21 May 2013
30 min 14 sec
Video Overview
Creators:
Gangri Pumo, Drangchar
This is the seventh part of a lecture on literature by Professor Dülhagyel at the First Young Tibetan Women's Literature Training in Trika, Qinghai Province. Professor Dülhagyel teaches at Northwest University for Nationalities.
- Triga
- དེ་ན་ང་ཚོས།
- རྩོམ་རིག་སྤྱི་ཚོགས་དང་ཁ་ཐག་རིང་དགོས་ཟེར་བའི་དགོས་པ་གཅིག
- གོང་ནས་བཤད་པའི་རྩོམ་རིག་རང་བཞིན་གྱི་ནང་ནས།
- ཕྲ་རབ་ཞིབ་འབྲི་ལ་སོགས་པ།
- མི་སྣ་ཞིབ་འབྲི་ལ་སོགས་པ།
- ལྗོངས་ཞིབ་འབྲི་ལ་སོགས་པ།
- ཡང་ན་ཡིན་རྒྱུ་ན་གཏམ་རྒྱུད་ཀྱི་བྱུང་རིམ་བཀོད་སྒྲིག་ལ་སོགས་པ།
- དེ་ལྷུག་བརྗོད་བྱེད་སྟངས་ལ་སོགས་པ།
- མདོར་ན་ཨོ་ཡ་་་དེ་ཅི་ཞིག་མཚོན་པའི་ཕན་ཆད་ཀྱི།
- ཅི་ལྟར་དུ་མཚོན་པ་ཟེར་བ།
- དེའི་ཕྱོགས་དེར་ང་ཚོས་ཅུང་ཙམ་བསམ་བློ་བཏང་ན་ཤུགས་སྣོན་བརྒྱབ་ན།
- བོད་ཀྱི་རྩོམ་རིག་འཕེལ་རྒྱས་སུ་འགྲོ་བ་རེད་ཟེར་རྒྱུ་རེད།
- དེ་ང་ཚོས་བཤད་རྒྱུའི་དགོས་པ་གཅིག་རེད།
- གོང་ནས་ང་ཚོས་བཤད་པ།
- སྤྱི་ཚོགས་དང་མི་བུ་གཉིས་འགལ་ཟླ་རུ་བཞག་ན་ཆོག་པ།
- ཨོ་ཡ་་དེའི་བར་དེ་ནས་ཡིན་རྒྱུ་ན།
- རྩོམ་རིག་དང་སྤྱི་ཚོགས་གཉིས་ཁ་ཐག་རིང་དགོས་ཟེར་བའི།
- སྐད་ཆ་དེའི་ཕུག་ན་གཙོ་བོ།
- རྩོམ་རིག་གིས་མི་བུ་ལ་ཁ་གཏད་དགོས་པ།
- དེ་གཙོ་བོར་འཛིན་དགོས་པ་རེད།
- དེ་གཅིག་ཤེས་དགོས་པ་རེད།
- དེའི་འཕྲོ་ནས།
- རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་ཁུར་མེད་ཟེར་བ་དེར།
- རྒྱབ་ལྗོངས་ཤིག་ཡོད་པ་རེད།
- ཨོ་ཡ་་་རྒྱབ་ལྗོངས་དེར་ཡང་མདོར་བསྡུས་ན།
- རྩོམ་རིག་རང་གིས་རང་རྐྱ་འཕེལ་བའི་གོ་ས་མེད་པ།
- དེ་འདྲ་ཞིག་ལ་དམིགས་ནས་བསྡད་དེ།
- སྐད་ཆ་དེ་བཤད་ན་སྐད་ཆ་དེ་ལ་བདེན་ཆ་ཡོད་པ་རེད།
- དེ་མ་གཏོགས་མཐའ་གཅིག་ཏུ།
- རྩོམ་རིག་དང་སྤྱི་ཚོགས་གཉིས་ཀ་འབྲེལ་མེད་དུ་བཏང་ན།
- སྐད་ཆ་དེ་ཡང་ནོར་འཁྲུལ་ཡིན་པ་རེད།
- གནད་དེ་གསུམ་པོ་ཤེས་རྒྱུ་གཙོ་བོ་རེད།
- དེའི་འཕྲོ་ནས་ང་ཚོས་འདི་འདྲའི་བརྩམས་ཆོས།
- བྱེ་བྲག་པ་འགའ་ཡི་སྟེང་ནས་བཤད་རྒྱུ་ན།
- སྤྱིར་ང་ཚོ་ཚང་མས་དོན་གྲུབ་རྒྱལ་གྱི་རྩོམ།
- བརྩམས་སྒྲུང་ཁས་ལེན་པ།
- ད་ལྟ་ཡིན་ན་ཡང་ལ་ལ་ཞིག་གིས་ཡིན་རྒྱུ་ན་དེ།
- གདེང་འཇོག་མཐོན་པོ་བྱེད་པ་དེ་འདྲ་ཞིག་རེད།
- རེད་མོད་ཁོ་ལ་ང་ཚོས་གོང་ནས་བཤད་པའི།
- རྩོམ་རིག་རང་བཞིན་གྱི་ངོས་ནས་བཤད་རྒྱུ་ན།
- ངས་བལྟ་རྒྱུན་ན་ཁོའི་སྟེང་ན་ཡང་ཞན་ཆ་ཡོད་འདུག
- ཁོའི་རྩོམ་གྱི་ཞན་ཆ་གཙོ་བོ་ཅི་རེད་ཟེར་ན།
- སྤྱི་ཚོགས་དང་འབྲེལ་དམ་རྒྱུ་མང་སོང་བ་དང།
- ཁོས་བསམ་བློ་སྟོན་པ་དེ་གཙོ་བོར་བཟུང་ནས།
- དེའི་ཕན་ཆད་ཀྱི་ཡིན་རྒྱུ་ན།
- རྩོམ་རིག་གི་སྒྱུ་སྩལ་རང་བཞིན་ལ་སོགས་པ།
- བཏང་སྙོམས་སུ་བཞག་ཡོད་པ།
- དེའི་གནད་དོན་དེ་ཡོད་པ།
- དཔེ་འཇོག་རྒྱུ་ན་དེའི་ནང་གི་ཡིན་རྒྱུ་ན།
- འཐུས་ཚབ་ཀྱི་རྩོམ་ཞིག་བཤད་རྒྱུ་ན།
- རྒྱུ་འབྲས་མེད་པའི་མནའ་མ་ལྟ་བུ་རེད།
- ང་ཚོས་བལྟ་རྒྱུ་ན་ཁྱོད་ཚོས་ལྟོས་དང།
- བསམ་བློ་ཡི་སྟེང་ནས་བཤད་རྒྱུ་ན།
- རྒྱུ་འབྲས་མེད་པའི་མནའ་མ་ལྟ་བུ་རྩོམ་ཡག་པོ་རེད་ཟེར་རྒྱུ་རེད།
- རེད་ལ་་་བོད་ཀྱི་སྲོལ་རྒྱུན་གྱི་བསམ་བློ་དང་མཐུན་པ།
- དེའི་ནང་དེ་ན་དེ་འདྲའི་མནའ་མ་མི་བཟང་བ་ཞིག་བྲིས་ཡོད་པ།
- དེའི་སྟེང་དེ་ན་ཀློག་པ་པོ་སུ་དང་སུ་ཞིག་གིས་བལྟས་ནས་སོང་ན།
- རྒྱུ་འབྲས་མེད་པའི་མནའ་མ་ཟེར་བའི་མནའ་མ་དེ་མི་བཟང་བ།
- མནའ་མ་འདི་ལྟ་བུ་ཞིག་བྱེད་མི་ཉན་གི་ལྟ་བུ།
- ང་ཚོར་མཚོན་རྒྱུ་ན་བསམ་བློ་ཡི་བསྒྱུར་བཀོད་ཟེར་ན་ཆོག
- རྩོམ་རིག་གི་སྤྱི་ཚོགས་ཀྱི་ཕན་ཡོན་ཟེར་ན་ཆོག
- རྩོམ་རིག་གི་སློབ་གསོ་ཡི་ནུས་པ་ཟེར་ན་ཆོག
- མང་པོ་མང་པོ་ཞིག་ཡིན་རྒྱུ་ན།
- རྒྱུ་འབྲས་མེད་པའི་མནའ་མ་ཡི་སྟེང་ནས་བཤད་ས་འགྲོ་བ་རེད།
- འོན་ཀྱང་དེ་ཡིན་རྒྱུ་ན་རྩོམ་རིག་གི་ངོས་ནས་བཤད་རྒྱུ་ན།
- ངས་བལྟ་རྒྱུ་ན་རིན་ཐང་ཆེན་པོ་མེད་གི
- རྒྱུ་འབྲས་མེད་པའི་མནའ་མ་ལ་མཚོན་རྒྱུ་ན།
- རྩོམ་རིག་གི་རིན་ཐང་ཆེན་པོ་མེད་པ་རེད།
- ཅི་ཞིག་ཏུ་ལོག་སོང་བ་རེད་ཟེར་ན།
- རྩོམ་རིག་དེ་ལ་ཡིན་རྒྱུ་ན།
- རྒྱུ་འབྲས་མེད་པའི་མནའ་མ་ལ་མཚོན་རྒྱུ་ན།
- སྤྱི་ཚོགས་རིག་པ་ཡི་རིན་ཐང་ཡོད་པ་རེད།
- བོད་ཀྱི་སྤྱི་ཚོགས་ལ་ཕན་ཐོག་རྒྱུ་རེད།
- མི་ཆེ་ཆུང་གང་ཡིན་ན་ཡང་ཧ་གོ་ཐུབ་པ་དེ་འདྲ་ཞིག་རེད།
- ཨོ་ཡ་་་རྩོམ་རིག་གི་སྤྱི་ཚོགས་རིག་པ་ཡི་སྟེང་ནས་བཤད་རྒྱུ་ན།
- ཁོ་ལ་རིན་ཐང་ཡོད་ལ།
- འོན་ཀྱང་རྩོམ་རིག་གི་ངོས་ནས་བཤད་རྒྱུ་ན།
- ཁོ་ལ་རིན་ཐང་མེད་ཟེར་རྒྱུ་རེད།
- རྒྱུ་མཚོན་གཙོ་བོ་ཅི་རེད་ཟེར་ན།
- མནའ་མ་ཟེར་བ་དེ་ཐོག་མར་ཁྱོད་ཚོས་ལྟོས་དང།
- དངོས་ཡོད་སྤྱི་ཚོགས་ཀྱི་སྟེང་གི་མི་ཞིག་མ་རེད།
- འུད་བརྗོད་བྱས་དྲག་པ།
- ཡང་ན་ཡིན་རྒྱུ་ན་ཟློས་གར་རང་བཞིན་ཆེ་བ།
- ཆེ་བ་དེ་རེད།戏剧性
- ཁྱེད་ཚོས་ལྟོས་དང་སྤྱི་ཚོགས་ཀྱི་སྟེང་གི
- མནའ་མ་ངན་པ་ཞིག་གི་སྐྱོན་ཆ་མང་པོ་མང་པོ་ཞིག
- རྒྱུ་འབྲས་མེད་པའི་མནའ་མ་ཟེར་བ་དེའི་སྟེང་ལ་བཞག་ཡོད་པ་རེད།
- བཞག་ན་ཅི་རེད་ཟེར་ན།
- ཁོ་ལ་ཡིན་རྒྱུ་ན་ངན་དང་སྐྱོན་ཀུན་འཛོམས་པ་ཞིག་རེད་མ་གཏོགས།
