20 May 2013
29 min 46 sec
Video Overview
Creators:
Gangri Pumo, Drangchar
This is the first part of a lecture on literature by Professor Dülhagyel at the First Young Tibetan Women's Literature Training in Trika, Qinghai Province. Professor Dülhagyel teaches at Northwest University for Nationalities.
- Triga
- ཡ་ད་ངས་འཆད་ཁྲིད་ཀྱི་བཀོད་སྒྲིག
- སྔ་དྲོ་རྩོམ་རིག་གི་ལྟ་བའི་ཕྱོགས་ནས་བཤད་རྒྱུ་ཡིན།
- ཕྱི་དྲོ་ཅུང་ཙམ་གསར་རྩོམ་གྱི་ཕྱོགས་ནས་བཤད་རྒྱུ།
- བཀོད་སྒྲིག་སྤྱིར་དེ་འདྲ་ཞིག་ཡིན།
- སང་ཉིན་སྔ་དྲོ་ད་རུང་དུས་ཚོད་ཡོད་ཀི་ཟེར།
- དེ་ཡིན་ན་དེ་ང་ཚོས་རྗེས་སུ་ད་དུང་གྲོས་བྱས་ནའང་ཆོག
- གཞན་པ་སྙན་ངག་གི་ཕྱོགས་ནས་བཤད་ན་ཡང་ཆོག
- སང་ཉིན།
- དེ་ན་དེ་རིང་སྔ་དྲོ་བཤད་རྒྱུའི་རྩོམ་རིག་གི་ལྟ་བ་ཟེར་བ་འདི།
- བཤད་དགོས་པའི་རྒྱུ་མཚན་ཅི་རེད་ཟེར་ན།
- ངས་བལྟ་རྒྱུ་ན་འདི་ད་ལྟའི་བོད་ལ་མཚོན་ན།
- རྩོམ་རིག་གི་ལྟ་བ་ཡི་ཕྱོགས་འདི་ནས་མང་པོ་ཞིག་བཤད་དེ།
- འདིའི་ཕྱོགས་ཀྱི་ཤེས་བྱ་མང་པོ་ཞིག་ཤེས་ན་འགྲིག་གི་བསམ་གི
- དེའི་རྒྱུ་མཚན་ཅི་རེད་ཟེར་ན།
- བོད་ཀྱི་རྩོམ་རིག་གསར་བ་ཟེར་གི་ཡོད་པ་རེད།
- སྔར་ཡིན་ན་སྤྱི་ལོ༡༩༨༠ཡི་ཚུན་ཆད་དུ་བོད་ལ་དར་བའི་རྩོམ་རིག
- འདི་མིང་ལ་རྩོམ་རིག་གསར་བ་ཞེས་བཤད་པ་རེད།
- དེ་ན་རྩོམ་རིག་གསར་བ་འདི་དར་ནས་ད་བར་དུ།
- ལོ་ངོ་སུམ་ཅུ་ཐམ་པའི་ལོ་རྒྱུས་ཡོད་ཀི
- བོད་ཀྱི་རྩོམ་རིག་ལ་བལྟས་ནས་སོང་ན་ལོ་ངོ་སུམ་ཅུ་ཐམ་པའི་རིང་འདིར།
- གྲུབ་འབྲས་ཆེན་པོ་ཞིག་བླངས་ཡོད་ཀི
- དེ་ལ་འཕེལ་རྒྱས་ཡང་ཡོད་ཀི
- ཡིན་ནའང་ལོ་སུམ་ཅུ་ཐམ་པ་འགོར་ནས་ད་ལྟའི་དུས་ཚོད་འདིར་ཐོན་དུས།
- འཕེལ་རྒྱས་ཀྱི་འགག་སྒོ་ཞིག་ལ་ཐུག་བསྡད་འདུག
- དེའི་རྒྱུ་མཚན་ཅི་རེད་ཟེར་ན།
- བོད་ཀྱི་རྩོམ་རིག་འདི།
- ང་ཚོའི་སྔོན་གྱི་རྩོམ་རིག་གི་ལྟ་བ་ལ་མཚོན་ན།
- རྩོམ་རིག་གི་ལྟ་བ་དེ་ཅུང་ཟད་བདེ་ཐང་ཟེར་ནའང་ཆོག་གི
- ཆ་ཚང་ཟེར་ནའང་ཆོག་གི
- འདི་འདྲ་ཞིག་གི་འོག་ནས།
- བོད་ལ་རྩོམ་རིག་ལྟ་བ་ཆགས་པ་དེ་འདྲ་ཞིག་མ་རེད།
- བོད་ལ་རྩོམ་རིག་དར་བ་དང་མཉམ་དུ།
- ང་ཚོའི་བོད་ལ་ཡང་རྩོམ་རིག་གི་ལྟ་བ་ཞིག་ཆགས་ཡོད་པ་རེད།
- རྩོམ་རིག་ཟེར་བ་འདི་འདྲ་ཞིག་ཡིན་དགོས་སྙམ་པའི།
- རྩོམ་རིག་གི་ལྟ་བ་ཞིག་ཆགས་ཡོད་པ་རེད།
- ཡིན་ན་ཡང་བོད་ཀྱི་རྩོམ་རིག་གི་ལྟ་བ་དེ་ཆགས་པའི།
- དུས་ཚོད་ཀྱི་ཁོར་ཡུག་གི་ངོས་ནས་བཤད་ན།
- དེའི་ཁོར་ཡུག་དེ་ཁོར་ཡུག་གུ་ཡངས་པ་ཞིག་མ་རེད།
- རྒྱུ་མཚན་གཙོ་བོ་ཅི་རེད་ཟེར་ན།
- ཆབ་སྲིད་ཀྱིས་ཡོད་ཚད་ལ་དབང་བསྒྱུར་བ་དང་།
- ཡང་ན་ཆབ་སྲིད་ཀྱི་ལྟ་བ་ཤེད་ཆེན་པོར་བཟུང་ནས།
- རྩོམ་རིག་གི་འོག་ན་འཁོར་བཞིན་པའི།
- དེ་འདྲའི་རྩོམ་རིག་རང་ལ་ཁེར་རྐྱང་གི་གོ་ས་མེད་པ།
- འདི་འདྲའི་དུས་རབས་ཤིག་གི་འོག་ནས།
- བོད་ལ་རྩོམ་རིག་གི་ལྟ་བ་ཆགས་སོང་བ་རེད།
- བོད་ཀྱི་རྩོམ་རིག་གི་ལྟ་བ་ཐོག་མར་ཆགས་པའི་དུས་ཚོད་དེ།
- དུས་ཚོད་བཟང་བ་ཞིག་མ་རེད།
- དུས་ཚོད་བདེ་ཐང་ཞིག་མ་རེད།
- དེ་ང་ཚོས་ད་རུང་རྗེས་ནས་བཤད་ན་ཆོག་གི།
- ཨོ་ཡ་་་རྗེས་ནས་ཅུང་ཟད་བཤད་དགོས་པ་རེད།
- དེས་ན་དེའི་བར་གྱི་རྩོམ་རིག་གི་ལྟ་བ་གཙོ་བོ།
- ཅི་འདྲ་ཞིག་གི་ལོག་ནས་བསྡད་ཡོད་གི་ཞེ་ན།
- རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་དགོས།
- དེ་རྩོམ་རིག་གི་ལྟ་བ་གཙོ་བོ་རེད།
- ད་ལྟ་ཡིན་ནཡང་དེ་རེད།
- མང་པོ་ཞིག་གིས་སེམས་ན་དྲན་པ་ཡིན་རྒྱུ་ན།
- བོད་ཀྱི་རྩོམ་རིག་ཟེར་བ་དེ་ཡིས་ཅི་བྱེད་དགོས་པ་རེད་ཅེ་ན།
- བོད་ལ་ཞབས་འདེགས་ཞུ་དགོས་ཟེར་བ་དེ་རེད།
- སྐད་ཆ་དེ་འགྲིག་པ་ཡིན་མོད།
- དེའི་ནང་དོན་ལ་ཅི་ཡོད་ཟེར་ན།
- རྩོམ་རིག་རང་ཉིད་ལ་མཚོན་ན་ཕལ་བའི་གནས་སུ་བཞག་ཡོད་པ་རེད།
- རྩོམ་རིག་རང་གིས་ཅི་ཞིག་བྱེད་བཞིན་ཡོད་ཅེ་ན།
- སྤྱི་ཚོགས་ཀྱི་དོན་དག་ཅི་རེད་དེ་རྩོམ་རིག་གིས་བཤད་བཞིན་ཡོད།
- དེ་ལྟར་ཡིན་ན།
- རྩོམ་རིག་དང་སྤྱི་ཚོགས་ཀྱི་བར་དེ་ན།
- གཙོ་ཕལ་གྱི་ཁྱད་པར་དང་།
- ཡང་ན་ཞབས་འདེགས་ཞུ་ཡུལ་དང་།
- ཞབས་འདེགས་ཞུ་བྱེད་ཀྱི་དེ་འདྲའི་རྣམ་པ་ཞིག་གྲུབ་ཡོད།
- དེ་ཡིན་པའི་རྐྱེན་གྱིས།
- རྩོམ་རིག་རང་ཉིད་རང་གིས་རང་ལ་རང་རྐྱ་འཕེལ་བའི་གོ་ས་དེ་མེད་པ།
- དེ་འདྲའི་རྩོམ་རིག་གི་ལྟ་བ་དེ་ང་ཚོ་ལ་ཆགས་ཡོད་པ་རེད།
- ལོ་རབས་བརྒྱད་བཅུ་བ་ནས་བཟུང་དེའི་ལྟ་བ་དེ་ཆགས་ཡོད་པ་རེད།
- འོ་ན་དེ་ལྟ་བུའི་རྩོམ་རིག་གི་ལྟ་བ་དེ་བཤད་རྒྱུ་ན།
- ད་ལྟའི་རྩོམ་རིག་འདི་ལ།
- སྙན་ངག་གིས་བཟུང་ན་ཆོག་གི
- བརྩམས་སྒྲུང་གིས་བཟུང་ན་ཆོག་གི
- ངས་བལྟས་ན་འཕེལ་རྒྱས་ཀྱི་རྩེ་མོར་ཐོན་ཡོད།
- རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་དགོས་པ་དང་།
- རྩོམ་རིག་རང་ཉིད་ལག་ཆ་ཞིག་ཡིན་དགོས་པ་འདིའི་སྒོ་ནས་བཤད་རྒྱུ་ན།
- བོད་ཀྱི་རྩོམ་རིག་གིས་ལོ་ངོ་སུམ་བཅུ་ཐམ་པ་འདིའི་ནང་འདིར།
- གྲུབ་འབྲས་ཆེན་པོ་བླངས་ནས།
- ད་ཡང་བསྐྱར་ཡན་ཆད་ན་འཕེལ་རྒྱས་མེད་པ་ཞིག་གི་ཚད་ལ་ཐོན་ཡོད་གི
- འོ་ན་འདི་དོན་གྱིས་འཕེལ་རྒྱས་ངོ་མ་ཞིག་མ་རེད།
- འོ་ཡ་་་ང་ཚོས་བཤད་པའི་འཕེལ་རྒྱས་ཀྱི་རྩེར་སོན་ཡོད་པ་ཞེས་ཟེར་མོད།
- འདི་ཅི་རེད་ཟེར་ན།
- རྩོམ་རིག་གི་འཕེལ་རྒྱས་ཀྱི་རྩེར་སོན་པ་ཞིག་མ་རེད།
- རྩོམ་རིག་གི་ལྟ་བ་དེ་བདེ་ཐང་མ་ཡིན་པའི།
