21 May 2013
25 min 50 sec
Video Overview
Creators:
Gangri Pumo, Drangchar
This is the fifth part of a lecture on literature by Professor Dülhagyel at the First Young Tibetan Women's Literature Training in Trika, Qinghai Province. Professor Dülhagyel teaches at Northwest University for Nationalities.
- Triga
- འདི་ང་ཚོས་བཤད་པ་དང་པོ་དེ་རེད།
- འདི་སྤྱིར་ན་ཞིབ་འབྲི་ཟེར་ན་ཆོག་གི
- བཀོད་འབྲི་ཟེར་ན་ཆོག
- དེའི་ཡི་ཆ་ནས་བཤད་པ་རེད།
- མཚམས་ལ་རེར་རེད།描写
- མཚམས་ལ་རེར་རེད།描绘
- དེ་ཞིབ་འབྲི་དང་བཀོད་འབྲི་ཞེས་ཟེར་བ་རེད།
- འདི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་པ་རེད།
- བརྩམས་སྒྲུང་ཞིག་ལ་མཚོན་རྒྱུ་ན་ཡང་དེ་རེད།
- ང་ཚོས་གོང་ནས་བཤད་པའི་བརྗོད་བྱ་ཡི་བསམ་བློ་དེ།
- གནས་སྐབས་ཀྱིས་བསྐྱུར་ན་ཡང་།
- དེའི་ཕན་ཆད་ནས་རྩོམ་པ་པོ་ཞིག་གི་འགན་ཁུར།
- མཐར་གཏུགས་ནས་སོང་ན་ཅི་རེད་ཟེར་ན་གཉིས་རེད།
- གཅིག་ཅི་རེད་ཟེར་ན་ཞིབ་འབྲི་ཡིན་པ་རེད།
- བཀོད་འབྲི་ཡིན་པ་རེད།
- གཅིག་ཅི་ཡིན་ཟེར་ན་ལྷུག་བརྗོད་ཡིན་པ་རེད།
- དང་འདི་གཉིས་ཀྱིས་ཅི་རེད་ཟེར་ན།描绘叙事
- བརྩམས་སྒྲུང་བྲིས་ཡོད་པ་རེད།
- རྩོམ་པ་པོ་ཞིག་གི་ཡིན་རྒྱུ་ན་འགན་ཁུར།
- གོང་ནས་བཤད་པའི་བསམ་བློ་ཡི་ཕན་ཆད་ཀྱི།
- རྩོམ་རིག་གི་མཛེས་བ་མངོན་དགོས་ན།
- རྣམ་པ་ཡི་ཆ་ནས་གང་ནས་མངོན་དགོས་ཟེར་ན།
- ཨོ་ཡ་བཀོད་འབྲི་དང་ལྷུག་བརྗོད་ཀྱི་ཆ་ནས་བྱུང་དགོས་པ།
- གོང་ནས་བཤད་པ་དེ་རེད།
- བཀོད་འབྲི་ཡིན་ན་ང་ཚོས་སྔོན་ན་བཤད་པའི་འཕྲེད་དུ་སྤྲོ་བ་རེད།
- ས་ཆ་ཞིག་ན་རྒྱལ་བོ་ཞིག
- རྒྱལ་བོ་དེ་ལ་བཙུན་མོ་ཞིག་དེ་འདྲ་ཙམ་ཞིག་མ་རེད།
- ས་ཆ་ཞིག
- ས་ཆ་ཞིག་ཅེས་བཤད་ནས་རྒྱལ་བོའི་སྟེང་དུ་འགྲོ་རྒྱུ་མ་རེད།
- ས་ཆ་ཅི་འདྲ་ཞིག་རེད།
- འཕྲད་དུ་འགྲོ་རྒྱུ་རེད།
- ཨོ་་་དེའི་ཆ་དེ་ཅི་རེད་ཟེར་ན།
- ས་ཆ་ལྟར་དུ་སོང་ན།
- རྒྱལ་བོ་ལྟར་དུ་སོང་ན།
- རྒྱལ་བོ་དེ་ཡང་འདི་འདྲ་འདི་འདྲ་ཞིག་རེད།
- ཕོ་བྲང་འདི་འདྲ་ཞིག་གི་སྟེང་ན།
- རྒྱལ་བོ་ཡི་གཟུགས་བྱད་ལ་སོགས་པ་ཞིབ་འབྲི་བྱས།
- དེ་ཞིབ་འབྲི་བྱེད་རྒྱུ་མང་པོ་དེ་རྣམས་འཕྲད་དུ་གཏོང་དགོས་པ་རེད།
- དེ་ཚང་མ་ཅི་རེད་ཟེར་ན།
- བརྩམས་སྒྲུང་གི་རྒྱུད་དང་སྤུན་ཟེར་བ་དེ།
- གོས་ཞིག་འཐག་ན་རྒྱུད་དང་སྤུན་ཟེར་བ།
- དེའི་མིང་ལ་ཅི་ཟེར་བ་རེད་ཟེར་ན།
- སྤུན་ཟེར་བ་རེད་དམ་རྒྱུད་ཟེར་བ་རེད།
- དེ་ཡིན་དགོས་པ་རེད།
- འོ་ན་དེ་བརྩམས་སྒྲུང་མཐུད་བྱེད་ཀྱི་རྒྱུ་གང་ཡིན་དགོས་ཟེར་ན།
- ལྷུག་བརྗོད་རེད།
- རེད།叙事
- ཅི་རེད་ཟེར་ན།叙事
- ཐུར་དུ་འབྱུང་རྒྱུ་ཞིག་ཡིན་པ་རེད།
- དེའི་རྗེས་ནས་ཅི་བྱུང་བ་དང་།
- དེའི་རྗེས་ནས་ཅི་བྱུང་བ།
- དེ་ལྷུག་བརྗོད་ཀྱི་སྟེང་ནས་བཟུང་དགོས་པ་རེད།
- དེ་ཡིན་རྒྱུ་ན་རེད།叙事
- འོ་ན་ལྷུག་བརྗོད་ཀྱི་ཆ་དེ་ནས་ང་ཚོས་མཉམ་འཇོག་རྒྱུ་གང་རེད་ཟེར་ན།
- ཡང་ན་སྦྱང་བ་བྱེད་སྤྱད་དེ་གང་རེད་ཟེར་ན།
- བྱུང་རིམ་རེད།
- གཏམ་རྒྱུད་ཀྱི་བྱུང་རིམ་རེད།
- འོ་ན་གཏམ་རྒྱུད་ཀྱི་བྱུང་རིམ་གྱི་སྐབས་དེ་ནས།
- ང་ཚོས་མཉམ་འཇོག་རྒྱུ་དེ་གང་རེད་ཟེར་ན།
- སྤྱིར་བཏང་གིས་ཡིན་རྒྱུ་ན་མཉམ་འཇོག་རྒྱུ་གཉིས་ཡོད།
- གཅིག་གང་རེད་ཟེར་ན།
- བྱུང་རིམ་དེ་ཁྱོད་ཀྱིས་མཚར་བོ་ཞིག་འབྲི་ཐུབ་མིན།
- རེད་ལ་་ང་ཚོས་ད་ནངས་ཡང་མདོར་བསྡུས་ཤིག་བཤད་པ་རེད།
- བརྩམས་སྒྲུང་ལ་མཚོན་རྒྱུ་ན།
- སྒྲུང་ཐུང་དང་།
- སྒྲུང་འབྲིང་དང་སྒྲུང་རིང་གཉིས་རིགས་གཉིས་བྱས་ན་འགྲིག་པ་རེད།
- དེ་ང་ཚོས་རྩོམ་རིག་གཞུང་ལུགས་ཀྱི་སྟེང་ནསད་དུང་ཁས་མི་ལེན་མོད།
- དེའི་སྟེང་ན་ང་ཚོར་གོ་རྒྱུ་ཞིག་ཡོད་པ་རེད།
- ང་ཚོས་ཀྱང་དེ་ལྟར་དུ་འདང་རྒྱབ་ན་ཅི་རེད་ཟེར་ན།
- སྒྲུང་ཐུང་ཞིག་འབྲི་ན།
- ཁྱོད་ཀྱིས་ཡིན་རྒྱུ་ན་གཏམ་རྒྱུད་ཀྱི་བྱུང་རིམ་གྱི་སྐབས་དེ་ནས།
- ང་ཚོས་འབད་པ་བྱེད་ས་གང་རེད་ཟེར་ན།
- བྱུང་རིམ་དེ་མཚར་བོ་ཞིག་ཏུ་འབྲི་ཐུབ་མིན།
- དེ་གཙོ་བོ་རེད།
- འདིའི་སྟེང་ན་ང་ཚོར་དཔེ་བརྗོད་མང་བ་རེད།
- འཛམ་གླིང་གི་ཡིན་རྒྱུ་ན་སྒྲུང་ཐུང་རྟགས་ཅན།
- དཔེ་འཇོག་རྒྱུ་ན་ཨོ་ཧིན་རེ་གྱིས་བྲིས་པའི་མའེ་ཇི་ལེགས་སྐྱེས།
- མའེ་ཇི་ལེགས་སྐྱེས།
- དེ་བསམ་བློ་ཡི་ཆ་ནས་བཤད་ན།
- བརྩེ་དུང་དེ་རྣམ་དག་ཡིན་པ་ཞེས་མང་པོ་མང་པོ་བཤད་ན་ཆོག་རྒྱུ་རེད།
- རྩོམ་དེའི་མཛེས་བ་གཙོ་བོ་དེ་ཡིན་རྒྱུ་ན།