- ཡོན་ཏན་གྱི་སྣ་གཅིག་ཀྱང་མེད་པ།
- དེ་འདྲའི་མི་སྣ་ཞིག་ཏུ་ལོག་སོང་བ་རེད།
- འོ་ན་མི་སྣ་དེ་དོན་གྱིས་ཅི་འདྲ་ཞིག་ཏུ་ལོག་ཡོད་ཟེར་ན།
- ང་ཚོས་བལྟས་ན་རྩོམ་རིག་ལ་དགོས་པའི་མི་སྣ་མ་རེད།
- རྩོམ་རིག་གི་སྟེང་གི་མི་སྣ་དེ་ཅི་རེད་ཟེར་ན།
- ཨོ་ཡ་་དངོས་ཡོད་སྤྱི་ཚོགས་ཀྱི་སྟེང་གི
- མི་བུ་དཀྱུས་མ་བ་ཞིག་ཡིན་དགོས་པ་རེད།
- རྩོམ་རིག་གི་སྟེང་གི་མི་སྣ་ཡི་སྟེང་ན།
- སྤྱི་ཡི་ཆ་ཡང་ཡོད་དགོས་པ་རེད་ལ།
- བྱེ་བྲག་གི་ཆ་ཡང་ཡོད་དགོས་པ་རེད།
- དཔེ་འཇོག་རྒྱུ་ན་མནའ་མ་ངན་པ་ཞིག་གི་སྤྱི་ཡི་ཆ་དེ།
- རྒྱུ་འབྲས་མེད་པའི་མནའ་མ་ཡི་སྟེང་ན་ཡང་ཡོད་དགོས་པ་རེད།
- དེའི་ཕན་ཆད་ན་ཅི་རེད་ཟེར་ན།
- སྤྱིར་བཏང་གི་མནའ་མ་ཞིག་ལ་མཚོན་རྒྱུ་ན།
- ཁོའི་སྟེང་ན་ཅི་ཞིག་གི་གཤིས་ཀ་ཡོད་པ།
- དེ་ཡང་ཡོད་ན་ཁོ་ཡང་མི་སྣ་ཡག་པོ་ཞིག་ཡིན་རྒྱུ་རེད།
- འོན་ཀྱང་རྒྱུ་འབྲས་མེད་པའི་མནའ་མ་ལྟ་བུ་ཞིག་ལ་མཚོན་རྒྱུ་ན།
- ཅི་ཞིག་ཏུ་ལོག་ཡོད་ཟེར་ན།
- མནའ་མ་ངན་པ་ཞིག་གི་ངན་ཆ་ཐམས་ཅད།
- མི་གཅིག་གི་སྟེང་དུ་བསྡུས་པ་རེད།
- དེ་ལྟ་བུ་ཞིག་དངོས་ཡོད་སྤྱི་ཚོགས་ཀྱི་སྟེང་ན་ཡོད་པ་མ་རེད།
- འོ་ན་དེ་ལྟ་བུའི་རྒྱུ་འབྲས་མེད་པའི་མནའ་མ་ལ་མཚོན་རྒྱུ་ན།
- མི་སྣ་ཡི་གཤིས་ཀ་ཡི་སྟེང་ནས་བཤད་རྒྱུ་ན།
- གཤིས་ཀ་ཅི་རེད་ཟེར་ན་གསལ་བོ་རེད།
- འོན་ཀྱང་གཤིས་ཀ་དེ་ཡིན་རྒྱུ་ན་འཛོམས་པོ་མ་རེད།
- འོ་ན་ང་ཚོས་རྩོམ་རིག་གི་ངོས་ནས་བཤད་རྒྱུ་ན།
- གཤིས་ཀ་གསལ་བོ་ཡི་ཕན་ཆད་ནས།
- ད་རུང་གལ་ཆེ་བ་གང་རེད་ཟེར་ན།
- གཤིས་ཀ་འཛོམས་པོ་ཡིན་དགོས་པ་རེད།
- གཤིས་ཀ་གསལ་བོ་འབྲི་སླ་བ་རེད།
- དོན་གྱིས་ཤིན་ཏུ་སླ་བ་རེད།
- མི་སུ་དང་སུ་ཞིག་ལ་མཚོན་ན་ཡང་།
- འུད་བརྗོད་བྱས་ནས་བྲིས་ན་དེ་སླ་བ་རེད།
- མི་བཟང་བ་ཞིག་ཡིན་ན་ཡང་བཟང་མང་པོ་མང་པོ་ཞིག་བྲིས་ན་ཆོག་གི
- ངན་པ་ཞིག་ཡིན་ན་ཡང་ངན་པ་མང་པོ་མང་པོ་ཞིག་བྲིས་ན་ཆོག་པ་རེད།
- དེ་སླ་བ་རེད།
- འོ་ན་དངོས་ཡོད་སྤྱི་ཚིགས་ཀྱི་སྟེང་གི་མི་ངོ་མ་དེ།
- གསོན་ཉམས་དང་ལྡན་པའི་མི་དེ་དེ་འདྲ་ཞིག་མ་རེད།
- སྐྱོན་ཀུན་གསལ་ཡོན་ཏན་ཀུན་ལྡན་ཡང་ཡོད་པ་མ་རེད།
- སྐྱོན་ཀུན་ལྡན་ཡོན་ཏན་གཅིག་ཀྱང་མེད་པ།
- དེ་འདྲ་ཞིག་ཀྱང་ཡོད་པ་མ་རེད།
- དཀར་ནག་གཉིས་ཀ་བསྲེས་ནས་ཡོད་པ།
- དེ་འདྲ་ཞིག་ཡིན་དགོས་པ་རེད།
- དེ་ཡིན་ན་ཅི་རེད་ཟེར་ན།
- ང་ཚོས་བལྟ་རྒྱུ་ན་རྩོམ་རིག་གི་ཅི་ཞིག་གི་ནུས་པ་ཐོན་པ་རེད་ཟེར་ན།
- མཛའ་ཉེ་ཡི་ནུས་པ་ཟེར་བ།亲切感
- ཐག་ཉེ་བའི་རྣམ་པ་དེ་འབྱུང་ཐུབ་པ་རེད།
- དེ་མ་གཏོགས་ཡིན་རྒྱུ་ན་གཤིས་ཀ་དེ་འུད་བརྗོད་བྱས་དྲག་པ།
- གོང་ནས་བཤད་པའི་གསལ་བོ་ཡིན་རྒྱུ་མང་སོང་བ།
- གསལ་བོ་ཡིན་དུས་ངེས་པར་དུ།
- གཤིས་ཀ་ཡི་ངོས་གཅིག་འབུར་དུ་ཐོན་དགོས་པ།
- ཇེ་ཆེར་གཏང་དུས་ཅི་རེད་ཟེར་ན་ང་ཚོས་བལྟ་རྒྱུ་ན་དེ་ང་མ་རེད།
- ང་དང་འགལ་བ་ཆེན་པོ་མེད་པ།
- དེ་འདྲ་ཞིག་ཏུ་གྱུར་འགྲོ་བ་རེད།
- དེ་བཞིན་དུ་ཡིན་རྒྱུ་ན་བོད་ཀྱི་སྲོལ་རྒྱུན་བརྩམས་སྒྲུང་ལ་མཚོན་ན་ཡང་།
- གནད་དོན་གཙོ་བོ་དེ་རེད།
- ཁྱོད་ཚོས་ལྟོས་དང་གང་ལ་བལྟ་རྒྱུ་ན་ཡང་ང་དང་འདྲ་བ་ཞིག་མེད་པ།
- ཁྱོད་ང་ལས་ལོགས་སུ་གྱུར་བ།
- ང་ལས་རླབས་ཆེན་གྱི་མི་སྣ་ཞིག་རེད།
- ངེད་གཉིས་ཀྱི་བར་ན་འབྲེལ་བ་མེད་པ་དེ་འདྲ་ཞིག་ཏུ་གྱུར་འགྲོ་བ་རེད།
- དེ་ཡིན་ན་ཅི་རེད་ཟེར་ན།
- རྩོམ་རིག་གི་ཡིན་རྒྱུ་ན་དེ་མི་གཤིས་ཟེར་བ་དེ་མེད་སོང་བ་རེད།
- འོ་ན་དེ་ལྟ་བུའི་མི་སྣ་དེའི་མིང་ལ་ཅི་ཟེར་རྒྱུ་རེད་ཅེ་ན།
- ལྷ་གཤིས།
- དེ་ཡིན་པ་མི་རིགས་གཞན་པ་ཡི།
- རྩོམ་རིག་གི་སྐད་ཆའི་སྟེང་ནས་ཡོང་བ་ཡིན་མོད།
- བོད་ལ་མཚོན་ན་ཡང་དེ་ཤིན་ཏུ་འགྲིག་པ་རེད།
- མི་སྣ་ཞིག་ལ་མཚོན་རྒྱུ་ན་ཁོའི་སྟེང་ན་ཡིན་རྒྱུ་ན།
- ཐོག་མར་ང་ཚོས་གོང་ནས་བཤད་པའི།
- གཤིས་ཀ་གསལ་བོ་ཡི་ཕན་ཆད་ནས།
- གཤིས་ཀ་འཛོམས་པོ་ཞིག་ཡིན་དགོས་ཟེར་བའི།
- འཛོམས་དེ་ཅི་ཡིན་དགོས་ཟེར་ན།
- ཐོག་མར་མི་ཞིག་རེད།
- མི་ཞིག་ཡིན་དུས་འཛོམས་པོ་ཡིན་པ་རེད།
- འོ་ན་གོང་ནས་བཤད་པ་ཡིན་རྒྱུ་ན།
- མི་ལས་རིང་དུ་འདས་བ་ཞིག་ཡིན་ན།
- ད་ཡིན་རྒྱུ་ན་ཁོའི་མིང་ལ་ཅི་ཟེར་ཟེར་ན།
- ལྷ་གཤིས་ཀྱི་རང་བཞིན་ཆེ་བ་རེད།
- རྒྱལ་བུ་དྲི་མེད་ཀུན་ལྡན་ལྟ་བུ།
- སྣང་ས་འོད་འབུམ་ལྟ་བུ་རེད།
- ཁྱིམ་དེ་ཡིན་རྒྱུ་ན་བློས་གཏོང་ཐུབ་པ།
- ལྷག་པར་དུ་རྒྱལ་བུ་དྲི་མེད་ཀུན་ལྡན་ལྟ་བུ་ཞིག་ལ་མཚོན་རྒྱུ་ན།
- ང་ཚོས་བལྟས་ན་ཤེས་པ་དེ་རེད།
- སྲས་ལྕམ་སྲང་གསུམ་པོ་སྦྱིན་པ་བཏང་ནས།
- དེའི་ཕན་ཆད་ནས་ཡིན་རྒྱུ་ན་རང་གི་ཆུང་མ་ཡང་སྦྱིན་པ་བཏང་བ།
- འོ་ན་དེ་ལྟ་བུ་ཞིག་ལ་མཚོན་རྒྱུ་ན་ཁྱོད་ཀྱིས་བལྟ་རྒྱུ་ན།
- ང་དང་གཉིས་ཀ་འབྲེལ་བ་ཡོད་པ་མ་རེད།
- ང་མ་རེད།
- དེའི་ནང་ན་བཤད་པ་ང་དང་གཉིས་ཀ་རྒྱང་ཐག་རིང་བ་ཞིག་རེད།
- ཁོའི་ནང་ན་ངའི་ཚོར་བ་ཡི་དྲི་མ་མེད་གི་ཟེར་རྒྱུ་རེད།
- དེ་ན་ཅི་རེད་ཟེར་ན།
- དེ་ཡིན་ན་ལྷ་གཤིས་ཀྱི་རང་བཞིན་ཆེ་བ་རེད།
- འོ་ན་དེ་ཐམས་ཅད་ཀྱི་གནད་དོན་གང་ནས་བྱུང་བ་རེད་ཟེར་ན།
- མི་སྣ་ཡི་གཤིས་ཀ་དེ་ལ།
- གོང་ནས་བཤད་པའི་འུད་བརྗོད་བྱེད་པ་མང་སོང་བ་རེད།
- ཡང་ན་ཡིན་རྒྱུ་ན་གཤིས་ཀ་ཡི་ངོས་གཅིག་རྒྱ་ཇེ་ཆེར་བཏང་བ།
- འབུར་ཐོན་དུ་བྱས་བ།