- རྩོམ་རིག་གི་ངོས་ནས་གཤད་རྒྱུ་ན་རྩེར་སོན་པ་ཞིག་རེད།
- དེས་ན་བོད་ཀྱི་རྩོམ་རིག་དེ་འཕེལ་རྒྱས་འགྲོ་དགོས་ན།
- ཁོའི་མཐོ་བརྒལ་བྱེད་ས་དེ་གང་ན་ཡོད་པ་རེད་ཅེ་ན།
- ངས་བལྟ་རྒྱུ་ན་རྩོམ་རིག་གི་ལྟ་བའི་ཕྱོགས་འདི་ནས།
- སྐད་ཆ་མང་པོ་ཞིག་བཤད་པ་དང་།
- ཤེས་བྱ་མང་པོ་ཞིག་ཁྱབ་བསྒྲགས་བྱས་ན་འགྲིག་གི
- དེ་ཡིན་པའི་རྐྱེན་གྱིས།
- རྩོམ་རིག་གི་ལྟ་བ་འདི་ད་ལྟ་བཤད་ནས་སོང་ན།
- ཤིན་ཏུ་གལ་ཆེ་བའི་གནད་འགག་ཅིག་ལ་ཐུག་ཡོད་གི
- ཡང་ན་བོད་ཀྱི་རྩོམ་རིག་འཕེལ་རྒྱས་སུ་འགྲོ་དགོས་ན།
- དེའི་རྩ་བ་མང་པོ་ཞིག་ཡོད་ཤས་ཆེ་མོད།
- དེའི་ནང་གི་རྩ་བའི་གནད་དོན་གཅིག་གང་རེད་ཅེ་ན།
- རྩོམ་རིག་གི་ལྟ་བའི་ཕྱོགས་ནས་ཡིན་རྒྱུ་ན།
- བཅིངས་འགྲོལ་ཡིན་ནའང་ཆོག་གི
- ཡང་ན་ཡོ་བསྲང་ཞེས་བཤད་ནའང་ཆོག་གི
- འདི་ཡིན་རྒྱུ་ན་ངེས་པར་དུ་ཐོན་དགོས་པའི་དུས་ཚོད་ལ་ཐོན་ཡོད་གི
- དེ་ཡིན་ན་བོད་ཀྱི་རྩོམ་རིག་ལ་མཚོན་རྒྱུ་ན།
- ངེས་བ་དོན་གྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྐབས་སུ།
- རྩོམ་རིག་རང་ཉིད་རྩོམ་རིག་ཅིག་ཡིན་པ།
- རྩོམ་རིག་རང་ཉིད་ལག་ཆ་ཞིག་མ་ཡིན་པ།
- འདི་ནི་ཆེས་ཤིན་ཏུ་གཙོ་བོ་ཞིག་རེད།
- འདི་ང་ཚོ་བོད་ལ་མཚོན་རྒྱུ་ན།
- འདིའི་ཤན་ཤུགས་ཤིན་ཏུ་ཆེ་བ་ཞིག་རེད།
- ང་ཚོ་བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་རིག་དང་སྲོལ་རྒྱུན་གྱི་བརྩམས་སྒྲུང་ནས་བཟུང་སྟེ།
- རྩོམ་རིག་རང་ཉིད་མ་གཞི་ནས་ཡིན་རྒྱུ་ན།
- རང་གིས་རང་རྐྱ་འཕེལ་བའི་གོ་ས་དེ་བྱུང་མྱོང་ཡོད་པ་མ་རེད།
- དེ་ང་ཚོས་ཤེས་བ་དེ་རེད།
- ནང་བསྟན་གྱི་བརྩམས་སྒྲུང་ཡིན་ན་ཆོག་གི
- སྙན་ངག་ཡིན་ནའང་ཆོག་གི
- གང་ལ་བལྟས་ནས་སོང་ནའང་ཤེས་བ་དེ་རེད།
- ད་ནང་ལ་བལྟས་ནས་སོང་ན།
- རྩོམ་རིག་དེའི་ནང་དོན་དང་རྩོམ་དེའི་བསམ་བློ།
- དེ་བཤད་རྒྱུ་མ་གཏོགས།
- དེ་ཕན་ཆད་ནས་ང་ཚོར་སྒྱུ་རྩལ་གྱི་ཁྱད་ཆོས།
- གཏམ་རྒྱུད་ཀྱི་བྱུང་རིམ་དང་མི་སྣའི་ཕྱོགས་ནས།
- དེ་ཐོག་ནས་ང་ཚོར་གྲུབ་འབྲས་གཅིག་ཀྱང་བརྩི་རྒྱུ་མེད་གི
- དེ་ཡིན་ནའང་གཅིག་རེད།
- རྩོམ་རིག་རང་གིས་བསམ་བློ་གཙོ་བོར་འཛིན་པ་དང་།
- རྩོམ་རིག་གི་བསམ་བློ་དེ་སྤྱི་ཚོགས་ཀྱི་བསམ་བློ་ཡིན་པ་དེ།
- རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་དགོས་པ།
- འདི་འདྲའི་ལྟ་བ་ཡི་ཤན་ཤུགས་དང་།
- ལྟ་བ་ཡི་བག་ཆགས་འདི་མཐུག་པོ་ཞིག་ཡོད་པ་རེད།
- དེ་ཡིན་ན་ང་ཚོར་མཚོན་ན་འདིའི་སྐོར་ནས།
- ཅུང་ཟད་མཐོ་བརྒལ་དང་བཅིང་འགྲོལ་གྱི་ཕྱོགས་འདི་ལ།
- འདང་བརྒྱབ་ན་འགྲིག་པ་ཞིག་རེད།
- དེ་བོད་ཀྱི་རྩོམ་རིག་གི་འཕེལ་རྒྱས་ཀྱི་ཆ་ནས་བཤད་དེ་སོང་ན།
- རྩོམ་རིག་གི་ལྟ་བ་དེ་བཤད་པའི་དགོས་བ་ཆེན་པོ་གཅིག་ཡོད་གི
- ད་གཅིག་ཅི་རེད་ཟེར་ན་ཡང་།
- དེ་རིང་སང་ཉིན་གྱི་དུས་འདིར།
- ལ་ལ་ཞིག་གིས་རྩོམ་རིག་གི་ལྟ་བ་གསར་བ་དེ་བཏོན་ནས་བསྡད་དེ།
- ད་ཅི་ཞིག་ཡིན་པ་རེད་ཟེར་ན།
- རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་ཁུར་ཡོད་པ་མ་རེད་ཟེར།
- དེ་འདྲ་ཟེར་མཁན་ཡང་ཡོད་པ་རེད།
- དེ་ང་ཚོས་བལྟས་ན་དེ་རིང་སང་ཉིན་སྐད་ཆ་བཤད་མཁན་མང་གི
- ཇེ་མང་ནས་ཇེ་མང་རེད།
- སློབ་གྲྭ་ཆེན་མོར་མཚོན་ན་ཡང་དེ་རེད།
- སློབ་མ་ཡི་ནང་ན་ཡང་འདི་ལྟ་བུའི་སྐད་ཆ་བཤད་མཁནཡོད་གི
- རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་ཁུར་མེད་ཟེར་བ།
- ད་དེ་ཁྱོད་ཚོར་མཚོན་རྒྱུ་ནའང་གོ་མྱོང་བརེད་ལ།
- སྐད་ཆ་འདི་གཙོ་བོ་ཡིན་རྒྱུ་ན།
- མི་རབས་གསུམ་པ་ཡི།
- དཔུང་ཁག་དེའི་ནང་ནས་བྱུང་བ་ཡིན་པ་ཁྱེད་ཚོས་ཤེས་པ་དེ་རེད།
- འོ་ན་ད་དེ་རེད།
- གཅིག་་་རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་ཁུར་མེད་དེ་ཟེར་རྒྱུ་རེད།
- ཡ་་་ཡང་དེ་དང་ལྡོག་ཕྱོགས་ན་སྐོར་ཞིག་ལངས་ཏེ་བསྡད་ནས།
- རྩོམ་རིག་གིས་ངེས་པར་དུ་སྤྱི་ཚོགས་ཀྱི།
- སྤྱི་ཚོགས་འགན་ཁུར་རུ་ལེན་དགོས་དེ་ཟེར་བ་རེད།
- དེ་ཡིན་པའི་སྟབས་ཀྱིས་ང་ཚོས་རྩོམ་རིག་གི་གླིང་།
- འདིར་མཚོན་རྒྱུ་ན།
- འདིའི་ནང་འདི་ན་རྩོམ་རིག་གི་ལྟ་བའི་ཕྱོགས་འདི་ན།
- ང་ཚོས་བལྟས་སོང་ན་མཐའ་གཉིས་སུ་ལྷུང་བ།
- དེ་འདྲའི་བལྟ་ཚུལ་ཡོད་པ།
- གཅིག་གིས་ཡིན་རྒྱུ་ན་མཐའ་གཅིག་སུ་བཟུང་ནས་བསྡད་དེ།
- རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་ཁུར་མེད་ཟེར་རྒྱུ་རེད།
- རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་ཁུར་མེད་ཟེར་བ་དེ།
- ང་ཚོས་སྐད་ཆ་གསལ་བོ་བཤད་ན་ཅི་རེད་ཅེ་ན།
- རྩོམ་རིག་གི་བསམ་བློའི་ནང་དོན་དེ་གཙོ་བོ་མ་རེད།
- རྩོམ་རིག་གི་བསམ་བློའི་རང་བཞིན་གཙོ་བོ་མ་རེད།
- རྩོམ་རིག་གི་བསམ་བློར་མ་བརྟེན་ནའང་ཆོག་གི
- དེས་མི་ལ་སྐུལ་མ་གཏོང་རྒྱུ་དང་།
- སྤྱི་ཚོགས་ཀྱི་འགན་འཁྲི་ཡི་འདུ་ཤེས་སྐྱེས་རྒྱུ་ཞིག་ཡིན་ན་ཆོག་གི
- ཡང་ན་མི་གཞི་ཡི་དེ་གསོ་སྐྱོང་ཡིན་ན་ཆོག་གི
- འདི་འདྲའི་དོན་སྙིང་ཅན་གྱི་བསམ་བློ་འདི་ཡིན་རྒྱུ་ན།
- རྩོམ་རིག་གིས་མ་བཤད་ན་ཆོག་གི་ཞེས་ཟེར་བ་དེ་རེད།
- མདོར་ན་དེ་འདྲ་ཞིག་རེད།
- དེ་ཡིན་རྒྱུ་ན་ང་ཚོས་བཤད་པའི་མཐའ་གཅིག་རེད།
- འོ་ན་མཐའ་གཅིག་གང་རེད་ཅེ་ན།
- ང་ཚོས་བཤད་པའི་གོང་གི་རྩོམ་རིག་གི་ལྟ་བ་རྙིང་བ་དེ་རེད་ཅེས་བཤད་ནའང་ཆོག་གི
- བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་རིག་གི་ལྟ་བ་མུ་མཐུད་ནས་བསྡད་དེ།