- བསམ་བློ་ཡི་སྟེང་ནས་བཤད་བཞིན་མེད།
- གཙོ་བོ་གང་རེད་ཟེར་ན།
- ཨོ་ཡ་ཨོ་ཧིན་རེ་ལྟ་བུའི།
- རྩོམ་གྱི་མཇུག་བསྡུ་ཚུལ་དེ་འདྲ་ཞིག་རེད།
- དེ་བཤད་པ་གཙོ་བོ་གང་རེད་ཟེར་ན།
- སྒྲུང་ཐུང་ཞིག་ལ་མཚོན་རྒྱུ་ན་སྤྱིར་བཏང་གིས།
- བྱུང་རིམ་དེ་མཚར་བོ་ཞིག་ཏུ་འབྲི་ཐུབ་མིན་དེ་གཙོ་བོ་ཡིན།
- ད་ནངས་ཁྱོད་ཚོའི་ནང་ན་ཡང་སྐོར་ཞིག་གིས་བཤད་པ་དེ་རེད།
- ཚེ་རིང་དོན་གྲུབ་ཀྱིས་བརྩམས་སྒྲུང་གི་ནང་ན།
- ཁ་མཚར་རིགས་འགའ་ཞིག་ཡོད་ཟེར།
- བདེན་པ་ཡིན་པ་རེད།
- ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་གི་བཟང་ཆ་གང་ན་ཡོད་ཟེར་ན།
- ཁ་མཚར་རེད།
- ཁོའི་བྱུང་རིམ་དེ་མཚར་བོ་ཞིག་གི་ངོས་ནས་འབྲི་རྒྱུ།
- སྒྲུང་ཐུང་ཡིན་རྒྱུ་ན་བྱུང་རིམ་མཚར་བོ་དེ་འགྲིག་གི
- དེའི་ཕན་ཆད་ཀྱི་སྒྲུང་འབྲིང་ལ་ཐོན་ན།
- ངས་བལྟ་རྒྱུ་ན་བྱུང་རིམ་མཚར་བོ་ཡིན་དུས།
- རྩོམ་གྱི་གཟབ་ནན་རང་བཞིན་དེ་ལ་གཏོར་བརླག་བཟོ་རྒྱུ་རེད།
- དཔེ་འཇོག་རྒྱུ་ན་རྩོམ་བྲིས་ཡོད་པ་དེའི་ནང་ན།
- ཨ་ལག་གང་ཞིག་རེད་ཟེར་ན།
- དེ་ཨ་ལག་ཞིག་ལ།
- དམའ་འབེབས་ཆེན་པོ་བྱས་ཡོད་པའི་སྒྲུང་འབྲིང་ཞིག་ཡོད་པ།
- ཤི་གསོན་མ་རེད།
- ཡ་ང་བའི་སྐྱ་རེངས་རེད་དམ།
- མཱ་པུ་ཧྥང་དང་གཉིས་ཀ་འཐབ་འཁྲུག་བརྒྱབ་ས་ཡོད་པ།
- ཨོ་ལེད་་་དཔེ་འཇོག་རྒྱུ་ན་དེ་ལྟ་བུ་ལ་མཚོན་རྒྱུ་ན།
- དེའི་ནང་ན་ཅུང་ཙམ་ཞིག་ཡིན་རྒྱུ་ན།
- ཅི་ཟེར་བ་རེད་ང་ཚོས་བཤད་པའི་གར་ཆུང་གི་རང་བཞིན།
- ཡི་བཏང་དུས་སྒྲུང་འབྲིང་ཞིག་ཡིན་ན།戏剧化
- གཟབ་ནན་རང་བཞིན་ལ་གཏོར་བརླག་བྱས་ཡོད་ལ།
- གང་ལྟར་ཀྱང་སྒྲུང་ཐུང་གི་ངོས་ནས་བཤད་རྒྱུ་ན།
- ལྷུག་བརྗོད་བྱས་ཏེ་སྦྱང་བ་བྱེད་རྒྱུ་གང་རེད་ཟེར་ན།
- ཁྱོད་ཀྱི་གཏམ་རྒྱུད་ཀྱི་བྱུང་རིམ་དེ་ཡིན་རྒྱུ་ན།
- མཚར་བོ་ཞིག་གི་ངོས་ནས་འབྲི་རྒྱུ་དེ་གཙོ་བོ་རེད།
- དཔེ་བརྗོད་ལ་གོང་ནས་བཤད་པ་དེ་རེད།
- མའེ་ཇི་ལེགས་སྐྱེས་རེད།
- དེ་ལྟར་བྲིས་ན་ཡིན་རྒྱུ་ན།
- ཁྱོད་ཀྱིས་རྩོམ་ཡིག་གི་བྱུང་རིམ་གྱི་སྦྱོང་བ་ཡི་ཕྱོགས་དེ་ནས་ཡིན་རྒྱུ་ན།
- སྦྱོང་བ་ཆེན་པོ་ཞིག་ཐོབ་ཐུབ་རྒྱུ་རེད།
- ཨོ་ཡ་་འདིའི་སྐོར་འདི་ན་ཡིན་རྒྱུ་ན་ཤིན་ཏུ་མང་བ་རེད།
- སྤྱིར་ན་དེ་འཐུས་ཚབ་ཀྱི་རྩོམ་ཞིག་རེད།
- དེའི་ཕན་ཆད་ན་ད་དུང་ཟེར་བ་ཞིག་ཡོད་པ།万卡
- ཟེར་བའི་ཨུ་རུ་སུའི་རྩོམ་པ་པོ་ཞིག་ཡོད་དེས་བྲིས་པའི་契诃夫万卡
- དེར་བལྟས་ན་ཡང་བྱུང་རིམ་དེ།
- བྱུང་རིམ་ཟེར་བ་དེ་ཡིན་ན་ཡང་དགོད་ཁ་སློང་སྤྱད་ཅིག་མ་རེད།
- དགོད་ཁ་སློང་སྤྱད་དེ་ནང་གི་ནང་དོན་ཞིག་ཡིན་ཡང་།
- བྱུང་རིམ་དེ་ཨ་ཧ་ཨོ་་་ཟེར་རྒྱུ་ཞིག
- དེའི་ནང་ན་བཟོས་ཡོད་པ་རེད།
- ཞེས་པ་དེ་ཤེས་པ་རེད།万卡
- ཞིང་བདག་ཞིག་གིས་ཉམས་པ་ཡིན་ན་ཆོག་གི
- གང་ལྟར་ཀྱང་མི་སྐྱིད་པ་མང་པོ་ཞིག་ལས་ནས།
- ཨ་མྱེ་དྲན་པ་མ་བཟོད་པར་ཡི་གེ་ཞིག་བསྐུར་བ་རེད།
- འོ་ན་ཡི་གེ་བསྐུར་བ་རེད།
- འོན་ཀྱང་ཡིག་ཤུན་གྱི་སྟེང་ལ།
- ཨ་མྱེ་ཡི་ས་གནས་ཀྱི་མིང་འབྲི་རྒྱུ་བརྗེད་སོང་བ་རེད།
- ཁྱོད་ཚོས་ལྟོས་དང་དེའི་ནང་ན་མཛེས་བ་གང་ན་ཡོད་ཟེར་ན།
- དེའི་བྱུང་རིམ་སྤེལ་བ་དེ་མཚར་བོ་ཡིན་པ།
- ང་ཚོ་དགོད་རྒྱུ་མི་ཡོང་མོད།
- ཨོ་ཧོ་་་མ་འགྲིག་པ་རེད་བསམ་ངེས།
- དེ་ཅི་རེད་ཟེར་ན།
- བྱུང་རིམ་མཚར་བོ་ཞེས་པ་དེ་འདྲ་ཞིག་རེད།
- ནང་དོན་ཡིན་དགོས་པ་རེད།
- དེ་རེད།
- སྒྲུང་ཐུང་གི་སྐབས་དེ་ནས་བྱུང་རིམ་ལ་སྦྱོང་བ་བྱེད་དུས།
- མཚར་བོ་ཞིག་ཡིན་དགོས་པ།
- སྤྱིར་བཏང་གི་གཏམ་རྒྱུད་བཤད་པའི་སྐབས།
- ཡ་མཚན་པའི་ཆ་དེ་ཐོན་དུ་འཇུག་པ།
- དེ་ཡིན་རྒྱུ་ན་སྦྱོང་བ་བྱེད་རྒྱུ་གཙོ་བོ་རེད།
- འདི་ཁྱེད་ཚོས་མཉམ་ཞོག་དང་།
- བོད་ཀྱི་སྤྱི་ཚོགས་འཚོ་བའི་ནང་ན་འདི་འདྲའི་དོན་དག་མང་གི
- མང་བ་རེད།
- དེ་འདྲའི་ཡ་མཚན།
- དེ་འདྲའི་དགོད་བྲོ་བ།
- དེ་འདྲ་ཡང་ཡོད་པ་རེད།
- དེའི་སྐོར་དེ་ནས་ཅི་རེད་ཟེར་ན།
- དེ་ལད་ཟློས་བྱས་ནས་བྲིས་ན།
- བྱུང་རིམ་མཚར་བོ་ཡི་སྦྱོང་བ་དེ་དེ་ལྟར་ཐོབ་པ་རེད།
- འདི་སྒྲུང་ཐུང་གི་སྐབས་དེ་ནས།
- བྱུང་རིམ་མཚར་བོ་དེ་གཙོ་བོ་བྱས་ནས་འབྲི་རྒྱུ་གལ་ཆེ།
- སྒྲུང་ཐུང་གི་ཆོས་ཉིད་བཤད་རྒྱུ་ན་བྱུང་རིམ་མཚར་བོ་ཡིན་པ་རེད།
- ང་མཚོན་རྒྱུ་ན་བོད་ཀྱི་སྒྲུང་རིང་མང་པོ་ཞིག་ཡིན་རྒྱུ་ན།
- སྒྲུང་ཐུང་ལྟར་བྲིས་ཡོད་པ།
- དཔེ་འཇོག་རྒྱུ་ན་དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་ཐམས་ཅད།
- ངས་བལྟ་རྒྱུ་ན་སྐྱོན་ཆ་ཞིག་ཡོད་པ་དེ་ཅི་རེད་ཟེར་ན།
