21 May 2013
34 min 31 sec
Video Overview
Creators:
Gangri Pumo, Drangchar
This is the sixth part of a lecture on literature by Professor Dülhagyel at the First Young Tibetan Women's Literature Training in Trika, Qinghai Province. Professor Dülhagyel teaches at Northwest University for Nationalities.
- བཞི་བ་དེ་བརྗོད་བྱའི་སྲོག་ཟེར་ན་ཆོག་གི
- ཡང་ན་རྩོམ་གྱི་བསམ་བློ།
- འདིའི་སྦྱོང་བརྡར་གྱི་ཆ་ནས་སྐད་ཆ་ཞིག་བཤད་ན།
- ང་ཚོས་དེ་རིང་ཕྱི་དྲོ་བཤད་པ་འདི།
- ཁོའི་གོ་རིམ་གྱི་ངོས་ནས་བཤད་རྒྱུ་ན།
- གོང་གི་དེ་ཚང་མ་ཡིན་རྒྱུ་ན་སྦྱོང་བརྡར་རེད།
- ཨོ་ཡ་་་རང་གི་སྦྱོང་བ་ཙམ་རེད།
- དེའི་བར་དེ་ནས་བསམ་བློ་བཏང་སྙོམས་སུ་བསྐྱུར་ན་འགྲིག་པ་རེད།
- དེའི་རྒྱུ་མཚན་ཅི་རེད་ཟེར་ན།
- ཁྱོད་ཀྱིས་བསམ་བློ་ལ་འདང་ཞིག་བརྒྱབ།
- རྩོམ་གྱི་འབྲི་ཚུལ་གྱི།
- བཀོད་འབྲི་དང་ལྷུག་བརྗོད་ཀྱི་ཆ་ལ་འདང་ཞིག་བརྒྱབ་ན།
- དཀའ་ཁག་ཇེ་ཆེར་སོང་བ་རེད།
- དེ་ཡིན་པའི་སྟབས་ཀྱིས་ཐོག་མ་ནས།
- བསམ་བློ་ཡི་ཚད་བཀག་ཐེབས་པར་མ་བྱས་བར།
- རང་དབང་ཆེན་པོ་ཞིག་གི་སྒོ་ནས་ཅི་རེད་ཟེར་ན།
- རྩོམ་རིག་གི་རྨང་གཞི་དེ་བསྐྲུན་པའི་ཆེད་དུ།
- ཐོག་མའི་ལྷུག་བརྗོད་དང་བཀོད་འབྲི་ཡི་སྦྱོང་བ་དེ་སྔོན་དུ་འགྲོ་རུ་བཅུག་ནས།
- དེའི་གནས་སྐབས་དེར་སྤྱིར་བཏང་གིས་དེ་རེད།
- མང་པོ་ཞིག་འབྲི་ཐུབ་ན་བརྗོད་བྱའི་སྲོག་ཟེར་ན་ཆོག་གི
- གཞན་པ་མང་པོ་མང་པོ་བསྲེས་ན་ཆོག་པ་རེད།
- སྤྱིར་རྩོམ་ལ་གསར་དུ་འཇུག་མཁན་གྱི་མི་ཞིག་ལ་མཚོན་རྒྱུ་ན།
- སྦྱང་རྩོམ་ཟེར་བ་ཞིག་ཡོད་པ་རེད།
- ཟེར་བ་རེད།细作
- དེ་ཡོད་པ་རེད།
- དེ་ཅི་རེད་ཟེར་ན།细作
- ཁྱོད་རང་གི་ཡིན་རྒྱུ་ན་གང་ལ་སྦྱོང་བ་བྱས་པ།
- དེའི་ཆ་དེ་མངོན་དུ་འཇུག་རྒྱུ་མ་གཏོགས་ཁོ་ཡིན་རྒྱུ་ན་ཆ་ཚང་དེ་གཙོ་བོ་མ་རེད།
- སྦྱོང་བ་བྱས་པའི་སྦྱང་རྩོམ་དེ་འདྲ་ཞིག་གི་ངོས་ནས་བཤད་རྒྱུ་ན།
- བཀོད་འབྲི་ཡི་ཆ་དེ་གཙོ་བོར་བཏོན་ནས་རྩོམ་བྲིས་ན་ཡང་ཆོག་གི
- ཡང་ན་ཡིན་རྒྱུ་ན་ལྷུག་བརྗོད་བྱེད་ཐབས་དེ་གཙོ་བོར་བྱས་ནས།
- སྦྱོང་བ་བྱས་ན་ཡང་ཆོག་གི
- དེའི་གནས་སྐབས་དེར་ཅི་རེད་ཟེར་ན།
- གོང་ནས་བཤད་པའི་སྦྱང་རྩོམ་སྦྱང་རྩོམ་ཟེར་བ་དེ་འདྲ་ཞིག་རེད།
- སྤྱིར་དེ་འདྲ་ཞིག་ཡིན་དགོས་པ་རེད།
- ང་ཚོས་ཕར་ལ་དུས་དེབ་མཐོན་པོ་ཞིག་ལ་སྐུར་ན།
- བརྩམས་ཆོས་ངོ་མ་ཞིག་སྐུར་དགོས་པ་རེད།
- དེ་མ་གཏོགས་སྤྱིར་བཏང་གིས་ཡིན་ན།
- དེ་རིང་གི་སྐད་ཆ་ཡིས་བཤད་ན་ཟེར་བ་རེད།照顾
- དམིགས་གསལ་རང་བཞིན་གྱི་དུས་དེབ་དེ་འདྲ་ཡོད་པ་རེད།
- དེའི་སྐབས་དེར་ཅི་རེད་ཟེར་ན།
- སྤྱིར་བཏང་གིས་ང་ཚོས་སྟེར་རྒྱུ་དེ་སྦྱང་རྩོམ་ཡིན་ན་ཆོག་པ་རེད།
- སྤྱིར་བྱས་ན་སྦྱང་རྩོམ་ཡིན་ན་ཆོག་པ་རེད།
- རེད་མོད་ང་ཚོ་ཡིན་རྒྱུ་ན་ནམ་ཡིན་ན་ཡང་།
- མཐོན་པོ་མཐོན་པོ་ཆེན་པོ་ཆེན་པོ་ཞིག་ལ་བསྙེགས་ནས།
- སྦྱང་རྩོམ་དང་རྩོམ་ངོ་མ་དེ་གཉིས་བར་ལ་ཁྱད་པར་མེད་པ་རེད།
- ཨོ་ཡ་་་སྤྱིར་ང་ཚོ་རྩོམ་རིག་ལ་གསར་དུ་འཇུག་མཁན་ཞིག་ལ་མཚོན་རྒྱུ་ན།
- སྦྱང་རྩོམ་ཡོད་ན་ཆོག་པ་རེད།
- སྦྱང་རྩོམ་གྱི་སྐབས་དེར་ཅི་རེད་ཟེར་ན།
- ཁྱོད་ཀྱིས་གང་དང་གང་ཞིག་དམིགས་སུ་བཟུང་ནས་སྦྱོང་བརྡར་བྱས་པ་ཡིན།
- བསམ་བློ་ཡི་ཆ་དེ་ནས་ཁྱོད་ཀྱིས་སྦྱོང་བ་བྱས་པ་ཡིན་ནམ།
- བཀོད་འབྲི་ཡི་ཆ་ནས་སྦྱོང་བ་བྱས་པ་ཡིན་ནམ།
- ཡང་ན་ཡིན་རྒྱུ་ན་བྱུང་རིམ་སྤེལ་སྟངས་ཀྱི་ཆ་ནས་སྦྱོང་བ་བྱས་པ་ཡིན་ནམ།
- ཨོ་་་སྦྱང་རྩོམ་དེ་ཡོད་ཆོག་ཆོག་ཅིག་ཡིན་པ་རེད།
- དེའི་སྐབས་དེ་ནས་ཡིན་ན།
- སྤྱིར་ན་བརྗོད་བྱ་ཡི་སྲོག་ལྟ་བུ།
- འདི་འདྲའི་ཚད་ཐིག་མཐོ་ས་འདི་བཏང་སྙོམས་སུ་བསྐྱུར་ན་ཆོག་གི
- འདི་ང་ཚོའི་ཐོག་མའི་གནས་སྐབས་རེད།
- དེ་རྗེས་ནས་ཡིན་རྒྱུ་ན་མར་ལ་བརྗོད་བྱའི་སྲོག་ལ་ཐོན་དུས།
- ཅི་ཟེར་བ་རེད་ཅེ་ན།
- རྩོམ་རིག་དེ་ངོ་མ་ཞིག་ཏུ་འགྱུར་བའི་དུས་ཚོད་ཡིན་པ་རེད།
- ཁྱོད་ཀྱི་རྩོམ་རིག་ཅུང་ཙམ་ཆ་ཚང་ཞིག་ཏུ་ལོག་བཞིན་པ་རེད།
- འོ་ན་བརྗོད་བྱའི་སྲོག་ཡིན་ན་ཆོག་གི
- ཡང་ན་རྩོམ་གྱི་བསམ་བློ་ཡི་ཆ་ནས་བཤད་རྒྱུ་ན།
- སྤྱིར་བཤད་རྒྱུ་ན་ང་ཚོས་དེ་འདྲའི་དོ་སྣང་ཆེན་པོ་བྱེད་དགོས་པ་མ་རེད།
- རྩོམ་རིག་ལ་མཚོན་རྒྱུ་ན་གཏན་གྱི་བརྗོད་སྙིང་ཡོད་པ་རེད།
- ཟེར་བ་ཞིག་ཡོད་པ་རེད།永恒的主题
- དཔེ་འཇོག་རྒྱུ་ན་མ་བུ་ཡི་བརྩེ་དུང་ཡིན་ན་ཆོག་གི
- གྲོགས་པོ་ཡི་བརྩེ་དུང་ཡིན་ན་ཆོག་གི
- ཡང་ན་ཡིན་རྒྱུ་ན་ཕོ་མོ་ཡི་བརྩེ་དུང་ཡིན་ན་ཆོག་གི
- འདི་འདྲ་མང་པོ་མང་པོ་ཞིག་ལ་མཚོན་རྒྱུ་ན་ཅི་རེད་ཟེར་ན།
- གཏན་གྱི་བརྗོད་སྙིང་རེད།
- རྩོམ་པ་པོ་མང་པོ་ཞིག་གིས་དུས་རབས་མང་པོ་ཞིག་ལ།
- འདི་ཡིན་རྒྱུ་ན་བསྐྱར་ཟློས་བྱས་ཡོད་པ་རེད།
- བརྗོད་བྱའི་སྙིང་བོ་དེ་བསྐྱར་ཟློས་བྱས་ཡོད་པ་རེད།
- འོ་ན་བསྐྱར་ཟློས་བྱས་མེད་པའི་གསར་རྩོམ་གྱི་ཆ་དེ་གང་ནས་བྱུང་ཡོད་ཟེར་ན།
- ང་ཚོས་གོང་ནས་བཤད་པ་ཅི་རེད་ཟེར་ན་མི་ཡི་མྱོང་རྟོག་རེད།
- བརྩེ་དུང་གི་གཏམ་རྒྱུད་དེ།
- དགེ་རྒན་ཞིག་གི་སྟེང་ལ་བྱུང་ན་ཅི་འདྲ་ཞིག་ཡིན་ངེས་རེད།
- སྨན་པ་ཞིག་གི་སྟེང་ལ་བྱུང་ན་ཅི་འདྲ་ཞིག་ཡིན་ངེས་རེད།
- ཞིང་བ་ཞིག་གི་སྟེང་ལ་བྱུང་ན་ཅི་འདྲ་ཞིག་ཡིན་ངེས་རེད།
- འབྲོག་པ་ཞིག་གི་སྟེང་ལ་བྱུང་བ་ཅི་འདྲ་ཞིག་ཡིན་ངེས་རེད།
- འདིའི་བར་འདི་ནས་ཅི་རེད་ཟེར་ན།
- གསར་བ་ཡི་ཆ་དེ་ཐོན་དགོས་པ་རེད།
- དེ་ཡིན་པའི་སྟབས་ཀྱིས།
- བརྗོད་བྱ་ཡི་སྲོག་གི་ཆ་དེ་ནས་དེ་འདྲའི་སེམས་ཁུར་ཆེན་པོ་དང་།
- དེ་འདྲའི་ཚད་བཀག་ཆེན་པོ་ཐེབས་དགོས་དོན་མེད་པ།
- སྤྱིར་དེ་རེད།
- ཨོ་ཡ་་་ཁྱོད་ཀྱིས་དེ་ཡིན་བརྗོད་བྱའི་སྲོག་དེ་ལ་བསྐྱར་ཟློས་བྱས་ན་ཆོག་པ་རེད།
- གཙོ་བོ་རྩོམ་རིག་གི་གོང་ནས་བཤད་པའི།
- སྤྱིའི་ཆ་དེ་ནས་ཡིན་རྒྱུ་ན་བསྐྱར་ཟློས་བྱས་ནས་ཅི་རེད་ཟེར་ན།
- གཙོ་བོ་དེ་མི་བུ་ཡི་སྟེང་ལ་བབས་ན་ཅི་རེད་ཟེར་ན།
- ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་རེད།
- མི་ཡི་གཤིས་ཀ་མི་འདྲ་བ་དང་།
- མི་ཡི་ལས་གནས་མི་འདྲ་བ།
