27 Mar 2013
24 min 52 sec
Video Overview
Creators:
Gangri Pumo, Drangchar
This is the seventh part of Professor Dongrub Tsering's lecture at the First Young Tibetan Women's Literature Training in Trika, Qinghai Province.
- Triga
- དེ་ཡིན་ན་སྔོན་ལ་ངས་འདི་ནས་འདི་འདྲ་ཞིག
- རང་གིས།
- ད་ལྟ་ང་ཚོས་བཤད་བཞིན་པ་ཡང་དེ་རེད།
- རྩོམ་རིག་དང་སེམས་ཁམས་ཀྱི་ཕྱོགས་ནས་བཤད་བཞིན་ཡོད་པ་རེད།
- དེ་ཡིན་ན།
- གོང་ནས་བཤད་པའི་བརྩེ་ཚོར་ཟེར་ན་འདྲ།
- འདི་འདྲའི་ཆ་ནས་རང་གིས་བྲིས་པའི་སྙན་ངག་གཅིག
- གཅིག་ངས་འདི་ནས་ཆ་ཚང་ཞིག
- རང་གིས་དེ་འདྲའི་ཅི་ཟེར་དགོས་པ་རེད་ཟེར་ན།
- དེ་ལ་བཀབ་པའི་ཆ་མེད་པ།
- ཐད་ཀར་ཡིན་ན་ཁོ་རང་གི་སེམས་ཀྱི་གཏིང་གི
- སེམས་ཀྱི་གཏིང་གི་ཚོར་བ་ཡི་ཚད།
- བརྩེ་བའི་ཚོར་བ་དེ་བྲིས་པའི་རང་གི་ཉམས་མྱོང་ཟེར་ན་འདྲ།
- མྱོང་ཚོར་ཟེར་ན་འདྲ།
- ཁྱོད་ཚོར་ཞུ་རྒྱུ་བྱེད།
- དེའི་ནང་དུ་གང་རེད་ཟེར་ན།
- སྙན་ངག་འདི་ལོ་ཁ་ཤས་ཀྱི་སྔོན་ལ།
- ༢༠༠༥ཡི་ལོ་ལ་བྲིས་པའི་དེ་འདྲའི་སྙན་ངག་ཅིག་རེད།
- འདི་ཕལ་ཆེར་ཚང་མས་རིག་ཡོད་རྒྱུ་རེད།
- རིག་ཡོད་རྒྱུ་རེད།
- ངའི་ཁང་བ་སྔོན་པའི་གཏམ་རྒྱུད་ཀྱི་ནང་ནའང་ཡོད།
- དེའི་སྔོན་ལ་ཡིན་ན།
- བོད་ལྗོངས་སློབ་གྲྭ་ཆེན་མོ་ཡི་ཚགས་པར་ཞིག་ཡོད་པ་རེད།
- དེའི་སྟེང་དུ།
- ཐོག་དང་པོར་ངས་དེའི་སྟེང་དུ་བཞག
- དེའི་རྗེས་སུ་ཁང་བ་སྔོན་པོའི་གཏམ་རྒྱུད་ཀྱི་ནང་དུ་ཡང་བཞག
- ངའི་གྲོགས་པོ་གཅིག་གཉིས་ཤིག་དང་དེ་འདྲ་ཁ་ཤས་ཤིག་གིས།
- སྙན་ངག་དེ་ཁྱོད་ཀྱིས་བྲིས་པའི་སྙག་གི་ནང་ནས་ཅུང་ཙམ་ཡག་ཤོས་རེད་ཅེས།
- དེ་འདྲའི་སྐད་ཆ་ཁ་ཤས་ཤིག་ངས་ཐོས་བྱུང་།
- དེ་གཅིག་པུ་ཡང་མིན་མོད།