- ད་གོང་ནས་བཤད་པ་བཞིན།
- རྩོམ་རིག་གིས་སྤྱི་ཚོགས་ལ་འགན་འཁུར་དགོས་ཞེས་བཤད་ནས།
- ཅི་ཞིག་རེད་ཅེ་ན།
- རྩོམ་རིག་གིས་བོད་ཀྱི་སྤྱི་ཚོགས་ཀྱི་གནད་དོན་བརྗོད་དགོས་པ་དེ་རེད།
- མདོར་བསྡུས་ན་དེ་རུ་གྱུར་ཡོད་པ་དེ་རེད།
- ཁོ་གཉིས་ད་ཅི་ཞིག་རེད་ཅེ་ན།
- མཐའ་གཉིས་སུ་ལྷུང་བ་དེ་རེད།
- གཅིག་གིས་རྩོམ་རིག་ལ་ནང་དོན་ཟེར་ནའང་ཆོག་གི
- རྩོམ་རིག་གི་བསམ་བློའི་དོན་སྙིང་དེ།
- གཙོ་བོ་གཏན་ནས་མ་རེད་དེ་ཟེར་རྒྱུ་རེད།
- གཅིག་གིས་ཅི་ཞིག་རེད་ཟེར་ན་རྩོམ་རིག་གི་དགོས་འཕེལ་ཡིན་ནའང་ཆོག་གི
- རྩོམ་རིག་གི་ཁྱད་ཆོས་དེ་གཙོ་བོ།
- འོ་ཡ་་་བསམ་བློ་བསྟན་ནས་བསྡད་དེ།
- རྩོམ་རིག་གི་དགེ་ཕན།
- རྩོམ་རིག་གི་རིན་ཐང་དེ་མངོན་བཞིན་ཡོད།
- དེ་ཟེར་རྒྱུ་རེད།
- འདི་གཉིས་ཀ་མཐའ་གཉིས་སུ་ལྷུང་བ་རེད།
- ཡིན་པ་རེད།
- འོ་ན་ད་དེ་རིང་སང་ཉིན་ཅི་ཞིག་རེད་ཟེར་ན།
- དེ་གཙོ་བོ་འོ་ཡ།
- ངས་བཤད་བཞིན་པའི་འདིའི་ནང་གི་གནད་དོན་གཙོ་བོ་ཅི་ཞིག་རེད་ཟེར་ན།
- མཐའ་གཉིས་སུ་ལྷུང་བ་འདི་གཉིས་ཀ་གང་ལ་མཚོན་ན་ཡང་།
- རང་རང་རང་རང་གི་ལྟ་བ་དེ་ཡིན་རྒྱུ་ན་ཞིབ་བཅོས་ཤིག་བཤད་གོ་མེད་གི
- ད་དེ་རེད།
- དེ་གནད་དོན་གཙོ་བོ་རེད།
- དེ་མ་གཏོགས་མཐར་མཐུག་གི་སྡོམ་ཚིག་དེ།
- ང་ཚོས་སེམས་ན་གསལ་བ།
- གོང་ནས་བཤད་པ་ཡིན་རྒྱུ་ན་གཅིག་གིས་བསམ་བློའི་རང་བཞིན་གཙོ་བོ་རེད།
- གཅིག་གིས་བསམ་བློའི་རང་བཞིན་མི་གཙོ་ཟེར་རྒྱུ་རེད།
- དེའི་སྡོམ་ཚིག་དེ་ང་ཚོ་ཚང་མས་ཤེས་བ་དང་གོ་བ།
- འོན་ཀྱང་སྡོམ་ཚིག་དེ་ཅི་ལྟར་ཐོབ་པ་རེད།
- འོ་ན་སྡོམ་ཚིག་དེ་ལ་ཁྱོད་ཀྱིས་ཞིབ་བཅོས་ཇི་ལྟར་བྱ་རྒྱུ།
- འགྲེལ་བ་ཅི་ལྟར་བྱ་རྒྱུ།
- དེའི་སྐོར་དེ་ལ་ང་ཚོས་བལྟས་ན་གཅིག་ཀྱང་དྲན་རྒྱུ་ཡོད་པ་མ་རེད།
- དེའི་སྐོར་ན་ཡིན་རྒྱུ་ན་བཤད་གོ་མེད་གི་ད་དེ་རེད།
- རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་ཁུར་དགོས་ཟེར་བའི་སྐད་ཆ་རྣམས་ཡང་།
- རང་གི་ཚོར་བ་ཐན་མཐུད་ཅིག་རེད།
- བོད་ཀྱི་སྤྱི་ཚོགས་ལ་བལྟས་ནས་བསྡད་ན།
- འདི་འདྲ་ཞིག་དགོས་བ་ཞེས་གཙོ་བོ་སྡོམ་ཚིག་གི་སྟེང་ན་ཡོད་གི
- འོ་ན་ངས་བལྟ་རྒྱུ་ན་གལ་ཆེན་པོ་དེ་གང་རེད་ཅེ་ན།
- སྡོམ་ཚིག་གཙོ་བོ་མ་རེད།
- སྡོམ་ཚིག་དེ་ཅི་ལྟར་ཐོབ་པ་རེད།
- ཁྱོད་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཟེར་ན།
- ཁྱོད་ཀྱིས་སྤྱི་ཚོགས་དེ་ལ་ངོས་འཛིན་ཅི་ལྟར་བྱས་ཡོད་པ་རེད།
- སྤྱི་ཚོགས་ཀྱི་འགན་འཁྲི་དེ་ཡང་སྙིང་ཅི་འདྲ་ཞིག་རེད།
- འོ་ན་རྩོམ་རིག་རང་གི་ངོས་ནས་བཤད་རྒྱུ་ན།
- རྩོམ་རིག་རང་སྟེང་ནས་བཤད་ན།
- རྩོམ་རིག་རང་གི་ཆོས་ཉིད་ཅི་འདྲ་ཞིག་རེད།
- དེ་ལ་སོགས་པའི་སྒོ་དེ་ནས།
- ཅུང་ཙམ་ཞིག་ཞིབ་བཅོས་སྒོ་ནས་གསལ་བོར་བཤད་རྒྱུ་ན།
- ང་ཚོས་སེམས་ནའང་ཨོ་་་འདི་འདྲ་ཞིག་བཤད་བཞིན་ཡོད་པ་རེད་ཅེས།
- ང་ཚོས་སེམས་ལའང་འབབ་རྒྱུ་ཞིག་ཡོད་པ་རེད།
- འོན་ཀྱང་ད་ལྟ་བལྟས་ནས་སོང་ན།
- དེ་འདྲ་ཞིག་མ་རེད།
- ངས་བལྟ་རྒྱུ་ན་མཐའ་གཉིས་སུ་ལྷུང་བ།
- གང་དང་གང་ཞིག་ལ་མཚོན་ན་ཡང་།
- སྡོམ་ཚིག་བཤད་པ་རེད་མ་གཏོགས།
- སྡོམ་ཚིག་དེ་ཅི་ལྟར་དུ་བབས་པ་ཡིན་པ།
- འོ་ན་ཁོས་བཤད་པའི་ཐ་སྙད་དེ་ཚང་མའི་གོ་དོན་ཅི་ཡིན་པ།
- དེ་ལ་སོགས་པ་ངས་བལྟ་རྒྱུ་ན།
- མང་པོ་མང་པོ་ཞིག་གསལ་བོ་བཤད་ཀིན་མེད་གི
- དེ་ཡིན་པའི་སྟབས་ཀྱིས།
- ད་ལྟའི་བོད་ཀྱི་རྩོམ་རིག་གི་རྣམ་པ་དེའི་སྒོ་ནས་བཤད་རྒྱུ་ན།
- རྩོམ་རིག་གི་ལྟ་བ་འདི་གླེང་བའི་སྐབས་སུ།
- སྤྱི་ཚོགས་ཞེས་པ་དེ་ཅི་འདྲ་ཞིག་རེད།
- འགན་འཁྲི་ཞེས་པ་དེ་ཅི་འདྲ་ཞིག་རེད།
- རྩོམ་རིག་ཅེས་པ་དེ་ཅི་འདྲ་ཞིག་རེད།
- འོ་ཡ་་་འདིའི་སྐོར་འདི་ནས།
- ང་ཚོས་གསལ་བོ་ཞིག་བཤད་ན་བཟང་གི་བསམ་གི
- དེ་ཡིན་པའི་རྐྱེན་གྱིས།
- ངས་དེ་རིང་སྔ་དྲོ་བཤད་རྒྱུ་གཙོ་བོ་དེ།
- རྩོམ་རིག་གི་ལྟ་བའི་ཕྱོགས་དེ་ཡིན།
- དེ་ན་ང་ཚོས་སྤྱིར་བཏང་གི་རྩོམ་རིག་ལ།
- སྤྱི་ཚོགས་གྱི་འགན་ཁུར་ཡོད་ཟེར་བ་དེའི་སྐོར་དེ།
- ངས་བལྟ་རྒྱུ་ན་ང་ཚོ་ཚང་མས།
- རང་གི་ཚོར་བའི་སྒོ་ནས་བཤད་རྒྱུ་ན།
- ཅུང་ཙམ་ཞིག་ཧ་གོ་རྒྱུ་རེད།
- ཧ་གོ་བ་སླ་མོ་ཡིན་རྒྱུ་རེད།
- བོད་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་འདི་འདྲ་ཞིག་རེད།
- ད་རྗེས་ལུས་ཀྱི་རྣམ་པ་རེད།
- ཡང་ན་སྤྱི་ཚོགས་ཀྱི་སྟེང་ན།
- བསྒྱུར་བཅོས་བྱེད་དགོས་སའི་དོན་དག་མང་པོ་མང་པོ་ཞིག་ཡོད་གི
- འོ་ན་རྩོམ་རིག་གི་འདི་བསྐྱུར་ནས།
- མི་རབས་གསུམ་པ་ཚོས་བཤད་པ་དེ་འདྲ་ཞིག་བཤད་ནས་བསྡད་ན།
- ང་ཚོས་བལྟས་ནས་སོང་ན་བོད་ཀྱི་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་མཐུན་པ་ཞིག་རེད།
- དེ་ཡིན་པའི་སྟབས་ཀྱིས་རྩོམ་རིག་རང་གི་སྤྱི་ཚོགས་ཀྱི་འགན་འཁྲི་དགོས་པ་དེ།
- ངས་བལྟ་རྒྱུ་ན་མང་པོའི་སེམས་ན་ཚོར་བ་ཡོད་ཀྱི་རེད།
- ང་ཚོས་ཤེས་བྱའི་གཞུང་ལུགས་ཀྱི་སྟེང་ནས་བལྟ་མི་ཐུབ་ནའང་།
- ཚོར་བ་ཞིག་ཡོད་ཀྱི་རེད།
- འོ་ན་དེའི་སྐོར་དེ་ནས་ངས་བལྟས་ན་གཙོ་བོ་མ་བཤད་ནའང་ཆོག་གི
- གཙོ་བོ་བཤད་དགོས་བ་དེ་གང་རེད་ཅེ་ན།
- རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་འཁྲི་མེད་ཟེར་བ་འདི་ཅི་རེད་ཟེར་ན།
- ང་ཚོས་གཟབ་བཤད་བྱེད་དགོས་པ་དེ་རེད།
- རྒྱུ་མཚན་ཅི་ཞིག་རེད་ཅེ་ན།
- འདི་སྤྱིར་བཏང་ཏུ།
- འཛམ་གླིང་གིས་བཤད་པའི་སྐད་ཆ་དང་གཉིས་ཀ