- མིའི་སློབ་གསོ་ཡི་ཆུ་ཚད་མི་འདྲ་བའི་སྟབས་ཀྱིས་ཅི་རེད་ཟེར་ན།
- བརྩེ་དུང་དེ་མི་དེའི་སྟེང་དུ་བབས་ན།
- ཁོ་ཡི་སྟེང་ནས་མངོན་པའི་བརྩེ་དུང་དེ་ཐུན་མོང་མ་ཡིན་པ་ཞིག་ཡིན་རྒྱུ་རེད།
- འོ་ན་ང་ཚོས་དེའི་བར་དང་དེའི་ཆ་དེ་ནས་མངོན་དུ་བཅུག་ན་ཆོག་པ་རེད།
- བརྩེ་དུང་ལ་མཚོན་ན་ཡང་དེ་རེད།
- དེའི་ཕན་ཆད་ནས་བོད་ཀྱི་སྤྱི་ཚོགས་ཀྱི་དོན་དག་བརྗོད་པ།
- གང་དང་གང་ཞིག་ལ་མཚོན་ན་ཡང་ཆོག་གི
- གསར་རྙིང་གི་ཁྱད་པར་ཟེར་ན་ཆོག
- ད་ལྟའི་འདོད་ཡོན་གྱི་སྐོར་ཡིན་ན་ཆོག
- ཡང་ན་ཡིན་རྒྱུ་ན་དེ་དབྱར་རྩྭ་ཡི་ཕྱོགས་ཡིན་ན་ཆོག
- གང་དང་གང་ཞིག་ལ་མཚོན་ན་དེ་ཚང་མ།
- བརྗོད་བྱའི་སྲོག་དང་ཡང་ན་ཡིན་རྒྱུ་ན་རྩོམ་གྱི་བསམ་བློ་ཡི་སྙིང་བོ་དེ་ལ་བཞག་ན་ཆོག་པ་རེད།
- དེ་གཙོ་བོ་ཅི་རེད་ཟེར་ན་གོང་ནས་བཤད་པ།
- མི་མི་འདྲ་བ་ཞིག་གི་སྟེང་ལ་དོན་དག་དེ་བྱུང་དུས།
- མི་དེའི་སྟེང་ནས་མྱངས་བའི་བརྩེ་དུང་གི་ངོ་བོ་དེ་འདྲ་རྒྱུ་མ་རེད།
- དོན་དག་ཐམས་ཅད་འདྲ་རྒྱུ་མ་རེད།
- དེ་ཡིན་པས་ཐོག་མར།
- ད་ནངས་སློབ་མ་མང་པོ་ཞིག་གིས་ཀྱང་བཤད་བཞིན་ཡོད་པ་རེད།
- ཁོས་བལྟས་ནས་སོང་ན་ཁོས་དེར་དོན་སྙིང་མེད་པར་བསམ་པ།
- དེ་ཡིན་པའི་སྟབས་ཀྱིས།
- བརྗོད་བྱ་ཡི་སྲོག་དང་ཡང་ན་བརྗོད་བྱའི་སྙིང་བོ་ཡི་ཆ་དེ་ནས།
- ཅི་ཟེར་བ་རེད་ཅེ་ན།
- མཐོན་པོ་ཞིག་འཛིན་རྒྱུ་ཡིན་སྙམ་པ་དེ་རེ་བ་མཐོ་སོང་བ།
- སྤྱིར་ན་ཁྱོད་ཀྱི་ངོ་མས་སྤྱི་ཚོགས་ཀྱི་བལྟ་རྒྱ་ཆེ།
- དེའི་རྗེས་ནས་དཔེ་ཆ་མང་པོ་ཞིག་ལ་བལྟས།
- ཁྱོད་ཀྱིས་མི་གཤིས་ལ་སོགས་པ་འདི་འདྲ་མང་པོ་མང་པོ་ཞིག་ལ་འདང་རྒྱབ།
- ཁྱོད་རང་ལ་མཚན་ཉིད་རིག་པའི་ལྟ་བ་གསར་བ་ཞིག་ཡོད་དུས་ཅི་རེད་ཟེར་ན།
- བརྗོད་བྱའི་སྲོག་གི་ཆ་དང་གསར་བའི་ཆ་དེ་ཐོན་དུ་བཅུག་ན་ཆོག་པ་རེད།
- དེ་ཅི་རེད་ཟེར་ན།
- ཁྱོད་ཀྱི་རྩོམ་ལ་བསམ་བློ་ཡི་རང་བཞིན་དེ་ཡོད་པ།
- ཡོད་པའི་རྩོམ་དེ་ཁྱོད་ཀྱིས་བྲིས་ན་ཆོག་པ་རེད།
- རེད་མོད་སྤྱིར་བཤད་ན་ང་ཚོ་དེ་འདྲ་ཞིག་ལ་ཐོན་དཀའ་་་རེད།
- དེ་ཡིན་པའི་སྟབས་ཀྱིས་ཐོག་མར་ང་ཚོ་ཞུགས་པའི་ལམ་དེ་གང་རེད་ཟེར་ན།
- ཨོ་ཡ་་་རྩོམ་རིག་གི་གླིང་འདི་ན་གཏན་དུ་འོས་པའི་བརྗོད་སྙིང་ཡོད་པ་རེད།
- ང་མཚོན་རྒྱུ་ན་ཡང་ཕ་བུ་ཡི་བརྩེ་དུང་དང་།
- ཡང་ན་མ་བུ་ཡི་བརྩེ་དུང་གང་དང་གང་ཞིག་ཡིན་ན།
- བརྩེ་དུང་གི་ཆ་ཡིན་ན་ཆོག
- ཡང་ན་ཡིན་རྒྱུ་ན་དེ་རིང་སང་ཉིན་གྱི།
- དེང་རབས་རིང་ལུགས་ཀྱི་བསམ་བློ་ཡི་སྐོར།
- སྤྱི་ཚོགས་ཀྱི་འགྱུར་ལྡོག་གི་ཁྲོད་འདི་ན།
- མི་བུ་ཞིག་གི་སེམས་པ་ཡི་བདེ་སྐྱིད་དེ་ཡལ་བཞིན་པ།
- འདིའི་ཆ་འདི་ལ་ངོས་མང་བ།
- མཐོང་གནས་གཞན་པ་བསྐྱེད་དེ་བརྗོད་སྙིང་བསྐྱར་ཟློས་བྱས་ན་ཆོག
- དེ་ཡིན་རྒྱུ་ན་ཐོག་མའི་སྐབས་ནས།
- བརྗོད་བྱའི་སྲོག་དང་བསམ་བློའི་སྦྱོང་བརྡར་གྱི་ཆ་ནས་བཤད་རྒྱུ་ན།
- དེ་བསྐྱར་ཟློས་བྱས་པ་དང་འདྲ་ན་ཡང་།
- དོན་གྱིས་དེ་བསྐྱར་ཟློས་ཡིན་པ་མ་རེད།
- དེ་ཡིན་རྒྱུ་ན་མི་བུ་ཡིན་ན།
- རྩོམ་གྱི་ནང་ལ་བྲིས་ཡོད་པའི་མི་སྣ།
- དེའི་ངོས་དེ་ནས་དོན་དག་དེ་ཁོའི་སྟེང་ལ་བྱུང་དུས།
- ཁོའི་ངོས་དེ་ན་ཐུན་མོང་མ་ཡིན་པའི་མངོན་ཚུལ་ཞིག་ཡོད་པ་རེད།
- དེ་ཅི་རེད་ཟེར་ན་གསར་གཏོད་ཀྱི་ཆ་རེད།
- དེ་ཐོན་པའི་སྐབས་རེད།
- འོ་ན་དེའི་ཕན་ཆད་ཅིག་ནས་ངོ་མས།
- སྔོན་ན་བཤད་མ་མྱོང་བ་ཞིག་བཤད་རྒྱུ་ཟེར་བ་དང་།
- ཡང་ན་ཡིན་རྒྱུ་ན་བརྗོད་བྱ་དེ་གཏིང་ཟབ་མོ་ཞིག་ལ་འཇུག་རྒྱུ་ཟེར་དུས།
- ངས་བལྟ་རྒྱུ་ན་ཅི་ཞིག་དགོས་ཟེར་ན།
- མཚན་ཉིད་རིག་པའི་བློ་སྦྱོང་དེ་དགོས་བ་རེད།
- རྩོམ་ཞིག་ལ་མཚོན་རྒྱུ་ན་བསམ་བློ་གཏིང་ཟབ་པ།
- མི་གཤིས་ཀྱི་རྟོག་འཇུག་ལ་སོགས་པ།
- རིག་གནས་ཀྱི་དཔྱད་རྟོག་ལ་སོགས་པ།
- འདི་འདྲའི་ཚད་ཐིག་མཐོ་ས་ཞིག་ནས།
- ཁྱོད་ཀྱིས་རྩོམ་གི་བརྗོད་བྱའི་སྙིང་བོ་དེ་མངོན་དུ་འཇུག་རྒྱུ་ཡིན།
- དེར་ཁྱོད་ལ་ངེས་པར་དུ་མཚན་ཉིད་རིག་པའི་བློ་སྦྱོང་དེ་དགོས་པ་རེད།
- འདི་ཚད་ཐིག་མཐོ་བ་རེད།
- ཚད་ཐིག་མཐོ་ས་ཞིག་ལ་ཐོན་ཡོད་པ་རེད།
- དེ་ན་ང་ཚོས་མཚན་ཉིད་རིག་པའི་བློ་སྦྱོང་དེ་མངོན་དགོས་ན་ཅི་ཞིག་བྱེད་ཟེར་ན།
- གཙོ་བོ་ཡི་ལམ་དེ་ཅི་རེད་ཟེར་ན་དཔེ་ཀློག་རེད།
- དཔེ་ཆ་མང་པོར་བལྟ་རྒྱུ་དེ་རེད།
- ལྷག་པར་དུ་ང་ཚོར་མཚོན་རྒྱུ་ན།
- རིག་གནས་གཞན་པ།
- ནུབ་གླིང་གི་མཚན་ཉིད་རིག་པའི་དཔེ་ཆར་ལྟ་བུ།
- མཚན་ཉིད་རིག་པའི་དཔེ་ཆ།
- དེང་རབས་ཀྱི་མཚན་ཉིད་རིག་པ་ཟེར་ན་ཆོག་གི
- ཨོ་ཡ་་་འདིའི་སྐོར་འདི་ལ་བལྟས་ན།
- ཁྱོད་ལྟ་བ་གསར་བ་མང་པོ་མང་པོ་ཞིག་འབྱུང་རྒྱུ་རེད།
- དཔེ་འཇོག་རྒྱུ་ན་ནིས་ཚད་ཀྱི་དཔེ་ཆར་བལྟས་ནས་སོང་ན།
- དེའི་ནང་དེ་ན་ཕྱི་རྒོལ།
- གི་ཆ་དེ་ནས་ཁྱོད་ལ་བསམ་བློ་གསར་བ་ཐོབ་རྒྱུ་ཡོད་པ།反抗
- བློ་བསྐྱེད་གསར་བ་ཐོབ་རྒྱུ་ཡོད་པ།
- དོན་གྱིས་ཡིན་རྒྱུ་ན།
- ལྔ་བཞི་ཡི་སྐབས་ཀྱི་ལུའུ་ཞུན་གྱི་བསམ་བློ་མང་པོ་དེ་གང་ནས་ཡོང་བ་ཡིན་ཟེར་ན།
- ནིས་ཚད་ཀྱི་ཕྱོགས་དེ་ཡིན་པ་རེད།
- སྤྱིར་ན་དེ་ཡིན་པ་རེད།
- ང་ཚོར་མཚོན་ན་ཡང་དེ་རེད།
- ཁྱོད་ཡིན་རྒྱུ་ན་མཚན་ཉིད་རིག་པ་རང་རང་ལ་བསམ་བློ་ཞིག་ཡོད་པ་རེད།
- དེའི་དཔེ་ཆར་བལྟས་ནས་སོང་ན།
- ཁྱོད་རང་ལ་ཡིན་ན་བློ་བསྐྱེད་གསར་བ་ཞིག་ཡོད་པ་རེད།
- དེ་ཅི་རེད་ཟེར་ན།
- ཁྱོད་ཀྱིས་ངེས་པར་དུ་དཔེ་ཀློག་རྒྱ་ཆེན་པོ།
- ལྷག་པར་དུ་ཡིན་ན་མཚན་ཉིད་རིག་པའི་དཔེ་ཆར་མ་བལྟས་ན།
- ཨོ་ཡ་་་བསམ་བློ་གཏིང་ཟབ་པ་དང་གསར་བ།
- གསར་གཏོད་ཀྱི་ཆ་དེ་ཡོང་ས་ཡོད་རྒྱུ་མ་རེད།
- འདིར་ཅུང་ཙམ་འགན་ཁུར་ཆེ་བ་རེད།
- དོན་བྱ་བླ་ཆེན་རེད།
- རང་གི་འགན་ཁུར་དེ་ཡང་རྒྱ་ཆེན་པོ་ཞིག་ཡིན་པ་རེད།
- དེ་ཡིན་པའི་སྟབས་ཀྱིས་རང་གི་ཚོད་ལ་བསྟུན་ནས་བསྡད་དེ།
- རེད་ལ་རང་གི་ཚོད་ལ་བསྟུན་ནས་བསྡད་དེ།
- ཁྱོད་དེ་འདྲ་ཞིག་ལ་དགའ་ཟེར་བའི་དུས་སུ།
- ང་ཡིན་རྒྱུ་ན་དེ་རེད།
- ནུབ་གླིང་གི་རིག་གནས་ཀྱི་མ་ལག
- བོད་ཀྱི་རིག་གནས་ཀྱི་མ་ལག་དང་མི་འདྲ་བའི།
- མ་ལག་གསར་བ་ཞིག་སྦྱང་ནས།
- ཕྱིར་འཁོར་ནས་བོད་ཀྱི་རིག་གནས་ལ་བལྟས་ན།
- དེའི་ནང་ན་མཐོང་རྒྱུ་མང་པོ་མང་པོ་ཞིག་ཡོད་པ་རེད།