- ང་རང་གིས་འདང་བརྒྱབ་ནའང་།
- ཚོར་བ་ཡི་ཆ་དེའང་ཡོད་པ་དེ་འདྲ་ཞིག་རེད།
- ཁོ་རང་སྙན་ངག་གི་གོ་བ་ཉེ་འགྲོ་ལ་སོགས་པ་གཏན་ནས་མིན་པ།
- ཐད་ཀར་དུ་སེམས་ཀྱི་ཚོར་འདུ་ལ་སོགས་པ་བརྗོད་ཀྱིན་ཡོད་པ།
- ཞོར་དང་ཞོར་ལ་གང་རེད་ཟེར་ན།
- དེའི་ཞོར་དང་ཞོར་ལ་གང་རེད་ཟེར་ན།
- རང་གི་བསམ་བློ་ཞིག་ཀྱང་གཞན་ལ་གོ་བརྡ་སྤྲོད་བཞིན་ཡོད་པ།
- བསམ་བློ་ཞིག་ཀྱང་གོ་ཐུབ་པ་དེ་འདྲ་ཞིག་རེད།
- དཔེ་བཞག་ན།
- ཁ་བྱང་ལ་རྫི་གླུ་དང་རྨི་ལམ་ཞེས་པའི།
- རྫི་གླུ་དང་རྨི་ལམ་ཞེས།
- རྫི་གླུ་དང་རྨི་ལམ་ཞེས་འདི་འདྲ་ཞིག་རེད།
- ཁ་བྱང་ཆུང་བ་ཡི་སྟེང་ནས།
- དབུས་ན་བུ་ཆུང་དྲན་པ་ཞེས།
- དབུས་ནས་བུ་ཆུང་དྲན་པ་ཞེས་པ་དེ་འདྲ་ཞིག་རེད།
- འདི་ཕལ་ཆེར་ལོ་བདུན་བརྒྱད་ཅིག་གི་སྔོན་ལ་བྲིས་པ་རེད།
- བརྒྱད་ཀྱི་གཡས་གཡོན་དེ་འདྲ་ཞིག་གི་སྔོན་ལ་བྲིས་པ་རེད།
- འདི་ནས་དབུས་ནས་བུ་ཆུང་དྲན་པ་ཞེས་བརྗོད་དགོས་པའི་རྒྱུ་མཚན་ཡང་གང་ཡིན་ཟེར་ན།
- དྲང་མོར་བཤད་ན་སྤྱིར་ལས་ཀ་ཡི་སྟེང་དུ་ཞུགས་ནས།
- ལས་ཀ་ཡི་སྟེང་དུ་ཞུགས་པ་མ་ཟད་ཡང་ས་གནས་ཆེན་པོ་ཞིག་ལ།
- ས་གནས་ཆེན་པོ་ཟེར་ན་འདྲ།
- ས་གནས་ཐག་རིང་ཞིག་ལ་གནས་སྤོར་བྱེད་རྒྱུ་འདིའི་སྟེང་ནས་ཀྱང་།
- རང་ཉིད་ལ་མཚོན་ནའང་དཀའ་ལས་མང་པོ་ཞིག་བརྒྱུད་མྱོང་བ་རེད།
- དཀའ་ལས་མང་པོ་ཞིག་བརྒྱུད་མྱོང་བ་རེད།
- གཅིག་གང་རེད་ཟེར་ན་དྲང་མོར་བཤད་ན།
- ས་ཆ་ཞིག་ནས་ས་ཆ་གཞན་ཐག་རིང་ཞིག་ལ་འགྲོ་དགོས་ན།
- རང་གི་ཁྱིམ་ཚང་།
- ཤ་རིང་ཉེ་རིང་ཟེར་བ་འདྲ།
- འདི་འདྲ་ལ་བསམ་བློ་ཡི་སྟེང་ནས་འཐད་མི་འཐད་ཟེར་བ་འདྲ།
- དཔེ་བཞག་ན་ང་ད་ལྟ།
- ང་མ་གཞི་དང་པོ་ནས་བཟུང་སྟེ།
- ༡༩༩༡་ལོར་ནུབ་བྱང་སློབ་གྲྭར་སོང་བ་རེད།