- སྒྲུང་ཐུང་གི་ཆོས་ཉིད་དང་མི་མཐུན་པར་སྒྲུང་རིང་གི་ཚུལ་དུ་བྲིས་པ་རེད།
- འོ་ན་སྒྲུང་ཐུང་གི་ཆོས་ཉིད་དང་མཐུན་པའི་རྩོམ།
- དཔེ་འཇོག་རྒྱུ་ན་ཚེ་རིང་དོན་གྲུབ་དང་ལྗང་བུ་གཉིས་ཀྱིས་བྲིས་ཡོད་པ་ཞིག་ལ།
- ཀླུ་འབུམ་དང་ལྕགས་པ།
- དཔེ་འཇོག་རྒྱུ་ན་དེ་ལྟ་བུ་རེད།
- དེ་ཡིན་རྒྱུ་ན་བྱུང་རིམ་མཚར་བོ་རེད།
- དོན་དག་ནང་ན་མང་པོ་མང་པོ་ཞིག་བྲིས་ཡོད་པ་མ་རེད།
- ས་ཆ་ཞིག་ཡིན་རྒྱུ་ན།
- དྲུག་པའི་ཚེས་བཅོ་ལྔ་ལ་སྤྲོ་གསེང་ལ་འབུད་པའི་གོམས་གཤིས་ཤིག་ཡོད།
- སྡེ་བ་ཞིག་ཉི་མ་དེ་ནོར་ནས།
- ཐོག་མར་ཉི་མ་ནོར་སོང་བ་རེད་ཅེས་བཤད་མེད་པ།
- སྤྲོ་གསེང་ལ་སོང་དུས་གཞན་ཐམས་ཅད་ལ་བལྟས་ན།
- སྡེ་བ་ཐམས་ཅད།
- གཞན་ཐམས་ཅད་སྤྲོ་གསེང་ལ་མ་བུད་པ་རེད།
- དེ་ནས་དྲིས་པ་ན་རྩོམ་གི་ནང་ན་ཤུགས་བསྟན་ན་ཅི་ཡོད་ཟེར་ན།
- ཁོ་ཚོ་ཡིན་རྒྱུ་ན་ཚེས་གྲངས་ལ་ནོར་འཁྲུལ་བྱུང་བ་རེད།
- དེ་བྱུང་རིམ་མཚར་བོ་རེད།
- བྱུང་རིམ་མཚར་བོ་དེ་ཡིན་པ་རེད།
- དེའི་སྟེང་ན་ད་རུང་དོན་སྙིང་འདྲ་ཡོད་པ་རེད།
- དེའི་ཅི་ཞིག་མཚོན་པ་རེད་ཟེར་ན།
- སྤྱི་ཚོགས་དེ་ཡིན་རྒྱུ་ན་ཁ་རུབ་ཀྱི་སྤྱི་ཚོགས་ཡིན་པ།
- བརྡ་འཕྲིན་དེ་མང་པོ་མང་པོ་ཞིག་དང་ལེན་བྱེད་ཐུབ་མེད་པ།
- དེའི་ནང་དོན་ཡང་ཡོད་པ་རེད།
- དེ་ཕལ་བ་རེད།
- ཨོ་ཡ་་དཔེ་འཇོག་རྒྱུ་ན་གོང་གི་དེ་ལྟ་བུ་རེད།
- བྱུང་རིམ་མཚར་བོ་དེ་འདྲ་ཞིག་རེད།
- ཡང་ན་ལྗང་བུ་ཡིས་བྲིས་ཡོད་པའི།
- ཆ་མི་འགྲིག་པའི་ལྷམ་གཅིག་ལྟ་བུ་རེད།
- དེར་མཚོན་རྒྱུ་ན་ཡང་དེ་རེད།
- ལྷམ་ཞིག་གོན་ནོར་བྱུང་བའི་ཉིན་གཅིག་གི་དོན་དག་དེ་བརྒྱུད་ནས།
- ཁོ་ཡི་བསྟན་དོན་རེད།
- གསར་རྙིང་གི་བར་གྱི་འགན་འདུ་དེ་བྲིས་ཡོད་པ་རེད།
- དེ་ཅི་རེད་ཟེར་ན།
- ངོ་མས་ཡིན་རྒྱུ་ན་དེ་བྱུང་རིམ་མཚར་བོའི་སྒོ་ནས།
- སྒྲུང་ཐུང་དུས་ཚོད་ཀྱི་སོང་ནཡང་ཉི་མ་གཅིག་རེད།
- མི་སྣ་ཡང་གཅིག་ཡིན་པ་རེད།
- སྒྲུང་ཐུང་གི་ཆོས་ཉིད་དང་མཐུན་པ་ཡིན་པ་རེད།
- དེ་མ་གཏོགས་ཡིན་རྒྱུ་ན།
- བོད་ཀྱི་རྩོམ་པ་པོ་མང་པོ་ཞིག་གིས་རྩོམ་འབྲི་བའི་སྐབས་སུ།
- ཁོ་ཡིས་མི་ཞིག་གི་མི་ཚེ་འབྲི་བ་འདྲ་འདྲ།
- དེ་འདྲའི་རིང་བ་ཆེན་པོ་ཞིག་འབྲི་བ།
- དེ་ཡིན་རྒྱུ་ན་སྒྲུང་ཐུང་གི་ཆོས་ཉིད་དང་མཐུན་པ་མ་རེད།
- དེ་རེད།
- ང་ཚོས་བཤད་པའི་ལྷུག་བརྗོད་ཀྱི་སྐབས་དེ་ནས།
- དོན་གྱིས་བྱུང་བ་དེ་ལྷུག་བརྗོད་བྱེད་དུས།
- དེ་སྦྱོང་བ་བྱས་ན་དང་པོ།
- བྱུང་རིམ་མཚར་བོ་ཡི་སྐོར་དེ་ནས་སྦྱོང་བ་བྱས་ན་འགྲིག་གི
- ཁྱོད་གང་ལྟར་ཀྱང་སྤྱིར་བཏང་གི་འཚོ་བའི་ཁྲོད་ནས་བཤད་རྒྱུ་ན།
- ཁྱོད་ཅུང་ཙམ་གཏམ་རྒྱུད་མཚར་བོ་བཤད་ཐུབ་པ།
- ཡང་ན་ཡིན་རྒྱུ་ན་གཏམ་རྒྱུད་མཚར་བོ་དེ་བློས་རིམ་བྱེད་ཐུབ་པ།
- དེ་འདྲ་ཞིག་ཡིན་དགོས་པ་རེད།
- བཤད་ཐུབ་པ་ཟེར་ན་དེ་ང་ཚོ་མི་དང་མི་འདྲ་བ་མ་རེད།
- ལ་ལ་ཞིག་ཡིན་རྒྱུ་ན་བཤད་ན་མི་ཐུབ་མོད་བྲིས་ན་ཡག་པོ་མང་བ་རེད།
- དེ་ཡིན་པའི་སྟབས་ཀྱིས་ངས་བཤད་རྒྱུ་ཡིན་རྒྱུ་ན།
- སྤྱིར་བཏང་གི་འཚོ་བའི་ཁྲོད་དེ་ནས་ཡིན་རྒྱུ་ན།
- གཏམ་རྒྱུད་མཚར་བོ་བཤད་པ་དེ་སྦྱོང་བ་བྱེད་དགོས་པ།
- བཤད་པ་དེ་དོན་གྱིས་བཤད་པ་མ་རེད་འབྲི་རྒྱུ་རེད།
- བཤད་ན་དེ་མཚར་བོ་མི་ཡོང་ན་ཡང་བྲིས་ན་མཚར་བོ་ཡོང་བ་ཡོད་པ་རེད།
- དེ་འདྲ་ཡོད་ཀྱི་རེད།
- ཨོ་ཡ་་དེ་སྦྱོང་བ་བྱེད་རྒྱུ་གཅིག་ཡིན།
- ད་གཅིག་གང་རེད་ཟེར་ན།
- ལྷུག་བརྗོད་བཤད་དུས་སྒྲུང་འབྲིང་དང་།
- སྒྲུང་རིང་ལ་ཐོན་དུས་ཅི་རེད་ཟེར་ན།
- བྱུང་རིམ་གྱི་གཏན་ཚིགས་ལ་དོ་སྣང་བྱེད་པ་དེ་གཙོ་བོ་ཡིན།
- ང་ཚོས་སྤྱིར་ཡང་དེ་ཟེར་བ་རེད།
- ང་ཚོས་བརྩམས་སྒྲུང་གི་གྲུབ་ཆ་གཙོ་བོ་གསུམ་ཟེར་ན།
- མི་སྣ་ཁོར་ཡུག་བྱུང་རིམ་ཟེར་བ་རེད།
- བརྩམས་སྒྲུང་ལ་མཚོན་རྒྱུ་ན་ངོ་མས་བྱུང་རིམ་དེ་གལ་ཆེ་བ་ཞིག་ཡིན་པ་རེད།
- བརྩམས་སྒྲུང་དེ་ཁྱེད་ཚོས་ལྟོས་དང་།
- དོན་གྱིས་བྱུང་བ་ཡིན་པའི་སྟབས་ཀྱིས།
- དེ་འགྱུར་ལྡོག་དོན་དེ་ལ་འགྱུར་བ་འབྱུང་དུ་འཇུག་རྒྱུ་ཞིག་ཡིན་པ།
- དོན་དེ་ལ་འགྱུར་བ་འབྱུང་རྒྱུ་ཞིག་ཡིན་ན།
- བྱུང་རིམ་ཟེར་བའི་སྐབས་དེ་ན་གཙོ་བོ་ཅི་ཞིག་བཤད་བཞིན་ཡོད་ཟེར་ན།
- རྒྱུ་འབྲས་ཀྱི་གཏན་ཚིགས་དེ་བཙན་པོ་ཞིག་ཡིན་རྒྱུ་དེ་གཙོ་བོ་ཡིན།
- ཨོ་ཡ་་མ་གཞི་ནས་ཡིན་རྒྱུ་ན།
- བྱུང་རིམ་གྱི་དོན་སྙིང་གང་ན་ཡོད་ཟེར་ན།
- རྒྱུ་འབྲས་གཏན་ཚིགས་བཙན་པོ།
- རྒྱུ་འབྲས་ཀྱི་ངོས་ནས་འདང་རྒྱག་དགོས།
- བྱུང་རིམ་ཟེར་བ་དེ་དོན་གྱིས་རྒྱུ་འབྲས་ལ་འདང་རྒྱག་དགོས་པ་རེད།