- དེ་ཡིན་པའི་སྟབས་ཀྱིས་ཡིན་རྒྱུ་ན།
- བོད་ཀྱི་རིག་གནས་ཀྱི་ཆ་འདི་ནས།
- བཟང་བའི་ཆ་དེ་བཤད་ན་ངན་པའི་ཆ་དེ་བཤད་ན།
- དེ་གང་གིས་རྙེད་ཐུབ་པ་རེད་ཟེར་ན།
- ཁྱོད་མཐོང་གནས་གསར་བ་ཞིག་དགོས་རྒྱུ་རེད།
- བལྟ་ས་གསར་བ་ཞིག
- གསར་བ་ཞིག་ངེས་པར་དུ་དགོས་པ་རེད།参照系
- དེ་མིན་དུས་རྙེད་དཀའ་བ་རེད།
- དེ་ང་ཚོས་བལྟས་ན་ཤེས་པ་རེད།
- དེ་རིང་སང་ཉིན་གྱི་བོད་པ་ཞིག་ཡིན་ན་ཆོག་གི
- བོད་མོ་ཞིག་ཡིན་ན་ཆོག་གི
- འདེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅི་རེད་ཅེས་ང་ཚོས་བཤད་དགོས་ན།
- ཁྱོད་ཚོས་ལྟོས་དང་གང་ལ་བལྟས་ན་བཤད་དགོས་ཟེར་ན།
- བལྟ་ས་གཞན་པ་ཞིག་ཡོད་པ་རེད།
- གྲོང་ཁྱེར་གྱི་མི་ཞིག་ལ་བལྟས་ཏེ།
- ཡང་ན་ཡིན་རྒྱུ་ན་ཕྱི་གླིང་གི་མི་ཞིག་ལ་བལྟས་ནས།
- ཕྱི་གླིང་གི་མི་ཞིག་ཅི་འདྲ་ཞིག་ཡིན་པ་དེ་ཤེས་ན།
- ད་གཟོད་བོད་མི་འདི་འདི་འདྲ་ཞིག་རེད་ཅེས།
- བཤད་རྒྱུ་ཞིག་ཡོད་པ་རེད།
- ཁྱོད་ཀྱི་ཡིན་རྒྱུ་ན་ཕྱི་གླིང་གི་མི་ཅི་འདྲ་ཞིག་ཡིན་པ་མི་ཤེས།
- རྒྱའི་མི་ཅི་འདྲ་ཞིག་ཡིན་པ་མི་ཤེས།
- གྲོང་ཁྱེར་དེ་ཅི་འདྲ་ཞིག་ཡིན་པ་མི་ཤེས།
- རང་གི་ཡིན་རྒྱུ་ན་དེ་ས་གོར་གོར་དེའི་ནང་དེ་ནས་བསྡད་དེ།
- ཁྱོད་ཀྱིས་བོད་ཀྱི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་བཤད་རྒྱུ་ཟེར་ན།
- གཏན་ནས་བཤད་ཐུབ་པ་མ་རེད།
- དེ་ང་ཚོས་བལྟས་ན་ཡང་ཤེས་པ་དེ་རེད།
- སུ་ཞིག་གིས་ཀྱང་བཤད་ཐུབ་པ་མ་རེད།
- མི་རིགས་གཞན་པ་ཞིག་ལ་འདྲིས་ན།
- ད་གཟོད་མི་རིགས་འདིའི་ཁྱད་ཆོས་ཤེས་པ་རེད།
- དེ་བཞིན་དུ་བོད་ཀྱི་རིག་གནས་ཀྱི་བཟང་ངན་ཡིན་ན་ཆོག
- ཡང་ན་ད་ལྟ་ཡི་སྤྱི་ཚོགས་ཀྱི་སྟེང་ན་ཡིན་རྒྱུ་ན།
- བསྒྱུར་བཅོས་བྱ་དགོས་པའི་ཆ་ཡིན་ན་ཆོག
- གང་དང་གང་ཞིག་ཡིན་ན་ཡང་།
- ཁྱོད་ཀྱིས་འདི་འདྲའི་རིག་གནས་ཀྱི་ཆ་དེ་ནས་བཤད་དུས།
- ཁོའི་བལྟ་ས་ངེས་པར་དུ་གཞན་པ་ཞིག་ཡིན་དགོས།参照系
- གཞན་པ་ཞིག་ཡིན་ན་ད་བཟོད་རང་གི་ཐུན་མོང་མ་ཡིན་པའི་ཆ་དེ་མཐོང་ཐུབ་པ་རེད།
- དེ་ཡིན་པའི་སྟབས་ཀྱིས་ང་ཚོས་འདི་ནས།
- བརྗོད་བྱའི་སྲོག་དེ་ཡིན་རྒྱུ་ན་ཚད་ཐིག་མཐོ་ས་ཞིག་ལ་འཇོག་དགོས་ན།
- ང་ཡིན་རྒྱུ་ན་དེ་རེད།
- ནུབ་གླིང་གི་མཚན་ཉིད་རིག་པའི་བློ་སྦྱོང་དེ་ངེས་པར་དུ་དགོས་པ།
- དེ་ཡིན་ན་ང་ཚོའི་དེ་རིང་སང་ཉིན་གྱི་རྩོམ་པ་པོ་ཡི་ནང་འདི་ན།
- ཨོ་ཡ་་གཞུང་ལུགས་ལ་སྦྱོང་དགོས་པ་མ་རེད་ཟེར་རྒྱུ།
- དེ་འདྲའི་སྐད་ཆ་བཤད་མཁན་ཡོད་པ།
- ཡོད་ཀྱང་ང་ཡིན་རྒྱུ་ན་དེ་གཏན་ནས་ཁས་ལེན་རྒྱུ་མ་རེད།
- ཁས་ལེན་རྒྱུ་མ་རེད།
- དེ་ང་ཚོར་མཚོན་རྒྱུ་ན་རྩོམ་རིག་གི་བསམ་བློ་ཡི་ནང་དོན་གྱི་ཆ་དེ་ནས།
- རྩོམ་རིག་གི་ནང་དོན་གྱི་ཆ་དེ་ནས་མཐོ་བརྒལ་ཞིག་འབྱུང་དགོས་དུས།
- ངེས་པར་དུ་མི་རིགས་གཞན་པ་ཡི།
- གཞུང་ལུགས་ཀྱི་དཔེ་ཆ་དེར་མ་བལྟས་དུས།
- མཐོ་བརྒལ་འབྱུང་ཐུབ་རྒྱུ་མ་རེད།
- འབྱུང་ཐུབ་པ་མ་རེད།
- དེ་ཡིན་པས་ཨོ་ཡ་་བརྗོད་བྱའི་སྲོག་གི་སྦྱོང་བརྡར་གྱི་ཆ་ནས་བཤད་ན།
- འདི་འདྲའི་ཕྱོགས་གཉིས།
- གཅིག་ནས་ཁྱོད་ཀྱིས་བསྐྱར་ཟློས།
- བརྗོད་བྱའི་སྙིང་བོ་ལ་བསྐྱར་ཟློས།
- འོན་ཀྱང་རྩོམ་བྲིས་ན་ཁོ་ལ་ཐུན་མོང་མ་ཡིན་པའི་ཆ་མངོན་ས་ཡོད་པ་རེད།
- དེའི་ཕན་ཆད་ནས་དེ་ལས་ཀྱང་རེ་བ་མཐོན་པོ་ཞིག་བཟུང་ན།
- གོང་ནས་བཤད་པ་དེ་རེད།
- མཚན་ཉིད་རིག་པའི་བློ་སྦྱོང་དེ་ཡོད་ནས།
- དེའི་ནང་དེ་ནས་རྩོམ་ལ་ཞུགས་ན།
- ཁྱོད་ཀྱིས་ཡིན་རྒྱུ་ན་བརྗོད་དོན་ཐུན་མོང་མ་ཡིན་པ་དེ་རྙེད་རྒྱུ་ཡོད་པ་རེད།
- དེ་ཡིན་པས་སྤྱིར་ཡིན་རྒྱུ་ན་ནུབ་གླིང་ལ་མཚོན་ན་ཡང་དེ་རེད།
- མཚན་ཉིད་རིག་པ་དང་རྩོམ་རིག་གཉིས་ཅི་རེད་ཟེར་ན།
- སྐྱ་ཐུབ་ཡོད་པ་རེད།
- གཏིང་ཟབ་ཟབ་སོང་དུས་སྐྱ་ཐུབ་ཡོད་པ་རེད།
- མཚན་ཉིད་རིག་པ་ཡིན་རྒྱུ་ན་བརྗོད་བྱའི་སྐད་ཆ་དེ་སྤྱི་མཚན་རེད།
- གི་抽象概念
- རྩོམ་རིག་གིས་ཅི་རེད་ཟེར་ན།
- བྱེ་བྲག་པ་འདིའི་སྒོ་ནས་བཤད་རྒྱུ་རེད།具象
- མཐར་ཐུག་མར་ལ་སྔོག་ནས་སོང་ན་རྩ་བ་གང་ལ་ཐུག་རྒྱུ་རེད་ཟེར་ན།
- མི་ལ་ཐུག་ཡོད་པ་རེད།
- མི་བུ་ལ་ཐུག་ཡོད་པ་རེད།
- ང་ཚོས་གོང་ནས་བཤད་པའི་མི་བུ་ཡི་རྟོག་འཇུག
- མི་གཤིས་ཀྱི་རྟོག་འཇུག་ལ་སོགས་པ་མི་ཡི་སྟེང་ལ་འབབ་པ་རེད།
- དེ་ན་མི་ཡི་ངེས་འཛིན་གསར་བ་ཞིག་ཐོབ་དགོས་ན།
- གཅིག་ནས་རྩོམ་རིག་གི་ལམ་ལ་ཞུགས་རྒྱུ་དེ་རེད།
- གཅིག་ནས་ཅི་རེད་ཟེར་ན་མཚན་ཉིད་རིག་པའི་ལམ་ན་ཞུགས་རྒྱུ་དེ་རེད།
- རྩ་བ་ཅི་རེད་ཟེར་ན་མི་ཡི་སྟེང་ལ་འབབ་པ་རེད།
- འོ་ན་ཁྱོད་ཀྱིས་གསར་བ་ཞིག་བཤད་རྒྱུ་ཟེར་ན།
- མི་ཡི་ངོས་འཛིན་གསར་བ་ཞིག་ཡིན་དགོས་པ་རེད།
- མི་ཡི་ངོས་འཛིན་གསར་བ་དེ་ཐད་ཀར་དུ་བསྟེན་ཡོད་པ་དེ་གང་རེད་ཟེར་ན།
- ནུབ་གླིང་གི་མཚན་ཉིད་རིག་པ་རེད།
- ནུབ་གླིང་གི་མཚན་ཉིད་རིག་པ་དེ་ཡིན་རྒྱུ་ན།
- མི་བུ་ཡི་སྐོར་འདི་ན་དངོས་སུ་གསལ་བ་ཡོད་པ་རེད།
- དེ་རེད།
- དེ་ཡིན་པའི་སྟབས་ཀྱིས་ང་ཚོས་དེ་རྩོམ་རིག་ཅིག་གི་ངོས་ནས་བཤད་རྒྱུ་ན།
- ཨོ་ཡ་་བརྗོད་བྱའི་སྙིང་བོ་ཡི་ཆ་དེ་ན།
- ལས་སླ་མོ་ཞིག་ཡོད་པ་རེད་ལ་ལས་དཀའ་མོ་ཞིག་ཀྱང་ཡོད་པ་རེད།
- དེ་གཙོ་བོ་ཡིན་རྒྱུ་ན་རང་གི་ཚོད་དང་བསྟུན་རྒྱུ་དེ་རེད།
- དེ་རེད།
- དེའི་རྗེས་ནས་སྤྱིར་ཡིན་རྒྱུ་ན་རྩོམ་ཞིག་བྲིས་ན།
- དོན་སྙིང་ཡོད་པ་དང་མེད་པ་ཟེར་བ་དེ།
- སྤྱིར་ནུབ་གླིང་གི་མཚན་ཉིད་རིག་པ་ཡིན་ན་ཆོག་གི
- མཁས་པ་ཞིག་རེད་ལ།
- དེ་གང་རེད་ལ།
- ངའི་སེམས་ཤིག་ལ་ཏིའུ་ཏི་ལོ་ཟེར་བ་དེ་ཡིན་པ་འདྲ།
- དེས་བཤད་པ་ཡིན་རྒྱུ་ན་མཛེས་བ་གང་ན་ཡང་ཡོད་པ་རེད།
- གཙོ་བོ་ཁྱེད་ཀྱིས་མཛེས་བ་དེ་མཐོང་ཐུབ་མིན།
- དེ་གནད་གཙོ་བོ་རེད་ཅེས་བཤད་ཡོད།
- དེ་ངོ་མས་བདེན་པ་ཡིན་པ་རེད།
- རེད་ལ་་བདེན་པ་ཡིན་པ་རེད།
- མི་འདི་འདྲ་མང་པོ་མང་པོ་ཞིག་ས་ཆ་གཅིག་ལ་འགྲོ་རྒྱུ་ན་ཡང་།
- སྐོར་ཞིག་གིས་བལྟས་ན།
- དེའི་ནང་ན་མཛེས་བ་མང་པོ་མང་པོ་ཞིག་མཐོང་རྒྱུ་ཡོད་པ་རེད།
- སྐོར་ཞིག་ལ་མཚོན་རྒྱུ་ན།
- དེ་གོམས་གཤིས་སུ་གྱུར་ནས་དེ་མཛེས་རྒྱུ་མེད་པ་དེ་འདྲ་ཡིན་པ་རེད།
- བོད་ཀྱི་སྤྱི་ཚོགས་ཀྱི་གནད་དོན་ལ་བལྟས་ན་ཡང་།