- ནུབ་བྱང་སློབ་གྲྭ་ཆེན་མོ་ཡི་དྲུང་ཡིག་འཛིན་གྲྭ་རུ་བསྡད་པ་རེད།
- དེའི་རྗེས་སུ་༡༩༩༣་ལོར་མཐར་ཕྱིན་དུས།
- དང་པོ་འགྲོ་སའི་རང་གི་བསམ་བློ་དང་པོ་དེ་གང་ཡིན་ཟེར་ན།
- དབུས་གཙང་ལ་འགྲོ་རྒྱུ་དེ་ཡིན།
- དེ་ནས་བཟུང་སྟེ་རང་ཉིད་དབུས་གཙང་ལ་འགྲོ་དགོས་ཞེས།
- དབུས་གཙང་ཆོས་ཀྱི་མཆོད་ཁ་རེད།
- དེ་གཅིག་རེད།
- དེར་མ་ཟད་གང་རེད་ཟེར་ན།
- ཅི་བཤད་རུང་དེ་ཅུང་ཙམ་གལ་ཆེན་རེད་འདོད་དེ།
- སེམས་སུ་དེ་འདྲ་ཞིག་བཟུང་ནས།
- ཡར་མར་ལ་འབྲེལ་བ་བྱས་ནས།
- དེའི་སྐབས་སུ་སློབ་མ་ཡིན་པས་འབྲེལ་བ་བྱས་རུང་ས་རྒྱ་ཅི་ཡང་མ་ཆོད་པ་རེད།
- དྲང་མོར་བཤད་ན།
- ཅུང་ཙམ་འབྲེལ་བ་བྱས་མོད།
- འབྲེལ་བ་དེ་ལ་འབྲས་བུ་ཞིག་ཀྱང་མ་སྨིན་མོད།
- དེར་ངས་སྐབས་དེར་སྙན་ངག་ཁ་ཤས་ཤིག་ཀྱང་བྲིས་ཡོད།
- རྣམ་ཤེས་ཀྱི་སྐྱོ་གར་ཞེས།
- ང་རང་གི་སྐབས་དེའི།
- གོང་ནས་ངས་ཁྱོད་ཚོར་བཤད་པ།
- དཔེ་བཞག་ན།
- སྙན་ངག་ཚགས་པར་དེ།
- གཞུང་གི་སྙན་ངག་ཚགས་པར་རེད།
- གཞུང་གི་དེ་བསྐྱར་གསོ་བྱས་པ་རེད།
- དྲང་མོར་བཤད་ན།
- ང་ཡི་གེ་དེ་བྲིས་ནས་བསྡད་དེ་ང་ལ་གེ་སེར་ཟེར་བ་ཞིག་ཡོད།
- ང་ཚོ་སློབ་གྲོགས་འགའ་ཤས་ཤིག་ཡོད།
- ངེད་གཉིས་འཛིན་གྲྭ་གཅིག་རེད།
- གེ་སེར་ཟེར་བ་དེ་དང་ངེད་གཉིས་གཅིག་རེད།
- ད་ལྟ་ན་ཆུང་ཚགས་པར་ནང་དུ་ཡོད་པ།
- སྔོན་མ་གངས་རྒྱན་མེ་ཏོག་གི་རྩོམ་སྒྲིག་པ་རེད།
- དེ་དང་ངེད་གཉིས་འཛིན་གྲྭ་གཅིག་རེད།
- དེའི་གྲོགས་སུ་སྐལ་བཟང་འབུམ་ཟེར་བའི།
- སྐལ་བཟང་མེ་ཏོག་ཅེས།
- སྐབས་དེར་པུར་མིང་ལ་སྐལ་བཟང་མེ་ཏོག་ཟེར།
- བུད་མེད་ཅིག་གི་མིང་བཏགས་པ་རེད།
- ང་ཚོ་འགའ་ཞིག་གིས་དེ་འདྲ་ཞིག་བྱས་ནས།
- དེའི་སྙན་ངག་ཚགས་པར་དཔར་བ་རེད།
- དཔར་བའི་ཞོར་དུ་ང་རང་ཉིད་དམ་ཡང་ན་སྒེར་གྱི་དུས་དེབ་ཅིག