- ད་ནངས་ང་ཚོས་དཔེ་བརྗོད་བཞག་པ་ཡང་དེ་ཡིན།
- བཙུན་མོ་ཤི་བའི་རྒྱུ་རྐྱེན་དེ།
- རྒྱལ་བོ་ཤི་བས་སེམས་སྡུག་གིས་མ་བཟོད་བར་ཤི་སོང་བ་རེད་ཟེར་བའི་དུས།
- ང་ཚོས་ད་ནངས་ཡང་བཤད་པ་དེ་རེད།
- གཙོ་བོ་ཁོ་ཡི་རྒྱུ་བཙན་པོ་ཞིག་གིས་འབྲས་བུ་བཙན་པོ་ཞིག་སྐྱེད་པ།
- འདིའི་བྱུང་རིམ་གྱི་སྐོར་འདི་ནས་སྐད་ཆ།
- ཐོག་མར་བཤད་མཁན་པ་ཟེར་བ་དེ་རེད།亚里士多德
- གིས་བཤད་དུས།亚里士多德
- བྱུང་རིམ་ཟེར་བའི་སྐབས་དེར་ཅི་ཞིག་རེད་ཟེར་ན།
- རེད།必然性
- ངེས་པར་དུ་ཞེས་པ་དེ་འདྲ་ཞིག་རེད།
- དེ་ན་ཅི་རེད་ཟེར་ན།
- འབྲས་བུ་ཞིག་འབྱུང་ན་ཡང་།
- རྒྱུ་དེ་ཡོད་པའི་སྟབས་ཀྱིས་འབྲས་བུ་དེ་འབྱུང་ངེས་བ།
- རྒྱུ་འདི་ཡོད་པའི་སྟབས་ཀྱིས་འབྲས་བུ་འབྱུང་ངེས་བ་དང་།
- འབྲས་བུ་འདི་འདྲ་ཞིག་འབྱུང་དགོས་ན།
- རྒྱུ་འདི་འདྲ་ཞིག་ངེས་པར་དུ་དགོས་པ།
- རྒྱུ་འབྲས་ཀྱི་གཏན་ཚིགས།
- དེ་ཆེས་ཤིན་ཏུ་གལ་ཆེ་བ་ཞིག་ཡིན།
- ང་ཚོས་དཔེ་ཞིག་འཇོག་རྒྱུ་ན།
- དོན་གྲུབ་རྒྱལ་གྱི་སད་ཀྱིས་བཅོམ་པའི་མེ་ཏོག་ལ་མཚོན་རྒྱུ་ན་ཡང་དེ་རེད།
- ལྷ་སྐྱིད་དེ་གོང་ནས་བཤད་པའི་ཆག་སྒོ་བྱུང་ནས།
- རབ་དུ་བྱུང་ནས་བཙུན་མོ་བཅོས་པ་རེད།
- དེ་འབྲས་བུ་རེད།
- འོ་ན་དེའི་རྒྱུ་གང་རེད་ཟེར་ན།
- དེ་ང་ཚོས་བལྟས་ན་་རྒྱུ་གཙོ་བོ་གང་རེད་ཟེར་ན།
- མོ་ཡི་ལང་ཚོ་ཡི་མེ་ཏོག་དེ་བཅོམ་པ་དེ་རྒྱུ་རེད།
- ང་ཚོས་བལྟ་རྒྱུ་ན་འདི་ཡིན་རྒྱུ་ན་རྒྱུ་འབྲས་གཏན་ཚིགས་བཙན་པོ་ཞིག་རེད་མ་རེད།
- དེ་ལ་འདང་རྒྱག་དགོས།
- ང་ཡིན་རྒྱུ་ན་འདི་རྒྱུ་འབྲས་གཏན་ཚིགས་བཙན་པོ་ཞིག་མ་རེད།
- ལྷག་པར་དུ་བོད་ཀྱི་འཚོ་བ་དང་སྦྱར་ནས་བཤད་རྒྱུ་ན།
- དེ་རྒྱུ་འབྲས་གཏན་ཚིགས་བཙན་པོ་ཞིག་མ་རེད།
- དེ་སྐྱོན་ཆ་ཞིག་ཏུ་གྱུར་ཡོད།
- སྤྱིར་བཏང་གིས་རྩོམ་ལེགས་པོ་ཞིག་ཡིན་ན།
- ཨོ་ཡ་་་ལྷ་སྐྱིད་ཟེར་བ་དེ་རབ་དུ་བྱུང་དུས་ཁོ་ཡི་རྒྱུ་དེ།
- ལང་ཚོ་ཡི་མེ་ཏོག་བཅོམ་པ་ཙམ་རེད་ཟེར་ན།
- དོན་གྱིས་ཅི་རེད་ཟེར་ན།
- འབྲས་བུ་དེ་སྐྱེད་པའི་རྒྱུ།
- ད་རུང་ཡིན་རྒྱུ་ན་དེ་ཆ་མ་ཚང་བཡིན་པར་བཤད་པ་རེད།
- དེའི་རྒྱུ་མཚན་ཅི་རེད་ཟེར་ན།
- ང་ཚོས་དོན་དག་དེར་འདང་བརྒྱབ་ན་ཤེས་ཐུབ་པ་རེད།
- བོད་ལ་མཚོན་རྒྱུ་ན་གོང་ནས་བཤད་པ།
- དེ་སད་ཀྱིས་བཅོམ་པའི་མེ་ཏོག་ལྟ་བུའི་ལང་ཚོའི་མེ་ཏོག་དེ་བཅོམ་པ་ཟེར་བ་འདྲ།
- དེ་དང་པོ་ནས་མི་ལེགས་པ་དང་མི་ཡི་གྲལ་ལ་འགྲོ་ཚུལ་མེད་པ།
- དེའདྲ་ཞིག་གི་ལྟ་བ་དེ་ང་ཚོར་ཡོད་པ་མ་རེད།
- རེད་ལ་་ལྷག་པར་དུ་ཡིན་རྒྱུ་ན།
- སྐབས་ཐོག་དེར་མཚོན་རྒྱུ་ན།
- དོན་དག་དེ་བྱུང་བ་ཨ་ནེ་ཇོ་མོ་གཅིག་པུས་མ་གཏོགས་མི་ཤེས་པ་རེད།
- དེ་ཡིན་རྒྱུ་ན་གསང་བ་བྱས་ན་ཆོག་པ་ཞིག་རེད།
- དེ་ཡིན་པའི་སྟབས་ཀྱིས།
- དེའི་བར་དང་དེའི་ཆ་དེ་ནས་ཁྱེད་ཚོས་འདང་རྒྱབ་ན་ཅི་རེད་ཟེར་ན།
- ཨོ་ཡ་་རབ་དུ་བྱུང་བའི་དོན་དག་དེའི་རྒྱུ་དེ།
- ང་ཚོས་བཤད་པའི་ཆ་ཚང་རེད་ལ་མ་རེད།
- ཁོ་གཉིས་བར་གྱི་རྒྱུ་འབྲས་ཀྱི་གཏན་ཚིགས་དེ་བཙན་པོ་ཞིག་རེད་ལ་མ་རེད།
- མ་རེད།
- མིན་དུས་ཅི་རེད་ཟེར་ན།
- རྩོམ་རིག་གི་བདེན་སརྣམ་རང་བཞིན་ཡོད་རྒྱུ་མ་རེད།
- ཡོད་ཀྱི་མ་རེད།真实感
- ཁོ་ཡིན་རྒྱུ་ན་ཐོག་མར་ཡི་ཆ་དེ་ན།细节
- བདེན་རྣམ་རང་བཞིན་ཡོད་པ་མ་རེད།
- དེ་ཡིན་པའི་སྟབས་ཀྱིས།
- འབྲས་བུ་ཞིག་འབྱུང་དགོས་ན།
- རྒྱུ་དེ་ཅི་རེད་ཟེར་ན།
- རིམ་གྱིས་རིམ་གྱིས་བསགས་ནས།
- རྒྱུ་དེ་ཆ་ཚང་ཞིག་ཏུ་བཏང་ནས་ཅི་རེད་ཟེར་ན།
- འབྲས་བུ་དེ་ངེས་པར་དུ་འབྱུང་བ་ཞིག་ཏུ་གཏོང་དགོས།
- བོད་ཀྱི་རྩོམ་ན་མཚོན་ན་དེ་འདྲ་ཉུང་ཉུང་རེད།
- དོན་དག་ལ་འགྱུར་ལྡོག་བྱུང་ནས།
- མི་ལ་མཚོན་རྒྱུ་ན་རབ་དུ་བྱུང་བ་འདྲ།
- བཟའ་ཚང་ཐོར་འགྲོ་བ་འདྲ།
- དེ་འདྲའི་དོན་དག་དེ་ལ་ཡིན་རྒྱུ་ན།
- ཕར་ཆག་ཆེན་པོ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ།
- དེ་འདྲའི་རྩོམ།
- གཏམ་རྒྱུད་དེ་བོད་ཀྱིས་མང་པོ་བཤད་ཡོད་པ་རེད།
- འོན་ཀྱང་དེ་ཐམས་ཅད་ཀྱི་རྒྱུ་དེ་ཆ་ཚང་རེད་ལ་མ་རེད།
- ཆ་ཚང་ཅན་ཤིན་ཏུ་ཉུང་བ་རེད།
- འདིའི་ཆ་འདི་ནས་ང་ཚོས་བལྟས་ན།
- དེ་ད་བར་གྱི་གི་ཟེར་བ་རེད་ལ།港台电视连续集
- དེའི་སྐོར་ལ་བལྟས་ན་ངོ་མས་ང་ཚོར་འདང་བརྒྱག་རྒྱུ་ཡོད་པ་རེད།
- ཁོ་ཡིན་རྒྱུ་ན་བཟའ་ཚང་ཞིག་ཐོར་རྒྱུ་ན་ཡང་རྐྱེན་གཅིག་མ་རེད།
- འདི་ན་ཕྲན་བུ་ཞིག
- འདི་ན་ཕྲན་བུ་ཞིག་འདི་ན་ཕྲན་བུ་ཞིག
- ཕྲན་བུ་མང་པོ་གསོག་ནས་ཅི་རེད་ཟེར་ན།
- མཐར་ཐུག་ཡིན་རྒྱུ་ན་དེ་ཅི་རེད་ཟེར་ན།
- འབྲས་བུ་དེ་མ་བྱུང་ན་མི་ཆོག་པ།