- ཐ་ན་མཉམ་དུ་ཟ་མ་ཟ་རྒྱུ་ན་ཡང་།
- དེའི་ནང་ན་ལ་ལ་ཞིག་གིས་དགེ་སྐྱོན་གྱི་ཆ་དང་ཡང་ན།
- དོན་སྙིང་ཅན་གྱི་དོན་དག་མང་པོ་མང་པོ་ཞིག་མཐོང་རྒྱུ་ཡོད་པ་རེད།
- ལ་ལ་ཞིག་ལ་དེ་མཐོང་རྒྱུ་ཡོད་པ་མ་རེད།
- དེ་ཅི་རེད་ཟེར་ན།
- ཁྱོད་རང་གི་སྤྱི་ཚོགས་ཀྱི་ངོས་འཛིན་གྱི་ཆ་ལ་རག་ལས་པ་རེད།
- དེ་ཡིན་རྒྱུ་ན་བསམ་བློ་ཡི་བློ་སྦྱོང་ཞིག་ལ་རག་ལས་པ་རེད།
- དེ་འདྲ་ཞིག་རེད།
- དེ་ཡིན་ན་འདི་ཚང་མ་གཙོ་བོ་སྤྱི་ཚོགས་འཚོ་བ་ཡི་བལྟ་རྒྱ།
- དེའི་རྗེས་ནས་རྒྱུན་དུ་ཁྱོད་ཀྱིས་ཡིན་རྒྱུ་ན།
- བོད་ཀྱི་སྤྱི་ཚོགས་ཀྱི་གནད་དོན་དང་།
- ཡང་ན་སྤྱི་ཚོགས་ཀྱི་འཚོ་བ་དེ་ལ་འདང་རྒྱག་བཞིན་ཡོད་མེད།
- མི་བུ་ཞིག་ལ་བལྟས་ནས་བསྡད་དེ།
- ཁོ་ཡི་སྟེང་དེ་ན་ཡིན་རྒྱུ་ན།
- སྐྱོན་ཡོན་གྱི་ཆ་དེ་ཡོད་མེད་དེར་ཞིབ་ཏུ་འདང་རྒྱག་གིན་ཡོད་མེད།
- ཡང་ན་དཔེ་ཀློག་གི་ཆ་ལ་སོགས་པ།
- འདི་འདྲ་མང་པོ་མང་པོ་ཞིག་ལ་རག་ལས་པ་རེད།
- འདི་ནས་ང་ཚོས་དཔེ་ཞིག་གི་སྟེང་ནས་བཤད་རྒྱུ་ན་དེ་རེད།
- དོན་གྲུབ་རྒྱལ་གྱིས་ཡིན་རྒྱུ་ན།
- ཤ་དང་རུས་པའི་བརྩེ་དུང་ཟེར་བ་ཞིག་བྲིས་ཡོད་པ་རེད།
- རྩོམ་དེར་མཚོན་ན་ང་ཚོས་ཤེས་ཐུབ་པ་རེད།
- དེའི་ནང་ན་དོན་དག་ཅི་ཞིག་རེད་ཟེར་ན།
- བྱིས་པ་ཆུང་ཆུང་ཞིག་ཆུང་དུས་ནས་བཟུང་སྟེ།
- ཁོའི་ཨ་མ་དེ་ཤི་སོང་བ་རེད།
- དེ་ཡིན་པའི་སྟབས་ཀྱིས་ཁོ་ད་ཕྲུག་ཏུ་ལུས་སོང་།
- ད་ཕྲུག་ལ་ལུས་པའི་སྐབས་དེ་ནས།
- ཁོའི་ཨ་ཕ་དེས་བྱམས་པ་དང་བརྩེ་བའི་སྒོ་ནས་སྙོར་སྐྱོང་བྱས་ཏེ།
- ད་ཕྲུག་གི་སྡུག་བསྔལ་དེ་མ་མྱངས་བར།
- ཁོ་ཡིན་རྒྱུ་ན་སྤྱིར་བཏང་གི་བྱིས་པ།
- ཕ་མ་གཉིས་མཛོམས་ཀྱི་བྱིས་པ་ཞིག་གི
- བདེ་སྐྱིད་ཀྱི་འཚོ་བ་དེ་རོལ་ཐུབ་སོང་།
- དེ་ནས་ལོ་བཅུ་བདུན་བཅོ་བརྒྱད་ལོན་ནས།
- ཁོ་ཡིས་ཨ་ཕ་དེ་ལ་གསང་སྟབས་ཀྱིས་སྒོ་ཕྱི་ལ་བྲོས་སོང་བ།
- དེ་ནས་ཁོ་ཡིས་ལྷ་བྲིས་པ་རེད།
- ལྷ་བྲིས་ནས་ཕྱིར་ཡོང་བའི་ལམ་བར་དུཇག་པར་འཕྲད་ནས།
- ཁོ་ཚོ་ཡིན་རྒྱུ་ན་ཇག་པ་ཡིས་བླངས་པ་རེད།
- དེའི་བར་དེ་ནས་ཡིན་ན་ཁོ་ཡང་རྨས་པ་དང།
- ཁོའི་རོགས་པ་གཞན་ཞིག་བསད་པ་དེ་འདྲ་ཞིག་རེད།
- དེ་ནས་ཁོ་ཡི་རྨས་དེ་སོས་ནས།
- ཕྱིར་ཡོང་བའི་ལམ་ཆས་བརྒྱབ་ནས།
- ལམ་ཁ་ནས་ཡང་བསྐྱར་ལྷ་བྲིས་ཏེ་ལོ་གཅིག་གཉིས་འགོར་ནས་ཕྱིར་ཡུལ་ལ་ཡོང་དུས།
- ཨ་ཕ་ཤི་སོང་བ་རེད་དེ་འདྲ་ཞིག་རེད།
- འོ་ན་རྩོམ་དེའི་བརྗོད་བྱའི་སྙིང་བོ་ང་ཚོས་བལྟས་ན་ཡང་ཤེས་སླ་བ་རེད།
- གཙོ་བོ་བཤད་རྒྱུ་ཅི་རེད་ཟེར་ན།
- དྲིན་ཆེན་ཕ་མའི་དྲིན་ལན་འཇལ་དགོས་བ་དེ་བཤད་རྒྱུ་གཙོ་བོ་རེད།
- མི་ཆོས་ཀུན་སྤྱོད་ཀྱི་བསམ་བློ་དེ་བསྟན་ཡོད་པ་དེ་ང་ཚོས་གོ་སླ་བ་རེད།
- འོ་ན་རྩོམ་དེ་ལྟ་བུ་ལ་མཚོན་ན་ཅི་རེད་ཟེར་ན།
- ང་ཚོས་བལྟས་ན་བསམ་བློ་ཡི་སྦྱོང་བརྡར་གྱི་ངོས་ནས་བཤད་ན།
- དེ་ན་འདང་རྒྱག་རྒྱུ་ཞིག་ཡོད་པ་རེད།
- འོ་ན་རྩོམ་པ་པོ་དོན་གྲུབ་རྒྱལ་གྱིས།
- དེ་ལྟ་བུའི་རྩོམ་ཞིག་བྲིས་ན་དེ་ལ་དོན་སྙིང་ཡོད་དམ་མེད་ཟེར་ན།
- ངའི་བལྟ་རྒྱུ་ན་དོན་སྙིང་ཆེན་པོ་མེད་པ་རེད།
- རྒྱུ་མཚན་ཅི་རེད་ཟེར་ན།
- ཁོ་ཡིས་བཤད་པའི་རྩོམ་གྱི་བསམ་བློ།
- མི་ཆོས་ཀུན་སྤྱོད།
- དྲིན་ཆེན་ཕ་མའི་དྲིན་ལན་འཇལ་དགོས་ཟེར་བ་དེར་སྤྱིར་ན་དོན་སྙིང་མེད་པ་མ་རེད་མོད།
- ཁོས་དོན་དག་དེར་བལྟ་དུས།
- ད་བར་གྱི་སྐད་ཆ་ཡིས་བཤད་རྒྱུ་ན།
- བྱས་པའི་སྟེང་ན་སྐྱོན་ཆ་བྱུང་ཡོད་པ་རེད།处理
- ཁོས་ཅི་རེད་ཟེར་ན།
- དོན་དག་དེར་བལྟ་དུས།
- མི་ཆོས་ཀུན་སྤྱོད་ཁོ་ན་ཡི་མཐོང་གནས་དང་།
- མིག་དབང་སྤྱད་དེ་བལྟས་ཡོད་པ་རེད་མ་གཏོགས།
- དེའི་ཕན་ཆད་ཀྱི་དེ་རིང་སང་ཉིན་གྱི་སྤྱི་ཚོགས་གསར་བ་ཡི་འཕེལ་ཕྱོགས་ཤིག་དང།
- ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་གི་ངོས་ནས་བལྟ་མ་ཐུབ་པ་རེད།
- དེ་ཅི་རེད་ཟེར་ན།
- རྩོམ་པ་པོ་ཡི་བསམ་བློའི་ནང་གི་སྐྱོན་ཆ་རེད།
- དེ་ཡིན་པ་ཁྱེད་ཚོས་ལྟོས་དང།
- ཕྱོགས་གཅིག་ནས་རྩོམ་པ་པོ་ཡིས་བཤད་པ་དེ་འགྲིག་ཀི
- ཨོ་ཡ་་ཕ་དེ་འདྲའི་དྲིན་ཆེན་ཞིག་རེད།
- འོ་ན་ཕ་ཤི་བའི་སྐབས་སུ་རང་གིས་ཁོང་གི་ལག་ཏུ།
- ཇ་དཀར་ཡོལ་གང་ཡང་འཇོག་མ་ཐུབ་པ།
- དེ་འགྱོད་གདུང་སྐྱེས་བྱེད་ཀྱི་རྒྱུ་ཞིག་ཡིན་ངེས་རེད།
- འོ་ན་དེའི་ཕན་ཆད་དེ་ན།
- གཏམ་རྒྱུད་དེའི་ནང་ན་ད་རུང་སྔོག་རྒྱུ་ཞིག་ཡོད་པ།
- སྔོག་རྒྱུ་ཞིག་ཡོད་པ་ཅི་རེད་ཟེར་ན།
- འོ་ན་རྩོམ་གྱི་མི་སྣ་དེ་སྒོ་ཕྱིར་སོང་ནས་ལྷ་བྲིས་པ།
- ལྷ་བྲིས་ནས་བསྡད་དེ།
- ཁོ་ཡིས་ལྷ་བྲིས་བ་དེར་རྒྱལ་ཁབ་ཆེན་པོ་ཐོབ་ཡོད་པ།
- དེར་ང་ཚོས་བལྟས་ནས་སོང་ན།
- དོན་གྱིས་ཅི་རེད་ཟེར་ན།
- ཨ་ཁུ་ལྷ་བཟོ་དེ་སྒོ་ཕྱིར་སོང་ནས་ལྷ་བྲིས་པ་དེ།
- དོན་གྱིས་ཅི་རེད་ཟེར་ན།
- མི་རང་གི་ལས་དོན་གྱི་ངོས་ནས་བཤད་རྒྱུ་ན།
- ལས་དོན་རྒྱ་ཆེན་པོ་འཁྱོང་བ།
- མི་ཞིག་ལ་མཚོན་ན་ཡི་སྟེང་ནས་བཤད་རྒྱུ་ན་བྱས་བ་རེད།事业成功
- དེ་གཅིག་རེད།
- དེའི་རྗེས་ནས་དེ་དང་འགྲོགས་ཏེ་ང་ཚོས་འདང་བརྒྱབ་ན།
- བོད་ཀྱི་སྤྱི་ཚོགས་ལ་མཚོན་ན།
- ཅི་ཞིག་གི་བསམ་བློ་བཤད་ན་འགྲིག་གི
- མི་ཆོས་ཀུན་སྤྱོད་ཀྱི་ཆ་དེ་ནས་དྲིན་ཆེན་ཕ་མ་ཡི་དྲིན་ལན།
- འདི་བཤད་ན་འགྲིག་པ་རེད་ལ།
- ཡང་ན་ཨ་ཁུ་ལྷ་བཟོ་འདི་སྒོ་ཕྱིར་སོང་ནས།
- རང་གི་ལས་དོན་དེ་རྒྱ་ཆེན་པོ་འཁྱོངས་ཡོད་པ།
- རང་གིས་ཡིན་རྒྱུ་ན་རང་གི་རྒྱལ་ཁམས་ཆེན་པོ་དེ་བསྐྲུན་ཐུབ་པ།
- གསར་གཏོད་ཀྱི་རང་བཞིན་ཡོད་པ།
- འདིའི་ཆ་དེ་ནས་ང་ཚོས་རྒྱ་མ་ཡི་སྟེང་ལ་བཞག་ན།
- འདིའི་ནང་ན་རྩོམ་པ་པོ་ཡི་ཞན་ཆ་ཞིག་མཐོང་རྒྱུ་ཡོད་པ།
- རྩོམ་པ་པོ་ཡིས་དོན་གྱིས་ཅི་རེད་ཟེར་ན།
- ཨ་ཁུ་ལྷ་བཟོ་སྒོ་ཕྱིར་སོང་ནས།
- སྒོ་ཕྱིར་སོང་ནས་ལས་དོན་རྒྱ་ཆེན་པོ་འཁྱོངས་ཡོད་པ།
- འདིའི་དགེ་མཚན་དེ་ཁོ་ཡིས་མ་རྟོག་པ།
- འདི་ལ་ཁོ་ཡིས་འདང་མ་བརྒྱབ་པ།
- ང་ཚོར་མཚོན་རྒྱུ་ན་བོད་ཀྱི་ལོ་རྒྱུས་ཀྱི་དགོང་པ།
- 历史精神
- ལ་སྐད་ཆ་ཞིག་བཤད་རྒྱུ་ཡོད་པ་ཟེར་བ་དང་།黑格尔历史精神
- ཡང་ན་ཡིན་རྒྱུ་ན་ཟེར་བ།绝对精神
- འདིའི་ངོས་ནས་བཤད་རྒྱུ་ན།
- བོད་ལ་མཚོན་རྒྱུ་ན་ང་ཚོར་དགོས་པའི་བསམ་བློ་གང་རེད་ཟེར་ན།