- འོ་ན་དེ་ལྟ་བུ་ཡི་མིང་ལ།
- རྩོམ་རིག་གཞུང་ལུགས་ཀྱི་སྟེང་ནས་བཤད་རྒྱུ་ན་ཅི་རེད་ཟེར་ན།
- གཤིས་ཀ་ཆེན་པོ་དེ་མིང་ལ་ཟེར།扁平人物
- ངས་མཚམས་རེར་དེ་བསྒྱུར་དུས།
- བོད་ལ་བསྡུས་ར་བཤད་དུས་བྱ་ལེ་བ་དང་བྱ་ལེ་བ་མ་ཡིན་པ་ཟེར་བ་ཞིག་ཡོད་པ།
- དེ་ལེབ་ལེབ་རེད།
- གཤིས་ཀ་ལེབ་ལེབ་རེད།
- ལེབ་ལེབ་ཟེར་དུས་འབྲེང་ཞིག་མ་རེད།
- ང་ཚོར་བཤད་རྒྱུ་ཞིག་ཡོད་པ་མ་རེད།立体
- དེ་ཡིན་པའི་སྟབས་ཀྱིས་དེའི་རིགས་ལ་སྤྱིར་བཏང་གིས་དེ་རེད།
- ཟེར་བ་རེད།扁平人物
- དེ་སྤྱིར་ཡིན་ན་རྩོམ་རིག་ལ་མཚོན་རྒྱུ་ན།
- མི་སྣ་ཡི་སྟེང་ནས་བཤད་ན་གཤིས་ཀ་ཞན་ཆ་ཅན་རེད།
- བྱ་ལེ་བ་ཡི་མི་སྣ་དེ་ཞན་ཆ་ཅན་གྱི་གཤིས་ཀ་ཡིན་པ་རེད།
- འོ་ན་དེ་རྩོམ་རིག་ལ་དགོས་པའི་མི་སྣ་དེ་གོང་ནས་བཤད་པའི།
- སྐད་ཆ་མང་པོ་ཞིག་གི་སྒོ་ནས་བཤད་ན་ཆོག་གི
- ཨོ་ཡ་་འབྲེང་གཟུགས་ཅན་ཞིག་ཡིན་དགོས་པ་རེད།
- ཡང་ན་གོང་ནས་བཤད་པའི་ཟེར་བ་དེ།扁平人物
- བལྟས་ས་བལྟས་འཇོག་གིས་བཤད་ན་མིང་ལ་ཟེར།圆型人物
- ཟེར་ན་དེ་ཟླུམ་པོ་རེད།圆型
- ཨོ་དེ་ལྟ་བུ་རེད།
- ཞེས་བཤད་མཁན་ཡང་ཡོད་པ་རེད།圆型人物
- ཡང་ན་ང་ཚོའི་གོང་ནས་བཤད་པ་དེ་རེད།
- གཤིས་ཀ་དེ་ཡིན་རྒྱུ་ན་འཛོམས་པོ་ཡིན་པ།
- གསོན་ཉམས་ལྡན་པ་ཡིན་པ་ཟེར་བ་རེད།
- འོ་ན་འདིའི་གནད་དོན་གཙོ་བོ་དོན་གྱིས་གང་ནས་བྱུང་བ་རེད་ཟེར་ན།
- བསམ་བློ་ལ་གཙུགས་ཆེན་བྱེད་རྒྱུ་མང་སོང་བ་རེད།
- རྩོམ་གྱི་བསམ་བློའི་རང་བཞིན་དེ་ལ།
- དང་དོན་བྱས་པ་མང་སོང་དུས་ཅི་རེད་ཟེར་ན།
- མི་སྣ་ཡི་མ་གཞི་ཡི་གཤིས་ཀ་དེ་བཏང་སྙོམས་སུ་བསྐྱུར་ནས།
- རང་གི་ལྟ་བ་དང་རང་གི་སྤྱི་ཚོགས་ཀྱི་ངོས་འཛིན།
- དེ་བདེ་ལེགས་སུ་ཐོན་པའི་ཆེད་དུ་ཅི་རེད་ཟེར་ན།
- མི་སྣ་དེ་ལ་ཁོ་ཡིས་ཅི་རེད་ཟེར་ན་ཇེ་ཆེར་གཏོང་རྒྱུ་རེད།
- སྐྱོན་ཞིག་ཡིན་ན་ཡང་ཇེ་ཆེར་གཏོང་རྒྱུ་རེད།
- ཞན་ཆ་ཞིག་ཡིན་ན་ཡང་ཇེ་ཆེར་གཏོང་རྒྱུ་རེད།
- དེ་ན་ཅི་རེད་ཟེར་ན།
- རང་གི་ལྟ་བ་དེ་གསལ་བོར་བཤད་ཐུབ་སོང་བ་རེད།
- བདེ་ལེགས་ཀྱི་ངང་ནས་བཤད་ཐུབ་སོང་བ་རེད།
- འོན་ཀྱང་རྩོམ་རིག་ཟེར་བ་དེ་ཅི་རེད་ཟེར་ན།
- ཞིབ་ཕྲ་ཡིན་པ་དང་ཞིབ་ཕྲ་ཡིན་དགོས་པ་རེད།
- ཇེ་ཆེར་གཏོང་རྒྱུ་ཞིག་མ་རེད།
- དེའི་ཆ་དེ་ནས་དཔེ་འཇོག་རྒྱུ་ན།
- ང་ཚོས་གོང་ནས་བཤད་པ་དེ་རེད།
- ཨོ་ཡ་་དོན་གྲུབ་རྒྱལ་གྱི་རྒྱུ་འབྲས་མེད་པའི་མནའ་མ་ཟེར་བའི།
- རྩོམ་དེ་ལྟ་བུའི་ངོས་ནས་བཤད་རྒྱུ་ན།
- ཨོ་་་སྤྱི་ཚོགས་རིག་པ་ཡི་དོན་སྙིང་ཡོད་པ་རེད།
- བོད་ཀྱི་སྤྱི་ཚོགས་ལ་ཕན་ཐོགས་ཐོན་བཞིན་ཡོད་པ་རེད།
- ཕན་ནུས་ཐོན་བཞིན་པ་རེད།
- འོན་ཀྱང་རྩོམ་རིག་གི་རང་བཞིན་གིས་སོང་ན་ཡིན་རྒྱུ་ན་དེ་ཞན་པ་རེད།
- དེ་ང་ཚོས་བཤད་པའི་ལྡོག་ཕྱོགས་ཀྱི་དཔེ་བརྗོད་ཅིག་རེད།
- འོ་ན་དྲང་ཕྱོགས་ཀྱི་དཔེ་བརྗོད་ཅིག་འཇོག་རྒྱུ་ན།
- ཅོ་ནེ་ཡུམ་ཚེ་རིང་གིས་བྲིས་པའི།
- དེ་ལ་མང་པོ་ཞིག་གིས་བལྟས་ཡོད་པ་དེ་རེད།
- དེར་བལྟས་ན་དེ་རེད།
- ཀློག་པ་པོ་སོ་སོ་ཡིས་ཀློག་ཚུལ་མི་འདྲ་ན་ཐང་།
- རྩོམ་དེ་སྤྱིར་བཏང་གིས།
- ང་ཚོས་གོང་ནས་བཤད་པའི།
- སྤྱི་ཚོགས་རིག་པའི་ངོས་ནས་ཀློག་ན་ཡང་ཆོག་པ་ཞིག་རེད།
- ཨོ་ཡ་་ཆོག་པ་ཞིག་རེད།
- དཔེ་འཇོག་རྒྱུ་ན་ཡང་ན་རྩོམ་གྱི་མི་སྣ།
- དེ་གྲྭ་བ་ཞིག་ཡིན་པ།
- ཨོ་ཡ་་དེ་ལྡོག་ཕྱོགས་ཀྱི་མི་སྣར་བཞག་ནས།
- ཁོ་ད་རུང་ཡིན་རྒྱུ་ན་གྲྭ་བ་ཞིག་ཡིན་པ་རེད་མོད།
- འཇིག་རྟེན་གྱི་འདོད་ཡོན་ལ་ཆགས་ཡོད་པ།
- དེ་འདྲ་ཞིག་གི་ངོས་ནས་ང་ཚོས་བཤད་པ་ཅི་རེད་ཟེར་ན།
- གྲྭ་བཙུན་རྣམ་དག་ཅིག་གི་ཆ་དེ་ནས།
- སྡོམ་པ་སྲུང་བ་ཡི་ནང་གི་རྩོམ་གྱི་མི་སྣ་དེ་ལ།
- དགག་པ་བཏང་ནས་ཡིན་རྒྱུ་ན།
- བོད་ཀྱི་ཆོས་ལུགས་པ་ཐམས་ཅད།
- རྣམ་དག་ཅིག་ཡོང་བའི་རེ་བ་བཅིངས་ཡོད་ཟེར་ནས་བསྡད་ན།
- དེ་ཅི་ཞིག་གི་ལོག་འགྲོ་ཟེར་ན།
- སྤྱི་ཚོགས་རིག་པ་ཡི་དོན་སྙིང་ཞིག་ཡོད་པ།
- ཨོ་ཡ་་་བོད་ཀྱི་ཡིན་རྒྱུ་ན་དེ་ཆོས་ལུགས་པ་ཐམས་ཅད།
- རྣམ་དག་ཅིག་ཡོང་རྒྱུ།
- དེ་སྤྱི་ཚོགས་ཀྱི་འགན་ནུས་ཤིག་རེད།
- རེད་མོད་ང་ཡིན་རྒྱུ་ན་སྡོམ་པ་སྲུང་བ་ཞེས་པའི་རྩོམ་དེར་མཚོན་རྒྱུ་ན།
- གོང་ནས་བཤད་པ་དེ་འདྲ་ཞིག་གི་ངོས་ནས་འདང་མ་རྒྱབ་ན་འགྲིག་གི
- དེའི་ཡི་ཕན་ཆད་ཀྱི་གཙོ་བོ་ཅི་རེད་ཟེར་ན།
- མི་སེམས་ཟེར་བ་དེ་ཅི་འདྲ་ཞིག་རེད།
- སྡོམ་པ་སྲུང་བ་ལས་ཤེས་ཐུབ།
- ང་ཚོ་བོད་ལ་མཚོན་རྒྱུ་ན་གྲྭ་བ་འདི་འདྲ་མང་པོ་མང་པོ་ཞིག་ཡོད་གི
- འོ་ན་འདི་ཐམས་ཅད་ཀྱི་སེམས་པ་དེ་ཅི་འདྲ་ཞིག་རེད་ཟེར་ན།
- མང་པོ་མང་པོ་ཞིག་གིས་ཤེས་རྒྱུ་མ་རེད།
- འོ་ན་སྡོམ་པ་སྲུང་བ་ཞེས་པའི་རྩོམ་དེར་བལྟ་རྒྱུ་ན།
- གང་ལྟར་ཀྱང་ཅོ་ནེ་ཡུམ་ཚེ་རིང་གིས་བལྟས་ན།
- གྲྭ་བ་ཞིག་གི་སེམས་ཁུངས་དེ་ཁོ་ཡིས་ཡིན་རྒྱུ་ན།
- རྙོག་དྲ་ཞིག་ཡིན་པའི་རྣམ་པ་དེ་ཁོ་ཡིས་ངེས་ཟིན་ཡོད་པ།
- དེ་ཁོ་ཡི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེད།
- བཟང་ཆ་རེད།
- དེ་ཡིན་པའི་སྟབས་ཀྱིས་ཁྱེད་ཚོས་ལྟོས་ལ།
- ཅི་ཞིག་ཏུ་ལོག་ཡོད་ཟེར་ན།
- སྡོམ་པ་སྲུང་བ་ཞེས་པའི་རྩོམ་དེས།
- དེ་འདྲ་ཞིག་གི་གྲྭ་བ་གྲྭ་རྐྱང་ཞིག་དང་།
- ཁྱིམ་བདག་མོ་ཞིག་དང་མཉམ་དུ་འཐད་ན།
- ཨོ་ད་ཅི་རེད་ཟེར་ན།
- ཁྱིམ་བདག་མོ་དེའི་སེམས་ཁམས་ཀྱི་སྟེང་ན།
- དེ་འདྲའི་འགལ་འཐབ་ཡོད་གི