- མ་བྱུང་ཚད་མེད་ཡིན་པ།
- དེ་འདྲ་ཞིག་ཏུ་གཏོང་ཐུབ་དགོས།
- དེའི་བར་དེ་ན་ང་ཚོར་འདང་བརྒྱག་རྒྱུ་ཞིག་ཡོད་གི
- ཨོ་ཡ་་སྤྱིར་ན་བརྩམས་སྒྲུང་གི་གནས་སྐབས་དེ་ནས་ཡིན་རྒྱུ་ན།
- དོན་གྱི་བྱུང་བ་བརྗོད་པ་ཞེས་དོན་དག་གི་བྱུང་བ་བརྗོད་དགོས་པ་རེད།
- དོན་དག་གི་བྱུང་བ་དེ་འགྱུར་ལྡོག་ཅན་ཞིག་ཡིན་དགོས་པ་རེད།
- འགྱུར་ལྡོག་ཅན་ཞིག་ཡིན་དུས་གོང་ནས་བཤད་པ་དེ་རེད།
- འབྲས་བུ་ཞིག་འབྱུང་དགོས་ན་རྒྱུ་དེ་ཆ་ཚང་བ་ཞིག་ཡིན་པ།
- རྒྱུ་དེ་ཚང་དགོས།
- གཏན་ཚིགས་དེ་ཡིན་རྒྱུ་ན་བཙན་དགོས།
- དེ་གཙོ་བོ་རེད།
- དེ་མ་གཞི་ཡི་བྱུང་རིམ་གྱི་གོ་དོན་ཡང་ཡིན་པ་རེད།
- གོང་ནས་བཤད་པ་དེ་རེད།
- ཨོ་ཡ་་་དེ་ཡིན་པའི་སྟབས་ཀྱིས་ཡིན་རྒྱུ་ན།
- བོད་ཀྱི་ད་སྔ་ཡན་ཆད་ཀྱི་བརྩམས་སྒྲུང་ལྟར།
- རྒྱུ་གཅིག་གིས་འབྲས་བུ་གཅིག་སྐྱེད་པ།
- དེ་འདྲ་བྲིས་ན་ཡིན་རྒྱུ་ན་ཅུང་ཙམ་ཉམས་ཆུང་བ་རེད།
- ཨོ་ཡ་་་ཉམས་ཆུང་བ་རེད།
- སྤྱིར་བཏང་གིས་བཤད་རྒྱུ་ན།
- རྒྱུ་མང་པོ་ཞིག་གིས་འབྲས་བུ་གཅིག་སྐྱེད་པ།
- ཨོ་ཡ་་་རྒྱུ་མང་གི་འབྲས་བུ།
- རྒྱུ་མང་པོ་ཞིག་གིས་འབྲས་བུ་གཅིག་སྐྱེད་པ།
- དེའི་ཕྱོགས་ལ་འདང་བརྒྱབ་ན་འགྲིག་པ་རེད།
- བཟའ་ཚང་ཞིག་ཐོར་སོང་བའི་དོན་དག་ཞིག་འབྲི་ན་ཡང་།
- དེ་དོན་མེད་དུ་སྐྱེས་པ་དེ་མི་བཟང་གི་ཟེར་ན་ཆོག
- ཡང་ན་དེ་ཕན་ཆད་ཀྱི་རྐྱེན་གང་རུང་ཞིག
- རྐྱེན་གཅིག་ཡིན་དུས་ད་རུང་བཟའ་ཚང་ཐོར་པའི་ཚད་དེར་ཐོན་རྒྱུ་མ་མེད།
- དེ་ཡིན་པའི་སྟབས་ཀྱིས།
- རྒྱུ་ཕུན་སུམ་ཚོགས་པ་ལ་འདང་བརྒྱབ་ནས།
- རྒྱུ་གཅིག་རྒྱུ་གཉིས་རྒྱུ་གསུམ།
- གོང་ནས་བཤད་པ་ལྟར་སྒྲུབ་བྱེད་ལྟ་བུ་འབྲི་ཉན་པ་མ་རེད།
- ཨོ་ཡ་་་སྒྲུབ་བྱེད་ལྟ་བུ་འབྲི་རྒྱུ་མ་རེད།
- མི་གཉིས་ཀྱིས་འཚོ་བ་རོལ་བའི་གོ་རིམ་གྱི་ཁྲོད་དེ་ནས།
- རིམ་གྱིས་རིམ་གྱིས་ཁོ་གཉིས་ཀྱི་བར་ལ་ཡིན་རྒྱུ་ན་དེ་ཟླ་སིལ་ཟེར་ན་ཆོག་གི
- བྱུང་ནས་མཐའ་མར་དེ་མ་བྱུང་ན་མི་ཆོག་པ།
- དེ་འདྲ་ཞིག་གི་ཚད་ལ་ཐོན་ཡོད།
- དེ་ཨོ་ཡ་་་ང་ཚོས་བརྩམས་སྒྲུང་གི་ངོས་ནས་བཤད་རྒྱུ་ན།
- དེ་ངེས་པར་དུ་གཏམ་རྒྱུད་ཀྱི་བྱུང་རིམ་དེ་ནང་གི་གྲུབ་ཆ་གཙོ་བོ་གཅིག་རེད།
- ཨོ་་་དེའི་བྱུང་རིམ་གྱི་ཆ་དེ་ནས།
- དེ་བྱུང་རིམ་མཚར་བོ་དང་བྱུང་རིམ་གྱི་གཏན་ཚིགས་བཙན་པོ།
- འདིའི་ཕྱོགས་ལ་ཡིན་རྒྱུ་ན་འདང་བརྒྱག་རྒྱུ་གཙོ་བོ་རེད།
- འདིའི་ཕྱོགས་ཀྱི་ལྡོག་ཕྱོགས་ཀྱི་དཔེ་བཤད་ན།
- དཔེ་འཇོག་རྒྱུ་ན་ངས་བལྟས་ན།
- སྟག་འབུམ་རྒྱལ་གྱིས་བྲིས་པའི།
- ལྷིང་འཇགས་ཀྱི་རྩྭ་ཐང་ལྟ་བུ་ཞིག་ལ་མཚོན་རྒྱུ་ན།
- ངས་བལྟ་རྒྱུ་ན་དེ་འདྲ་ཡག་པོ་ཞིག་མ་རེད།
- བྱུང་རིམ་གྱི་གཏན་ཚིགས་བཙན་པོ་མ་རེད།
- མཐའ་མར་སྒྲོལ་མ་དཀར་མོ་ཟེར་བ་དེ་དང་།
- དབང་ལྡན་རྡོ་རྗེ་གཉིས་བཟའ་ཚང་དུ་མ་ལོག་པ།
- མ་ལོག་ན་ཡང་རྒྱུ་དེའིརྒྱུ་དེ་རྩོམ་གི་ནང་ལ་བཀྲམ་པ་ངས་བལྟས་ན་མི་འདང་གི
- དོན་གྱིས་ཁོ་གཉིས་ཅི་ཞིག་རེད་ཟེར་ན་གོ་མཛོད་ཅིག་གི་ནང་དུ་ཡོད་པ།
- དབང་ཆེན་རྡོ་རྗེ་ཡིས་རང་གི་བསམ་ཚུལ་དེ།
- སྒྲོལ་མ་དཀར་མོ་ལ་ཇི་མ་ཇི་བཞིན་དུ་བཤད་པའི།
- ཅི་ཟེར་བ་རེད་ཅེ་ན།
- གོ་སྐབས་མེད་སོང་བ།
- གང་ལྟར་ཀྱང་བཤད་མ་ཐུབ་པ་རེད།
- འདི་འདྲ་ཞིག་རྒྱུ་རྐྱེན་དུ་བྱས་ནས་ཅི་རེད་ཟེར་ན།
- ཐ་མར་གོ་མཛོད་ཅིག་གི་ནང་དུ་བཟའ་བ་གཉིས་ཁ་ཁ་བྱས་ཡོད་པ།
- དེ་འདྲ་ཞིག་གི་རྣམ་པ་བྲིས་ཡོད་པ།
- དོན་གྱིས་གོ་མཛོད་དེ་ཅི་རེད་ཟེར་ན།
- གཏན་ཚིགས་བཙན་པོ་ཞིག་མ་ཡིན་པ།
- དུས་ཚོད་ཡོད་དུས་ཤིག་ལ་ཁོམ་ལོང་ཡོད་དུས་ཤིག་ལ།
- ངེས་པ་དུ་ཁོ་གཉིས་མཉམ་དུ་འཛོམས་དུས།
- ངེས་པར་དུ་སྐྱེས་པ་ཞིག་ལ་མཚོན་རྒྱུ་ན།
- མཐར་ཐུག་གི་སེམས་ཀྱི་སྐད་ཆ་དེ་བཤད་ན་ཆོག་ཆོག་ཅིག་རེད།
- འོ་ན་བཤད་ཆོག་ཆོག་ཡིན་ན་ཡང་རྩོམ་པ་པོ་ཡིས་མ་བཤད་ན།
- དེ་རྩོམ་པ་པོ་ཡི་གཡོ་སྒྱུ་ཡིན་པ་མ་གཏོགས།
- རྩོམ་རིག་རང་གི་བྱུང་རིམ་གྱི་གཏན་ཚིགས་ཀྱི་འབྲས་བུ་མ་རེད།
- སྤྱིར་དེ་རེད།
- བོད་ཀྱི་སྒྲུང་རིང་ཐམས་ཅད་ལ་མཚོན་ན།
- དེ་བྱུང་རིམ་གྱི་གཏན་ཚིགས་ཀྱི་ཆ་ནས་བཤད་རྒྱུ་ཞན་པ་རེད།
- ཨོ་ཡ་ཞན་ཆ་རེད།
- ཨོ་་འདི་ང་ཚོའི་བརྩམས་སྒྲུང་ལ་མཚོན་རྒྱུ་ན་རྒྱུ་དང་སྤུན་གྱི།
- བཏུབས་པའི་ཆ་ནས་བཤད་རྒྱུ་ན་བཀོད་འབྲི་དང་ལྷུག་བརྗོད་གཉིས་ལས་གྲུབ་ཡོད་པ།
- འོ་ན་ང་ཚོས་སྦྱོང་བ་བྱེད་དུས།
- ཕྱོགས་གཅིག་ནས་བཀོད་འབྲི་ཡི་ཕྱོགས་དེ་ནས་སྦྱོང་བ་བྱས།
- དེ་གཏམ་རྒྱུད་ཀྱི་བྱུང་རིམ་ལ་སོགས་པ་ཡོད་པ་མ་རེད།