- ངས་བལྟ་རྒྱུ་ན་བསམ་བློ་གསར་བ་ཡི་ཆ་ནས་བཤད་རྒྱུ་ན།
- ང་ཚོར་དགོས་པ་སྒོ་ཕྱིར་སོང་ནས་རང་གི་འཇིག་རྟེན་རང་གིས་བསྐྲུན་རྒྱུ།
- རང་གི་ལས་དོན་རྒྱ་ཆེན་པོ་ཞིག་འཁྱོངས་བ།
- འདི་ཁྱེད་ཚོས་ལྟོས་དང་བསམ་བློ་གསར་བ་རེད།
- འདིའི་བར་འདི་ནས།
- ངས་དཔེ་ཞིག་འཇོག་དགོས་པའི་རྒྱུ་མཚན་གཙོ་བོ་ཅི་རེད་ཟེར་ན།
- ཨོ་ཡ་་དོན་དག་འདི་འདྲའི་རང་ག་བའི་དོན་དག་ཅིག་ཡིན་ན་ཡང་།
- ཁྱོད་ཀྱིས་མཐོང་གནས་ཀྱི་ཆ་ནས་བཤད་ན་མ་འདྲ་བ་རེད།
- ཁྱོད་ཀྱིས་ཡིན་རྒྱུ་ན་མི་ཆོས་ཀྱི་ཀུན་སྤྱོད་ཟེར་བ་དེ་དང་།
- ཡང་ན་ཕ་མ་ཡི་དྲིན་ལན་འཇལ་བའི་རྩ་བ་དེ་བཟུང་ནས།
- ཁྱོད་ཀྱིས་དོན་དག་དེར་བལྟས་ནས་སོང་དུས།
- ཨ་ཁུ་ལྷ་བཟོ་ཁོ་ཡིན་རྒྱུ་ན།
- འགྱོད་གདུང་བྱེད་པའི་བྱ་བ་དེ་མ་གཏོགས་འབྱུང་རྒྱུ་མ་རེད།
- ཨ་ཁུ་ལྷ་བཟོ་སྒོ་ཕྱིར་སོང་བ་དེ་འགྱོད་གདུང་སྐྱེས་བྱེད་ཀྱི་རྒྱུ་ཞིག་རེད།
- འོ་ན་འགྱོད་གདུང་སྐྱེས་བྱེད་ཀྱི་རྒྱུ་ཞིག་ཡིན་པར་འབྲི་བའི་སྐབས་དེར།
- རྩོམ་པ་པོ་ཡི་བསམ་བློ་དེ་ཅི་རེད་ཟེར་ན།
- མི་ཆོས་ཀུན་སྤྱོད་ཀྱིས་ཡོངས་སུ་བཟུང་ཡོད་པའི་རྩོམ་པ་པོ་ཡི་བསམ་བློ་ཞིག་རེད།
- རྩོམ་པ་པོ་ཡི་བསམ་བློ་དེ་དོན་གྱིས་ཁྱེད་ཚོས་ལྟོས་དང་སྲོལ་རྒྱུན་གྱི་བསམ་བློ་ཞིག་རེད།
- དེ་ཟེར་བ་རེད།
- དེ་མ་རེད།
- འོ་ན་ང་ཚོའི་ལངས་ཕྱོགས་གསར་བ།
- དེ་རིང་སང་ཉིན་གྱི་སྤྱི་ཚོགས་ཀྱི་དགོས་མཁོ་བལྟས་ནས་བསྡད་ན་ཅི་རེད་ཟེར་ན།
- བོད་ཀྱི་སྤྱི་ཚོགས་འདི་འཕེལ་རྒྱས་སུ་འགྲོ་དགོས་ན།
- ངེས་པར་དུ་མི་བུ་སོ་སོ་ཡི།
- རང་རང་རང་རང་གི་ལས་གནས་ཀྱི་མཐའ་དེ་ནས་རྒྱལ་ཁབ་ཐོབ་དགོས་པ།
- ཁྱོད་ལྷ་བཟོ་ཞིག་ཡིན་ན་སྒོ་ཕྱིར་སོང་ནས་རྒྱལ་ཁབ་ཆེན་པོ་ཐོབ་དགོས་པ།
- དགེ་རྒན་ཞིག་ཡིན་ན་རང་གི་ལས་གནས་དེ་ནས།
- ལས་ཀ་ཆེན་པོ་ལས་ནས་བསྡད་དེ་རྒྱལ་ཁབ་ཐོབ་པར་འཇུག་པ།
- འོ་ན་མ་མཐའ་ཡིན་ན་ཡང་འདིའི་བར་འདི་ན་འགལ་བ་ཞིག
- དེ་ཡིན་རྒྱུ་ན་ཨ་ཁུ་ལྷ་བཟོ་སྒོ་ཕྱིར་སོང་བ་དེ།
- མཐའ་གཅིག་ཏུ་འགྱོད་པ་སྐྱེས་དགོས་བའི་སྐྱོན་ཆ་ཁོ་ན་ཞིག་མ་རེད།
- ཨ་ཁུ་ལྷ་བཟོ་སྒོ་ཕྱིར་སོང་བ་དེ།
- མི་ཆོས་ཀུན་སྤྱོད་ཀྱི་ཆ་ནས་བལྟས་ན་སྐྱོན་ཆ་ཞིག་རེད་མོད།
- ལོ་རྒྱུས་འཕེལ་རྒྱས་ཀྱི་ཆ་ནས་བཤད་རྒྱུ་ན་དེ་བཟང་ཆ་ཞིག་རེད།
- དེ་ཅི་རེད་ཟེར་ན།
- བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་དགོས་ན།
- ཨ་ཁུ་ལྷ་བཟོ་ལྟ་བུའི་མི་སྣ་ཡི་གཤིས་ཀ་དེ་དགོས་པ་རེད།
- རང་གི་ལས་ཀ་གང་དང་གང་ཞིག་ལས་ན་ཡང་།
- ལས་གནས་དེ་ནས་རྒྱལ་ཁབ་ཐོབ་དགོས་པ་དེ་རེད།
- དགེ་རྒན་ཞིག་ལ་མཚོན་རྒྱུ་ན་ཡང་དེ་རེད།
- ཕྱོགས་གཅིག་ནས་ཡིན་རྒྱུ་ན།
- དྲིན་ཆེན་ཕ་མ་ལ་དྲིན་ལན་འཇལ་དགོས་པའི་འགན་ཁུར་དེ་ཡོད་རྒྱུ་རེད།
- ཕྱོགས་གཅིག་ནས་ཅི་རེད་ཟེར་ན།
- ཁྱོད་ཀྱིས་ད་དུང་ཡིན་རྒྱུ་ནའང་སློབ་གྲྭ་ནང་ནས་བསྡད་དེ།
- སློབ་མ་མང་པོ་སྐྱེད་སྲིང་བྱས་ནས་བསྡད་དེ།
- སློབ་མ་རྣམས་ལ་ཕན་ཐོགས་ན།
- འདི་ཡང་ཅི་རེད་ཟེར་ན།
- དོན་སྙིང་ཅན་གྱི་བྱ་བ་ཞིག་རེད།
- འོ་ན་རྩོམ་པ་པོ་དོན་གྲུབ་རྒྱལ་གྱིས་བལྟས་ན་གནད་དོན་ཅི་བྱུང་བ་རེད་ཟེར་ན།
- འགྱོད་གདུང་སྐྱེས་དགོས་པའི་ཆ་དེ་ཁོ་ན་མ་གཏོགས།
- དོན་སྙིང་ཅན་ཞིག་ཡིན་པ།
- རླབས་ཆེན་གྱི་དོན་དག་ཅིག་ཡིན་པ་དོན་གྲུབ་རྒྱལ་གྱིས་མ་མཐོང་བ།
- དེ་ན་འདི་ཅི་རེད་ཟེར་ན།
- དོན་དག་གཅིག་ཡིན་ན་ཡང་།
- མཐོང་གནས་མ་འདྲ་བས།
- སྲོལ་རྒྱུན་གྱི་ལྟ་བ་ཡི་ངོས་ནས་བལྟ་བའི་མཐོང་གནས་དེ་དང་།
- ལོ་རྒྱུས་ཀྱི་འཕེལ་རྒྱས་ཀྱི་ཆ་དེ་ནས་བལྟ་བའི་མཐོང་གནས།
- འདི་གཉིས་ཀྱི་མཐོང་གནས་མ་འདྲ་བའི་སྟབས་ཀྱིས།
- གཏམ་རྒྱུད་འདིར་མཚོན་རྒྱུ་ན་ཡང་འབྲི་ཚུལ་གཉིས་རེད།
- གཅིག་དོན་གྲུབ་རྒྱལ་གྱི་འབྲི་ཚུལ་དེ་རེད།
- འགྱོད་གདུང་སྐྱེས་དགོས་བ།
- དྲིན་ཆེན་ཕ་མ་ཡི་དྲིན་ལན་མཇལ་དགོས་བ་བརྗོད་སྙིང་བྱས་ནས།
- འདི་འདྲའི་རྩོམ་ཞིག་རེད།
- གཅིག་དེ་རེད།
- གཞན་གཅིག་གང་རེད་ཟེར་ན།
- ང་ཡིན་རྒྱུ་ན་ཅི་རེད་ཟེར་ན་རྩོམ་དེ་དེ་ལྟར་འབྲི་རྒྱུ་མ་རེད།
- ཨོ་ཡ་་ཨ་ཁུ་ལྷ་བཟོ་སྒོ་ཕྱིར་སོང་བ་དེ།
- མི་ཆོས་ཀུན་སྤྱོད་ཀྱི་ཆ་ནས་བཤད་རྒྱུ་ན་འགྱོད་གདུང་སྐྱེས་དགོས་པ་ཞིག་རེད།
- རང་གི་ཨ་ཕ་ལ་དྲིན་ལན་འཇལ་མ་ཐུབ་པ་དེ་འགྱོད་གདུང་སྐྱེས་དགོས་པ་ཞིག་རེད།
- འོན་ཀྱང་ད་རུང་ཡིན་རྒྱུ་ན་དོན་དག་དེའི་ཐོག་ན་བཟང་ཆ་ཞིག་ཀྱང་ཡོད་པ།
- ང་ཚོར་མཚོན་རྒྱུ་ན་ད་རུང་ཡིན་རྒྱུ་ན་སློབ་སྦྱོང་བྱེད་དགོས་པའི་ཆ་ཞིག་ཀྱང་ཡོད་པ།
- དེ་ཅི་རེད་ཟེར་ན།
- བོད་མི་སོ་སོ་ལ་དགོས་པའི་བསམ་བློ་དེ་ཅི་ཞིག་གི་བསམ་བློ་རེད་ཟེར་ན།
- རང་གི་ལས་གནས་དེ་ནས་རང་གིས་ཡིན་རྒྱུ་ན།
- རྒྱལ་ཁམས་ཤིག་རང་གི་ལག་ཟུང་ལ་བརྟེན་ནས་བསྐྲུན་རྒྱུ།
- གསར་གཏོད་ཀྱི་སྙིང་སྟོབས་ཡོད་པ།
- གསར་གཏོད་ཀྱི་སྤོབས་པ་ཡོད་པ།
- གསར་གཏོད་ཀྱི་སྦྱོར་བ་ཡོད་པ།
- འདི་འདྲའི་དོན་སྙིང་ཅན་ཞིག་ཀྱང་ཡོད་པ་རེད།
- འོན་ཀྱང་འདི་ཅི་རེད་ཟེར་ན།
- རྩོམ་པ་པོ་དོན་གྲུབ་རྒྱལ་གྱིས་སྐབས་ཐོག་དེར་མ་མཐོང་བ།
- འོ་ན་མ་མཐོང་བའི་རྒྱུ་རྐྱེན་གྱི་རྩ་བ་གང་རེད་ཟེར་ན།
- ཁོས་དོན་དག་གང་དང་གང་ཞིག་ལ་བལྟ་ན་ཡང་།
- ཁོ་ཡི་བལྟ་བྱེད་ཀྱི་ཁོང་གནས་དེ་ཅི་རེད་ཟེར་ན།
- མིག་དབང་དེ་མི་ཆོས་ཀུན་སྤྱོད་རེད།
- སྲོལ་རྒྱུན་གྱི་བསམ་བློ་རེད་ཟེར་ན་ཆོག་པ་རེད།
- དེ་ཡིན་ན་ཁོའི་བསམ་བློ་དེ་ཅི་རེད་ཟེར་ན་དོན་གྱིས་ཅུང་ཙམ་གུ་དོག་པ་ཞིག་རེད།
- ཨོ་ཡ་་་གུ་དོག་པ་ཞིག་རེད།
- འོ་ན་ང་ཚོར་དགོས་པའི་བསམ་བློ་དེ་འཁོར་རྒྱ་ཡངས་དགོས་པ་རེད།
- ང་ཚོས་སྲོལ་རྒྱུན་གྱི་ངོས་ནས་ཡང་བལྟ་དགོས་ལ།
- དེ་ལས་ཀྱང་གལ་ཆེ་བ་ནི་གང་རེད་ཟེར་ན།
- ལྷག་པར་ཏུ་ལོ་རྒྱུས་ཀྱི་འཕེལ་རྒྱས།
- ད་ལྟ་ཡི་སྤྱི་ཚོགས་ལ་མཚོན་ན།
- ང་ཚོར་དགོས་མཁོ་ཅན་གྱི་བསམ་བློ་གང་རེད།
- ང་ཚོས་གང་དང་གང་ཞིག་བགྲང་དགོས་པ།
- ་བྱེད་དགོས་པ།提倡
- འདིའི་ངོས་ནས་བལྟས་ནས་སོང་ན་ཅི་རེད་ཟེར་ན།
- འདིའི་མིག་དབང་གི་ངོས་ནས་བལྟ་རྒྱུ་ན།
- ཨོ་ཡ་་དེ་ཤ་དང་རུས་པའི་བརྩེ་དུང་གི་ནང་ན་བཤད་པའི།
- གཏམ་རྒྱུད་ཀྱི་བརྗོད་བྱ་དེ་བྲིས་ན།
