོངས་འབྲི་བ།
- ཨོ་ཡ་་་འདི་འདྲའི་སྒོ་ནས་ཟུར་གྱིས་མཚོན་པ།
- འདིའི་སྒོ་ནས་འབྲི་རྒྱུ།
- འདིའི་ཕྱོགས་ལ་ང་ཚོར་སྦྱོང་བརྡར་ཐོབ་དགོས།
- ད་ནངས་ཀྱང་བཤད་པ་དེ་རེད།
- སྤྱིར་ལྗོངས་འབྲི་བ་ཟེར་བ་དེ་ཁོ་རང་ཉིད་དམིགས་ཡུལ་མ་རེད།
- ང་ཚོའི་ཡུལ་ལྗོངས་ཞིབ་འབྲི་ཟེར་བའི་དུས་སུ།
- གོ་དོན་འཇོག་པའི་དུས་སུའང་འདི་ཟེར་བ་རེད།
- མཐར་བལྟས་ན་མི་ལུས་སེམས་ཁམས་མཚོན་པ་ལ།
- རམ་འདེགས་ཀྱི་ནུས་བ་ཐོན་པ་དེ་ཟེར་བ་རེད།
- དེ་ཡི་སྟབས་ཀྱིས་ལྗོངས་གང་ཞིག་བྲིས་ན་ཡང་།
- ལྗོངས་རང་ངོས་ནས་འབྲི་རྒྱུ་ཞིག་མ་རེད།
- དེ་ཡིན་རྒྱུ་ན་མི་སྣ་ཡི་སེམས་ཁམས་དང་འགྲོགས་ནས་བསྡད་དེ།
- མི་སྣ་ཡི་སེམས་ཁམས་མཚོན་ཐུབ་པ།
- དེ་འདྲའི་ལྗོངས་ཤིག་ཡིན་དགོས་པ་རེད།
- དེའི་བར་དེ་ན་བོད་ཀྱི་རྩོམ་རིག་གསར་བ་ཡི་སྟེང་ན།
- དཔེ་འཇོག་རྒྱུ་ན་ཡོད་པ་རེད།
- དོམ་གྲུབ་རྒྱལ་གྱི་སད་ཀྱིས་བཅོམ་པའི་མེ་ཏོག་གི་ནང་ན།
- དེ་ལྟ་བུའི་སྐྱོན་ཟེར་ན་ཆོག་གི
- དེ་འདྲ་བྱུང་ཡོད་པ་རེད།
- དཔེ་འཇོག་རྒྱུ་ན་ལྷ་སྐྱིད་དེ།
- སྐུ་འབུམ་ལ་སོང་ནས་དོན་དག་བྱུང་བ་རེད།
- དོན་དག་བྱུང་བའི་དགོང་མོ་དེར།
- ཨ་ནེ་ཇོ་མོ་ཞིག་གིས་མོ་སྐྱབས་ནས་ཟི་ལིང་ལ་ཡོང་ནས།
- སང་ཉིན་ནངས་མོར་ལྷ་སྐྱིད་ད་ཅི་རེད་ཟེར་ན།
- འཁོར་བ་ལ་ཞེན་པ་ལོག་ནས།
- ཇོ་མོ་བཅའ་རྒྱུ་ཡིན་ཟེར་ནས།
- སང་ཉིན་ནངས་མོར་བླ་བྲང་ལ་འགྲོ་རྒྱུ་བྱས་ནས།
- དེའི་གནས་སྐབས་དེ་ནས་རྩོམ་པ་པོ་ཡིས།
- ཟི་ལིང་གི་ཞོགས་པ་དེ་བྲིས་ཡོད་པ།
- འོ་ན་ཁོ་ཡིས་ཅི་ལྟར་བྲིས་ཡོད་ཟེར་ན།
- དགོང་ཨ་སྔོན་སྔོ་ཞིང་དྭངས་བ།