- དེ་བཞིན་དུ་ཡིན་རྒྱུ་ན།
- གྲྭ་བ་གྲྭ་རྐྱང་དེའི་སེམས་པ་མཚོན་རྒྱུ་ན་ཡང་འགལ་བ་དེ་ཡོད་གི
- འགལ་བ་བྲིས་པ་དེ་བཟང་གི
- མི་སྣ་ཡི་སེམས་པ་དེ་མཐའ་གཅིག་ཏུ།
- ལྷ་གཤིས་བྱས་ནས་བསྡད་དེ།简化
- བཟང་གི་མི་བཟང་གི
- དེ་འདྲའི་རིན་ཐང་དབྱེ་གཅོད་དེ་གཙོ་བོ་མ་རེད།
- གཙོ་བོ་མ་རེད།价值判断
- བཟང་གི་མི་བཟང་གི་དེ་གཙོ་བོ་མ་རེད།
- ཁོ་ཡིས་བཤད་པ་དེ་གང་རེད་ཟེར་ན།
- གང་ལྟར་ཀྱང་མི་དེ་འདི་འདྲ་ཞིག་གི་ངོས་ན་ཡོད་གི་ཟེར་རྒྱུ་རེད།
- མི་དེ་ཅི་འདྲ་ཞིག་རེད་ཟེར་ན།
- བཟང་ངན་ང་ཚོས་བསྐྱུར་ནས།
- གང་ལྟར་ཀྱང་གྲྭ་བ་ཞིག་ཡིན་ན་ཡང་།
- སེམས་པ་དེ་འདི་འདྲའི་འགལ་བ་ཡི་ནང་ན་ཡོད་གི
- འགལ་འཐབ་ཀྱི་ནང་ན་ཡོད་གི
- དེ་ཅི་རེད་ཟེར་ན།
- མི་ཟེར་བ་དེའི་ངོས་འཛིན་དེ་གཏིང་ཟབ་པ་ཡིན་པ།
- དེ་རྩོམ་གྱི་བཟང་ཆ་རེད་མ་གཏོགས།
- དེའི་རྗེས་ཀྱི་གདེང་འཇོག་ཚང་མ་གཙོ་བོ་མ་རེད།
- དེ་ཡིན་ན་ཅི་རེད་ཟེར་ན།
- ང་ཚོས་བཤད་པའི་སྡོམ་པ་སྲུང་བ།
- བོད་ཀྱི་རྩོམ་རིག་གི་སྟེང་ནས་བཤད་རྒྱུ་ན།
- མི་ཡི་ངོས་འཛིན་ཟེར་བ།
- གོང་ནས་ང་ཚོས་བཤད་པའི་མི་བུ་ཟེར་བ་དེ་གང་ལྟ་བུ་ཞིག་རེད།
- མི་ཟེར་བ་དེ་དོན་གྱིས་ཅི་འདྲ་ཞིག་རེད།
- དེའི་ངོས་ནས་བཤད་རྒྱུ་ན།
- ཨོ་་་ད་ཡིན་རྒྱུ་ན་རྩོམ་པ་པོ་ཞིག་གིས་ཅུང་ཙམ།
- ངོས་ཟིན་གཏིང་ཟབ་མོ་ཞིག་བྱུང་ཡོད་པ་དེ་གང་རེད་ཟེར་ན།
- དཔེ་འཇོག་རྒྱུ་ན་སྡོམ་པ་སྲུང་བ་ལྟ་བུ་རེད།
- ངས་བལྟ་རྒྱུ་ན་དེ་འདྲ་ཞིག་རེད།
- ཨོ་ཡ་་དེ་ལྟར་བཤད་ན་ཅི་ཞིག་ཏུ་ལོག་ཡོད་ཟེར་ན།
- ཁོས་བཟང་ངན་བཤད་རྒྱུ་མ་རེད།
- རྩོམ་དེས་གྲྭ་བ་དེ་བཟང་གི་ཟེར་བ་རེད་དམ་ངན་པ་རེད་ཟེར་བ་ཡིན།
- གོང་ནས་ང་ཚོས་བཤད་པ་དེ་རེད།
- གྲྭ་བ་རྣམ་དག་ཅིག་གི་ངོས་ནས།
- ད་ཐེངས་ཀྱི་གྲྭ་བ་འདི་ལ་དགག་པ་གཏོང་བཞིན་ཡོད་དེ་ལྟར་བཤད་ན་ཡང་ཆོག་གི
- ཡང་ན་ཅི་རེད་ཟེར་ན་དེའི་ཕན་ཆད་ཀྱི།
- མི་ཆོས་རིང་ལུགས་ཀྱི་བསམ་བློ་ཡི་ངོས་དེ་ནས།
- བོད་ཀྱི་སྡོམ་ཁྲིམས་ཟེར་བ་དེ།
- མིའི་ལྷན་སྐྱེས་ཀྱི་འདོད་པ་དེ་འདི་ལྟར་མནན་ཡོད་པ་རེད།
- མིའི་ལྷན་སྐྱེས་ཀྱི་འདོད་པ་ཡི་ངོས་ནས་བཤད་རྒྱུ་ན།
- དོན་གྱིས་སེམས་སྟེང་ན།
- མིའི་སེམས་ཀྱི་སྟེང་ན།
- མི་ཡི་མི་གཤིས་ཀྱི་ཟབ་ས་ཞིག་ན་ཡིན་རྒྱུ་ན།
- འདོད་ཡོན་གྱི་དགའ་བ་དེ་ཡར་ལ་ལྡིང་གིན་ཡོད་པ་རེད།
- འོན་ཀྱང་ཁོ་ཡིས་ཡིན་རྒྱུ་ན་སྡོམ་ཁྲིམས་ལ་འདང་རྒྱབ་དུས།
- ངེས་པར་དུ་ལྷན་སྐྱེས་ཀྱི་འདོད་པ།
- སྙིགས་མ་ཡི་འདོད་པ་དེ་མནན་ཡོད་པ།
- དེ་ཅི་རེད་ཟེར་ན།
- ཁོ་ལ་མཚོན་རྒྱུ་ན་དོན་གྱིས་ཅི་རེད་ཟེར་ན།
- སྡོམ་ཁྲིམས་དེས་མི་གཤིས་དེ་ལ་བཙུར་ནོན་ཡོད་པ་་ཡོད་པ།压抑
- དེའི་ངོས་ནས་བཤད་རྒྱུ་ན་མི་གཤིས་བཅིང་འགྲོལ་གྱི་བསམ་བློ།
- དེའི་ངོས་ནས་འདང་རྒྱབ་ན་ཡང་ཆོག
- ཆོག་ཆོག་པ་རེད།
- འོན་ཀྱང་རྩོམ་འདིའི་མཛེས་བ་གཙོ་བོ་དེ།
- ངས་བལྟ་རྒྱུ་ན་འདི་འདྲའི་གྲྭ་བ་ལ་དགག་པ་གཏོང་བཞིན་འདུག
- དེའི་སྟེང་ལ་ཡང་འདང་རྒྱག་རྒྱུ་མ་རེད།
- ཡང་ན་ཡིན་རྒྱུ་ན་སྡོམ་ཁྲིམས་ཀྱིས་མི་གཤིས་མནན་འདུག
- ཟེར་བ་དེ་ལ་ཡང་འདང་རྒྱག་རྒྱུ་མ་རེད།
- འདང་བརྒྱབ་ན་ཆོག་ཆོག་པ་རེད།
- འོན་ཀྱང་རྩོམ་དེའི་བཟང་ཆ་གཙོ་བོ་དེ།
- ད་བཤད་པའི་མི་བུ་ཟེར་བ་འདིའི་སྟེང་ལ་བབས་ཡོད་གི
- དེ་བཟང་ཆ་རེད།
- གོང་ནས་ང་ཚོས་མི་བུ་ཞེས་མང་པོ་མང་པོ་ཞིག་བཤད་པ་རེད།
- ང་ཚོས་གཞུང་ལུགས་ཀྱི་སྐད་ཆ་ཡིས་བཤད་ན་དེ་ཅུང་ཟད་ལྐོག་གྱུར་ཡིན་ན་ཐང་།
- འོ་ན་སྡོམ་པ་སྲུང་བ་ལྟ་བུ་ཞིག་ལ་བལྟས་ན།
- ང་ཚོས་བལྟས་ལ་མི་བུ་ཟེར་བ་དེ་ཅུང་ཙམ་ཞིག་ཧ་གོ་ཐུབ།
- མི་བུ་ཟེར་བའི་དུས་སུ་སྤྱིར་བཏང་གིས་ཐོག་མར་ཡིན་རྒྱུ་ན།
- རིན་ཐང་གདེང་འཇོག་བྱེད་རྒྱུ་མ་རེད།
- རིན་ཐང་གི་གདེང་འཇོག་བྱེད་རྒྱུ་མ་རེད།
- བྱེད་རྒྱུ་མ་རེད།价值判断
- ཁྱོད་ཀྱི་གཤིས་ཀ་དེ་བཟང་གི
- ཁྱོད་ཀྱི་སེམས་ཁམས་དེ་མི་བཟང་གི་དེ་འདྲ་གཙོ་བོ་མ་རེད།
- ང་ཚོ་ཐོག་མར་ཅི་རེད་ཟེར་ན།
- མི་ཟེར་བ་དེ་མ་གཞི་ནས་ཅི་ལྟ་བུ་ཞིག་རེད།
- དེ་ཅི་རེད་ཟེར་ན་སྡོམ་པ་སྲུང་བ་ཡི་ནང་ན་ཟུར་ཞིག་མངོན་ཡོད་པ་རེད།
- འདི་བོད་ཀྱི་རིག་གནས་ཀྱི་སྟེང་ནས་བཤད་རྒྱུ་ན།
- དོན་གྱིས་དོན་སྙིང་ཡོད་པ་རེད།
- སྤྱིར་བཏང་གིས་བལྟས་ནས་སོང་ན་ང་ཚོས་བཤད་རྒྱུ་ན།
- ཡང་ན་དགག་པ་གཏོང་བ་དང་།
- ཡང་ན་ཡིན་རྒྱུ་ན་སྟོད་པ་བྱེད་དགོས་བ།
- དེ་ཡིན་ན་ཅི་རེད་ཟེར་ན།
- སྤྱི་ཚོགས་རིག་པ་ཡི་དོན་སྙིང་ཡོད་པ།
- བོད་ཀྱི་སྤྱི་ཚོགས་ལ་འབྲེལ་བ་ཡོད་པ་དེ་འདྲ་ཞིག་ཏུ་སྣང་བ་རེད་མོད།
- འོན་ཀྱང་དོན་གྱིས་སྡོམ་པ་སྲུང་བ་ལྟ་བུའི་རྩོམ་ལ་མཚོན་རྒྱུ་ན།
- ཁོས་ཡིན་རྒྱུ་ན་མི་བུ་ཞིག་གི་སེམས་ཁམས་ལ་ཞུགས་ནས་བསྡད་དེ།
- སེམས་ཁམས་དེ་ཕྱིར་མངོན་དུ་བཅུག་ན།
- དེ་ལ་ཡིན་རྒྱུ་ན་དོན་སྙིང་རྒྱ་ཆེན་པོ་ཞིག་ཡོད་པ་རེད།
- དོན་གྱིས་ཡོད་པ་རེད།
- ང་ཚོས་བལྟས་ན་བལྟས་མ་ཐག་ཏུ་ཡིན་ན།
- སྤྱི་ཚོགས་ཀྱི་ཕན་ཡོན་དེ་མཐོང་དཀའ་བ་རེད་མོད།
- དོན་གྱིས་ཡོད་པ་རེད།
- ཡོད་པ་གང་རེད་ཟེར་ན་གོང་ནས་ང་ཚོས་བཤད་པ་དེ་རེད།
- མི་ཡི་ངོས་འཛིན་རེད།
- བོད་ཀྱི་རིག་གནས་ལ་མཚོན་རྒྱུ་ན།
- མི་ཡི་ངོས་འཛིན་དེ་ངོས་གཅིག་ཡིན་པ་མ་གཏོགས་ཆ་ཚང་མ་རེད།
- དེ་མཚན་ཉིད་རིག་པའི་ནང་དོན་རེད་མོད།