- བརྩམས་ཆོས་གཞན་པ་ཞིག་གིས་འབྲི་ཐུབ་རྒྱུ་རེད།
- འབྲི་ཐུབ་རྒྱུ་རེད།
- འོ་ན་འདིའི་ཅི་ཞིག་མཚོན་ཟེར་ན།
- གོང་ནས་བཤད་པའི་གཙོ་བོ།
- ང་ཚོས་དོན་དག་གང་དང་གང་ཞིག་ལ་བལྟ་ན་ཡང་།
- སྲོལ་རྒྱུན་གྱི་མཐོང་གནས་དང་སྲོལ་རྒྱུན་གྱི་བལྟ་བ་ཁོ་ནས་སྒོ་ནས་བལྟ་རྒྱུ་མ་རེད།
- ཁྱོད་ཀྱིས་ཡིན་རྒྱུ་ན་མཐོང་རྒྱ་དེ་ཡངས་བར་བྱས་ནས།
- སྲོལ་རྒྱུན་གྱི་ལྟ་བའི་ཕན་ཆད་དེ་ནས།
- དེ་རིང་སང་ཉིན་གྱི་ཡིན་རྒྱུ་ན་དུས་རབས་ཀྱི་དགོས་མཁོ།
- ལོ་རྒྱུས་ཀྱི་འཕེལ་རྒྱས།
- འདིའི་ཆ་འདི་ནས་དོན་དག་དེར་བལྟ་ཐུབ་དུས་ཅི་རེད་ཟེར་ན།
- ཁྱོད་ཀྱི་བརྩམས་སྒྲུང་དེ་ཡང་གཏིང་ཟབ་ཅིག་ཏུ་འགྱུར་རྒྱུ་རེད།
- དེ་མ་གཏོགས་དོན་གྲུབ་རྒྱལ་གྱིས་འབྲི་ཚུལ་ལྟར།
- སྲོལ་རྒྱུན་གྱི་ལྟ་བ་ཁོ་ན་ཡི་ངོས་ནས་བལྟས་ནས་སོང་ན།
- ཁྱོད་ཀྱིས་བྲིས་བ་དེ་སྟབས་བདེ་རེད།
- དོན་དག་གང་དང་གང་ཞིག་ཡིན་ན་ཡང་སྟབས་བདེ་ཞིག་ཏུ་བཏང་བ་རེད།
- ཨོ་ཡ་་་ཁྱོད་ཡིན་རྒྱུ་ན་དེ་མཐོང་གནས་ངེས་བ་ཡོད་དུས་ཅི་རེད་ཟེར་ན།
- ཁྱོད་ཀྱིས་འབྲི་དུས་ཅི་རེད་ཟེར་ན།
- བརྩམས་སྒྲུང་དེ་སྟབས་བདེ་ཡིན་རྒྱུ་མ་རེད།
- ཡིན་རྒྱུ་མ་རེད།简化
- ཅི་རེད་ཟེར་ན།
- བརྩམས་སྒྲུང་དེ་ངོ་མས་གཏིང་ཟབ་པ་ཞིག་རེད།
- བོད་ཀྱི་སྤྱི་ཚོགས་ཀྱི་ཡིན་རྒྱུ་ན་དེ་གནད་ས་ཞིག་ལ་ཁེལ་བ་རེད།
- ཁེལ་བའི་རྒྱུ་མཚན་ཅི་རེད།
- ཨོ་ཡ་་་ཁྱོད་ཀྱིས་མིག་དབང་གཉིས་ཀྱི་སྒོ་ན་བལྟས་ཡོད་པ།
- འོ་ན་དེ་རིང་སང་ཉིན་བོད་ཀྱི་དོན་དག་གང་དང་གང་ཞིག་ལ་བལྟས་ན་ཡང་།
- དོན་གྱིས་དེ་རེད།
- ང་ཚོའི་དེ་རིང་སང་ཉིན་གྱི་འདོད་ཡོན་ལོངས་སྤྱོད་དར་བཞིན་པ།
- འདི་ལ་མཚོན་ན་ཡང་དེ་རེད།
- སྤྱིར་བཏང་གིས་ཡིན་རྒྱུ་ན།
- རྩོམ་པ་པོ་ཕར་ཆེར་ཞིག་གིས་ལྷག་པར་དུ་སྙན་ངག་པ་ཕར་ཆེར་ཞིག་གིས།
- འདི་སྤྱོད་བཞིན་པ།
- འདོད་ཡོན་གྱི་ལོངས་སྤྱོད་འདི་དར་ན།
- དཔལ་འབྱོར་འདི་དར་ན།
- མི་གཤིས་ཀྱང་ཉམས་རྒུད་དུ་འགྲོ་བཞིན་པ།
- མི་རིགས་ཀྱི་རིག་གནས་ཀྱང་ཉམས་པར་བྱེད་བཞིན་པ།
- འོ་ན་འདིའི་བར་འདི་ནས་ང་ཚོ་མང་པོ་ཞིག་གིས་ཅི་རེད་ཟེར་ན།
- དེང་རབས་ཀྱི་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་འདི་སྐྱོན་ཏུ་བལྟ་བ།
- འདི་ཁོ་ན་བྲིས་ན་ཅི་རེད་ཟེར་ན།
- ཁྱོད་ཀྱི་མཐོང་གནས་དེ་སྟབས་བདེ་རེད།
- རེད།简化
- དང་ཡང་ན་ཆིག་རྐྱང་བ་ཞིག་རེད།单一
- ཕྱོགས་གཅིག་ནས་དངོས་ནས་བདེན་པ་རེད།
- འདོད་ཡོན་གྱི་ལོངས་སྤྱོད་འདི་དར་དུས།
- མི་གཤིས་ལྷག་པར་དུ་ཡིན་རྒྱུ་ན།
- མི་ཡི་སེམས་སྟེང་གི་བློ་བདེ་དང་བག་ཕེབས་ལ་སོགས་པ་འདི་ཡལ་བཞིན་པ།
- མེད་པར་འགྲོ་བཞིན་པ།
- མི་ཡི་སེམས་སྟེང་གི་བདེ་སྐྱིད་དེ་ཇེ་ཉུང་དུ་འགྲོ་བ།
- དེ་བདེན་པ་རེད།
- འོན་ཀྱང་འདོད་ཡོན་ལོངས་སྤྱོད་དེ་མ་དར་ན་ཅི་འདྲ་ཞིག་རེད།
- མ་དར་ན་བོད་ཀྱི་སྤྱི་ཚོགས་འདི་རྗེས་ལུས་རེད།
- འདི་ཅི་འདྲ་ཞིག་ཏུ་ལོག་ཡོད་ཟེར་ན།
- དོན་དག་དེ་དོན་གྱིས་ཅི་འདྲ་ཞིག་ཏུ་ལོག་ཡོད་ཟེར་ན།
- ད་ནངས་ང་ཚོས་བཤད་པ་རྟོལ་མེད་ཀྱི་དོན་དག་ཅིག་རེད།
- གྱི་དོན་དག་ཅིག་རེད།无奈
- འོ་ན་ཁྱོད་རྩོམ་པ་པོ་ཞིག་གི་ངོས་ནས་བཤད་རྒྱུ་ན།
- ཁྱོད་ཀྱིས་ཅི་ཞིག་འབྲི་དགོས་ཟེར་ན།
- རྟོལ་མེད་ཀྱི་ཆ་དེ་འབྲི་དགོས།
- དེ་མ་གཏོགས་ཡིན་རྒྱུ་ན་འདི་བཟང་གི་འདི་མི་བཟང་གི
- འདི་བཟང་གི་འདི་མི་བཟང་གི
- དེ་གཙོ་བོ་མ་རེད།价值判断
- ད་ནངས་བཤད་པ་ཕྱིར་དེའི་སྟེང་ལ་བབས་པ་དེ་རེད།
- ཨོ་ཡ་་་དེ་ན་འདིའི་བར་འདི་ནས།
- ང་ཚོས་བཤད་པའི་རྟོལ་མེད་ཀྱི་ཆ།
- རྙོག་དྲ་ཡི་ཆ།
- འགལ་བ་ཡི་ཆ་དེ་ཐོན་དགོས་ན།
- ཁྱོད་ཀྱི་མིག་དབང་དེ་ཅི་རེད་ཟེར་ན།
- མིག་གཉིས་དགོས་པ་དེ་རེད།
- སྲོལ་རྒྱུན་གྱི་མིག་དབང་གིས་ཀྱང་བལྟ་ཐུབ་དགོས་ལ།
- གསར་བ་ཡི་མིག་དབང་གིས་ཀྱང་བལྟ་དགོས་བ།
- དེ་བཞིན་དུ་ཡིན་རྒྱུ་ན་གང་དང་གང་ཞིག་ལ་མཚོན་ན།
- གསར་བ་ཡི་མིག་དབང་ཁོ་ན་ཡིས་བལྟས་བས་མི་ཆོག་པ།
- སྲོལ་རྒྱུན་གྱི་མིག་དབང་གིས་ཀྱང་བལྟ་དགོས་པ།
- འོ་ན་རྩོམ་པ་པོ་ཞིག་གི་སེམས་པ་དེ་སྤྱིར་བཏང་གིས་བཤད་རྒྱུ་ན།
- ནམ་ཡིན་ན་ཡང་གི་ངོས་ན་ཡོད་པ་མ་རེད།理性
- གི་ངོས་ན་ཡོད་དུས་རེད།理性理性认识
- ཟེར་བ་དེ་སྤྱིར་བཏང་གིས།理性认识
- གོང་ནས་བཤད་པའི་གདེང་འཇོག་གི་ངོས་ན་ཡོད་པ་རེད།
- ཁོས་བལྟས་ན་ཁོ་ལ་རང་ཉིད་ཀྱི་ལྟ་བ་ཞིག་ཡོད་རྒྱུ་རེད།
- འདི་བཟང་གི་འདི་མི་བཟང་གི
- བཟང་ན་བཟང་བའི་རྒྱུ་མཚན་ཕྲིས།
- མི་བཟང་ན་མི་བཟང་བའི་རྒྱུ་མཚན་ཕྲིས།
- འདི་ཅི་རེད་ཟེར་ན།
- མཁས་བ་ཞིག་གི་ལས་ཀ་རེད།
- འོ་ན་རྩོམ་པ་པོ་ཡི་ལས་ཀ་ཅི་རེད་ཟེར་ན།
- བཀོད་པ་མེད་ཀི
- འདི་འདྲ་ཞིག་ཀྱང་རེད།
- འདི་དང་བསྟུན་ན་འདི་ལ་འགལ་འགྲོ་བ་དང་།
- འདི་དང་བསྟུན་ན་འདི་ལ་འགལ་བ།
- ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཡི་ནང་ན་བཤད་པའི།
- མཛེས་མའི་ཚིག་དང་བསྟུན་ན་དམ་པའི་ཆོས་དང་འགལ་འགྲོ།
- རྩོམ་པ་པོ་ཞིག་ལ་མཚོན་རྒྱུ་ན་དེ་འདྲའི་དེ་འགྲིག་གི心态
- འོ་ན་འདི་ཡོད་ན་ཁྱོད་ཀྱིས་བྲིས་པའི་རྩོམ་དེ་ཡང་།
- བསམ་བློ་ཡི་ཆ་ནས་གཏིང་ཟབ་ཀྱི་ཆ་དེ་ཡོང་བ་རེད།
- གཏིང་ཟབ་མོ་ཟེར་བ་དེ་དེ་འདྲ་ཞིག་རེད།
- དེ་མ་གཏོགས་མིག་དབང་གཅིག་གི་ངོས་ནས་བལྟ་དུས།
- ཁྱོད་ཀྱི་བྱ་བ་དེ་རེད།简单处理
- ཁྱོད་ཀྱི་མིག་དབང་དེ་ཆིག་རྐྱང་བ་ཞིག་ཡིན་པ།
- དེ་ཡིན་པས་ནམ་ཡིན་ན་ཡང་དེ་རེད།
- ཁྱོད་ཀྱིས་དོན་དག་ཅིག་ལ་བལྟ་ན་ངོས་གཉིས་ནས་བལྟ་རྒྱུ་དེ་སྦྱོང་བརྡར་ཞིག་རེད།
- དེ་ཡང་སྦྱོང་བརྡར་ཞིག་རེད།
- དོན་དག་གང་ཞིག་ལ་བལྟ་ན་ཡང་དེ་རེད།
- སྲོལ་རྒྱུན་གྱི་ངོས་ནས་ཀྱང་བལྟ་དགོས་ལ།
- གསར་བ་ཡི་ངོས་ནས་ཀྱང་བལྟ་དགོས།
- སྤྱིར་བཏང་གིས་ང་ཚོས་བལྟས་ན་བོད་ཀྱི་བྱ་བ་ཐམས་ཅད་དེ་འདྲ་ཞིག་རེད།
- ང་ཚོས་ཁ་བརྡ་ཞིག་བྱས་ན་ཡང་ཕལ་ཆེར་ཡིན་རྒྱུ་ན།
- ཡང་ན་གསར་བ་ཡི་ཕྱོགས་དང་ཡང་ན་རྙིང་བ་ཡི་ཕྱོགས།
- འདི་འདྲའི་མིག་དབང་གཅིག་གི་ཆིག་རྐྱང་གིས་ངོས་ན་ལྟ་བཞིན་ཡོད།单一
- དེ་རྩོམ་པ་པོ་ཞིག་གི་ངོས་ནས་བཤད་རྒྱུ་ན།
- རྩོམ་རིག་གི་བློ་སྦྱོང་དང་གཉིས་ཀ་ཅུང་ཙམ་འགལ་བ་རེད།