- མཚམས་སྤྲིན་དམར་པོ་ཡོད་པ།
- གཞུང་ལམ་གྱི་སྟེང་ན།
- རླངས་འཁོར་གྱི་དུང་སྒྲ་སིང་སིང་སྒྲོག་བཞིན་ཡོད་པ།
- དེ་རྗེས་ནས་ཡིན་རྒྱུ་ན།
- ཟི་ལིང་གི་ཙོང་ཆུ་དར་བ་རིང་མོ་ནི།
- ཆབ་རོམ་གྱི་སྦུབས་ན་སྔུར་བ་འཐེན་བཞིན་ཡོད་པ།
- དཔེ་འཇོག་རྒྱུ་ན་སྐད་ཆ་དེ་འདྲ་འགའ་ཞིག་གིས།
- སྔ་མོའི་རྣམ་པ་དེ་བྲིས་ཡོད་པ།
- ཁྱོད་ཚོས་དེ་ལ་འདང་བརྒྱབ་ན་ཧ་གོ་ཐུབ་པ་རེད།
- ཁོ་ཡི་སྔ་མོའི་ཞོགས་པ་ཡི་ལྗོངས་དེ་བྲིས་ཡོད་ཟེར་ན་ཆོག
- ཞིབ་འབྲི་བྱས་ཡོད་ཟེར་ན་ཡང་ཆོག་གི
- འོ་ན་ཁོ་ཡིས་ཞིབ་འབྲི་བྱས་པ་དེ་ཅི་འདྲ་ཞིག་རེད་ཟེར་ན།
- ཨོ་ཡ་་མི་སྣ་ཡི་སེམས་ཁམས་མཚོན་པའི་ཞིབ་འབྲི་ཞིག་མ་རེད།
- རེད་ལ་་་དེ་ཁྱེད་ཚོས་བལྟས་ན་ཤེས་བ་རེད།
- ལྷ་སྐྱིད་ཀྱི་སེམས་པ་དེ།
- འཁོར་བ་ལ་ཞེན་པ་ལོག་ནས་ཇོ་མོ་བཅའ་རྒྱུ་ཟེར་བ་རེད།
- དེ་འདྲ་ཞིག་གི་གནས་སྐབས་ཀྱིས།
- ཁྱོད་ཀྱིས་ཡིན་རྒྱུ་ན་ཟི་ལིང་གི་ཞོགས་པ་དེ་འབྲི་ན།
- སྔོ་ཞིང་སིང་ལ་ཟླ་བ་ཡིན་པ།
- གཞུང་ལམ་གྱི་སྟེང་ན།
- རླངས་འཁོར་གྱི་དུང་སྒྲ།
- སིང་སིང་སྒྲོག་བཞིན་ཡོད་པ་ཟེར་བའི་དུས་སུ།
- ཅི་རེད་ཟེར་ན།
- མི་སྣ་ཡི་སེམས་ཁམས་དང་གཉིས་ཀ་འགལ་བ་རེད།
- མི་སྣ་ཡི་སེམས་ཁམས་མཚོན་པ་ལ།
- དེ་རམ་འདེགས་ཀྱི་ནུས་བ།
- ཆེད་རྩོམ་འགལ་བ་རུ་གྱུར་སོང་བ་རེད།
- དེའི་རྒྱུ་མཚན་ང་ཚོས་ཤེས་བ་རེད།
- མི་སྣ་ཞིག་སེམས་སྡུག་གི་ནང་ན་ཡོད་དུས།
- ཕྱི་རོལ་གྱི་ལྗོངས་ལ་བལྟས་ན་ཡང་།
- མ་གཞི་ནས་ཡག་པོ་ཞིག་ཡིན་ན་ཡང་།
- ཁོའི་སེམས་ན་ཡག་པོའི་སྣང་བ་དེ་འཆར་རྒྱུ་མ་རེད།
- དེའི་གནས་སྐབས་དེ་ནས་ཡིན་རྒྱུ་ན།