- ཁྱེད་ཚོས་ལྟོས་དང་བོད་ཀྱི་རྩོམ་རིག་ལ་མཚོན་རྒྱུ་ན།
- མ་གཞི་ནས་ཅི་ཞིག་ཡིན་ན་ཡིན་པར་བྱས།
- དེ་བཤད་རྒྱུ་མ་རེད།
- བོད་ཀྱི་རིག་གནས་ཀྱིས་ཅི་ཞིག་བྱེད་རྒྱུ་རེད།
- མ་གཞི་ཡི་མི་གཤིས་དེ་མི་བཟང་གི
- མི་གཤིས་དེ་ཡིན་རྒྱུ་ན་ལེགས་པོ་ཞིག་ཏུ་གཏོང་དགོས་བ།
- དེ་ཡིན་ན་ཅི་རེད་ཟེར་ན།
- ལེགས་པ་ཡི་ཆ་དེ།
- དགེ་བ་ཡི་ཆ་དེ་ཡིན་རྒྱུ་ན་འབུར་ཐོན་དུ་བྱ་བ།
- འོ་ན་མི་དེ་མ་གཞི་ནས་ཅི་འདྲ་ཞིག་རེད།
- བོད་ཀྱི་རིག་གནས་ལ་མཚོན་ན་མ་གཞི་ནས་འདང་རྒྱག་རྒྱུ་ཞིག་མ་རེད།
- དེ་ང་ཚོའི་དེ་རིང་སང་ཉིན་གྱི་འཇིག་རྟེན་གྱི་རིག་གནས་དང་།
- ཆོས་ལུགས་ཀྱི་རིག་གནས་གཉིས་ཀྱི་མི་འདྲ་སའི་གནད་གང་ཡིན་ཟེར་ན།
- ཨོ་ཡ་་་གནད་འདི་ན་ཡོད་པ་རེད།
- ད་བཤད་པའི་ནང་དོན་དེ་རེད།
- བོད་ཀྱི་རྩོམ་རིག་ལ་མཚོན་རྒྱུ་ན།
- མི་མ་གཞི་ནས་གང་ལྟ་བུ་ཞིག་རེད།
- དེ་གཏན་ནས་ཁོ་ཡིས་འདང་རྒྱག་རྒྱུ་ཞིག་མ་རེད།
- བཤད་ན་ཡང་དེ་ཡིན་རྒྱུ་ན་སྟབས་བདེ་བྱེད་རྒྱུ་རེད།
- ཡང་ན་ཡིན་རྒྱུ་ན་ཆེ་ས་ནས་བཤད་ནས།
- ཅི་རེད་ཟེར་ན།
- ཨོ་ཡ་་སྤྱིར་བཏང་གིས་ཡིན་རྒྱུ་ན་མི་ཡི་སེམས་དེ་ཅི་རེད་ཟེར་ན་རྣམ་དག་ཡིན་དགོས་པ།
- སེམས་ཅན་རྣམས་ནི་སེང་གེ་ཉིད།
- འོན་ཀྱང་གློ་བུར་དྲི་མས་སྒྲིབ།
- དེ་འདྲའི་གཞུང་ལུགས་ཆེ་ས་ཞིག་བཤད་རྒྱུ་རེད།
- ཡང་ན་ཅི་རེད་ཟེར་ན།
- མི་ཡི་རྒྱུད་ན་ཡིན་ན།
- འདོད་ཆགས་ཞེ་སྡང་ལ་སོགས་པའི་ཉོན་མོང་བ་བརྒྱད་ཁྲི་བཞི་སྟོང་ཡོད་པ་རེད།
- དེ་ལྟར་བཤད་ནས་བསྡད་དེ་དེ་ལྟར་བྱེད་རྒྱུ་རེད།
- འོ་ན་ཅི་རེད་ཟེར་ན།
- ཁོ་ཡིས་དེ་དགེ་ཕྱོགས་ལ་ཡིན་རྒྱུ་ན་ཅི་ལྟར་དུ་བསྒྱུར་རྒྱུ་ཡིན་པ།
- དགེ་ཕྱོགས་ལ་བསྒྱུར་དགོས་བ་ཟེར་རྒྱུ་རེད་མ་གཏོགས།
- མི་དེ་མ་གཞི་ནས་ཅི་འདྲ་ཞིག་ཡིན་པ་དེ་གླེང་བ་མ་རེད།
- འོ་ན་དེ་རིང་སང་ཉིན་ང་ཚོར་མཚོན་རྒྱུ་ན་ཅི་རེད་ཟེར་ན།
- འཇིག་རྟེན་གྱི་རིག་གནས་ཤིག་བཤད་དུས།
- ངེས་པར་དུ་ཡིན་རྒྱུ་ན།
- མི་བུ་ཟེར་བ་དེ་ཅི་འདྲ་ཞིག་ཡིན་པ་དེར་ངོས་འཛིན་ཞིག་ཡོད་དགོས་པ།
- ངོས་འཛིན་དེ་སྐྱེས་དགོས་པ་ཞིག་ཡིན་པ་རེད།
- དེ་མ་སྐྱེས་ན་ཅི་རེད་ཟེར་ན།
- ཆོས་ལུགས་ཀྱི་ལྟ་བ་དང་།
- ང་ཚོའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ལྟ་བ་བོར་སོང་ན།
- མི་དེ་ཅི་ཞིག་རེད་ཟེར་ན་སྟབས་བདེ་ཞིག་རེད།
- མ་གཞི་ནས་ཅི་དང་ཅི་ཡིན་ན་ཆོག་གི
- ཨོ་དེ་ང་ཚོའི་དགེ་བ་ཟེར་ན་ཆོག་གི
- ཆོས་ཡང་ཡང་སྒྲུབ་ནས་རིམ་གྱིས་ཅི་རེད་ཟེར་ན།
- སེམས་པ་དེ་ཇེ་ཡག་ཇེ་གཙང་དུ་འགྲོ་རྒྱུ།
- ཁོ་གཙོ་བོ་ཅི་རེད་ཟེར་ན།
- དགེ་བ་ཡི་ཕྱོགས་ལ་བསྒྱུར་རྒྱུ་དེ་གཙོ་བོ་བྱས་པ་རེད།
- འོ་ན་དེ་མི་རིགས་གཞན་ཞིག་ལ་མཚོན་རྒྱུ་ན།
- ཁོའི་རིག་གནས་ཀྱི་བཟང་ཆ་དེ་གང་ན་ཡོད་ཟེར་ན།
- མི་ཟེར་བ་དེ་མ་གཞི་ནས་ཅི་འདྲ་ཞིག་རེད།
- འདི་གཞན་གྱིས་ཅུང་ཙམ་རྒྱས་བར་བཤད་ཡོད་པ།
- དཔེ་འཇོག་རྒྱུ་ན་གིས་བཤད་རྒྱུ་ན་གཙོ་བོ་ཞེས་བཤད་རྒྱུ་ཞིག་ཡོད་པ།弗洛伊特潜意识
- དཔེ་འཇོག་རྒྱུ་ན་དེ་ལྟ་བུ་རེད།
- འོ་ན་མི་ཡི་བག་ཉལ་གྱི་འདུ་ཤེས་དེ།潜意识
- མི་ཡི་སེམས་པ་ཡི་ཆ་དེ་ཅི་འདྲ་ཞིག་བཟུང་ཡོད་པ།
- གིཟེར་དུས་ཚང་མས་བཤད་རྒྱུ་གང་རེད་ཟེར།弗洛伊特精神分析法
- མི་གཤིས་ཀྱི་ཆ་དེ་ཆེ་བ་རེད།
- དེ་བཞིན་དུ་ཡིན་རྒྱུ་ན་ནིས་ཚལ་ལྟ་བུ་ཞིག་ལ་མཚོན་རྒྱུ་ན།
- ཡི་ངོས་དེ་ནས་མི་ངོས་འཛིན་བྱེད་རྒྱུ་རེད།超人哲学
- དེ་ཚང་མ་ཡིན་རྒྱུ་ན་མི་ཟེར་བ་དེ་ཐོག་མ་ནས་ཅི་ལྟ་བུ་ཞིག་ཡིན་པ།
- མི་དེ་སྙིགས་མ་ཡི་ཆ་དེར་ཅི་ལྟ་བུ་ཞིག་ཡིན་པ།
- འདི་ཡིན་རྒྱུ་ན་མི་རིགས་གཞན་གྱི་རིག་གནས་ཀྱིས་གསལ་བོ་བྱས་ཡོད་པ་རེད།
- ང་ཚོའི་བོད་ཀྱི་རིག་གནས་ཀྱིས་མི་ཡི་སྙིགས་མ་ཡི་ཆ་དེ་གསལ་བོར་བྱས་ཡོད་རྒྱུ་མ་རེད།
- ཨོ་ཡ་་སྤྱིར་བཤད་ན་ཡང་དེ་རེད།
- ང་ཚོས་བཤད་རྒྱུ་མི་ཡི་གཤིས་ཀ་ཡི་ངོས་ནས་བཤད་རྒྱུ་ན།
- རྩོམ་རིག་ལ་མཚོན་ན་ཡང་གཅིག་མཚུངས་རེད།
- མི་ཡི་གཤིས་ཀ་དེ་ཡིན་རྒྱུ་ན།
- རང་བྱུང་གི་གཤིས་ཀ་དང་སྤྱི་ཚོགས་ཀྱི་གཤིས་ཀ་གཉིས་ཡོད་དེ་ཟེར་བ་རེད།
- མི་ཡི་ཡིན་རྒྱུ་ན་ཞིག་དང་་གཉིས་ཡོད།自然属性社会属性
- འོ་ན་བོད་ཀྱི་རྩོམ་རིག་དང་།
- བོད་ཀྱི་རིག་གནས་ཀྱིས་ནམ་ཡིན་ན་ཡང་ཁོ་ཡིས་ཅི་བཤད་རྒྱུ་རེད་ཟེར་ན།
- རེད།社会属性
- ཡིན་དུས་མི་ཟེར་བ་སྤྱི་ཚོགས་ཀྱི་ནང་ལ་སོང་ན།社会属性
- མི་དེ་ཅི་འདྲ་ཞིག་ཡིན་དགོས་བ།
- སྤྱི་ཚོགས་ཀྱི་སྟེང་ལ་ཞུགས་ན་མི་དེ་ཅི་འདྲ་ཞིག་ཡིན་དགོས་ཟེར་ན།
- ཁོ་ལ་ཡིན་རྒྱུ་ན་རྣམ་བཞག་མང་པོ་ཞིག་ཡོད་པ་རེད།
- སྡོམ་ཁྲིམས་མང་པོ་ཞིག་ཡོད་པ་རེད།
- འདི་བྱེད་དགོས་འདི་བྱེད་དགོས་འདི་བྱེད་དགོས།
- དགོས་བ་དགོས་བ་དགོས་བ་དག་དག་རེད།
- བོད་ལ་མཚོན་ན་ཡང་དེ་རེད།
- འདོད་ཡོན་ལ་ཞེན་པ་ཆེ་བའམ་ཡོད་ཉན་པ་མ་རེད།
- གཟུགས་མཛེས་བ་ལ་ཆགས་མི་ཉན།
- སྒྲ་སྙན་པ་ལ་ཆགས་མི་ཉན།
- དྲི་ཞིམ་པ་ལ་ཆགས་མི་ཉན་ཟེར་རྒྱུ་རེད།
- འོ་ན་འདི་ཅི་རེད་ཟེར་ན།
- མི་ཟེར་བ་དེ་ཡང་མ་གཞི་ཡི་ཆ་དེ།
- ཁོ་ཡིས་ཡིན་རྒྱུ་ན་ཅི་ཞིག་བྱས་པ་རེད་ཟེར་ན་མགོ་མནན་ཡོད་པ་རེད།
- འོ་ན་ཁྱེད་ཚོས་ལྟོས་དང་དེ་རིང་སང་ཉིན་གྱི་སྤྱི་ཚོགས་ལ་མཚོན་རྒྱུ་ན།
- ང་ཚོའི་བོད་ཀྱི་སྤྱི་ཚོགས་ཟེར་ན་གྲྭ་བ་གྲྭ་རྐྱང་གི་སྤྱི་ཚོགས་ཤིག་མ་རེད།
- ལྷག་པར་དུ་བོད་ཀྱི་སྤྱི་ཚོགས་ལ་མཚོན་ན།