- འགལ་བ་ཡོད་པ་རེད།
- དེ་ཡིན་པས་ང་ཚོར་མཚོན་ན་ཡང་ཅི་རེད་ཟེར་ན།
- གོང་ནས་བཤད་པའི་སྲོལ་རྒྱུན་གྱི་ཆ་ལུགས་དར་བའི་མི་ཆོས་ཀུན་སྤྱོད་དང་།
- ཡང་ན་ཡིན་རྒྱུ་ན་གསར་བ་ཡི་ཆ་ནས་བྲིས་པའི་ལོ་རྒྱུས་ཀྱི་འཕེལ་རྒྱས།
- འདི་གཉིས་ཀྱི་བར་ན་འགལ་འདུ་ཞིག་ཡོད་པ།
- ཁྱོད་མཚོན་རྒྱུ་ན་གཉིས་ཀས་སྒོ་ནས་བལྟ་རྒྱུ།
- འདི་གལ་ཆེ་བ་རེད།
- དེའི་དཔེར་བརྗོད་གོང་ནས་བཤད་པའི་ཤ་དང་རུས་པའི་བརྩེ་དུང་ལྟ་བུ་རེད།
- ཨོ་ཡ་་་ཁོ་ཡིས་མི་ཆོས་ཀུན་སྤྱོད།
- སྲོལ་རྒྱུན་གྱི་ཆ་ཁོ་ན་ཡིས་བལྟས་པས་ན།
- ཁོ་ཡི་གཏམ་རྒྱུད་དེ་ལ་ཅི་རེད་ཟེར་ན།
- སྟབས་བདེ་ཡི་ངང་གིས་བྱས་པ་རེད།处理
- ཤ་དང་རུས་པའི་བརྩེ་དུང་དེ་བསམ་བློ་ཡི་ཆ་ནས་གཏིང་ཟབ་མོ་ཞིག་གི་སྟེང་ལ་མ་སོང་བ།
- དེ་ཁྱོད་ལ་མིག་དབང་གཉིས་ཡོད་ན།
- ཤ་དང་རུས་པའི་བརྩེ་དུང་གི་རྩོམ་དེ།
- ཨོ་ཡ་་ད་རུང་ཡིན་རྒྱུ་ན་འབྲི་ཚུལ་གཉིས་པ་ཡོད་རྒྱུ་རེད།
- འབྲི་ཚུལ་གཉིས་པ་ཞིག་ཡོད་རྒྱུ་རེད།
- འོ་ན་འབྲི་ཚུལ་གཉིས་པ་དེ་མ་ཐོན་པའི་རྒྱུ་མཚན་ཅི་རེད་ཟེར་ན།
- རྩོམ་པ་པོ་ཡི་མིག་དབང་དེ།
- སྔར་བཞིན་དུ་ད་རུང་རྙིང་བ་ཡོད་པའི་རྟགས་རེད།
- གསར་བ་ཡི་མིག་དབང་དེ་མེད་པའི་རྟགས་རེད།
- དེ་ཡིན་པས་ཨོ་ཡ་་་
- གོང་ནས་བཤད་པ་མདོར་ན།
- རྩོམ་པ་པོ་ཞིག་གི་བསམ་བློ་ཡི་སྦྱོང་བརྡར་གྱི་ཆ་དེ་ནས་བཤད་རྒྱུ་ན།
- ཁྱོད་ཀྱི་རིན་ཐང་གི་གདེང་འཇོག་འདི་གཙོ་བོ་མ་རེད།
- ཁྱོད་ཀྱིས་དངོས་ཡོད་དེ་ཅི་འདྲ་ཞིག་རེད།
- ཇི་མ་ཇི་བཞིན་ཏུ་བྲིས་ན་ཆོག་གི
- ཡ་་་དེ་རེད།
- དེ་བཞི་བ་བརྗོད་བྱའི་སྲོག་ཟེར་ན་བསམ་བློ་ཡི་སྦྱོང་བརྡར་ཟེར་ན།
- འདིའི་ཆ་དེ་ནས་ང་ཚོར་དེ་འདྲའི་དོ་སྣང་བྱ་རྒྱུ་ཞིག་ཡོད་པ།
- དེའི་རྗེས་ནས་ང་ཚོ་ཅི་རེད་ཟེར་ན།
- སྤྱིར་བཏང་གི་བརྩམས་སྒྲུང་གི་ཕྱོགས་ནས་ང་ཚོས་བཤད་ཚར་སོང་བ་རེད།
- འདིའི་ཁྲོད་འདི་ན་ང་ལ་ཁྱེད་ཚོར་རེ་བ་ཞིག་འདོན་རྒྱུ་ཡོད་པ་ཅི་རེད་ཟེར་ན།
- བརྩམས་སྒྲུང་འབྲི་མཁན་ཞིག་ལ་མཚོན་རྒྱུ་ན།
- ཨོ་ཡ་་་བརྩམས་སྒྲུང་གཞན་པ་མང་པོར་བལྟ་རྒྱུ།
- འདི་ཡིན་རྒྱུ་ན་ཤིན་ཏུ་གལ་ཆེ་བ་རེད།
- སྤྱིར་བོད་ཀྱི་རྩོམ་པ་པོ་ཡི་རྩོམ་རིག་གི་གླིང་འདི་ན།
- སྐྱོན་ཆ་ཞིག་ཡོད་པ་དེ་ཅི་རེད་ཟེར་ན།
- དཔེ་ཆ་གཞན་པ་ལ་བལྟ་རྒྱུ་ཉུང་བ།
- རང་གི་འབྲི་རྒྱུ་མང་གི
- དེ་སྐྱོན་ཆ་ཆེན་པོ་ཞིག་རེད།
- ཨོ་ཡ་་ལྷག་པར་དུ་ཁྱོད་ཀྱིས་དཔེ་ཆར་བལྟ་ན་ཡང་།
- བོད་རྩོམ་དང་བོད་རྩོམ་ལ་བལྟས་ནས་སོང་ན།
- བོད་རྩོམ་ཁོ་རང་མ་གཞི་ནས་ཚད་ཐིག་མཐོ་ས་ཞིག་ལ་ཐོན་མེད་པ།
- ཁྱོད་ཀྱིས་དེར་བལྟས་ན་དེ་མ་དཔེ་ལེགས་པོ་ཞིག་མ་རེད།
- འོ་ན་མ་དཔེ་ལེགས་པོ་ཞིག་ཡིན་ན་ཅི་རེད་ཟེར་ན།
- འཛམ་གླིང་གི་ཁས་ལེན་བཞིན་པའི་རྩོམ་དེ་འདྲ་ཞིག་ལ་བལྟས་ན་ཅི་རེད་ཟེར་ན།
- ཁྱོད་ཀྱི་མ་དཔེ་དེ་ལེགས་པོ་རེད།
- དེ་ཡིན་པའི་སྟབས་ཀྱིས་ཁྱོད་ལ་མཚོན་རྒྱུ་ན་ཡང་།
- བློ་བསྐྱེད་མང་པོ་འབྱུང་རྒྱུ་ཡོད་པ་རེད།
- ཁྱོད་ཀྱི་མ་དཔེ་དེ་དམའ་སོང་ན་ཁྱོད་ལ་འཕེལ་རྒྱས་འབྱུང་རྒྱུ་མ་རེད།
- དེ་ང་ཚོའི་བོད་ཀྱི་སྲོལ་རྒྱུན་གྱིས་བཤད་ན་ཡང་དེ་རེད།
- བླ་མ་ཞིག་ལ་བསྟེན་ན་ཡང་དམ་པ་བསྟེན་ན་གོང་དུ་འཕེལ་རྒྱུ་རེད།
- རང་དང་མཉམ་པ་བསྟེན་ན་སོ་ན་གནས་པ།
- རང་དང་དམན་པ་བསྟེན་ན་རང་དང་མཉམ་པར་འགྱུར་ཟེར་བ་ཞིག་ཡོད་པ།
- དཔེ་ཆ་ལ་མཚོན་ན་ཡང་གཅིག་ལ་གཅིག་ཡིན་པ་རེད།
- ཅུང་ཙམ་མཐོན་པོ་ཡི་ཕྱོགས་ལ་བལྟ་རྒྱུ་གལ་ཆེ་བ་རེད།
- དེ་གཅིག་རེད།
- དེ་ན་དཔེ་ཆ་བལྟ་བའི་གོ་རིམ་གྱིས་སོང་ན་ཡང་དེ་རེད།
- སྤྱིར་ཡིན་ན་འཛམ་གླིང་གི་རྩོམ་གྲགས་ཅན་ཞིག་ལ་བལྟས་ན་གོ་ཐུབ་མིན་ཡང་མི་ཤེས།
- དེར་ཡིན་རྒྱུ་ན་གོ་རིམ་ཞིག་ཡོད་པ་རེད།
- ང་མཚོན་རྒྱུ་ན་འདིའི་གོ་རིམ་འདི་ཅུང་ཙམ་གལ་ཆེ་བར་བསམ།
- དེ་མ་གཏོགས་སྤྱིར་བཏང་གི་དཔེ་འཇོག་རྒྱུ་ན།
- ཟེར་བ་འདྲ།百年孤独
- དེའི་ཕན་ཆད་ན་ལྷག་པར་དུ་ཡིན་རྒྱུ་ན།
- དེང་རབས་རིང་ལུགས་ཀྱི་རྩོམ་རིག་གི་ཕྱོགས་ན་གྲགས་ཅན་མང་བ།
- འདི་འདྲ་ཞིག་ལ་བལྟས་ན་ཁྱོད་ཡིད་ཆད་པར་འཇུག་རྒྱུ་མ་གཏོགས།
- ཁྱོད་ལ་རྩོམ་གྱི་ནུས་པ་དེ་མི་སྐྱེད་པ་ཁོ་ཐག་ཡིན་པ་རེད།
- ཐ་ན་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་གི་སྟེང་ནས་བཤད་རྒྱུ་ན་ཡང་དེ་རེད།
- ཡི་ཟེར་བ་འདྲ།列夫·托尔斯泰安娜·卡列尼娜
- ལྟ་བུ་ཞིག་ལ་བལྟས་ན་ཡིད་ཆད་ངེས་པ་རེད།复活
- དེ་དངོས་ནས་རྩོམ་དེ་གོང་ནས་བཤད་པའི་ཚད་ཐིག་མཐོ་ས་ཞིག་ན་ཡོད་པ་རེད།
- ང་ཚོར་མཚོན་ན་རན་པ་ཞིག་མ་རེད།
- དེ་ཡིན་པའི་སྟབས་ཀྱིས་འདིའི་བར་འདི་ནས།
- ང་མཚོན་རྒྱུ་ན་ངས་ཁྱེད་ཚོར་བཤད་ན་འདོད་པ་དེ་ཅི་རེད་ཟེར་ན།
- ཨོ་ཡ་་གཞན་གྱི་རྩོམ་ན་བལྟ་དུས་ཐོག་མར་ཡིན་རྒྱུ་ན།
- སྒྲུང་འབྲིང་དང་སྒྲུང་ཐུང་ལ་བལྟ་རྒྱུ།
- འདི་ཤིན་ཏུ་གལ་ཆེ་བ་རེད།
- དེའི་རྗེས་ནས་སྒྲུང་རིང་ལ་བལྟ་རྒྱུ།
- དེའི་གོ་རིམ་དེ་འདྲ་ཞིག་རེད།
- ད་ཡིན་རྒྱུ་ན་གློ་བུར་དུ་ཡིན་ན།
- སེམས་ན་དྲན་ཕྱོགས་ཤིག་གིས།
- ཨོ་་་ངས་རྩོམ་རིག་ལ་དངོས་ནས་སྦྱངས་དགོས་ཞེས་བཤད་དེ།
- གནའ་རྩོམ་གྲགས་ཅན་ཞིག་ལ་བལྟས་ན་བཟང་བ་རེད་ཅེས་བཤད་དེ།
- ཁྱོད་ཀྱིས་གནའ་རྩོམ་གྲགས་ཅན་གོང་ནས་བཤད་པའི།
- ཟེར་བ་འདྲ།百年孤独
- ཟེར་བ་འདྲ།安娜·卡列尼娜
- ཟེར་བ་འདྲ།复活
- ཁྱོད་ཀྱི་རྩོམ་གྱི་ནུས་པ་དེ་ཉམས་པར་འཇུག་རྒྱུ་མ་གཏོགས།
- དེ་གོང་འཕེལ་དུ་འགྲོ་རུ་འཇུག་རྒྱུ་མ་རེད།
- གོང་འཕེལ་དུ་འགྲོ་རུ་མི་འཇུག་པ།
- དེ་ཡིན་པའི་སྟབས་ཀྱིས་ང་ཚོར་བཤད་རྒྱུ་ཞིག་ཡོད་པ།
- རི་བོ་དལ་གྱིས་བགྲོད།ཉ་ཤ་བགས་ཀྱིས་ཟ་ཞེས་པ་བཞིན།
- ང་ཚོས་དཔེ་ཆ་བལྟ་དུས་ཀྱང་གོ་རིམ་ཞིག་ཡོད་པ་རེད།
- རང་དང་མཚམས་པའི་སྒོ་ནས་རིམ་གྱིས་རིམ་གྱིས་ཡར་ལ་འགྲོ་བ་དེ་རེད།
- དེ་ན་སྤྱིར་བཤད་ནས་སོང་ན་གོང་ནས་བཤད་པ་དེ་རེད།
- མི་རིགས་གཞན་པ་ཡི་རྩོམ།
- ང་ཚོས་རྒྱ་ཡིག་གི་རྩོམ་ལ་མ་གཏོགས་བལྟ་ཐུབ་པ་མ་རེད་མོད།
- དེའི་ལོ་ཙྭ་ཡི་སྟེང་ནས་བཤད་རྒྱུ་ན་ཡང་།
- སྒྲུང་འབྲིང་དེ་ང་ལ་མཚོན་ན་ཨང་དང་པོ་ཡིན་པར་བསམ།
- ཐོག་མར་སྒྲུང་འབྲིང་ལ་བལྟ་རྒྱུ།
- དེའི་འཕྲོ་ནས་ཡིན་རྒྱུ་ན་སྒྲུང་ཐུང་།