- ཐ་ན་ཁྱོད་ཀྱིས་སྔ་མོའི་ཞོགས་པ་དེ།
- ངོ་མས་དེ་ལྟ་བུ་ཞིག་ཡིན་ན་ཡང་།
- རྩོམ་པ་པོ་ཡི་ཅི་རེད་ཟེར་ན།
- ཕྱི་རོལ་གྱི་ལྗོངས་ལ་བསྟུན་དགོས་པ་མ་རེད།
- གང་ལ་བསྟུན་དགོས་པ་རེད་ཟེར་ན།
- མི་སྣ་ལ་བསྟུན་དགོས་པ་རེད།
- མི་སྣ་ཡི་སེམས་པ་བལྟས་ནས་ཕྱི་རོལ་གྱི་ལྗོངས་ཤིག་འབྲི་རྒྱུ་རེད།
- དེ་བོད་ལ་མཚོན་རྒྱུ་ན།
- ཤིན་ཏུ་མཉམ་འཇོག་དགོས་པ་ཞིག་རེད།
- ལྗོངས་དེ་ཡིན་རྒྱུ་ན།
- ཁྱོད་ཀྱིས་ཡིན་རྒྱུ་ན།
- སྤྱིར་བཏང་གིས་ང་ས་ཆ་དེར་སོང་དུས།
- རྩྭ་ཐང་དེ་ཡག་པོ་ཞིག་ཡིན་ཞེས་བཤད་ནས།
- ཚོད་ཚོད་མེད་ལ་རྩྭ་ཐང་གི་རྣམ་པ་དེ་ཡིན་རྒྱུ་ན།
- མི་སྣ་ཞིག་ཡི་ཁོར་ཡུག་ལ་མ་བལྟས་བར།
- དེ་ལྟར་བྲིས་ན་དེ་སྐྱོན་ཆ་ཆེན་པོ་ཞིག་རེད་ཟེར་བ་རེད།
- ཁོར་ཡུག་དེ་མི་སྣ་ཡི་སེམས་ཁམས་ལ་འགྲོགས་ཏེ།
- འགྱུར་ལྡོག་འབྱུང་བཞིན་ཡོད་པ།
- འགྱུར་ལྡོག་འབྱུང་དགོས་བ་ཞིག་ཡིན་པ་རེད།
- དེ་ཡིན་པའི་སྟབས་ཀྱིས་ང་ཚོའི་འདི་ནས་བཤད་པ།
- མི་སྣ་ཡི་སེམས་ཁམས་འབྲི་བའི་སྐབས་སུ།
- གོང་ནས་བཤད་པ་དེ་རེད།
- གཙོ་བོ་ཁོའི་ཆིག་ལབ་ཀྱི་ཚུལ་དུ་འབྲི་རྒྱུ་ཡང་ཡོད།
- ཡང་ན་ཡིན་རྒྱུ་ན་ཁ་བརྡ་ཡི་ཚུལ་དུ་འབྲི་རྒྱུ་ཡང་ཡོད།
- རབ་ཡིན་ན་ཅི་རེད་ཟེར་ན།
- བརྩམས་སྒྲུང་གི་སྦྱོང་བ་ཡི་ངོས་ནས་བཤད་རྒྱུ་ན།
- ང་ཚོའི་ཕྱི་རོལ་གྱི་ལྗོངས་འབྲི་བ་བརྒྱུད་དེ།
- མི་སྣ་ཡི་སེམས་ཁམས་སྟོན་པ་དང་།
- ཡང་ན་ཅི་རེད་ཟེར་ན།
- མི་སྣ་ཡི་སེམས་ཁམས་ཀྱི་ཡིན་རྒྱུ་ན།
- འགན་འདུ་ཡི་ཆ་དེ་ཇི་མ་ཇི་བཞིན་དུ་ཁྱོད་འབྲི་རྒྱུ།
- འདིའི་ཕྱོགས་ལ་སྦྱོང་བ་བྱེད་དགོས།