- བརྗོད་བྱའི་སྙིང་བོ་དང་ཡང་ན་ཡིན་རྒྱུ་ན།
- བརྗོད་བྱའི་བསམ་བློ་ལ་སོགས་པ་ཕལ་བ་རུ་གྱུར་པ་རེད།
- ཅི་རེད་ཟེར་ན།
- འདི་འདྲའི་ཚན་པ།
- ད་ང་ཚོས་གཟུགས་བྱད་འབྲི་བ་དང་ཡང་ན་ཡིན་རྒྱུ་ན།
- ལྗོངས་འབྲི་བ་ཡི་ཚན་པ་དེ།
- ཤོག་ངོས་གཅིག་འདྲ་བ་བྲིས་ནས་སྦྱོང་བ་ཐོབ་པར་བྱས་ན།
- ཨོ་ཡ་་་དེ་ཡིན་རྒྱུ་ན་སྦྱོང་བ་བྱེད་ཚུལ་རེད།
- དེའི་རྗེས་ནས་ཅི་རེད་ཟེར་ཁྱོད་ཀྱིས་བཀོད་འབྲི་ལ་སོགས་པ།
- བཀོད་འབྲི་དེ་བསྐྱུར་ནས་གཏམ་རྒྱུད་བཤད་ཚུལ་ཡིན་ན་ཆོག་གི
- ཡང་ན་ཡིན་རྒྱུ་ན་ལྷུག་བརྗོད་བྱེད་ཚུལ།
- འདིའི་ཆ་འདི་ནས་ཁྱོད་ཀྱིས་སྦྱོང་བ་བྱེད་རྒྱུ།
- ཁྱོད་རང་གིས་ཡིན་རྒྱུ་ན་དེ་གཏམ་རྒྱུད་མཚར་བོ་དེ་བློས་བསླང་བྱེད་ཐུབ་མིན།
- བློ་ཡུལ་ལས་འདས་བའི་དོན་དག་དེ་ཡོང་བར་འཇུག་པ།
- བྱུང་གི་འཇུག་པ།
- ཨོ་་་དེའི་བྱུང་རིམ་མཚར་བོ་རེད།
- དེ་གཅིག་རེད།
- དེ་རྗེས་ནས་ཅི་རེད་ཟེར་ན།
- འབྲས་བུ་དེ་སྐྱེས་ངེས་བ་ཡི་རྒྱུ་ཞིག་བྲིས་ནས་བསྡད་དེ།
- རྒྱུ་འབྲས་ཀྱི་བྱུང་རིམ་དེ་གཏན་ཚིགས་སུ་འབྲི་རྒྱུ།
- འདི་གཉིས་ལ་སྦྱོང་བ་བྱས་ན་ཅི་རེད་ཟེར་ན།
- བརྩམས་སྒྲུང་ཞིག་བྲིས་ན་ཡང་བརྩམས་སྒྲུང་ཡག་པོ་ཞིག་འབྲི་ཐུབ་རྒྱུ་རེད།
- དེ་གཅིག་རེད།
- དེ་ང་ཚོས་བཤད་པའི་གཉིས་པ་ལྷུག་བརྗོད་ཀྱི་ཆ་ཡིན།
- དེའི་རྗེས་ནས་གསུམ་པ་ཡི་ཆ་ནས་བཤད་རྒྱུ་ན།
- ངས་དེ་རིང་སངས་ཉིན་གྱི་བོད་ཀྱི་བརྩམས་སྒྲུང་ལ་བལྟས་ནས་བཤད་རྒྱུ་ན།
- སྐྱོན་བསལ་གྱི་སྐོར་དེ་འདྲ་ཞིག་བཤད་ན་འདོད།
- སྐྱོན་བསལ་གྱི་སྐོར།
- དེ་ཟེར་བ་རེད།
- སྐྱོན་བསལ་རེད་སྙན་ངག་ལ་སྐྱོན་བྱུང་ན་སྐྱོན་བསལ་ཞེས་བཤད་ཚུལ་ཡོད་པ།
- དེ་ལྟ་བུ་རེད།
- དེའི་ནང་གི་གལ་ཆེ་བ་གང་རེད་ཟེར་ན།
- གཙོ་བོ་ཟློས་གར་རང་བཞིན་རེད།
- ད་ནངས་ཡང་ང་ཚོས་ཉུང་ཙམ་ཞིག་བཤད་པ་དེ་རེད།
- ཟློས་གར་རང་བཞིན་གྱི་བྱ་བ་དེ་ལ་ཡིན་རྒྱུ་ན་དོགས་ཟོན་བྱས་ན་འགྲིག་པ།
- ཟློས་གར་རང་བཞིན་ཟེར་བ་དེ་རེད།
- ནང་དེ་ན་གོང་ནས་བཤད་པ།
- ཤི་གསོན་ཆགས་འཇིག་གི་དོན་དག་ཆེན་པོ་རྩོམ་གྱི་ནང་ལ་འབྲི་བཞིན་པ།
- འདིའི་མིང་ལ་ཅི་ཟེར་ན།
- ཟློས་གར་རང་བཞིན་དེ་ཟེར་བ་རེད།
- ཟློས་གར་རང་བཞིན་ཟེར་བ་དེ།
- རྒྱ་ཡིག་གི་སྐད་ཆ་ཡིས་བཤད་ན་ཟེར་བ་དེ་རེད།戏剧性
- འདི་ཟེར་བའི་རྒྱུ་མཚན་ཅི་རེད་ཟེར་ན།
- དེ་རེད་ཟློས་གར་གྱི་འཁྲབ་སྟོན་དང་བརྩམས་སྒྲུང་འདི་གཉིས་འདྲ་བ་མ་རེད།
- དེའི་རྒྱུ་མཚན་ཅི་རེད་ཟེར་ན།
- ང་ཚོས་ཤེས་པ་རེད།
- ཟློས་གར་དེ་ཡིན་རྒྱུ་ན་གར་གྱི་སྟེགས་བུ་ཡི་སྟེང་གི་འཁྲབ་རྒྱུ་ཞིག་རེད།
- དེ་ན་ཀློག་པ་པོ་རྣམས་ཐག་ཉེ་ཡང་ཡོད་རྒྱུ་རེད།
- ཐག་རིང་ཡང་ཡོད་རྒྱུ་རེད།
- ཐག་རིང་ཐག་རིང་ཞིག་ནས།
- ཟློས་གར་གྱི་སྟེགས་བུའི་སྟེང་ན་འཁྲབ་པ་དེ་ལ་བལྟ་རྒྱུ་ན་ཅི་རེད་ཟེར་ན།
- ཁོའི་བྱ་བྱེད་དེ་ཅུང་ཙམ་ཞིག་མིན་ན་རྗེས་ན་ཡོད་པ་རྣམས་ཀྱིས་རིག་པ་མ་རེད།动作夸张
- དེ་ན་ཅི་ཞིག་བྱེད་ཟེར་ན།
- ཟློས་གར་གྱི་སྟེང་ནས་ཁོ་ཡིན་རྒྱུ་ན།
- བྱ་བྱེད་ཅིག་བཤད་དུས་ངེས་པར་དུ་འུད་བརྗོད་བྱེད་དགོས།
- ང་ཚོས་བལྟས་ན་ཡང་ཤེས་པ་དེ་རེད།
- གར་ཞིག་འཁྲབ་ན་ཆུ་ཞིག་འཐུང་ན་ལག་པས་འདི་འདྲ་ཞིག་བྱས་ནས་འཐུང་བ།
- སྤྱིར་བཏང་གིས་ཆུ་ཞིག་འཐུང་ན་འདི་ལྟར་འཐུང་ན་ཆོག་གི
- འདི་བྱ་བྱེད་ཆུང་བ་རེད།
- འུད་བརྗོད་ཆེན་པོ་མེད་གི
- འོ་ན་འདི་ལྟར་འཁོར་ནས་འདི་ལྟར་འཐུང་ན་དེ་འུད་བརྗོད་རེད།
- དེ་ལྟར་བྱེད་པའི་རྒྱུ་མཚན་ཅི་རེད་ཟེར་ན།
- འདི་ལྟར་ཆུ་འཐུང་ན་རྒྱང་རིང་བ་ལྷག་པར་དུ།
- མིག་མི་ལེགས་པ་ཞིག་གིས་ལྷག་ཏུ་རིག་རྒྱུ་མ་རེད།
- ཅི་ཞིག་བཤད་བཞིན་ཡོད་ཅེས་ཤེས་རྒྱུ་མ་རེད།
- དེ་ཡིན་པའི་སྟབས་ཀྱིས་ཟློས་གར་གྱི་སྐབས་དེ་ལ།
- ངེས་པར་དུ་འུད་བརྗོད་ཀྱི་ཆ་དེ་ཡོད་པ་རེད།
- དེའི་མིང་ལ་ཟེར་བ་རེད།喜剧性
- འོ་ན་བརྩམས་སྒྲུང་ལ་མཚོན་རྒྱུ་ན་ཡང་།
- ཟློས་གར་རང་བཞིན་ཟེར་བ་དེ་རེད།
- གཙོ་བོ་ཡིན་རྒྱུ་ན་དེའི་མི་སྣ་དང་བརྗོད་བྱ་ཡི་སྟེང་ལ་འུད་བརྗོད་བྱེད་པ་དེ་རེད།
- ད་ནངས་ང་ཚོས་བཤད་པ་དེ་རེད།
- རྒྱུ་འབྲས་མེད་པའི་མནའ་མ་ལྟ་བུ།
- དེའི་ཕན་ཆད་ཀྱི་བོད་ཀྱི་རྩོམ་མང་པོ་ཞིག་ཟློས་གར་རང་བཞིན་ཆེ་བ་རེད།
- སྤྲུལ་སྐུ་ཡིན་ན་ཆོག་གི
- དེ་ལས་གཞན་སད་ཀྱིས་བཅོམ་པའི་མེ་ཏོག་ཡིན་ན་ཡང་ཆོག་གི
- འདི་ཚང་མ་ཡིན་རྒྱུ་ན་ཟློས་གར་རང་བཞིན་ཆེ་བ་རེད།
- དོན་དག་ཅིག་འབྲི་ན་ཡང་དོན་དག་དཀྱུས་མ་ཞིག་མ་རེད།
- དཔའ་སྐྱིད་ལྟ་བུ་ཞིག་ལ་མཚོན་རྒྱུ་ན།
- སྔོན་ན་རང་སྲོག་གཅོད་རྒྱུ་ཟེར་ནས།