- དེའི་འཕྲོ་ནས་ཡིན་ན་སྒྲུང་རིང་།
- ད་ཡིན་རྒྱུ་ན་གོ་རིམ་ཞིག་རེད།
- སྒྲུང་རིང་ལ་མཚོན་ན་ཡང་དེ་རེད།
- ང་ཚོར་མཚོན་རྒྱུ་ན་གཏམ་རྒྱུད་ཀྱི་བྱུང་རིམ་དེ་མེད་པར།
- ནུབ་གླིང་ན་བཤད་བཞིན་པའི་ཟེར་བ།情节淡化
- བྱུང་རིམ་དེ་ལྷོད་པར་བྱས་ཡོད་པའི་རྩོམ་དེར་བལྟས་དུས།
- ང་ཚོའི་མོས་པ་དེ་དྲངས་ཐུབ་པ་མ་རེད།
- དེ་ཡིན་པའི་སྟབས་ཀྱིས་ཐོག་མར།
- གཏམ་རྒྱུད་ཀྱི་བྱུང་རིམ་ཡོད་པའི་གནའ་རྩོམ་གྲགས་ཅན།
- འདི་ལ་བལྟ་རྒྱུ་གཙོ་བོ་རེད།
- དེའི་ཆ་དེ་ནས་ང་རང་ཉིད་ཀྱི་དཔེ་ཀློག་གི་རྒྱ་ཡང་ཆུང་བ་རེད།
- ངའི་ཉམས་མྱོང་གི་སྟེང་ནས་བཤད་རྒྱུ་ན།
- དཔེ་འཇོག་རྒྱུ་ན་ཐོག་མར་ཡིན་རྒྱུ་ན་དེ་ཟེར་བ་ཞིག་ཡོད།简爱
- དེའི་འཕྲོ་ནས་ཡིན་རྒྱུ་ན་དེ་ཟེར་བ་ཞིག་ཡོད་པ།苔丝
- དེའི་ནང་ན་ཡིན་རྒྱུ་ན་གཏམ་རྒྱུད་ཀྱི་བྱུང་རིམ་ཡོད་པ།
- དེ་ལ་བལྟས་ན་འདོད་པ།
- ལྷག་པར་དུ་ང་ལ་མཚོན་རྒྱུ་ན་་ངོ་མས་བཟང་གི简爱
- ཁོ་ཡི་སྟེང་ན་བལྟས་ནས་སོང་ན་དེའི་ནང་ན་གོ་རྒྱུ་མང་པོ་མང་པོ་ཞིག་ཡོད་པ།
- ལྷག་པར་དུ་ང་ཚོས་གོང་ནས་བཤད་པའི།
- བོད་ཀྱི་རྩོམ་ན་མཚོན་ན་སེམས་ཁམས་ཞིབ་འབྲི་ཉུང་གི
- ལ་མཚོན་རྒྱུ་ན་སེམས་ཁམས་ཞིབ་འབྲི་ཡི་སྟེང་ན་གླེང་བྱ་ཡོད་པ་རེད།简爱
- དེའི་འཕྲོ་ནས་དེ་རེད།
- མི་སྣ་ཞིག་གི་ངོས་ནས་བཤད་རྒྱུ་ན།
- ལྷག་པར་དུ་བུད་མེད་ཅིག་གི་ངོས་ནས་བཤད་རྒྱུ་ན།
- དེ་ངེས་པར་དུ་བཤད་དགོས་པ་ཞིག་རེད།简爱
- ཁོའི་སྟེང་ན་ཡིན་རྒྱུ་ན་རང་ཚུགས་ཀྱི་ཆ་དེ་བཤད་ཡོད་པ།
- འོ་ན་རྩོམ་དེའི་ནང་ན་ཅི་ལྟར་དུ་མངོན་ཡོད་པ།
- ང་ཚོའི་བོད་ཀྱི་རྩོམ་ལྟར་ཁ་བརྡ་ཡི་ངོས་ན་བཤད་ཡོད་དམ།
- ཁུ་ཚུར་གྱིས་བཤད་ཡོད་དམ།
- དེ་འདྲ་ཞིག་མ་རེད།
- ཁོས་དེ་མཚར་བོ་ཡི་སྒོ་ནས།
- དེ་ཅི་རེད་ཟེར་ན་མངོན་ཆུང་གི་ཚུལ་དུ།
- འུད་བརྗོད་མ་རེད།
- མ་རེད།戏剧化
- མངོན་ཆུང་གི་ཚུལ་དུ་བྲིས་ཡོད་པ།
- ང་ཚོས་བལྟས་ན་བལྟས་མ་ཐག་ཏུ་ཡིན་རྒྱུ་ན།
- ཡི་སྟེང་ན་རང་ཚུགས་དེ་ཐོག་མར་མཐོང་ཐུབ་པ་མ་རེད།简爱
- རིམ་གྱིས་རིམ་གྱིས་བལྟས་ན་མཐོང་ཐུབ་པ་རེད།
- དེའི་སྟེང་ན་གླེང་བྱ་མང་པོ་ཞིག་ཡོད་པ།
- དེ་བལྟས་ན་ཡང་འདོད་པ་ཞིག་རེད།简爱
- གཏམ་རྒྱུད་ཀྱང་ཡོད་པ་ཞིག
- དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་ལྟར་འགལ་བ་ཡང་ཡོད་པ།
- དེ་འདྲ་ཞིག་གི་ངོས་ནས་བྲིས་ཡོད་པ་ཞིག་རེད།
- དེ་ལ་བལྟས་ན་འདོད་པ་རེད།
- དེའི་འཕྲོ་ནས་གོང་ནས་བཤད་པའི་ལྟ་བུ་རེད།苔丝
- དེའི་འཕྲོ་ནས་ང་ལ་མཚོན་རྒྱུ་ན།
- ཨ་རིའིི་རྩོམ་པ་པོ་ཞིག་གིས་ཟེར་བ་ཞིག་བྲིས་ཡོད་པ།红字
- ཡི་གེ་དམར་པོ་ཞེས་བྲིས་ཡོད་པ་དེ་ལྟ་བུ།
- དེ་འདྲ་ལ་བལྟས་ན་ཐོག་མ་ནས་བལྟས་ན་ཡང་།
- ཁྱོད་ཀྱི་མོས་པ་དེ་ཉམས་པར་མི་འཇུག་པ།
- དེའི་འཕྲོ་ནས་རང་གི་མོས་པ་ལྟར་དུ།
- གཞན་པའི་རྩོམ་ལ་བལྟས་ན་ལམ་དེ་རྙེད་པ་རེད།
- ད་བཤད་པ་དེ་ཕྱི་རྒྱལ་གྱི་རྩོམ་རེད།
- དེ་བཞིན་དུ་ང་ཚོར་མཚོན་རྒྱུ་ན།
- ཐོག་མ་ནས་རྩོམ་ལ་འཇུག་པ་ཞིག་ལ་མཚོན་རྒྱུ་ན།
- ངས་བལྟ་རྒྱུ་ན་ཕྱི་གླིང་གི་རྩོམ་ན་བལྟས་ན་ཡང་།
- རྒྱ་ནག་གི་རྩོམ་དེ་ང་ཚོར་ཐག་ཉེ་བ་རེད།
- དེར་ཅུང་ཙམ་བལྟས་ན་འདོད་པ་རེད།
- ལྷག་པར་དུ་ཡིན་རྒྱུ་ན་དུས་སྐབས་གསར་བའི་རྩོམ་རིག་ཟེར་བ་ཞིག་ཡོད་པ།
- དེ་ཅི་རེད་ཟེར་ན།新时期文学
- གཏམ་རྒྱུད་ཀྱང་ཡོད་པ།
- འགལ་བ་ཡང་ཡོད་པ།
- ང་ཚོའི་རྩོམ་རིག་གི་ལྟ་བ།
- བརྗོད་སྙིང་ཡང་བཟང་བོ་བཤད་བཞིན་ཡོད་པ།
- དེ་འདྲའི་ང་ཚོའི་་མོས་བ་དང་ཁམས་དང་མཐུན་པ།
- དེ་འདྲ་ཞིག་རེད།
- དེ་ཡིན་པའི་སྟབས་ཀྱིས་ང་ཚོས་སྤྱིར་བཏང་གི་གོ་རིམ་གྱིས་བཤད་ན།
- དུས་སྐབས་གསར་བའི་རྩོམ་རིག་དེ་ཐོག་མར་བལྟ་རྒྱུ་རེད།
- ཐོག་མར་བལྟས་བ་རེད།
- དེའི་འཕྲོ་ནས་ཡིན་རྒྱུ་ན།
- རྒྱ་ནག་གི་ལྔ་བཞི་ལས་འགུལ་གྱི་སྐབས་སུ་སྒྲུང་ཐུང་འདི།
- དེ་ནས་ནུབ་གླིང་གི་གོང་ནས་བཤད་པའི་སྒྲུང་ཐུང་ཡིན་ན་ཆོག་གི
- སྒྲུང་འབྲིང་ཡིན་ན་ཆོག་གི
- སྒྲུང་རིང་གི་ནང་ནས་གོ་བདེ་མོ་དེར་བལྟས་ནས།
- དེ་ན་ཁྱོད་ཅི་རེད་ཟེར་ན།
- རྩོམ་རིག་གི་རྨང་དེ་ཆགས་སོང་བ་རེད།
- རྩོམ་རིག་གི་རྐང་དེ་ཚིགས་སོང་བ་རེད།
- དེའི་སྟེང་དེ་ནས་ད་བཟོད་རྩོམ་གི་ནང་གི་ཆེན་པོ་ཟེར་ན་ཆོག་གི
- དཀའ་བ་ཟེར་ན་ཆོག་གི
- འདིའི་སྐོར་འདི་ལ་བལྟས་ན་ད་བཟོད་གོ་རྒྱུ་ཞིག་ཡོད་པ་རེད།
- ང་རང་ཉིད་ཀྱི་མྱོང་བ་ཡི་ངོས་ནས་བཤད་ན་དེ་རེད།
- སྔོན་ན་དཔེ་འཇོག་རྒྱུ་ནཟེར་བ་ལྟ་བུ།安娜·卡列尼娜
- ཡང་ན་ལྟ་བུ་གྲགས་ཅན་ཡིན་པས།复活
- འདི་འདྲ་ཞིག་ལ་བལྟ་དགོས་རྒྱུ་རེད་བསམ་ནས།
- ཧུར་བརྩོན་བྱས་ནས་བལྟས་ན་ཡང་ངོ་མས་བཤད་ན།
- ཅི་རེད་ཟེར་ན་བསྲན་ཚུགས་ནས་རྔ་མར་ཕུད་པ་རེད་མ་གཏོགས།
- མོས་བ་ཞིག་གྲུབ་ནས་དགའ་སྤྲོ་ཞིག་གི་ངང་ནས་མོས་པ་ཕུད་མ་ཐུབ་པ།
- ང་མཚོན་ན་ཡང་དེ་རེད།
- ངོ་མ་བཤད་ན་དེ་འདྲ་རེད།
- ངས་དེ་རིང་གི་སྐབས་འདི་ནས་ཁེངས་སྐྱུང་གི་ཚུལ་དུ་བཤད་པ་ཞིག་མ་རེད།
- དེ་བཞིན་དུ་ལ་མཚོན་ན་ཡང་དེ་རེད།百年孤独
- བལྟས་ན་སུན་སྐྱེད་ཅིག་རེད།
- རེ་མ་རེ་མ་འགྲོ་བ་མ་རེད།
- ཤོག་ངོས་གཅིག་གཉིས་གསུམ་བཅུ་ཐམ་པ་རྫོགས་ན་ཡང་།
- ད་རུང་ཡིན་རྒྱུ་ན་སྔོན་གྱི་གནས་དེ་ན་བསྡད་ཡོད་པས།
- དེ་འདྲ་ཞིག་ཡིན་ན་བལྟས་ན་མི་འདོད་གི
- ཨོ་་་དེ་རེད།
- དེ་ཡིན་པས་སྤྱིར་ང་ཚོས་གོང་ནས་བཤད་པའི་གཅིག་རང་གི་སྨྱུག་ཁའི་སྦྱོང་བ་རེད།
- གཞན་གཅིག་ཅི་རེད་ཟེར་ན།
- གཞན་གྱི་རྩོམ་མང་པོ་ལ་བལྟ་རྒྱུ།
- འདི་ཤིན་ཏུ་གལ་ཆེ་བ་རེད།
- དེའི་འཕྲོ་ནས་ཡིན་རྒྱུ་ན་ཨོ་ཡ་་་དེ་རེད།
- རྩོམ་ལ་ལྟ་བའི་ཞོར་དུ་དེའི་དཔྱད་བརྗོད་ལ་བལྟ་རྒྱུ་གལ་ཆེ།
- དེ་མ་གཏོགས་ཡིན་རྒྱུ་ན་རྩོམ་ཞིག་ལ་བལྟས་ན་ཡང་།
- ཁྱོད་ཀྱིས་ཁོའི་བཟང་ཆ་གང་ན་ཡོད་པ་ཤེས་ཐུབ་པ་མ་རེད།
- དེ་གཞན་ཞིག་གིས་དཔྱད་བརྗོད་བྱས་བ་དེ་ལ་བལྟས་ན་ད་བཟོད།
- ཨོ་་་ངོ་མས་བདེན་པ་རེད་ཡ།
- བཟང་ཆ་དེ་ན་ཡོད་པ་རེད།
- ཁྱོད་ལ་ཤེས་བྱ་ཟེར་ན་ཆོག་གི
- འཕེལ་རྒྱས་དེ་ཅུང་ཙམ་མགྱོགས་པ་རེད།
- དེ་ཡིན་པའི་སྟབས་ཀྱིས་ཡིན་རྒྱུ་ན།
- བརྩམས་ཆོས་དང་དཔྱད་བརྗོད་གཉིས་སྦྲགས་ཏེ་བལྟ་རྒྱུ།
- འདི་ཡིན་རྒྱུ་ན་དཔེ་ཀློག་གི་ཐབས་ཤིག་རེད།