- རྗེས་སུ་མཐུན་པ་ཡིན་པ་་་་་དོན་གྱིས།
- རྩོམ་རིག་དང་སྤྱི་ཚོགས་གཉིས་ཀ་ཁ་ཐག་གྱེད་ནས་བསྡད་དེ།
- རྩོམ་རིག་དང་སྤྱི་ཚོགས་གཉིས་ཀ་རྒྱང་ཐག་རིང་དུ་འཇུག་རྒྱུ་ནི།
- འཛམ་གླིང་གིས་བཤད་རྒྱུ་ཡང་ཡིན་པ་རེད།
- ང་ཚོའི་་ཀྲུང་གོའི་རྩོམ་རིག་གླིང་གིས་བཤད་རྒྱུ་ཡང་ཡིན་པ་རེད།
- དེ་ཡིན་པའི་སྟབས་ཀྱིས་རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་ཁུར་མེད་ཅེས་བཤད་ན།
- གཞུང་ལུགས་དང་ཆོས་ཉིད་གཉིས་ཀ་ཐོ་ཐུག་ཡོད་པ་རེད།
- རེད་མོད་ཡིན་ནའང་ང་ཚོས་སེམས་ཀྱིས་འདོད་པ།
- ང་ཚོས་རང་གི་མིའི་ཚོར་བ།
- སྤྱི་ཚོགས་ཀྱི་ཚོར་བ།
- འདི་གཉིས་ཀ་སོང་ན་རྒྱབ་འགལ་ཞིག་རེད།
- དེ་ཡིན་པའི་སྟབས་ཀྱིས་འདིའི་སྐོར་ནས་ཅུང་ཙམ་མང་པོ་ཞིག་བཤད་ན།
- འདིའི་སྐད་ཆ་འདི་ཅི་ལྟར་བྱུང་བ་དང་།
- དེའི་སྐོར་ནས་མང་པོ་ཞིག་བཤད་ན་འགྲིག་གི་བསམ་གི
- འོ་ན་་་འདིར་མཚོན་རྒྱུ་ན་དེ་རེད།
- རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་ཁུར་མེད་ཟེར་བ་འདི།
- དོན་གྱིས་བོད་རང་གི་བོད་ཀྱི་རྩོམ་རིག་གི་རྣམ་པར་བལྟས་ནས་བསྡད་དེ་།
- ད་ཡིན་རྒྱུ་ན་རང་གིས་རང་ལ་བློ་བུར་དུ་རྟོགས་ས་བྱུང་བ་དེ།
- ངས་བལྟ་རྒྱུ་ན་དེ་འདྲ་ཞིག་མ་རེད།
- སྐད་ཆ་འདི་ལ་དོན་གྱིས་ཅི་ཞིག་རེད་ཅེ་ན།
- གཞན་གྱིས་བཤད་པ་དེའི་རྗེས་སུ་དེད་ནས་བསྡད་དེ།
- རྗེས་ལུས་ཡིན་པའི་སྐད་ཆ་ཞིག་ཡིན་པ་རེད།
- འདི་ང་ཚོ་ལ་རྒྱབ་ལྗོངས་ཆེན་པོ་ཞིག་ཡོད་པ་རེད།
- རྒྱབ་ལྗོངས་ཅི་རེད་ཟེར་ན།
- གཙོ་བོ་རྒྱ་ནག་གི་རྩོམ་རིག་ཡིན་པ་རེད།
- ང་ཚོས་ཤེས་བ་དེ་རེད།
- རྒྱ་ནག་གི་རྩོམ་རིག་གི་འཕེལ་རྒྱས་ངོས་ནས་བཤད་རྒྱུ་ན།
- ད་སྤྱིར་བཏང་གིས་རྒྱ་ནག་གི་རྩོམ་རིག་དེ།
- རྩོམ་རིག་གསར་བ་འདུས་བའི་མཚམས་དུ།
- སྤྱི་ལོ་ཆིག་སྟོང་དགུ་བརྒྱའི་ཡར་སྔོན་འདི་ནས།
- སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་དང་བརྒྱ་བཅུ་ནས་དགུ་བཅུའི་གཡས་གཡོན་ནས་བཟུང་སྟེ།
- ལྷག་པར་དུ་ང་ཚོས་ཤེས་པ་ལྟར།
- སྤྱི་ལོ་ཆིག་སྟོང་དགུ་བརྒྱ་དང་བཅུ་བདུན་བཅོ་བརྒྱད་ཀྱི་ཡན་ཆད།
- འདིའི་བར་ལ་རྒྱ་ནག་གི་རྩོམ་རིག་དེ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད།
- འོ་ན་འདིའི་གནས་སྐབས་འདི་ནས།
- དེ་རིང་སང་ཉིན་བལྟས་ནས་སོང་ནའང་།
- ད་ཡིན་རྒྱུ་ན་རྩོམ་རིག་གི་གྲུབ་འབྲས་ཆེན་པོ་བླངས་ཡོད་གི་ཟེར་བ་འདི།
- རྒྱ་སྐད་ཀྱིས་བཤད་ན་དེང་རབས་རྩོམ་རིག་现代文学
- འདིའི་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་འདི་ཚང་མས་ཁས་ལེན་པ་རེད།
- འོ་ན་དེ་རིང་སང་ཉིན་རྒྱ་རིགས་ཀྱིས་ཅི་ཞིག་བཤད་བཞིན་ཡོད་པ་རེད་ཅེ་ན།
- རྒྱ་ནག་གི་རྩོམ་རིག་དེ་ཡིན་རྒྱུ་ན།
- རྩོམ་རིག་གི་ངོས་ནས་བཤད་རྒྱུ་ན།
- ཁོ་ཉམས་རྒུད་དུ་འགྱུར་བའི་འགོ་དེ་གང་ཞིག་ལ་བརྩམས་པ་རེད།
- ནམ་ཞིག་ལ་བརྩམས་པ་རེད་ཅེ་ན།
- སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ཉི་ཤུའི་ནང་འདི་ལ།
- རྩོམ་རིག་དེ་ལ་འཕེལ་རྒྱས་མ་བྱུང་བར་བསྡད་དེ།
- ཉམས་རྒུད་བྱུང་སོང་ཞེས་ཟེར་བ་རེད།
- དེ་ཅི་ཡིན་ཟེར་ན།
- ལྔ་བཞི་ཡི་སྐབས་འདིར།
- རྒྱ་ནག་གི་རྩོམ་རིག་གིས་གྲུབ་འབྲས་ཆེན་པོ་བླངས་ཡོད་གི
- འོན་ཀྱང་དེའི་མཇུག་ནས་རྩོམ་རིག་དེ་ཡིས་གྲུབ་འབྲས་ཆེན་པོ་མ་བླངས་བ་རེད།
- རྩོམ་རིག་ལ་རྩོམ་རིག་གི་རང་བཞིན་མེད་པར།
- རྩོམ་རིག་གིས་ཅི་ཞིག་བྱས་པ་རེད་ཅེ་ན།
- སྤྱི་ཚོགས་ལ་ཞབས་འདེགས་ཞུ་བྱེད་ཀྱི་ལག་ཆ་རུ་གྱུར་སོང་ཞེས་ཟེར་བ་ཡིན།
- དེའི་བར་དེ་ན་དེ་རིང་སང་ཉིན་གྱི་མཛེས་ཏོག་རིག་པ།
- འདིའི་སྟེང་ནས་བཤད་ན་ཅི་ཞིག་རེད་ཟེར་ན།美学
- ལྔ་བཞི་ཡི་སྔ་གཞུག་འདི་ཡིན་རྒྱུ་ན།
- ཐོག་མར་ཁོའི་རྩོམ་རིག་གི་རིན་ཐང་དེ་གང་ན་ཡོད་གི་ཞེས་ན།
- བློ་བསྐྱེད་ཀྱི་ཕྱོགས་ན་ཡོད་གི
- ད་ང་ཚོས་ཤེས་པ་ལྟར་རེད།启蒙文学
- དེ་རྗེས་ནས་རྩོམ་རིག་དེ་རུ་གྱུར་སོང་ཞེས་ཟེར་བ་རེད།救亡文学
- ད་འདི་ན་ང་ཚོར་ཐ་སྙད་གཉིས་གོ་རྒྱུ་ཡོད་པ་རེད།
- གཅིག་ད་ང་ཚོས་བཤད་པའི་བློ་བསྐྱེད་དེ་རེད།
- གཅིག་ད་རྒྱལ་སྐྱོབ་དེ་ཞེས་པ་དེ་རེད།救亡
- དེ་ང་ཚོས་ཤེས་པ་ལྟར་ཀྲུང་གོ་ལོ་རྒྱུས་ལ་བལྟས་ནས་སོང་ན།
- རྒྱབ་ལྗོངས་ཆེན་པོ་ཞིག་ཡོད་པ་ང་ཚོས་ཤེས་བ་རེད།
- ལྔ་བཞི་ཡི་སྐབས་འདིར་གཙོ་བོ།
- བཀས་བཀོད་རྒྱུད་འཛིན་རིང་ལུགས་གྱི་བསམ་བློ།
- དེ་མེད་པར་གཏོང་རྒྱུ།
- མི་གཞི་གསར་བ་ཞིག་འཛུགས་སྐྲུན་བྱེད་རྒྱུ།
- བསམ་བློ་གསར་བ་ཞིག་བསྐྱེད་རྒྱུ།
- གང་ལྟར་ཀྱང་རྒྱལ་དམངས་ཀྱི་གཤིས་ཀ国民性
- རྒྱལ་དམངས་རང་བཞིན་དེ་བསྒྱུར་བ།
- འདི་འདྲ་ཞིག་གི་སྟེང་ནས་རྩོམ་རིག་གི་ཁ་གཏད་ཡུལ་དེ།
- མི་བུ་ཞིག་གི་སྟེང་ལ་བབས་ཡོད་གི་ཟེར།
- མི་བུ་དེ་བསྒྱུར་བཅོས་བྱེད་རྒྱུ།
- གཙོ་བོ་ཡིན་རྒྱུ་ན་མི་བསྒྱུར་བཅོས་བྱེད་རྒྱུ་དེའི་སྟེང་ན་ཡོད་གི
- འདི་ཅི་ཞིག་རེད་ཟེར་ན།
- བློ་བསྐྱེད་རྩོམ་རིག་རེད་ཟེར་རྒྱུ་རེད།
- དེ་རྗེས་ནས་ང་ཚོས་ཤེས་བ་དེ་རེད།
- རྒྱལ་ནང་ལ་་་ཀྲུང་གོ་རྒྱབ་ཁབ་ཀྱི་ནང་ནས་དམག་འཁྲུག་བྱུང་བ་རེད།
- སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ཉི་ཤུ་ཐམ་པའི་བར་ཞིག་ལ།
- ཞང་འཛིན་བཅས་ཀྱི་བར་འདི་ནས།
- ཀྲུང་གོ་རྒྱལ་ཁབ་ཀྱི་ནང་ལ་ནང་འཁྲུག་བྱུང་བ་ཡིན།
- ནང་འཁྲུག་བྱུང་བའི་བར་འདི་ནས་ད་ཅི་ཞིག་རེད་ཟེར་ན།
- རྩོམ་རིག་གི་སྔོན་གྱི་མི་བུ་ཟེར་བ།