- རྩྭ་ཁང་ཞིག་གི་ནང་ལ་སོང་ནས་རང་སྲོག་གཅོད་རྒྱུ་ཟེར།
- དེའི་རྗེས་ནས་ཡིན་རྒྱུ་ན་སྙིང་བོ་མེད་པར་འདོད་ནས།
- འཁོར་བ་ལ་ཡིད་ཆད་ནས་རབ་དུ་བྱུང་རྒྱུ་ཟེར་བ།
- འདི་ཚང་མ་ཅི་རེད་ཟེར་ན།
- སྤྱིར་བཏང་གི་མི་ཞིག་ལ་བལྟས་ན་ཡིན་རྒྱུ་ན།
- འདས་བའི་དོན་དག་ཆེན་པོའི་གྲལ་ཡིན།
- དེ་ན་དེའི་ཕན་ཆད་ཀྱི་མི་ཞིག་འབྲི་ན་ཡང་དེ་རེད།
- དཀར་བའི་སྟེང་ལ་དཀར་བོ་བསྣན་ནས།
- དཀར་བོ་དཀར་རྐྱང་ཞིག་ཏུ་གཏོང་བ་དང་།
- ནག་པོ་ཡི་སྟེང་ལ་ནག་པོ་བསྣན་ནས།
- ནག་པོ་ནག་རྐྱང་ཞིག་ཏུ་གཏོང་བ་དེ་ཚང་མ་ཅི་རེད་ཟེར་ན།
- ཇེ་ཆེར་བཏང་བ་རེད།
- ཟློས་གར་རང་བཞིན་ཅན་གྱིས་བཏང་བ་དང་།
- ཇེ་ཆེར་བཏང་བ་རེད།
- ཨོ་ཡ་་་འོ་ན་ང་ཚོའི་བོད་ཀྱི་རྩོམ་གྱི་ཅི་ཟེར་བ་རེད་ཅེ་ན།
- ཁོ་ཡི་ཡིན་རྒྱུ་ན་དེ་གཞུང་ཤིང་འདྲ་བ་དེ།
- འདི་འདྲ་ཟློས་གར་རང་བཞིན་ཅན་དང་།
- འུད་བརྗོད་རང་བཞིན་ཅན།
- ་ལྟ་བུ་ཞིག་ཡིན་དུས་སུ་ཡིན་རྒྱུ་ན།漫画
- རྩོམ་རིག་གི་ཆུ་ཚད་དེ་ཞན་སོང་བ་རེད།
- དེ་འདྲ་ཡིན་རྒྱུ་མ་རེད།
- ཁོ་ཅི་རེད་ཟེར་ན།
- དཀྱུས་མ་ཡི་འཚོ་བ་དེ་རོལ་རྒྱུ་གཙོ་བོ་རེད།
- དེ་ཡིན་པའི་སྟབས་ཀྱིས་སྤྱིར་བཏང་གི་བརྩམས་སྒྲུང་བྲིས་ན།
- ཁོའི་ཉེས་དམིགས་ཤིག་བརྗོད་རྒྱུ་ཟེར་ན།
- བཟང་ཆ་ཞིག་བརྗོད་རྒྱུ་ཟེར་ན།
- དེ་ཆེན་པོ་ཆེན་པོ་ཞིག་ཡིན་པ།
- རང་སྲོག་གཅོད་པ་འདྲ་བ།
- གཞན་ཞིག་བསད་པ་འདྲ་བ།
- དེ་འདྲའི་དོན་དག་ཆེན་པོའི་ཚད་ལ་ཐོན་ས་འགྲོ་བ་མ་རེད།
- དེར་ཐོན་དགོས་ན་གོང་ནས་བཤད་པ་ལྟར་ཅི་བྱེད་དགོས་ཟེར་ན།
- བྱུང་རིམ་གྱི་གཏན་ཚིགས་བཙན་པོ་དེ་དགོས་པ་རེད།
- ཁོ་ཡིས་ཡིན་རྒྱུ་ན་རྒྱུ་ཡི་ཆ་ནས་བཤད་ན།
- མཐར་ཐུག་ཁོ་ཡིས་ཡིན་རྒྱུ་ན་རང་སྲོག་གཅོད་པའི་ཚད་ལ་ཐོན་པ།
- དེ་ཡིན་དུས་ཁྱོད་ཚོས་ལྟོས་དང་རྒྱུ་དེ་ཅི་འདྲ་ཞིག་ཡིན་རྒྱུ་རེད།
- ཆེན་པོ་ཞིག་ཡིན་རྒྱུ་རེད།
- རྒྱུ་ཆེན་པོ་དེ་ཅི་རེད་ཟེར་ན།
- བསགས་ནས་ཆེན་པོ་ཞིག་ཏུ་གཏོང་དགོས་བ།
- དེ་ཅུང་ཙམ་དཀའ་བ་རེད།
- དོན་གྱིས།
- ཁྱོད་རྩོམ་པ་པོ་ཞིག་ལ་མཚོནརྒྱུ་ན།
- དེའི་བརྗོད་དོན་དེ་སླ་མོ་ཞིག་ཏུ་གཏོང་ཨེ་ཐུབ་ལྟོས།
- དེ་མི་རབས་རྒན་པ་ཡི་བསམ་བློ་རྙིང་བ་ཡི་ནག་ཉེས།
- དེ་སྟོན་དགོས་ན་ཅི་བྱེད་དགོས་ཟེར་ན།
- རང་སྲོག་ཀྱང་གཅོད་དགོས་པ།
- རང་གི་ཡིད་མཐུན་གྱི་ཚེ་རིང་དང་གཉིས་འགལ་ནས།
- འཁོར་བ་ལ་སྤྱིར་བཏང་གི།
- ཞེན་པ་ལོག་ནས་རབ་དུ་བྱུང་བ།
- སྤྱིར་བཏང་གི་ཁྱོད་ཀྱི་བསམ་བློ་དེ་བདེ་བླག་ཏུ་མཚོན་ཡོད་པ་རེད།
- འོན་ཀྱང་གོང་ནས་བཤད་པ་དེ་རེད།
- དངོས་ཡོད་ཀྱི་སྤྱི་ཚོགས་འཚོ་བ་ཡི་སྟེང་ནས་སོང་ན་དེ་འདྲ་ཉུང་ཉུང་རེད།
- དེ་མིང་ལ་ཟེར་རྒྱུ་མ་རེད།典型性
- མཐུས་ཚབས་རང་བཞིན།
- ཚབ་མཚོན་རང་བཞིན་ཟེར་རྒྱུ་མ་རེད།
- སྤྱིར་བཏང་གི་འཚོ་བ་ཡི་སྟེང་ནས་བཤད་རྒྱུ་ན་དེ་རེད།
- མི་ཞིག་གི་བརྩེ་དུང་ལ་བར་ཆད་བཟོས་ན་ཡང་།
- བར་ཆད་བཟོས་ནས་རབ་དུ་བྱུང་བ་ཉུང་ཉུང་རེད།
- བར་ཆད་བྱུང་ནས་རང་སྲོག་གཅོད་པ་ཡང་ཉུང་ཉུང་རེད།
- འདི་ཅི་རེད་ཟེར་ན།
- དོན་དག་གཞན་དང་གཞན་པ།
- དོན་དག་ཆུང་ཆུང་ཞིག་གི་སྟེང་ནས་བསྟན་ན་འགྲིག་པ་རེད།
- འདིའི་མིང་ལ་ཅི་རེད་ཟེར་ན།
- ང་ཚོའི་བཤད་རྒྱུ་ཡིན་རྒྱུ་ན་ཟློས་གར་རང་བཞིན་ཅན་དུ་བྱ་བ།
- འདི་ཡིན་རྒྱུ་ན་ཕྱོགས་མང་པོ་ཞིག་ལ་སྦྱར་ན་ཆོག་གི
- གཏམ་རྒྱུད་ཀྱི་བྱུང་རིམ་གྱི་སྟེང་ལ་སྦྱར་ན་ཆོག་གི
- མི་སྣ་ཡི་གཤིས་ཀ་ཡི་སྟེང་ལ་སྦྱར་ན་ཆོག
- རྒྱུ་འབྲས་མེད་པའི་མནའ་མ་ལྟ་བུ།
- རྒྱུ་འབྲས་ཀྱི་མི་སྣ་ཡི་གཤིས་ཀ་ཡི་སྟེང་ལ་སྦྱར་ན་ཆོག
- ཨོ་ཡ་་གང་ལྟར་ཀྱང་།
- ཟློས་གར་རང་བཞིན་བྱ་བ་ཟེར་བ་འུད་བརྗོད་རེད།
- ང་ཡིན་རྒྱུ་ན་ངོ་མ་བཤད་ན་འུད་བརྗོད་ཀྱི་རྩོམ་དེར་མི་དགའ་བ་རེད།
- ད་ནངས་བཤད་པ།
- སྟག་འབུམ་རྒྱལ་གྱིས་བྲིས་པའི་ཧ་པ་གསོས་པའི་ཟིན་བྲིས་ལྟ་བུ་ལ་མཚོན་ན།
- མི་དགའ་བའི་རྒྱུ་མཚན་ཡང་དེ་རེད།
- ཁོ་ཡིན་རྒྱུ་ན་འུད་བརྗོད་ཀྱི་ཆ་དེ་ཆེ་བ་རེད།
- འདིའི་སྐོར་འདི་ནས་ཡིན་རྒྱུ་ན་སྤྱིར་བཏང་གིས་བཤད་རྒྱུ་ན།
- དཔོན་པོ་ཡི་སྐྱོན་མཚང་འབྱིན་པ།
- འདི་སྔོན་མ་སྔོན་མར་བྲིས་ནས་མང་པོ་མང་པོ་ཞིག་ཚར་ཡོད།
- དེའི་གནས་སྐབས་དེ་ནས་ཡིན་རྒྱུ་ན།
- ཧ་པ་གསོས་པའི་ཟིན་བྲིས་ལྟ་བུ།
- འུད་བརྗོད་ཆེན་པོ་ཞིག་གི་སྒོ་ནས་བྲིས་ན་ཡང་།
- མཐོ་བརྒལ་གྱི་རང་བཞིན་དེ་མེད་གི
- གསར་བ་ཡི་རང་བཞིན་དེ་མེད་པ།
- དེ་ལས་ཅི་རེད་ཟེར་ན།
- དངོས་ཡོད་ཀྱི་སྤྱི་ཚོགས་ཀྱི་ཡིན་རྒྱུ་ན་དེ།