- འཕེལ་རྒྱས་སུ་འགྲོ་དགོས་དུས་ཅི་རེད་ཟེར་ན།
- དེ་རིང་སང་ཉིན་གྱི་སྤྱི་ཚོགས་ལ་བལྟས་ནས་སོང་ན།
- མི་ཡི་སེམས་ཁམས་དེ་དོན་གྱིས་གང་གིས་བཟུང་ཡོད་ཟེར་ན།
- སྙིགས་མ་ཡི་འདོད་པ་ཡིས་བཟུང་ཡོད་པ།
- མི་ཡི་ཡིན་རྒྱུ་ན་དེ་ཡིས་བཟུང་ཡོད།自然属性
- མི་སུ་དང་སུ་ཞིག་ལ་མཚོན་ན་ཡང་།
- མཚར་ལོངས་བྱུང་བའི་གོ་རིམ་དེའི་ཁྲོད་དེ་ནས།
- འདོད་ཡོན་ལ་དགའ་བ་དེ་མ་གཞི་ནས་མི་ཡི་མི་གཤིས་སུ་གྲུབ་ཚར་བ་རེད།
- དེ་ང་ཚོས་ཤེས་པ་དེ་རེད།
- དེ་ཡིན་པའི་སྟབས་ཀྱིས་དེ་རིང་སང་ཉིན་གྱི་སྤྱི་ཚོགས་ལ་མཚོན་རྒྱུ་ན་དེ་རེད།
- བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་དགོས་ཟེར་བ་དེ་དོན་གྱིས།
- ཅི་ཞིག་འཕེལ་རྒྱས་སུ་འགྲོ་བ་རེད་ཟེར་ན།
- འདོད་ཡོན་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ།
- འདོད་ཡོན་ལ་དགའ་བ་དེ།
- དེ་རིང་སང་ཉིན་གྱི་སྤྱི་ཚོགས་ལ་མཚོན་ན་ཇེ་ཆེ་རེད།
- འོ་ན་དེ་རིང་སང་ཉིན་གྱི་སྤྱི་ཚོགས་བཤད་དགོས་ན།
- དེ་རིང་སང་ཉིན་གྱི་མི་བཤད་དགོས་རྒྱུ་རེད།
- དེ་རིང་སང་ཉིན་གྱི་བོད་མི་བཤད་དགོས་ན་ཅི་ཞིག་བཤད་དགོས་ཟེར་ན།
- འདོད་ཡོན་གྱིས་བོད་མིའི་སེམས་ཁམས་ན།
- ཅི་འདྲ་ཞིག་གི་གོ་ས་བཟུང་ཡོད་པ་དེ་བཤད་དགོས་པ་རེད།
- འོ་ན་འདོད་ཡོན་གྱིས་མི་ཡི་སེམས་ཁམས་ལ་ཡིན་རྒྱུ་ན།
- ཅི་འདྲ་ཞིག་གི་གོ་ས་བཟུང་ཡོད་པ་དེ་བཤད་དགོས་དུས་ཅི་རེད་ཟེར་ན།
- གོང་ནས་བཤད་པའི་མི་ཡི་སྙིགས་གཤིས།
- མི་ཡི་འདི་ང་ཚོས་ཁས་ལེན་བྱེད་དགོས་པ་རེད།自然属性
- གང་ལྟར་ཀྱང་དེ་ཡིན་རྒྱུ་ན་དོ་སྣང་བྱེད་དགོས།
- རྩོམ་རིག་ཟེར་བ་དེས་མ་གཞི་ཡི་མི་དེ་བཤད་པའི་དུས་སུ།
- །མི་ཡི་སྟེང་ན་ཡོད་པའི་དང་།自然属性
- དེ་གཉིས་ལ་བཤད་དགོས་པ་རེད།社会属性
- འོ་ན་མི་ཞིག་ཡིན་རྒྱུ་ན་བཟང་བོ་ཞིག་ཏུ་འགྱུར་ན་ཡང་།
- འགྱུར་བའི་གོ་རིམ་དེ་ཅི་རེད་ཟེར་ན།
- དོན་གྱིས་མི་ཡི་དང་།自然属性
- མི་ཡི་གཉིས་ཀྱི་འགལ་འཐབ་རེད།社会属性
- ཐམས་ཅད་དེ་ཡིན་པ་རེད།
- དོན་གྱིས་ཡིན་རྒྱུ་ན།
- དེ་རིང་སང་ཉིན་གྱི་རབ་བྱུང་བ་ཞིག་ལ་མཚོན་རྒྱུ་ན་ཡང་དེ་རེད།
- ཁོའི་སེམས་ཁོངགི་འགལ་འཐབ་དེ།
- ཁྱོད་ཚོས་བལྟས་ནས་སོང་ལ་དོན་གྱིས་ཅི་ཞིག་གི་འགལ་འཐབ་རེད།
- དང་གཉིས་ཀྱི་འགལ་འཐབ་ཡིན་པ་རེད།自然属性社会属性
- ཁོ་ཐག་ཡིན་པ་རེད།
- གྲྭ་བ་རྣམས་ལ་བལྟས་ནས་སོང་ན་ཡིན་རྒྱུ་སྟོན་པའི་ནམ་བཟའ་གོན་ཡོད་པ་རེད།
- དགོན་པ་ནང་ན་ཚོགས་ལ་ཞུགས་ནས་ཆོས་འདོན་པ་རྣམས་ཀྱང་།
- འོ་ན་མི་དེའི་སེམས་ཁམས་ཅི་འདྲ་ཞིག་ཡིན་རྒྱུ་རེད་ཟེར་ན།
- དེ་ང་ཚོས་བལྟས་ན་ངེས་པར་དུ།
- འདོད་ཡོན་དང་སྡོམ་ཁྲིམས་གཉིས་ཀྱི་འགལ་འཐབ་དེ་སུ་ལ་ཡང་ཡོད་རྒྱུ་རེད།
- ཡོད་སྲིད་པ་ཁོ་ཐག་ཡིན་པ་རེད།
- འདི་ཁས་མ་བླངས་དུས་ཅི་རེད་ཟེར་ན།
- མི་ཟེར་བ་དེ་ཅི་འདྲ་ཞིག་ཡིན་པ་ང་ཚོས་མ་གཞི་ནས་ཤེས་རྒྱུ་མ་རེད།
- ང་ཚོས་ཤེས་པ་རེད།
- ཅི་དང་ཅི་ཞིག་གི་བྱ་བ་དེ་བསྒྱུར་བཀོད་བྱ་དགོས་ན་ཡང་།
- ཐོག་མར་ཅི་ལྟ་བུ་ཞིག་ཡིན་པ་དེར་ངོས་ཟིན་དགོས་པ།
- ངོས་ཟིན་པའི་སྟེང་དེ་ནས་ཅི་རེད་ཟེར་ན།
- བསྒྱུར་བཀོད་བྱ་རྒྱུ་རེད་ལ།
- མར་ཁེ་སི་ཡིས་བཤད་པ་དང་གཅིག་འདྲ་རེད།
- ཐོག་མར་ཡིན་རྒྱུ་ན་རེད།认识自然
- དེའི་འཕྲོ་ནས་ཅི་རེད་རེད།改造自然
- འོ་ན་ང་ཚོ་བོད་ཅིག་ལ་མཚོན་ན་ཡང་དེ་རེད།
- རིག་གནས་ཀྱི་ངོས་ནས་བཤད་རྒྱུ་ན་ཡང་དེ་རེད།
- སྤྱིར་བཏང་གིས་དེ་ཡིན་པ་རེད།
- མི་དེ་འདི་འདྲ་ཞིག་རེད།
- དེའི་སྟེང་དེ་ནས་ཡིན་རྒྱུ་ན།
- ཕུགས་བསམ་ཞིག་དང་རེ་བ་མཐོན་པོ་མཐོན་པོ་ཞིག་བཟུང་ནས་བསྡད་དེ།
- རེ་བ་མཐོན་པོ་མཐོན་པོ་ཞིག་གིས།
- མི་དམའ་མོ་དམའ་མོ་ཞིག་ལ་རེ་བ་བཟུང་དུས།
- འདིའི་བར་འདི་ནས་ཅི་རེད་ཟེར་ན།
- གནད་དོན་འབྱུང་སྲིད་པ་རེད།
- འབྱུང་སྲིད་པ་ཁོ་ཐག་ཡིན་པ་རེད།
- འདིའི་བར་འདི་ནས་དོན་གྱིས་ཅི་ཞིག་ཡོང་བ་རེད་ཟེར་ན།
- ཟོལ་བཅོས།
- རྫུན་བཟོ།
- འདི་ཡོང་སྲིད་པ་ཁོ་ཐག་ཡིན་པ་རེད།
- དེ་ཚང་མ་ཅི་ཡིན་པ་རེད་ཟེར་ན།
- ང་ཚོས་ཡིན་རྒྱུ་ན་མི་ཟེར་བ་དེར་ཞིབ་དུ་འདང་མ་བརྒྱབ་ན།
- གནད་དོན་ཅི་འབྱུང་བ་རེད་ཟེར་ན།
- མི་ཟེར་བ་དེ་མ་གཞི་ཅི་འདྲ་ཞིག་རེད།
- འདིའི་སྐོར་འདི་ང་ཚོས་གཏན་ནས་ཤེས་ཐུབ་རྒྱུ་མ་རེད།
- དེ་ཡིན་པའི་སྟབས་ཀྱིས་ཡིན་རྒྱུ་ན།
- དེ་མི་བུ་ཟེར་བ་དེ་ཅི་ལྟ་བུ་ཞིག་ཡིན་པ་ཤེས་རྒྱུ་དེ་ཤིན་ཏུ་གལ་ཆེ་བ་རེད།
- རྩོམ་རིག་ལ་མཚོན་རྒྱུ་ན་ཤིན་ཏུ་གལ་ཆེ་བ་རེད།
- རྩོམ་རིག་ལ་མཚོན་རྒྱུ་ན་ཡིན་ན་དེ།
- རིན་ཐང་གི་འདེང་འཇོག་འདི་གཙོ་བོ་མ་རེད།
- ཐོག་མར་ཅི་རེད་ཟེར་ན།
- ཁྱོད་ཀྱིས་ཡིན་རྒྱུ་ན་རིན་ཐང་གི་འདེང་འཇོག་དེ་ཡིན་རྒྱུ་ན་ཡལ་བར་བོར་ནས།
- མ་གཞི་ཅི་ལྟ་བུ་ཞིག་རེད།
- དེ་གཙོ་བོ་རེད།
- ཁོས་ཡིན་རྒྱུ་ན་ཐོག་མ་ནས་བཟུང་སྟེ་གཤིས་ཀ་འདི་ལྟ་བུ་ཞིག་བྲིས་ན།
- ཨོ་་འདིས་ཡིན་རྒྱུ་ན་འདི་བཤད་པ་རེད།
- འདི་ཡིན་རྒྱུ་ན་དེ་ཅི་ཟེར་བ་རེད།
- དེ་བྱེད་བཞིན་ཡོད།提倡
- དེ་ལྟར་བཤད་ན་འགྲིག་པ་མ་རེད།
- གོ་བ་རེད་ལ།
- བོད་ཀྱི་རྩོམ་པ་པོ་མང་པོ་ཞིག་ལ་མཚོན་རྒྱུ་ན།
- ངས་བལྟ་རྒྱུ་ན་གནད་དོན་གཙོ་བོ་གང་ན་འབྱུང་བཞིན་ཡོད་ཟེར་ན།
- ཁོ་ཡིས་རྩོམ་ཞིག་འབྲི་དུས།
- ཁོའི་་སེམས་ན་ངས་བལྟ་རྒྱུ་ན་དོགས་ཟོན་མང་གི