- མི་གཤིས་ཟེར་བ་དེ་ལ་ཁ་གཏོད་པའི་རྣམ་པ།
- དེ་བསྒྱུར་ནས་དེ་ཡིས་རྒྱབ་ཁབ་ལ་ཞབས་འདེགས་ཞུ་རྒྱུ།
- དེའི་སྟེང་ལ་འགྱུར་ལྡོག་བྱུང་སོང་ཞེས་ཟེར་བ་རེད།
- འོ་ན་འགྱུར་ལྡོག་དེ་དོན་གྱིས་ཅི་འདྲ་ཞིག་ཡིན་པ་རེད་ཅེ་ན།
- མི་བུ་ཞིག་ནས་བཟུང་སྟེ་ཚོགས་པ་ཞིག་གི་སྟེང་ལ་འགྱུར་སོང་།
- འདི་ད་ཅི་ཞིག་རེད་ཅེ་ན།
- རྒྱ་ཡིས་བཤད་ན་གཏན་ནས་མ་འགྲིག་པ་རེད་ཟེར་རྒྱུ་རེད།
- རྩོམ་རིག་གི་ངོས་ནས་བཤད་ན་གཏན་ནས་མ་འགྲིག་པ།
- དེ་ཡིན་ན་ད་ང་ཚོས་སྤྱིར་བཏང་གི་ལ་དེ་རེད།
- རྩོམ་རིག་དེ་ལ་གདེང་འཇོག་བྱས་ན།
- འདི་འདྲའི་ཕྱོགས་གཉིས་ནས་འདེང་འཇོག་བྱེད་དགོས་པ་རེད།
- གཅིག་ཅི་རེད་ཟེར་ན།
- རྩོམ་རིག་གིས་སྤྱི་ཚོགས་ལ་ནུས་པ་ཐོན་མ་ཐོན།
- དེའི་ངོས་ལ་འདེང་འཇོག་བྱེད་རྒྱུ་ཞིག་རེད།
- གཅིག་ཅི་རེད་ཟེར་ན།
- རྩོམ་རིག་རང་སྟེང་ནས་བཤད་རྒྱུ་ན།
- རྩོམ་རིག་གི་ཆུ་ཚད་དེ་མཐོ་ས་ཞིག་ལ་ཐོན་པ་དང་མ་ཐོན་པ།
- ང་ཚོས་བོད་ལ་མཚོན་རྒྱུ་ན།
- ཤིན་ཏུ་འཕྲོད་པ་རེད།
- རྒྱ་ནག་ལ་མཚོན་རྒྱུ་ན་ཡང་དེ་རེད།
- གཙོ་བོ་ཅི་རེད་ཟེར་ན།
- ལྔ་བཞི་ཡི་སྔ་གཞུག་འདིར་ཡིན་རྒྱུ་ན།
- རྒྱ་ནག་གི་རྩོམ་རིག་འདིས་རྩོམ་རིག་གི་ཕྱོགས་དེ་ནས།
- ནུས་པ་ཆེན་པོ་ཐོན་ཡོད་གི་ཞེས་ཟེར་རྒྱུ་རེད།
- ད་དེ་གཙོ་བོ་གོང་ནས་བཤད་པ་དེ་རེད།
- མི་བུ་ཡི་བསམ་བློ་ལ་དམིགས་པ་དང་།
- མི་བུ་ལ་གཏོང་འཇུག་བྱ་བ།
- མི་བུ་ཞེས་མི་བྱེ་བྲག་པ་ཞིག་གི་སྟེང་ལ་བབས་ནས་བསྡད་ཡོད།
- འོ་ན་དེའི་རྗེས་ནས་ང་ཚོས་བཤད་པའི།
- རྒྱལ་སྐྱོབ་ཅེས་པ་གི་སྐབས་དེར་ཐོན་དུས།救亡
- མི་བུ་ལ་བལྟས་ནའང་ཚོགས་པའི་དོན་དག་དེ་ཤིན་ཏུ་གལ་ཆེ།
- ད་ང་ཚོས་བོད་ཀྱི་རྩོམ་རིག་གི་ངོས་ནས་བཤད་རྒྱུ་ན་དེ་རེད།
- ད་ཅི་རེད་ཅེ་ན།
- སྤྱི་ཚོགས་ཀྱི་གནད་དོན་བརྗོད་པ།
- དེ་གཙོ་བོ་རུ་གྱུར་སོང་བ་རེད།
- ཟེར་བ་གནད་དོན་བརྗོད་པ་དེ་གཙོ་བོ་རུ་གྱུར་སོང་བ་རེད།问题文学
- དེ་ནས་བཟུང་སྟེ་ཅི་ཞིག་ཟེར་བཞིན་ཡོད་ཅེ་ན།
- ད་ང་ཚོས་གོང་ནས་བཤད་པ་དེ་རེད།
- རྩོམ་རིག་གིས་སྤྱི་ཚོགས་ལ་ནུས་པ་ཐོན་ཡོད་མོད།
- འོན་ཀྱང་རྩོམ་རིག་རང་སྟེང་གི་ཆུ་ཚད་དུ་བཟུང་ན་ཇེ་དམའ་རུ་སོང་ཡོད།
- དེ་ཟེར་བ་རེད།
- དེ་རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་ཁུར་མེད།
- ཅེས་པའི་སྐད་ཆ་ཡི་འགོ་ཁུངས་དེ།
- ཉེ་འཁོར་གྱི་རྒྱ་ཡི་རྩོམ་རིག་གི་ངོས་ནས་བཤད་རྒྱུ་ན་འགོ་དེ་ནས་བརྩམས་པ་རེད།
- འོ་ན་དེའི་རྗེས་ནས་གང་རེད་ཅེ་ན།
- རྩོམ་རིག་གི་ལྟ་བ་དེ་ཇེ་བརྟན་ན་གཏོང་བྱེད་ཅི་རེད་ཟེར་ན།
- སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བཞི་བཅུ་ཞེ་གཉིས་ལོར།
- ཡན་ཨན་ནས་ཅི་ཞིག་རེད་དེའི་མིང་ལ།
- རིག་རྩལ་བཞུགས་མོལ་ཚོགས་འདུ་ཟེར་བ་ཞིག་ཡོད་པ།
- ཟེར་བ་ཞིག་ཡོད་པ།延安文艺座谈会
- དེ་དང་བསྟུན་ནས་མའོ་ཙེ་ཏུང་གི་སྐད་ཆ་ཞིག་བཤད་ནས་བསྡད་དེ།
- དེ་ཅི་ཞིག་རེད་ཟེར་ན།
- ཕྱིན་ཆད་ནས་བཟུང་དེ་རྩོམ་རིག་གི་ཅི་ཞིག་རེད་ཟེར་ན་ལམ་སྟོན།
- རྩོམ་རིག་གི་ལམ་ཕྱོགས་དེ་མའོ་ཙེ་ཏུང་གིས།
- ཡན་ཨན་གི་རིགས་རྩལ་བཞུགས་མོལ་ཚོགས་འདུའིསྟེང་གི་སྐད་ཆ་བཤད་པ།
- སྐད་ཆ་དེ་ནི་རྩོམ་རིག་གི་ཁ་ཕྱོགས་སྟོན་བྱེད་ཀྱིས་གྱུར་སོང་བ་ཡིན།
- འོ་ན་དུས་སྐབས་ཀྱི་རྩོམ་རིག་གི་ལྟ་བ་ཅི་ཞིག་རེད་ཅེ་ན།
- སྔར་བཞིན་དུ་རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ།
- དེས་ཚད་པ་མ་རེད།
- ད་རུང་ཡིན་རྒྱུ་ན་འབྱོར་མེད་བྲལ་རིམ་ལ་ཞབས་འདེགས་ཞུ་བ་ལ་སོགས་པ།
- གང་ལྟར་ཀྱང་ཞབས་འདེགས་ཞུ་བ་ཞེས་པའི་སྐད་ཆ་དེ་དང་།
- ཞབས་འདེགས་ཞུ་ཡུལ་དེ།
- ད་ངས་ཁྱོད་ཚོར་བཤད་པ་ཆབ་སྲིད་ཡིན་པ།
- ད་འདིའི་ངོས་ནས་རྩོམ་རིག་གི་ལྟ་བ་དེའི་ངོས་ནས་བཤད་རྒྱུ་ན།
- ལྷག་པར་ཏུ་རྩོམ་རིག་གི་ཁྱད་ཆོས་དེ་བསྐྱུར་ནས།
- རྩོམ་རིག་རང་ཉིད་སྤྱི་ཚོགས་ཀྱི་ངོས་ནས་ཇེ་མཐོ་དང་ཇེ་མཐོར་འགྲོ་བ།
- དོན་གྱིས་ད་ལྟ་བལྟས་ནས་སོང་ན་ཅི་ཞིག་ཏུ་གྱུར་ཡོད་པ་རེད་ཅེ་ན།
- རྩོམ་རིག་རྩོམ་རིག་དང་གཉིས་ཀ་ཁ་ཐག་ཇེ་རིང་དུ་སོང་ནས་བསྡད་དེ།
- རྩོམ་རིག་སྤྱི་ཚོགས་དང་གཉིས་ཀ་འབྲེལ་བ་བྱེད་བཞིན་ཡོད་གི་ཞེས་ཟེར་བ་རེད།
- འོ་ན་་་འདི་རྒྱ་ནག་གི་རྩོམ་རིག་གྱིས་ངོས་ནས་བཤད་རྒྱུ་ན།
- དངོས་ནས་རྩོམ་རིག་གི་ལྟ་བའི་སྒོ་ནས་བཤད་རྒྱུ་ན།
- འགག་སྒོ་ཆེན་པོ་ཞིག་ཡིན་དགོས་པ་རེད།
- ཡན་ཨན་གྱི་བཞུགས་མོལ་ཚོགས་འདུའི་སྟེང་གི
- བཤད་པའི་མའོ་ཙེ་ཏུང་གི་སྐད་ཆ་དེ་རེད།
- གཙོ་བོ་ང་ཚོས་བཤད་པ་ཆབ་སྲིད་ལ་ཞབས་འདེགས་ཞུ་བ།
- མི་དམངས་ལ་ཞབས་འདེགས་ཞུ་བ།
- དེ་སྐོར་རེད།
- ཁྱོད་ཀྱིས་བལྟས་དང་།
- ཞབས་འདེགས་ཞུ་བ་ཞེས་པའི་སྐད་ཆ་དེ།
- ཅུང་ཙམ་ཞིག་ཉེན་ཁ་ཅན་ཞིག་ཡིན་པ་རེད།
- འོ་ལེད་་་ཞབས་འདེགས་ཞུ་བ་ཞེ་ན།
- ཁོ་གཉིས་ཀྱི་བར་ལ་མཐོ་དམའ་ཡོད་གི
- ང་ཡིན་རྒྱུ་ན་ཞུ་མཁན་རེད།
- ངས་འདི་ལ་མགོ་སྒུར་ནས་བསྡད་ཡོད་པ་རེད།
- དེ་ཡིན་པས་རྩོམ་རིག་རང་གིས་གཞན་ཞིག་ལ་མགོ་ཟིན་ན།
- རྩོམ་རིག་རང་གི་ཁྱད་ཆོས་དེ་བོར་འགྲོ་བ་རེད།
- དེ་ནི་སྔོན་ལ་བཤད་པ་ལྟར་ཇེ་བརྟན་ལ་སོང་ཡོད་པ་རེད།
- འོ་ན་་་ད་དེའི་མན་ཆད་ནས་བཟུང་སྟེ།
- ང་ཚོས་བལྟས་ན་ཤེས་བ་དེ་རེད།
- ཅི་ཟེར་དགོས་པ་རེད།
- ཆབ་སྲིད་ཀྱི་མཁའ་དབུགས་དེ་ཇེ་དམ་དུ་སོང་སོང་བ་དང་བསྟུན་ནས།
- རྩོམ་རིག་རང་བཞིན་དེ་ཇེ་དམའ་ནས་ཇེ་དམའ་རུ་འགྲོ་བཞིན་ཡོད།