- ཚགས་པར་ཞིག
- མིང་ལ་རྣམ་ཤེས་ཀྱི་སྐྱོ་གར་ཟེར།
- རྣམ་ཤེས་ཀྱི་སྐྱོ་གར་ཞེས།
- འདོན་ཐེངས་རེ་རེའི་ཁ་བྱང་བརྗེ་བཞིན་ཡོད་པ།
- གཅིག་གི་སྟེང་དུ་རྣམ་ཤེས་ཀྱི་སྐྱོ་གར་ཟེར།
- སྐབས་དེར་ཧ་ཅང་གིས་ཅི་ཟེར་དགོས་པ་རེད་ཟེར་ན།
- རང་ཉིད་ལ་ཅུང་ཙམ་སྡུག་སྣང་ཡོད་པ།
- སྡུག་བསྔལ་གྱི་རྣམ་པ་ཡོད་པ།
- ངའི་གཤིས་ཀ་དེ་འདྲ་ཞིག་ཡིན་ཁ་རེད།
- ང་རང་གིས་བལྟས་ན།
- ངས་སྨྲེང་བུ་ཞེས་པའི་མིང་འདི་འདོགས་དགོས་པའི་རྒྱུ་མཚན་ཡང་ཕལ་ཆེར་དེ་འདྲ་ཞིག་རེད།
- སྨྲེང་བུ་ཞེས་འདོགས་པའི་སྐབས་ལ།
- བརྒྱད་ཅུ་གྱ་བདུན་་་ཕལ་ཆེར་བརྒྱད་ཅུ་གྱ་བརྒྱད་གྱ་དགུ
- ཕལ་ཆེར་དགུ་བཅུ་ཐམ་པའི་ལོར་ངས་སྨྲེང་བུ་ཞེས་པའི་ཐ་སྙད་དེ་བེད་སྤྱོད་བྱས་པ་འདྲ།
- སྨྲེང་བུ་ཞེས་པའི་ཐ་སྙད་དེ།
- དེ་ནས་ཡང་གང་རེད་ཟེར་ན།
- དེའི་ནང་ནས་སྙན་ངག་ཅིག་བྲིས་པའི་ནང་ནས་ཀྱང་།
- དྲང་མོར་བཤད་ན་དེ་ལྷུག་རྩོམ་ཞིག་བྲིས་པ་དེ་རེད།
- ལྷུག་རྩོམ་གྱི་ནང་ནས་ཀྱང་།
- རང་གི་ལས་ཀའི་གདམ་གསེས་དེ་དབུས་གཙང་ས་ཆ་ཞིག་ལ་འགྲོ་ཐུབ་ན་ཞེས་པའི།
- དེ་འདྲའི་བསམ་བློ་ཞིག་དེའི་ནང་ན་ཡོད་མོད།
- དེ་དུས་ཚོད་ཀྱི་དབང་གིས་མི་བཤད།
- དེ་ནས་ངས་བཤད་འདོད་པ་གང་ཡིན་ཟེར་ན།
- ༡༩༩༣ལོར་དེ་འདྲའི་བསམ་བློ་དྲན་པ་རེད།
- དྲན་མོད་དྲང་མོར་བཤད་ན་འགྲོ་མ་ཐུབ་པ་རེད།
- མ་ཐུབ་པར་གང་རེད་ཟེར་ན།
- མཚོ་ལྷོ་བོད་ཡིག་སློབ་འབྲིང་།
- མཚོ་ལྷོ་ཁུལ་བོད་ཡིག་སློབ་འབྲིང་།
- སྐབས་དེར་དེར་ཡོང་ནས་དགེ་རྒན་བྱས་ནས་བསྡད་པ་རེད།
- དེའི་རྗེས་ཉིས་སྟོང་བརྒྱ་མེད་བཅུ་མེད་གཅིག་གི་ལོ་ནས།
- ཞིབ་འཇུག་སློབ་མ་ལ་རྒྱུགས་འཕྲོད་ནས།
- མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རུ་ལོ་གསུམ་ལ་བསྡད་པ་རེད།