- དོགས་ཟོན་ཆེ་བ་རེད།
- ངས་འདི་ལྟ་བུ་ཞིག་བྲིས་ན་འདོད་ཀྱང་།
- འདི་ལྟ་བུ་ཞིག་བྲིས་ན་བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས་ཅི་ཟེར་རྒྱུ་རེད་ཅེས།
- དེ་བོད་ཀྱི་སྤྱི་ཚོགས་ཀྱི་སྟེང་ལ་བྱུང་མྱོང་བ་རེད།
- དཔེ་འཇོག་རྒྱུ་ན་པད་མ་ཚེ་བརྟན་གྱིས།
- སྙན་ངག་པ་དུར་ཁྲོད་རྗེས་སུ་དྲན་པ་ཟེར་བ་ཞིག་བྲིས་ཡོད་པ།
- དེར་མཚོན་རྒྱུ་ན་ཁྱོད་ཚོས་བལྟས་ན་ཤེས་པ་དེ་རེད།
- རྩོམ་དེ་སྒོར་ཡོང་མ་ཐག་ཏུ་ཅི་རེད་ཟེར་ན།
- དེ་ལ་གླེང་བརྗོད་བྱུང་མྱོང་བ་རེད།
- ཅི་བཤད་བྱུང་ཟེར་ན།
- འདི་ལྟ་བུ་བྲིས་ན་མི་བཟང་གི་ཟེར་རྒྱུ་རེད།
- དེའི་རྒྱུ་མཚན་ཅི་རེད་ཟེར་ན།
- འདིས་ང་ཚོ་མི་ཡི་ངམ་ནག་གི་ཆ་དེ།
- ཕར་ཞིག་མེ་ལ་བསྲེག
- ཐ་མར་རང་གིས་ཀྱང་རང་སྲོག་བཅད་པ།
- དེ་འདྲའི་སྐད་ཆ་བཤད་ན་མི་བཟང་གི་ཟེར་རྒྱུ་རེད།
- དེ་ཅི་རེད་ཟེར་ན།
- རྩོམ་རིག་གི་སྤྱི་ཚོགས་ཕན་ཁེ་རང་བཞིན་འདི།
- དང་དོན་བྱས་པ་མང་སོང་བ་རེད།
- གཙིགས་སུ་འཛིན་རྒྱུ་མང་སོང་བ་རེད།
- དོན་གྱིས་དེའི་ནང་ན་ང་ཚོར་ཤེས་རྒྱུ་ཞིག་ཡོད་པ་རེད།
- དེ་ཡང་དོན་གྱིས་ཅི་བཤད་བཞིན་ཡོད་ཟེར་ན།
- མི་ཟེར་བ་དེ་ཅི་འདྲ་ཞིག་རེད།
- དེ་ལ་ཁོ་ཡིས་ཚོད་དཔྱོད་ཅིག་བྱས་པ་རེད།
- རྟོག་འཇུག་ཅིག་བྱས་པ་རེད།
- ང་ཚོས་བལྟས་ན་ཤེས་པ་དེ་རེད།
- མི་དེ།
- སྙན་ངག་པ་དུར་ཁྲོད་རྗེས་སུ་དྲན་པ་ཞེས་པ་དེ།
- ཁྱོད་ཚོ་མང་པོ་ཞིག་གིས་བཀླག་མྱོང་རྒྱུ་རེད།
- ཨོ་ཡ་་དེའི་ནང་ལ་བལྟས་ནས་སོང་ན་ཡང་དེ་རེད།
- དོན་གྱིས་ཅི་རེད་ཟེར་ན།
- མི་དེར་ཁོ་ཡིས་མགོ་གཡོག་མགོ་སྐོར་བྱས་པ།
- ཡང་ན་ཡིན་རྒྱུ་ན་དེ་བརྙས་བཅོས་ཟེར་ན་ཡང་ཆོག་གི
- དེ་འདྲ་ཞིག་བྱས་ནས་ཚད་ཐིག་ངེས་ཅན་ཞིག་ལ་ཐོན་ན་ཅི་རེད་ཟེར་ན།
- དེ་ཡིན་ན་མིན་ན་ཅི་ཟེར་བ་རེད་ཅེ་ན།
- ང་ཚོས་བཤད་པའི།
- ངེས་བ་ཅན་གྱི་འབྲས་བུ་ཞིག
- རེད་་་དོན་གྱིས།必然结果
- ཨོ་ཡ་་སྙན་ངག་པ་དེ་ཡིན་རྒྱུ་ན་དེ་རེད།
- ཁོ་ཡིས་བྱིས་པ་ཞིག་སྐྱེས་བ་རེད།
- ཐ་མར་བཤད་ནས་སོང་ན་ཁོ་ལ་བྱིས་པ་བསྐྲུན་པའི་ནུས་པ་མེད་པ།
- ད་ཅི་རེད་ཟེར་ན།
- དེ་གཞན་ཞིག་གི་བྱིས་པ་རེད།
- རང་གི་བུ་ཡིན་པར་བཅོས་ནས་སྙོར་ནས་བསྡད་པ།
- འཕྲོ་ནས་ཆུང་མ་དེས་རང་ལ་རྒྱབ་འགལ་བྱས་པ།
- དེ་འདྲའི་ང་ཚོས་ཅི་ཟེར་བ་རེད་ཅེ་ན།
- མི་ཞིག་ལ་མཚོན་རྒྱུ་ན་ཁོའི་མི་གཞི་ཡི་ཁྱད་བསོད་ཟེར་ན་ཡང་ཆོག་གི
- གང་ལྟར་ཀྱང་མི་གཞི་ཡི་རྩིས་ཐང་དེ་ཡིན་རྒྱུ་ན།
- དེ་འདྲའི་གཏོར་བརླག་དང་ཡང་ན་རྟོགས་བཅོས་བྱས་བ་མང་སོང་ན།
- མཐར་ཐུག་གི་འབྲས་བུ་ཅི་རེད་ཟེར་ན།
- ངེས་བ་ཅན་གྱི་ཅི་རེད་ཟེར་ན།
- གདུག་རྩུབ་ཅིག་རེད།
- དེ་ཡང་ཅི་རེད་ཟེར་ན།
- མི་བུ་ཡི་ཚོད་རྟོག་ཅིག་རེད།
- མི་བུ་ཞིག་གི་གཤིས་ཀ་ཡི་རྟོག་འཇུག་ཅིག་རེད།
- དེ་ལྟ་བུ་རེད།
- དེ་ཡིན་པའི་སྟབས་ཀྱིས་ང་ཚོས་འདི་ནས་བཤད་པ་ཅི་རེད་ཟེར་ན།
- རྩོམ་རིག་ལ།
- ཨོ་ཡ་་རྩོམ་ཞིག་བྲིས་ན།
- དེ་ནམ་ཡིན་ན་ཡང་མཐོ་ས་ཞིག་ལ་བཞག་ནས་སྐད་ཆ་བཤད་པ་དེ་མི་བཟང་གི
- གཞན་གྱིས་བཤད་ན་ཅི་ཟེར་བ་རེད་ཅེ་ན།
- ཟེར་བ་ཞིག་ཡོད་པ།上纲上线
- ཨོ་ཡ་་རྩོམ་ཞིག་བྲིས་ན།
- བསམ་བློ་དེ་མཐོ་ས་ཞིག་ལ་བཞག་ནས།
- དེས་བོད་མིའི་བསམ་བློ་ཡོངས་སུ་རྫོགས་པ་དབང་དུ་བསྒྱུར་བ་འདྲ།
- བསམ་བློ་དེ་ངེས་བར་དུ་ཡིན་རྒྱུ་ན།
- མི་ཐམས་ཅད་ལ་ལྟ་བ་དེ་ཁྱབ་བསྒྲགས་བྱས་བ་འདྲ།
- དེ་འདྲའི་མཐོ་ས་ཞིག་ལ་བཞག་པ།
- དཔེ་འཇོག་རྒྱུ་ན་ཡིན་རྒྱུ་ན།
- ལས་ཁུངས་ཤིག་གི་འགོ་ཁྲིད་ཅིག་གིས་གཏམ་བཤད་པ་དང་འདྲ་བ།
- དེ་འདྲ་ཞིག་གི་མཐོ་སར་བཞག་ན།
- ཁྱོད་ཚོས་ལྟོས་དང་རྩོམ་པ་པོ་ལ་མཚོན་རྒྱུ་ན་འཆང་རྒྱ་མང་བ་རེད།
- འཆང་རྒྱ་མང་རྒྱུ་རེད།
- དེ་ཡིན་པའི་སྟབས་ཀྱིས་རྩོམ་པ་པོ་ལ་མཚོན་རྒྱུ་ན།
- ཅུང་ཙམ་ཞིག་གུ་ཡངས་བྱས་ན་འགྲིག
- གུ་ཡངས་བྱས་ན་འགྲིག་པ་རེད།
- སྤྱིར་ཡང་དེ་རེད།
- བོད་ཀྱི་སྤྱི་ཚོགས་དེ་རིང་སང་ཉིན་གྱི་དུས་ཚོད་འདིར་མཚོན་རྒྱུ་ན།
- མི་ཞིག་གིས་རྩོམ་ཞིག་བྲིས་ནས་བསྡད་དེ།
- རྩོམ་དེའི་བསམ་བློ་ཡིས་བོད་ཀྱི་སྤྱི་ཚོགས་ལ་ཁ་ལོ་བྱེད་ཐུབ་ཟེར་ན།
- གཏན་ནས་དཔེ་མི་སྲིད་པ་ཞིག་ཡིན་པ་རེད།
- དེ་ཡིན་པའི་སྟབས་ཀྱིས་ཡིན་རྒྱུ་ན་མཚམས་རེར་ང་ཚོས་བལྟས་ན།
- བོད་ཀྱི་རྩོམ་རིག་འདི་ལ་རེ་བ་མཐོན་པོ་འཇོག་རྒྱུ་མང་ཡོད་པ་རེད།
- རྩོམ་རིག་གི་ནུས་པ་དེ་ལ་འུད་བརྗོད་བྱེད་རྒྱུ་མང་ཡོད་པ་རེད།
- སྤྱིར་བཏང་གིས་དེ་འདྲ་ཞིག་རེད།
- རྩོམ་པ་པོ་ཞིག་གིས་ཆེས་ཐལ་དྲགས་པའི་སྐད་ཆ་ཞིག་བཤད་ན་ཡང་།
- དེས་མི་མང་པོ་མང་པོ་ཞིག་ལ་གཏན་ནས་ཤན་ཤུགས་བྱེད་ཐུབ་པ་མ་རེད།
- དེ་ཡིན་པའི་སྟབས་ཀྱིས་རྩོམ་རིག་ཁོ་རང་།
- དེ་རིང་སང་ཉིན་འདི་འདྲའི་འགལ་འདུ་ཡི་ནང་ན་ཡོད་པ་རེད།
- སྤྱིར་ན་རྩོམ་རིག་ཡིན་རྒྱུ་ན།
- སྤྱི་ཚོགས་མི་ཐམས་ཅད་ཀྱི་སེམས་ཁུངས་ན་ཞུགས་དགོས་ཟེར་བ་རེད།
- འོན་ཀྱང་ཨོ་ཡ་རྩོམ་པ་པོ་ཞིག་གིས་རྩོམ་བྲིས་པ་ཐམས་ཅད་ཀྱིས།
- མི་སྣ་ཡི་སེམས་ཁམས་ལ་གཏན་ནས་ཞུགས་ཐུབ་པ་མ་རེད།
- དེ་ཡིན་ན་ཅི་རེད་ཟེར་ན།
- རྩོམ་རིག་སྤྱི་ཚོགས་དང་།
- རྩོམ་པ་པོ་ཞིག་གི་ངོས་ནས་བཤད་རྒྱུ་ན་ཡང་ཅུང་ཙམ་ཞིག་རྒྱང་བཀྱེད་ན་འགྲིག་པ་རེད།
- ཁྱོད་ཀྱིས་དེ་འདྲ་ཞིག་དོ་སྣང་མ་བྱས་ན་འགྲིག་གི