- དེའི་རྗེས་ནས་ང་ཚོས་རྒྱ་ཡི་རྩོམ་རིག་གི་སྟེང་ནས་བཤད་རྒྱུ་ན།
- ལོ་བཅུ་བདུན་གྱི་རིང་གི་རྩོམ་རིག་ཟེར་རྒྱུ་ཡོད་པ་དེ་རེད།
- གཙོ་བོ་ད་ཀྲུང་གོ་གསར་བ་དབུ་བརྙེས་པའི།
- ཚུན་ཆད་ཀྱི་རྩོམ་རིག་དེ་རེད།
- དེར་མཚོན་ན་ལ་དེ་འདྲ་ཞིག་ཡིན་དགོས་པ་རེད།
- སྔར་བཞིན་དུ་གོང་ནས་བཤད་པ་དང་གཅིག་ལ་གཅིག་རེད།
- གཙོ་བོ་རྩོམ་རིག་གི་བྲལ་རིམ་གྱི་འཐབ་རྩོད་འདི་ལ་ཞབས་འདེགས་ཞུ་རྒྱུ།
- དེ་གཙོ་བོ་ཡིན་པ་རེད།
- དེ་ན་གོང་ནས་བཤད་པའི་རྩོམ་རིག་ལ་རང་རྐྱ་འཕེལ་བའི་གོ་ས་དེ་ཡོད་པ་མ་རེད།
- འོ་ན་ད་འདིའི་རྣམ་པ་འདི་ཆེས་ཐལ་དྲགས་པ།
- ཐལ་དྲགས་པའི་མཐའ་ལྷུང་བའི་སྐབས་སུ་གང་གི་གནས་སྐབས་རེད་ཟེར་རྒྱུ་ན།
- རིག་གནས་གསར་བརྗེ་ཆེན་པོ་ཡི་རྩོམ་རིག་དེ་རེད།
- འོ་ན་ད་ང་ཚོས་བལྟས་ན་ལ་དེ་རེད།
- རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་དགོས་ཟེར་བ་དེའི་འབྲས་བུ།
- ཐལ་དྲགས་པ་དེ་གང་གི་ངོས་ནས་སེལ་ཐུབ་པ་རེད་ཅེ་ན།
- རིག་གནས་གསར་བརྗེ་ཆེན་པོ།
- ལོ་བཅུའི་རིག་གནས་གསར་བརྗེ་ཆེན་པོ་འདིས་སེལ་ཐུབ་པ་རེད།
- འདིའི་སྐབས་འདིར་ད་ཅི་ཞིག་གིས་ལོག་ཡོད་པ་རེད་ཟེར་ན།
- ད་དེ་རིང་སང་ཉིན་བཤད་བཞིན་པ་དེ་རེད།
- རྩོམ་རིག་གིས་སྤྱིར་བཏང་གིས་མི་སྣ་ཞིག་བཞེངས་སྐྲུན་བྱ་དགོས་པ་རེད།
- འོ་ན་རྩོམ་རིག་གི་བཞེངས་སྐྲུན་བྱ་རྒྱུའི་མི་སྣ་དེ་ཅི་འདྲ་ཞིག་རེད་ཟེར་ན།
- མཐོན་པོ། ཆེན་པོ། རྫོགས་པ། དེ་རྒྱ་ཡིག་གིས་ངོས་ནས་བཤད་ན།
- ཟེར་བ་དེ་རེད།高 大 全
- ད་ཁོ་མི་སྣ་ཡི་སྒོ་ནས་སོང་ན་གོང་ནས་བཤད་པའི་མཐོན་པོ་ཞེས་པ་ནིདེ་རེད།
- ང་ཚོ་དང་ཅུང་ཙམ་འདྲ་བ་མ་རེད།
- ང་ཚོ་བོད་ལ་མཚོན་ན་དོན་གྱིས་གོ་སླ་བོ་རེད།
- དོན་གྱིས་ཅི་རེད་ཅེ་ན།
- སྐྱོན་གྱིས་དྲི་མ་མེད་པ་དེ་རེད།
- དེ་ཅི་ཞིག་རེད་ཟེར་ན་ ཞེས་པ་དེ་རེད།高 大 全
- འོ་ན་ང་ཚོའི་རྒྱ་ཡིས་བཤད་པ་དེ་རེད།
- དགོང་ལོ་བཅུ་ཐམ་པའི་རིག་གནས་གསར་བརྗེ་ཆེན་པོ་ཡི།
- རྩོམ་རིག་ལ་བལྟས་ནས་སོང་ན་ཤེས་པ་རེད།
- ནང་ལ་བལྟས་ནས་སོང་ན་ཁོ་རང་ཅི་རེད་ཟེར་ན།
- དངོས་ཡོད་ཀྱི་སྤྱི་ཚོགས་ཀྱི་སྟེང་གི་མི་ཞིག་ཡིན་པ་མ་རེད།
- དངོས་ཡོད་ཀྱི་སྤྱི་ཚོགས་ཀྱི་མི་ལ་བལྟས་ན་ཁྱད་པར་དུ་འཕགས་པ།
- ད་དོན་གྱིས་ཅི་ཞིག་རེད་ཅེ་ན།
- བྲལ་རིམ་འཐབ་རྩོད་འདི་གཙོ་བོ་བྱས་ནས་བསྡད་དེ།
- འབྱོར་མེད་བྲལ་རིམ་གྱི་ལངས་ཕྱོགས་དེ་གཙོ་བོར་བཟུང་བ།
- འདི་འདྲའི་སྐྱོན་གྱིས་དྲི་མ་མེད་པའི་དེ་འདྲའི་མི་སྣ་ཞིག་ཏུ་གྱུར་ཡོད་པ།
- གྱུར་སོང་བའི་དུས་སུ་ཅི་རེད་ཟེར་ན།
- རྩོམ་རིག་གི་ཆུ་ཚད།
- ཡང་ན་རྩོམ་རིག་གི་རིན་ཐང་གཏན་ནས་ཡོད་ཀྱི་མ་རེད།
- དེ་ན་འདི་ཅི་རེད་ཟེར་ན།
- ད་ང་ཚོས་གོང་ནས་བཤད་པ་དེ་རེད།
- ཀྲུང་གོ་ཡི་དེང་རབས་རྩོམ་རིག་གི་འཕེལ་རྒྱས་སུ་སོང་ན།
- འོ་ཡ་་་རིག་གནས་གསར་བརྗེ་ཆེན་པོའི་སྐབས་དེར་ཐོན་པའི་དུས་དེར།
- དེའི་རྩོམ་རིག་ལ་མཚོན་རྒྱུ་ན།
- དོན་གྱིས་རྩོམ་རིག་རེད་ལ་མ་རེད་ཟེར་བ་འདི་ལ་དོགས་པ་སྐྱེས་རྒྱུ།
- དེ་འདྲ་ཞིག་གི་ཚད་ལ་ཐོན་ཡོད་པ་རེད།
- བལྟས་ན་རྩོམ་རིག་གི་ཚུགས་ཀ་འདྲ་བོ་ཡིན་རྒྱུ་རེད།
- བྱུང་རིམ་ཡོད་ཀྱི་རེད།
- མི་སྣ་ཡོད་ཀྱི་རེད།
- ཁོར་ཡུག་ཞིབ་འབྲི་ལ་སོགས་པ་ཡོད་པ་རེད།
- འོན་ཀྱང་དེའི་རྩ་བའི་ཆ་ནས་བཤད་རྒྱུ་ན།
- ང་ཚོས་རྩོམ་རིག་གི་ཆུ་ཚད་ཇེ་དམའ་ནས་ཇེ་དམའ་རུ་འགྲོ་བ་རེད།
- འོ་ན་ང་ཚོས་ཤེས་བ་ལྟར་རེད།
- དེ་རྗེས་ནས་ཅི་རེད་ཟེར་ན།
- ཀྲུང་གོའི་བསྒྱུར་བཅོས་འཛུགས་གཏོང་དེ་རེད།
- དེ་ཕྱི་ཕྱོགས་ལ་སྒོ་ཕྱེ་ནས་བསྡད་དེ།
- ཕྱི་ཕྱོགས་ཀྱི་རྩོམ་རིག་ལ་འབྲེལ་འགྲིས་བྱས་ནས།
- མཐར་མཐུག་ཅི་ཞིག་གིས་གྱུར་སོང་ཟེར་ན།
- ལོ་རབས་བརྒྱད་བཅུའི་ནང་དུ་ཅི་རེད་ཟེར་ན།
- ཨོ་་་རྩོམ་རིག་གི་འཕེལ་རྒྱས་འགྲོ་དགོས་ན་ཅི་ལྟར་འགྲོ་དགོས་ཟེར་ན།
- ཀྲུང་གོ་རྒྱལ་ཁབ་ནང་ལ་མཚོན་རྒྱུ་ན།
- ད་དེ་ལ་དཔྱད་པ་གཏོང་རྒྱུ་རེད།
- དཔྱད་པ་བཏང་ན་ཅི་རེད་ཟེར་ན།
- མཐར་མཐུག་གི་སྡོམ་ཚིག
- ཨོ་་་ད་སྔ་ཡན་ཆད་ཀྱི་ཀྲུང་གོའི་རྩོམ་རིག་ལ་མཚོན་རྒྱུ་ན།
- རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ནས་བསྡད་དེ།
- རྩོམ་རིག་རང་གིས་རང་རྐྱ་འཕེལ་བའི་གོ་ས་དེ་མ་བྱུང་བ།
- ཨོ་ན་རྩོམ་རིག་ལ་ཡོད་པའི་རིན་ཐང་དེ།
- སྤྱི་ཚོགས་རིག་པའི་རིན་ཐང་ཡིན་པ་མ་གཏོགས།
- རྩོམ་རིག་རང་གི་རིན་ཐང་མ་རེད།
- དེ་མ་འགྲིག་པ་རེད།
- མ་འགྲིག་པའི་སྟེང་དེ་ཅི་རེད་ཟེར་རྒྱུ་རེད་ཟེར་ན།
- རྩོམ་རིག་སྤྱི་ཚོགས་དང་རྒྱང་ཐག་བཀྱེད་པ།
- དེ་ཟེར་རྒྱུ་རེད།
- ཨོ་ཡ་་་རྩོམ་རིག་དང་སྤྱི་ཚོགས་གཉིས་ཁ་ཐག་ཇེ་རིང་དུ་གཏོང་བ།
- དེའི་སྐད་ཆ་དེ་དེ་ནས་བྱུང་ཡོད་པ་རེད།
- ཁོའི་འཕེལ་རིམ་དེ་འདྲ་ཞིག་རེད།
- ད་བཤད་པ་ཡིན་རྒྱུ་ན།
- མདོར་བསྡུས་ནས་སོང་ན་ཅི་རེད་ཟེར་ན།
- ད་སྔ་ཡན་ཆད་ཀྱི་རྒྱ་ཡིས་བཤད་པ་དེ་རེད།
- རྩོམ་རིག་གིས་སྤྱི་ཚོགས་རིག་པའི་རིན་ཐང་དེ་ཆེ་ནས།
- རྩོམ་རིག་རང་གི་རིན་ཐང་དེ་ཉུང་སོང་ཟེར་རྒྱུ་རེད།
- དེ་ན་ཅི་རེད་ཟེར་ན་འདི་མ་འགྲིག་པ་རེད།
- རྩོམ་རིག་རང་གིས་རྩོམ་རིག་རྩོམ་རིག་ཡིན་བྱེད་ཀྱི་ཆ་སྐྱེན་ཞིག་དགོས་རྒྱུ་རེད།
- ཉེར་ལེན་གྱི་རྒྱུ་ཞིག་དགོས་རྒྱུ་རེད།
- དེ་ཅི་ཡིན་དགོས་ཟེར་ན།
- སྤྱི་ཚོགས་རིག་པའི་སྟེང་ནས་ཡོང་རྒྱུ་མ་རེད།
- དེ་འདྲའི་གནས་སྐབས་དེ་ནས།
- ཁོའི་སྔོན་ཀྱི་རྒྱ་ཡི་རྩོམ་རིག་གི་འཕེལ་རྒྱས་ལ་བསྟུན་ནས་བསྡད་དེ།