- དཔོན་པོ་ཡི་དཔོན་སའི་ཁྲོད་འདི་ན།
- ཅི་རེད་ཟེར་ན།
- གཡོ་སྒྱུ་ཟེར་ན་རྙོག་དྲ་ཟེར་ན།
- ཁོ་ཡིན་རྒྱུ་ན་སྤྱིར་བཏང་གི་ཆ་ཞིག་ཡོད་རྒྱུ་རེད།
- འདི་ལ་མཚོན་ན་ཡང་ཁག་མེད་པ།
- འདི་ལ་མཚོན་ན་ཡང་ཁག་མེད་པ།
- གོང་ནས་ང་ཚོས་བཤད་པའི་རྟོལ་མེད་ཀྱི་ཆ་ཟེར་བ་དེ་རེད།
- ངོ་མ་བཤད་ན་དེ་འདྲ་ཞིག་ཡིན་པ་རེད།
- དཔོན་པོ་གཅིག་གིས་ཧམ་སེམས་ཀྱིས།
- དཔོན་པོ་གཅིག་གི་བསམ་ནག་གི་སྟབས་ཀྱིས།
- ངས་ཁྱོད་ལ་ངན་བཅོས་བ་དེ་འདྲ་ཞིག་གཏན་ནས་མ་རེད།
- དཔོན་པོ་ཁོ་ལ་མཚོན་རྒྱུ་ན་ཡང་དོན་གྱིས་ཅི་རེད་ཟེར་ན་རེད།无奈
- ང་མཚོན་རྒྱུ་ན་ཡང་བཀོད་པ་མེད།
- འདི་འདྲ་ཞིག་མ་བྱས་ན་བཀོད་པ་མེད།
- དེའི་བར་དེ་ནས་རྒྱ་ནག་ལ་མཚོན་རྒྱུ་ན།
- དེའི་མིང་ལ་ཅི་ཟེར་བ་རེད་ཅེ་ན།
- ཟེར་བ་དེ་འདྲ་ཞིག་ཡོད་པ།现实主义冲击波
- དུས་རབས་ཉེར་གཅིག་པ་ཡི་ནང་ཡིན་པ་འདྲ།
- ཨོ་ཡ་་་རྩོམ་རིག་གི་མིང་ལ་ཟེར་བ་ཞིག་ཡོད་པ།大厂
- ཁྱོད་ཚོས་ལྟོས་དང་ང་ཚོས་མཉམ་བཞག་ན་སྤྱིར་བཏང་གི་དེ་འདྲ་ཞིག་ཡོད།
- དེའི་མིང་ལ་དེ་འདྲ་ཞིག་ཟེར།现实主义冲击波
- ཡིན་རྒྱུ་དེ་རེད།
- དེའི་ནང་ན་བྲིས་ཡོད་པ་གཙོ་བོ་ཅི་ཞིག་བྲིས་ཡོད་ཟེར་ན།
- ཟེར་བའི་ཁྱད་ཆོས་ཅི་རེད་ཟེར་ན།现实主义
- དངོས་ཡོད་ཀྱི་སྤྱི་ཚོགས་འཚོ་བ་དེ་འདྲ་ཞིག་རེད།
- ཅི་རེད་ཟེར་ན།
- ང་མཚོན་རྒྱུ་ན་ཡང་དེ་དོན་མེད་རེད།
- ངས་དེ་ལྟར་བྱས་ན་མི་འདོད་མོད།
- འོན་ཀྱང་བཀོད་པ་མེད་པ།
- དཔེ་འཇོག་རྒྱུ་ན་དེ་རེད།
- ཁྱོད་ཀྱིས་གཞན་ན་ཁ་ཡག་དང་ངོ་དགའ།
- ལྷག་པར་དུ་ཡིན་རྒྱུ་ན་ལྐོག་ངན་བརྫངས་བ་ལ་སོགས་པ།
- ང་མཚོན་རྒྱུ་ན་ཡང་དེ་འདོད་པ་མ་རེད།
- འོན་ཀྱང་ངས་དེ་ལྟར་མ་བྱས་ན་ངས་་ལས་ཁུངས་ཀྱི་བྱ་བ་མི་འགྲུབ་པ་རེད།
- དེ་རིང་སང་ཉིན་གྱི་སྤྱི་ཚོགས་ངོ་མ་བཤད་ན་དེ་འདྲ་ཞིག་རེད།
- དེ་འདྲ་ཞིག་རེད།
- འོ་ན་འདི་ལ་ཁྱེད་ཚོས་ལྟོས་དང་འུད་བརྗོད་ཡོད་པ་མ་རེད།
- ཁོ་ལ་མཚོན་རྒྱུ་ན་ཡང་བཀོད་པ་མེད་པ་ཞིག་རེད།
- དོན་མེད་ཀྱི་བྱ་བ་ཞིག་རེད།
- དངོས་ཡོད་ཀྱི་སྤྱི་ཚོགས་འདི་འདྲ་ཞིག་རེད།
- འོ་ན་དེའི་གནས་སྐབས་དེ་ནས་བྲིས་དུས།
- ཁོ་ཡི་སྟེང་ན་འུད་བརྗོད་ཀྱི་ཆ་དེ་ཡོད་པ་མ་རེད།
- ཨོ་ཡ་་འོ་ན་ང་ཚོའི་བོད་ཀྱི།
- དཔོན་པོ་ཡི་སྐོར་གྱི་ཡིན་རྒྱུ་ན་བརྩམས་སྒྲུང་ཞིག་འབྲི་དུས་ཅི་རེད་ཟེར་ན།
- ཚང་མ་ཡི་ཅི་རེད་ཟེར་ན།
- དཔོན་པོ་གཅིག་གི་སྐྱོན།
- དཔོན་པོ་ཁོ་ཡི་མི་དེའི་བསམ་བླློ་ཡི་སྐྱོན།
- སྤྱོད་པ་ཡི་སྐྱོན།
- འདིའི་ཅི་རེད་ཟེར་ན།
- མི་གཞན་པ་མང་པོ་མང་པོ་ཞིག་ཁོག་ལ་ལྷུང་ཡོད་པ་དེ་འདྲ་བཤད་ཡོད།
- དེ་དོན་གྱིས་ཅི་ཞིག་ཏུ་ལོག་ཡོད་ཟེར་ན།
- འུད་བརྗོད་ཀྱི་གྲལ་དུ་ལོག་ཡོད།
- ཁོ་དངོས་ཡོད་ཀྱི་འཚོ་བ་དང་གཉིས་ཀ་རྒྱང་ཐག་རིང་བ།
- ཁྱོད་ཀྱིས་དཔོན་པོ་ཞིག་གི་སྐྱོན་ཆ་བརྗོད་པའི་ཆེད་དུ།
- དཔོན་པོ་དེ་ལ་ཡིན་རྒྱུ་ན།
- རྒྱུ་རྐྱེན་མ་ཚང་བའི་སྐྱོན་ཆ་མང་པོ་མང་པོ་ཞིག་ཁོ་ཡི་མགོ་ལ་བཞག་པ་རེད།
- དེ་ལ་བལྟས་ན་དཔོན་པོ་དེ་ཡིན་རྒྱུ་ན་དེ་མི་བཟང་བ་ཞིག་རེད།
- ངན་པ་ཞིག་རེད།
- རེད་ལ་འོན་ཀྱང་དེ་ཡིན་རྒྱུ་ན་དེའི་སྤྱི་ཚོགས་ཀྱི་འཚོ་བ་དེ་འདྲ་ཞིག་མ་རེད།
- སྤྱི་ཚོགས་ཀྱི་འཚོ་བའི་སྟེང་ན་མ་གཞི་ནས་ཡིན་རྒྱུ་ན།
- ཟློས་གར་རང་བཞིན་མེད་གི
- དོན་གཅིག་རེད།
- ཁྱེད་ཚོས་ལྟོས་དང་།
- དངོས་ཡོད་ཀྱི་སྤྱི་ཚོགས་ཀྱི་སྟེང་ན་ཟློས་གར་རང་བཞིན་ཅན་ཅི་ཙམ་ཡོད་པ།
- གོང་ནས་ང་ཚོས་བཤད་པ་དེ་རེད།
- བརྩེ་དུང་ལ་བར་ཆད་བྱུང་ནས་རང་སྲོག་གཅོད་མཁན་ཅི་ཙམ་ཡོད་པ།
- མི་ས་ཡ་ཞིག་གི་ནང་ནས་གཅིག་ཡོད་རྒྱུ་རེད།
- གཉིས་ཡོད་རྒྱུ་རེད་དེ་ཡན་ཞིག་ཡོད་པ་མ་རེད།
- དེ་འཐུས་ཚབ་རང་བཞིན་མ་རེད།
- ཨོ་དེ་རེད།
- དེ་ཡིན་རྒྱུ་ན་བརྩམས་སྒྲུང་འབྲི་མཁན་ཞིག་ལ་མཚོན་རྒྱུ་ན།
- ང་རང་ཉིད་ཀྱི་བསམ་ཚུལ་གྱི་ངོས་ནས་བཤད་ན།
- ཟློས་གར་རང་བཞིན་ཅན་ཞིག་ཏུ་མི་བྱ་བ།
- འདི་ཡིན་རྒྱུ་ན་གཙོ་བོ་ཡིན།
- ཟློས་གར་རང་བཞིན་ཅན་དུ་བྱ་བ་དེ་ལ་དོགས་ཟོན་བྱ་བ།
- ཟློས་གར་རང་བཞིན་ཟེར་བ་དེ།
- སྐད་ཆ་གཞན་ཞིག་གིས་བཤད་ན་འུད་བརྗོད་རེད།
- ཨོ་ཡ་་འུད་བརྗོད་ཀྱི་སྒོ་ནས་འབྲི་བ།
- དེ་བཟང་བ་ཞིག་མ་རེད།
- བོད་ཀྱི་ད་ཡིན་རྒྱུ་ན་ལོ་རབས་བརྒྱད་བཅུ་བ་ནས་བཟུང་སྟེ།
- རྩོམ་ཕལ་ཆེར་ཞིག་འུད་བརྗོད་ཀྱི་རང་བཞིན་དེ་ཆེ་བ།
- དེ་ཡིན་པའི་སྟབས་ཀྱིས་ཡིན་རྒྱུ་ན།
- དེའི་བར་དེ་ནས་ཡིད་ཚིམ་པའི་རྩོམ་ཞིག་འབྱུང་དཀའ་བ།
- ཨོ་ཡ་་དེའི་སྐྱོན་སེལ་གྱི་ཆ་དེ་ངས་བཤད་ན་འདོད་པའི་སྐད་ཆ་གཅིག་ཡིན།