- བོད་ཀྱི་རྩོམ་རིག་འཕེལ་རྒྱས་སུ་འགྲོ་ཐུབ་ཀྱིན་མེད་པའི་རྒྱུ་མཚན་ཡང་གཅིག་དེ་ན་ཡོད།
- རྩོམ་པ་པོ་ཐམས་ཅད་ལ་ཅི་རེད་ཟེར་ན།
- ཁོག་ན་ཡིད་དོགས་ཆེ་བ།
- དོགས་ཟོན་ཆེ་བ།
- སྤྱིར་རྩོམ་པ་པོ་རྣམས་ཀྱིས་བཤད་ན་ཅི་རེད་ཟེར་ན།
- ཁོས་ཀློག་པ་པོ་ལ་འདང་རྒྱག་བཞིན་མེད་ཟེར་བ་རེད།
- འོན་ཀྱང་ཡི་ལྟ་བ་ལྟར་དུ་བཤད་ན།弗洛伊特
- ང་ཡིན་རྒྱུ་ན་ཡང་དེ་ཁས་ལེན་རྒྱུ་རེད།
- དོན་གྱིས་ཅི་རེད་ཟེར་ན།
- ཁྱོད་ཀྱིས་རང་བློ་རང་ལ་ལོག་ཏུ་འཇུག་རྒྱུ།
- ཁྱོད་རང་གིས་སེམས་སྟེང་ན་ཅི་ཞིག་དྲན་བཞིན་པ་ཁྱེད་རང་གིས་ཀྱང་ཤེས་རྒྱུ་མ་རེད།
- མིའི་བག་ཉལ་གྱི་འདུ་ཤེས་ཟེར་བ་དེ་ཡིན་རྒྱུ་ན།
- ཁྱོད་ཀྱི་སེམས་པ་དེ་ཅི་ལྟར་ཡིན་པ་ཁྱོད་ཀྱིས་ཀྱང་ཤེས་པ་མ་རེད།
- དེ་ཡིན་པས་ང་ཚོས་འདི་ནས་བཤད་རྒྱུ་ཅི་རེད་ཟེར་ན།
- རྩོམ་པ་པོ་ལ་མཚོན་རྒྱུ་ན་ཁོ་ཡིན་རྒྱུ་ན།
- སྤྱི་ཚོགས་དང་གཉིས་ཀ་ཅུང་ཙམ་གྲིམ་ནས་བསྡད་ན་འགྲིག་པ་རེད།
- རྩོམ་པ་པོ་ལ་དོགས་ཟོན་མང་པོ་མང་པོ་ཞིག་མེད་ན་འགྲིག་གི
- དོག་ཟོན་དེ་གང་གིས་བསྐྱེད་པ་རེད་ཟེར་ན།
- ཀློག་པ་པོ་ཡིས་བསྐྱེད་པ་རེད།
- ཀློག་པ་པོ་ཡིས་གོང་ནས་ང་ཚོས་བཤད་པ་དེ་རེད།
- རྩོམ་རིག་ལ་རེ་བ་མཐོན་པོ་འཛིན་རྒྱུ་མང་སོང་བ་རེད།
- རྩོམ་རིག་གི་ནུས་པ་དེ་ལ་ཡིན་རྒྱུ་ན་ཅི་ཟེར་བ་རེད།
- གདེང་འཇོག་མཐོན་པོ་བྱས་བ་མང་སོང་བ་རེད།
- མ་གཞི་ནས་མེད་པ་ཞིག་ལ་གདེང་འཇོག་མཐོན་པོ་མཐོན་པོ་བྱས་ན།
- རྩོམ་པ་པོ་ཞིག་གིས་རྩོམ་ཞིག་བྲིས་ནའང་།
- མྱུར་བ་མྱུར་དུ་མཐོ་ས་ཞིག་ལ་བཞག་ནས།
- འདིས་འདི་ཟེར་བ་དང་།
- འདི་ཟེར་བ་དང་།
- འདིས་འདི་འདྲའི་ཤན་ཤུགས་ངན་པ་བཟོ་རྒྱུ་རེད་ཟེར་ནས།
- རྣམ་རྟོག་ཅིག་གི་ནང་ན་ཡིན་རྒྱུ་ན་དེ་འདྲའི་མང་པོ་མང་པོ་བཤད་བཞིན་ཡོད་པ་རེད།
- དེ་ཡིན་པས་ཀློག་པ་པོ་ཞིག་ལ་མཚོན་རྒྱུ་ན་ཡང་དེ་རེད།
- རྩོམ་པ་པོ་ཞིག་གིས་རྩོམ་རིག་བཤད་པའི་སྐབས་སུ་ཐོག་མར་ཅི་རེད་ཟེར་ན།
- ཁོས་བཤད་པ་དེ་བདེན་པ་རེད་ལ་མ་རེད།
- རྩོམ་རིག་གི་སྟེང་ན་ཡིན་རྒྱུ་ན་གོང་ནས་ང་ཚོས་བཤད་པ་དེ་རེད།
- རྩོམ་རིག་གི་སྟེང་ན་ཡིན་རྒྱུ་ན་བདེན་པ་དང་དགེ་བ་ཡི་འགལ་བ་དེ་ཡོད་པ་རེད།
- རྩོམ་རིག་ལ་མཚོན་རྒྱུ་ན་ཐོག་མར་གལ་ཆེ་བ་གང་རེད་ཟེར་ན་བདེན་པ་རེད།
- བདེན་པ་རྨང་གཞི་ཡིན་དགོས་པ་རེད།
- བདེན་པ་རྨང་གཞི་རེད།
- འོ་ན་བདེན་པ་རྨང་གཞི་ཟེར་བ་དེ་རེད།
- བདེན་པ་ཟེར་དུས་ཡག་བཙོག་ཐོག་མར་བཤད་པ་མ་རེད།
- ངོ་མ་རེད་ལ་མ་རེད།
- མི་ཞིག་ལ་མཚོན་ན་མི་ཡག་པ་ཞིག་ཡིན་ན་ཡང་།
- ཐོག་མར་ང་ཚོས་བལྟས་ནས་མི་ཡག་གི་ཟེར་ཐུབ་དགོས་པ་རེད།
- དེ་གཙོ་བོ་རེད།
- ཡག་ན་ཡག་གི་ཟེར་དགོས་རྒྱུ་རེད།
- མི་ཡག་ན་མི་ཡག་གི་ཟེར་དགོས་རྒྱུ་རེད།
- འོ་ན་མི་ཞིག་ལ་མཚོན་ན་ཡང་དེ་རེད།
- མི་ཡི་སྟེང་ན་མ་གཞི་ནས་དེ་འདྲའི་མ་རུང་བའི་ཆ་དང་ངམ་ནག་གི་ཆ་དེ་ཡོད་ན།
- རྩོམ་རིག་གིས་ཐོག་མར་ཡིན་རྒྱུ་ན་མི་བུ་ཞིག་གི་ཆ་དེ་ནས།
- མི་ཟེར་བ་འདི་འདྲ་རེད་ཟེར་བ་དེའི་སྟེང་དེ་ནས།
- སྤྱིར་བཏང་གིས་བཤད་ན་འགྲིག་པ་རེད།
- དེ་ཡིན་རྒྱུ་ན་བདེན་པ་རེད།
- འོ་ན་བདེན་པ་ཡི་སྟེང་ནས་ད་བཟོད་དགེ་བ་ཡི་ཆ་དེ་ཐོན་དགོས་པ་རེད།
- དགེ་བ་ཡི་ཆ་དེ་གང་ནས་ཐོན་དགོས་ཟེར་ན་གོང་ནས་ང་ཚོས་བཤད་པ་དེ་རེད།
- སྤྱི་ཚོགས་ལ་ནུས་པ་འདོན་རྒྱུ།
- ཀློག་པ་པོ་ཡི་སེམས་ཁམས་ལ་ནུས་པ་འདོན་རྒྱུ།
- འདི་ཚང་མ་རྩོམ་རིག་གི་དགེ་བ་ཡི་ཆ་དེ་རེད།
- འོ་ན་ང་ཚོས་བཤད་རྒྱུ་ཡིན་རྒྱུ་ན།
- རྩོམ་རིག་དེ་ལ་ཐོག་མར་ཅི་རེད་བདེན་པ་རེད།
- བདེན་དགེ་མཛེས་གསུམ་གྱི་སྟེང་གི་རྨང་གཞི་ཅི་རེད་ཟེར་ན།
- བདེན་པ་ཡིན་དགོས་པ་རེད།
- ཨོ་ཡ་་བདེན་པའི་ཆ་དེ་ཡིན་དགོས་ན་ཅི་རེད་ཟེར་ན།
- མི་བུ་ཡི་རང་བྱུང་གི་ཆ་དེ།
- མི་བུ་ཡི་自然属性
- འདི་ཡིན་རྒྱུ་ན་ཅི་རེད་ཟེར་ན།
- འདི་ང་ཚོས་བློ་གནད་ལ་ཕབ་ནས་རྟོག་འཇུག་བྱེད་དགོས་པ།
- ཅི་ལྟ་བུ་ཡིན་པ་དེ་ལྷང་ལ་འབུད་པར་འཇུག་དགོས་པ་རེད།
- འདི་ཡིན་ན་ཅི་རེད་ཟེར་ན།
- དེ་རྩོམ་རིག་གི་ནུས་པ་ཆེན་པོ་ཐོན་རྒྱུ་ཡོད་པ་རེད།
- གོང་ནས་བཤད་པའི་ནུས་པ་དོན་གྱིས་ཅི་རེད་ཟེར་ན་གཉིས་རེད།
- གཅིག་ཅི་རེད།
- མི་བུ་ཅི་ལྟ་བུ་ཞིག་ཡིན་པ།
- དེའི་ཆ་དེ་ན་ཡིན་རྒྱུ་ན་རིག་གནས་ཀྱི་འཛུགས་སྐྲུན་ཟེར་ན།
- བསམ་བློ་ཡི་འཛུགས་སྐྲུན་ཟེར་ན།
- རྩོམ་རིག་གི་སྟེང་གི་ནུས་པ་ཐོན་རྒྱུ་རེད།
- ཁོས་ཡིན་རྒྱུ་ན་དེ་སྤྱིར་ན་ང་ཚོས་བལྟས་ན་ཤེས་པ་རེད།
- དེ་རིང་སང་ཉིན་ཡིན་རྒྱུ་ན་བོད་ན་མཁས་པ་མང་རྒྱུ་རེད།
- དཔྱད་རྩོམ་མང་པོ་འབྲི་རྒྱུ་རེད་མོད།
- ཚང་མ་ཡིན་རྒྱུ་ན་མི་ལ་འབྲེལ་བ་མེད་པ།
- མེད་པ་རེད།
- ཚང་མ་ཡིས་འབྲི་བ་དེ་ཅི་རེད་ཟེར་ན།
- དེ་བོད་ཀྱི་ལུགས་སྲོལ།
- གཉེན་སྲོལ་ཟེར་བ་འདྲ།
- དུར་འཇུག་གི་སྲོལ་ཟེར་བ་འདྲ།
- འདི་འདྲའི་གོམས་གཤིས་གོམས་སྲོལ།
- ཡིན་རྒྱུ་དེ་རེད།
- ཕྱི་གླིང་བ་ཡི་ཟེར་བ་དེས།文化人类学
- ཤན་ཤུགས་ཞུགས་སོང་བ་ཡིན་རྒྱུ་རེད།
- བོད་ཀྱི་དཔྱད་རྩོམ་གྱིས་འབྲི་བ་ཚང་མ་འདི་འདྲའི་མི་དང་འབྲེལ་བ་མེད་པ།
- དེ་འདྲའི་དཔྱད་རྩོམ་དག་དག་བྲིས་ཡོད་པ།
- འོ་ན་བོད་ཀྱི་རིག་གནས་འཛུགས་སྐྲུན་བྱེད་དགོས་ན།
- མི་དེ་ཡིན་རྒྱུ་ན་ང་ཚོས་ཞིབ་འཇུག་བྱེད་དགོས་པ།
- དེ་རིང་སང་ཉིན་གྱི་བོད་ཀྱི་རིག་པའི་གླིང་དེར་མཚོན་རྒྱུ་ན།