- གོང་ནས་བཤད་པའི་སྐད་ཆ་ཅི་ལྟར་བཤད་པ་ཡིན་ཟེར་ན།
- གོང་ནས་བཤད་པ་དེ་རེད།
- རྩོམ་རིག་དང་སྤྱི་ཚོགས་གཉིས་ཁ་ཐག་ཇེ་རིང་དུ་གཏོང་བ་དེ་རེད་ཟེར་རྒྱུ་རེད།
- ལོ་རབས་བརྒྱད་བཅུ་ཡི་དཀྱུས་དེ་ནས་སྐད་ཆ་དེ་ལྟར་བཤད་ཡོད་པ་རེད།
- རྩོམ་རིག་དང་སྤྱི་ཚོགས་གཉིས་རྒྱང་ཐག་བཀྱེད་དགོས་པ་དེ་རེད།
- འགན་འཁྲི་མེད་ཟེར་བ་མ་རེད།
- ད་དེ་མཚུངས་སུ་ང་ཚོས་ཤེས་པ་དེ་རེད།
- རྒྱ་ཡི་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་བཅུ་གྱ་བཞི་གྱ་ལྔ་གྱ་དྲུག
- འདིའི་བར་འདི་ལ་་ཅི་རེད་ཟེར་ན།
- ང་ཚོས་བལྟས་ན་ཟེར་ན་ཡང་ཆོག་གི试验文学
- ཚོད་དཔྱོད་ཀྱི་རྩོམ་རིག
- ང་ཚོས་སྔོན་ན་བཤད་པའི་དངོས་ཡོད་རང་བཞིན་འདྲ་བོ་མ་རེད།
- ཕྱི་གླིང་གི་རྟོག་པ་འཆར་ཡན་རིང་ལུགས་ཟེར་བ་འདྲ།
- ཡང་ན་དངོས་ཡོད་རྒྱུ་འཕྲུལ་རིང་ལུགས་ཟེར་བ་འདྲ།
- འདི་འདྲའི་རིང་ལུགས་མང་པོ་མང་པོ་ཞིག་ཡོང་བ་རེད།
- འདི་ཐམས་ཅད་ཡང་ཅི་རེད་ཟེར་ན།
- རྩོམ་རིག་དེ་ཕུན་སུམ་ཚོགས་པ་ཞིག་ཏུ་གཏོང་བའི་ཆེད་དུ་ཡིན།
- སྔོན་མའི་རྩོམ་དེ་གོང་ནས་བཤད་པ་དེ་རེད།
- སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དེ་ཡིན་པའིསྐབས་དེར།
- རྩོམ་རིག་དེ་གང་རྒྱུགས་ཆེ་བ་རེད་ཟེར་ན།
- དངོས་ཡོད་རིང་ལུགས་རེད།
- དངོས་ཡོད་རིང་ལུགས་ཀྱི་ནང་ནས་ཡང་།
- དངོས་ཡོད་དགག་སྒྲུབ་རིང་ལུགས་དེ་རྒྱུགས་ཆེ།
- དེ་ང་ཚོས་ཤེས་བ་དེ་རེད།
- དངོས་ཡོད་དགག་སྒྲུབ་རིང་ལུགས་ཟེར་བ་ན་ང་ཚོས་ཤེས་པ།
- རྩོམ་རིག་དེ་གཙོ་བོ་ཅི་བྱེད་ཀྱི་རེད་ཟེར་ན།
- དགག་པ་གཏོང་རྒྱུ་རེད།
- གཅིག་ལ་དགག་རྒྱུ་རེད།
- དེ་བཞིན་དུ་གཞན་ཞིག་ལ་སྒྲུབ།
- བསྟོད་པ་བྱེད་རྒྱུ་རེད།
- འོ་ན་རྩོམ་རིག་དེ་ཅི་འདྲ་ཞིག་གི་ངོས་ལ་སླེབས་ཡོད་ཟེར་ན།
- དགག་པ་དང་སྒྲུབ་པ་གཉིས་ཀྱི་ངོས་ན་ལུས་ཡོད་པ་དེ་འདྲ་ཞིག་རེད།
- དེ་ཡིན་པའི་སྐབས་དེར་ཅི་རེད་ཟེར་ན།
- རྩོམ་རིག་གིས་སྤྱི་ཚོགས་ལ་རྒྱང་ཐག་བཀྱེད་དགོས་ན།
- རྩོམ་རིག་གི་མཚོན་ཐབས་གཞན་པ་ཚོད་ལྟ་བྱས་ན་ཆོག
- ལག་ལེན་ལ་བཏབ་ན་ཆོག
- དེའི་གནས་སྐབས་དེར་ང་ཚོས་གོང་ན་བཤད་པའི།
- རྟོག་པ་འཆར་ཡན་ཟེར་ན་ཆོག་གི
- དངོས་ཡོད་རྒྱུ་འཕྲུལ་རིང་ལུགས་ཟེར་ན་ཆོག་གི
- དེའི་རྗེས་ཀྱི་ལྷག་པར་དུ་དང་ཟེར་བ་ཞིག་ཡོད་པ།马原先锋文学
- འདི་ཐམས་ཅད་ལ་བལྟས་ན་དེའི་ནང་ན་དགག་པ་ཡོད་པ་མ་རེད།
- དེ་བཞིན་དུ་བསྟོད་པ་ཡང་ཡོད་པ་མ་རེད།
- དགག་སྒྲུབ་གཉིས་ཀ་མེད་གི
- འོ་ན་རྩོམ་རིག་འདིའི་ཁ་གང་ལ་གཏད་ཡོད་པ་རེད་ཟེར་ན།
- མིའི་ནང་སེམས་ལ་གཏད་ཡོད་པ་རེད།
- མིའི་ནང་སེམས་ལ་གཏད་ཡོད་པ།
- དེས་ན་འདིའི་བར་འདི་ནས།
- སྔོན་ན་བཤད་པའི་དོན་གྱིས་ཅི་ཞིག་ཏུ་ལོག་ཡོད་པ་རེད་ཟེར་ན།
- སྤྱི་ཚོགས་དང་མི་བུ་གཉིས་ཀ་འགལ་ཟླ་ཡིན་པ།
- ང་ཚོས་ཤེས་ན་འགྲིག་པ་རེད།
- དེས་ན་མདོར་བསྡུས་ནས་སོང་ན།
- གནད་དོན་ཅི་ཞིག་གིས་གྱུར་སོང་ཡོད་པ་རེད་ཟེར་ན།
- རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་ཟེར་ན།
- མི་བུ་དེ་ཡལ་བའམ་བོར་ཡོད་པ།
- དེ་ང་ཚོས་ཤེས་དགོས་བ་གཙོ་བོ་རེད།
- འོ་ན་ང་ཚོས་བཤད་པ་དེ་རེད།
- རྩོམ་རིག་གི་འཕེལ་རྒྱས་ངོས་ནས་བཤད་ནས་སོང་ན།
- རྒྱ་ཡི་རྩོམ་རིག་གི་འཕེལ་རྒྱས་ཀྱི་སྟེང་ནས་སོང་ན།
- འོ་ཡ་་་ལོ་རབས་བརྒྱད་ཅུ་ཡི་དཀྱིལ་ནས་བཟུང་སྟེ།
- རྩོམ་རིག་གི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུ།
- སྤྱི་ཚོགས་ཀྱི་གནད་དོན་བརྗོད་པ་དང་།
- སྤྱི་ཚོགས་ལ་དགག་སྒྲུབ་བྱེད་པ་དེ་ཕལ་བར་བསྐྱུར་ནས།
- རྩོམ་རིག་ཅིག་གིས་བཤད་པའི་ནང་དོན་དེ་ལ།
- སྤྱི་ཚོགས་ལ་ནུས་པ་འདོན་རྒྱུ་རེད་ལ་མ་རེད།
- གཏན་ནས་འདང་བརྒྱག་རྒྱུ་མ་རེད།
- རྩོམ་རིག་གིས་བསམ་བློ་འདི་ལྟ་བུ་ཞིག་སྟོན་རྒྱུ་རེད།
- རྩོམ་རིག་གིས་མི་སྣ་འདི་ལྟ་བུ་ཞིག་འབྲི་རྒྱུ་རེད།
- རྩོམ་རིག་གིས་སེམས་ཁམས་འདི་ལྟ་བུ་ཞིག་འབྲི་རྒྱུ་རེད།
- འོ་ན་དེ་སྤྱི་ཚོགས་ཀྱི་གནད་དོན་དང་།
- སྤྱི་ཚོགས་ཀྱི་འཕེལ་རྒྱས།
- འདི་ལ་གཏན་ནས་འབྲེལ་བ་འཛུགས་རྒྱུ་མ་རེད།
- འདི་ང་ཚོས་བཤད་པའི་རྩོམ་རིག་ལ།
- སྤྱི་ཚོགས་ཀྱི་འགན་ཁུར་མེད་ཟེར་བ་འདི།
- དོན་གྱིས་རྒྱ་ཡི་རྩོམ་རིག་གི་སྟེང་ན།
- རྒྱབ་ལྗོངས་ཆེན་པོ་ཞིག་ཡོད་པ་རེད།
- རྒྱ་ཡི་རྩོམ་རིག་གིས་ཡིན་རྒྱུ་ན།
- རྩོམ་རིག་འཕེལ་གྱིན་འཕེལ་གྱིན་ད་ཅི་རེད་ཟེར་ན།
- བཤད་པ་དེ་རེད།
- ལོ་རབས་བརྒྱད་བཅུ་ཡི་དཀྱིལ།
- ལྷག་པར་དུ་ལོ་རབས་དགུ་བཅུ་ཡི་ནང་དུ།
- ད་ཅི་རེད་ཟེར་ན།
- རྩོམ་རིག་དང་སྤྱི་ཚོགས་གཉིས་ཀ་རྒྱང་ཐག་ཇེ་རིང་དུ་འགྲོ་བའི།
- རྩོམ་རིག་གི་རྣམ་པ་འདི།
- རེད་ཡ་་རྩོམ་རིག་གསར་རྩོམ་གི་རྣམ་པ་འདི་བྱུང་ཡོད་པ་རེད།
- དེའི་གནས་སྐབས་དེ་གོང་ནས་བཤད་པ་དེ་རེད།
- ད་ལྟའི་རྒྱ་ནག་གི་རྩོམ་རིག་སྨྲ་བ་ཞིག་ལ་མཚོན་རྒྱུ་ན།
- རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་དགོས་ཟེར་བ་དེ།
- གཏན་ནས་ཁས་ལེན་པ་མ་རེད།
- རྩོམ་རིག་དང་སྤྱི་ཚོགས་གཉིས་ལ་འབྲེལ་བ་མེད་དེ་ཟེར་རྒྱུ་རེད།
- རྩོམ་རིག་དང་སྤྱི་ཚོགས་ལ་འབྲེལ་བ་མེད།
- རྩོམ་རིག་གང་ལ་འབྲེལ་དགོས་ཟེར་ན།
- མི་བུ་ལ་འབྲེལ་དགོས་ཟེར་བ་མ་གཏོགས།
- སྤྱི་ཚོགས་ལ་འབྲེལ་དགོས་དེ་ཟེར་རྒྱུ་མ་རེད།
- དེའདྲའི་གནས་སྐབས་ཤིག་གི་སྟེང་དེ་ནས།
- ང་ཚོས་བཤད་པ་དེ་རེད།
- བོད་ཀྱི་རྩོམ་རིག་སྨྲ་བ་ཡིན་ལ་ཡང་ཆོག་གི
- རྩོམ་པ་པོ་ཡིན་ན་ལ་ཆོག་གི
- སྐོར་ཞིག་གིས་ད་གོང་ནས་བཤད་པ་དེ་རེད།
- རྒྱ་ཡི་རྩོམ་རིག་གི་རྗེས་སུ་འབྲངས་ནས་སྐད་ཆ་ཅི་ཞིག་བཤད་ཀྱིན་ཡོད་པ་་རེད་ཟེར་ན།
- རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་ཁུར་མེད་ཅེས།
- འོ་ན་ང་ཚོས་ཤེས་རྒྱུ་ཅི་རེད་ཟེར་ན།
- གནད་དོན་གཙོ་བོ་ངས་བལྟ་རྒྱུ་ན།
- གཅིག་སྐད་ཆ་འདིའི་རྒྱབ་ལྗོངས་ཤེས་རྒྱུ་དེ་གཙོ་བོ་རེད།
- རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་ཁུར་མེད་ཟེར་བ་འདི་ཡི།
- རྒྱབ་ལྗོངས་ཅི་འདྲ་ཞིག་ལ་ངོས་འཛིན་དགོས།
- རྒྱ་ནག་གི་རྩོམ་རིག་གི་འཕེལ་རྒྱས་ཐད་ལམ།
- འདི་རྒྱབ་ལྗོངས་ལ་ངོས་འཛིན་དགོས།
- དེ་གནད་གཅིག་རེད།
- གནད་གཉིས་པ་ཅི་རེད་ཟེར་ན།
- སྤྱི་ཚོགས་དང་མི་བུ་གཉིས་འགལ་ཟླ་ཡིན་པ།
- ཨོ་ཡ་་་འདི་གནད་གཅིག་ཡིན་པ་རེད།
- ཁོ་གཉིས་འགལ་བ་ཡིན་པའི་རྒྱུ་མཚན།
- ང་ཚོས་དེ་རིང་སང་ཉིན་གྱི་བོད་ཀྱི་སྤྱི་ཚོགས་ཀྱི་རྣམ་པ།
- བལྟས་ནས་ཡང་ཤེས་ཐུབ་པ་རེད།
- ང་ཚོས་བལྟས་ནས་སོང་ན་ཡང་ཤེས་ཐུབ།
- སྤྱི་ཚོགས་ཟེར་བ་དང་མི་བུ་ཟེར་བ་གཉིས་མཚམས་རེར་གཞི་མཐུན་ཡིན་རྒྱུ་རེད།
- མཚམས་རེར་སྤྱི་ཚོགས་དང་མི་བུ་གཉིས་ཀྱི་བར་ན་འགལ་ཟླ་ཡོད་ཀྱི་རེད།
- དཔེར་འཇོག་རྒྱུ་ན་དེ་རིང་སང་ཉིན་གྱི་སྤྱི་ཚོགས་ལ་བལྟས་ན་ཤེས་གི
- བོད་ཀྱི་སྤྱི་ཚོགས་ཀྱི་འཕེལ་རྒྱས་བཤད་ན་ཅི་བྱེད་དགོས་ཟེར་ན།
- སྒོར་མོ་བཙལ་དགོས།
- སྒོར་མོ་ཡི་ཆེད་དུ་ཡར་བརྒྱུགས་མར་བརྒྱུགས་བྱེད་བཞིན་འདུག
- འདི་དོན་དུ་གཉེར་ན་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བ་རེད།
- འོན་ཀྱང་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བྱེད་ཀྱི།
- བྱ་བ་ཡི་རྒྱུ་བ་འདའི་གོ་རིམ་གྱི་ཁྲོད་ན།
- མི་བུ་ཞིག་གི་སེམས་པ་ཅི་ལྟར་བསྡད་ཡོད་གི
- སྤྲོ་སྣང་།
- འོ་ན་རྩོམ་རིག་གིས་ཅི་ཞིག་བཤད་ན་འགྲིག་གི
- རྩོམ་རིག་གིས་གོང་ནས་བཤད་པའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་།
- སྒོར་མོ་བཙལ་ཚུལ།
- འདོད་ཡོན་ལོངས་སྤྱོད།
- འདི་བཤད་ན་འགྲིག་པ་རེད་ལ།
- ཡང་ན་འདིའི་གོ་རིམ་གྱི་ཁྲོད་འདི་ན།
- མི་བུ་ཞིག་གིས་སེམས་ཀྱི་གཏིང་ཞིག་ན།
- སྐྱོ་ངལ་ཞིག་གིས་ཁྱབ་ནས་བསྡད་ཡོད་པ།
- ཁོ་གཉིས་ཀྱི་ནང་ནས་ཁྱེད་ཚོས་བལྟས་ན།
- རྩོམ་རིག་གིས་གང་བཤད་ན་འགྲིག་རྒྱུ་རེད།
- མི་བུ་བཤད་ན་འགྲིག་རྒྱུ་རེད།
- དེའི་རྒྱུ་མཚན་ཅི་རེད་ཟེར་ན།
- རྩོམ་རིག་ཟེར་བ་ནི་མི་རིག་པ་ཞིག་རེད།
- རྩོམ་རིག་ཟེར་བ་མི་རིག་པ་རེད།
- ཨོ་ཡ་་་རྩོམ་རིག་གི་ཁ་གཏད་ཡུལ་དེ།
- ནམ་ཡིན་ན་ཡང་མི་བུ་ཡི་སེམས་ཁུངས་ཡིན་པ་རེད།
- མི་ཞིག་གི་སེམས་ཁམས་དེ་ཅི་འདྲ་ཞིག་གི་ནང་ན་ཡོད་གི
- འདི་རྩོམ་རིག་གི་བརྗོད་བྱ་མ་ནོར་བ་ཡིན་དགོས་པ་རེད།
- དེ་ཡིན་པའི་སྟབས་ཀྱིས།
- ང་ཚོས་བཤད་པའི་སྤྱི་ཚོགས་དང་མི་བུ་གཉིས་ཀ
- མཚམས་རེར་བལྟས་ན་འགལ་ཟླ་ཡིན་པ་རེད་ཟེར་བ་དེ།
- འདི་ང་ཚོས་ཤེས་རྒྱུ་གཙོ་བོ་ཡིན་པ་རེད།
- དེ་ན་འདི་ནས་རྩོམ་རིག་གི་ལྟ་བ་བཤད་པའི་སྐབས་སུ།
- རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་ཁུར་མེད་ཟེར་བའི་དུས་སུ།
- གོང་ནས་བཤད་ནས་ཤེས་རྒྱུ་གཙོ་བོ་འདི་འདྲ་ཞིག་ཡོད་དེ།
- གཅིག་བསྐྱར་ཟློས་རེད་མོད།
- སྐད་ཆ་དེའི་རྒྱབ་ལྗོངས།
- ཨོ་ཡ་་་རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ནས།
- རྩོམ་རིག་གིས་བསམ་བློའི་ནང་དོན་ཁོ་ན་བཤད་ནས་བསྡད་ཡོད་པའི།
- གནས་སྐབས་འདི་ན་ཅི་རེད་ཟེར་ན།
- མི་བུ་ཟེར་བ་དེ་ཡར་ལ་བོར་ཡོད་པ་རེད།
- རྩོམ་རིག་གིས་མི་བུ་བྱེ་བྲག་པ་འདི།
- སླ་བའི་གནས་སུ་བཞག་ནས།
- རྩོམ་རིག་གིས་སྤྱི་ཚོགས་སྤྱི་ཡི་གནད་དོན་ཞིག་བརྗོད་ནས་བསྡད་ཡོད་གི
- འདིའི་གནས་སྐབས་འདི་ནས་ཅི་རེད་ཟེར་ན།
- བྱེ་བྲག་ཡལ་བར་བོར་ནས་ཚོགས་པ་སྤྱི་ཞིག།
- ཚོགས་སྤྱི་བཤད་ཡོད་པ་རེད།
- འདི་ཅི་འདྲ་ཞིག་ཏུ་ལོག་འགྲོ་ཟེར་ན།
- རྒྱ་ཡིས་བཤད་པ་བར་སྣང་གི་ཐོག་བརྩེགས་བཞེངས་བ་ལྟ་བུ་ཞིག་ཏུ་འགྱུར་བ་རེད།
- འདི་གནད་དོན་གཅིག་རེད།
- འདི་ཡིན་རྒྱུ་ན།
- གོང་ནས་བཤད་པའི་རྒྱབ་ལྗོངས་ཀྱི་ངོས་ནས་བཤད་རྒྱུ་ན།
- གཙོ་བོ་ཚོགས་པ་དེ་དོན་དུ་གཉེར་རྒྱུ་མང་སོང་ནས།
- མི་བུ་དེ་ཡར་ལ་བོར་སོང་བ་དེ་གཙོ་བོ་རེད།
- སྤྱི་ཚོགས་ལ་འགན་འཁུར་མི་འཁུར་དེ་གནད་དོན་ཕལ་བ་རེད།
- ང་ཚོས་ཤེས་རྒྱུ་གནད་དོན་གཙོ་བོ་གང་རེད་ཟེར་ན།
- གོང་ནས་བཤད་པ་དེ་རེད།
- མི་བུ་ཡར་ལ་བོར་བ་འདི་གནད་དོན་གཙོ་བོ་རེད།
- དེ་མ་གཏོགས་སྤྱི་ཚོགས་ལ་ཉེ་་བར་དུད་པ།
- དེ་དོན་གྱིས་གནད་དོན་གྱི་གཙོ་བོ་མ་རེད།
- གཙོ་བོ་དེ་ཡིན་པ་མ་རེད།
- དེ་ང་ཚོས་ཤེས་རྒྱུ་གཅིག་རེད།
- གོང་ནས་ང་ཚོས་བཤད་དེ་དེ་རེད།
- རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་འཁྲི་མེད་ཟེར་བ་དེའི་རྒྱབ་ལྗོངས།
- གཙོ་བོ་མི་བུ་ཡར་ལ་བོར་ནས།
- ཚོགས་པ་ཞིག་དང་སྤྱི་ཞིག
- བམ་སྤྱི་ཞིག་དོན་དུ་གཉེར་བཞིན་ཡོད་པ་འདི།
- གནད་དོན་དུ་གྱུར་ནས་ཅི་རེད་ཟེར་ན།
- རྩོམ་རིག་དང་སྤྱི་ཚོགས་གཉིས་ཀྱི་བར་ལ་བར་ཐག་ཅིག་བཀྱེད་དགོས་གི་ཞེས།
- སྐད་ཆ་དེ་བཤད་པ་རེད།
- ཨོ་ཡ་་་འདི་ང་ཚོས་བཤད་པའི་རྒྱབ་ལྗོངས་དེ་ཤེས་དགོས།
- གཉིས་པ་ནི་གོང་ནས་བཤད་པ་དེ་རེད།
- སྤྱི་ཚོགས་དང་མི་བུ་གཉིས་མཚམས་རེར་འགལ་བ་ཡིན་པ།
- འདི་ཤེས་དགོས་པ་རེད།