- ཉིས་སྟོང་བརྒྱ་མེད་བཅུ་མེད་བཞི་ཡི་ལོར།
- བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་དུ་འགྲོ་རྒྱུ་ཡིན་ཞེས་ཡི་གེ་ཞིག་བྲིས་པས།
- ཁོང་ཚོས་དང་ལེན་བྱས་པ་རེད།
- དེ་ལ་དཀའ་ལས་ཀྱང་བྱུང་མ་སོང་།
- ཁོང་ཚོས་ཀྱང་ཡོང་མཁན་ཡོད་ན་དགའ་བསུ་བྱེད་ཅེས་བཤད་པས།
- ཡར་ལ་སོང་བ་རེད།
- སོང་མོད་ཀྱང་འགྲོ་བའི་སྐབས་དེར་དྲང་མོར་བཤད་ན།
- རང་གིས་ཁྱིམ་ཚང་དང་ཕ་མ་ཡིན་ན་ཆོག་གི་དྲང་མོར་བཤད་ན་འཐད་པ་མ་བྱུང་བ་རེད།
- ཐ་ན་རང་གི་བཟའ་ཚང་ཡང་འཐད་ཡོད་པ་མ་རེད།
- འཐད་པ་བྱུང་མེད་ནའང་ཨུ་ཚུགས་བྱས་ནས།
- ཁོ་ཚོ་འཐད་མི་འཐད་ཀྱི་སྐད་ཆ་ཡང་མ་དྲིས་པ་རེད།
- དྲང་མོར་བཤད་ན།
- རང་ཉིད་གཅིག་པུ་སྔོན་ལ་བུད་འགྲོ་བསམ་ནས་བུད་སོང་།
- རྗེས་མའི་རྗེས་མ་ལ་རྗེས་ནས་འདང་རྒྱག་བསམ་ནས་དེ་ལྟར་བུད་སོང་།
- ཨུ་ཚུགས་བྱས་ནས་བུད་སོང་།
- བུད་སོང་བས་སྐབས་དེར་རང་ཉིད་གཅིག་པུ་ཡིན་པས།
- བྱིས་པ་ད་དུང་ལོ་ཆུང་རེད།
- བྱིས་པ་ད་དུང་ལོ་ཆུང་རེད།
- མཚོ་ལྷོ་ཡི་ཆབ་ཆ་ས་ཆ་ན་ཡོད་པ་རེད།
- དེ་ནས་བཞག་སྟེ་བུད་སོང་བ་རེད།
- སོང་ནས་གང་རེད་ཟེར་ན།
- ལོ་ཕྱེད་ཀ་ཙམ་ལ་རང་ཉིད་དེ་ལྟར་བསྡད་ནས།
- དེ་ནས་དྲང་མོར་བཤད་ན་ཚོར་བ་དེ་བྱུང་བ་རེད།
- དབུས་ནས་བུ་ཆུང་དྲན་པ་ཟེར་བ་དེ་དེ་ནས་བྱུང་བ་རེད།
- དྲང་མོར་བཤད་ན་བུ་ཆུང་ཡང་དྲན་བཞིན་ཡོད་ལ།
- དེའི་གསེང་ནས་བསན་བློ་ཞིག་ཀྱང་སྟོན་རྒྱུ་བྱས་ཡོད།
- དེ་ནང་གི་སྙན་ངག་ཅིག
- འདིའི་ནང་གི་དབུས་ནས་བུ་ཆུང་དྲན་པ་ཞེས་པའི་དྲན་འདི་ཡང་།
- དྲང་མོར་བཤད་ན་ད་ནངས་ངས་ཁྱོད་ཚོར།
- སེམས་དང་སེམས་བྱུང་གི་སྐབས་ནས་དཔེ་ཆ་ཞིག་ངོ་སྤྲོད་བྱས་པ་དེའི་ནང་ན།
- དྲན་པ་ཟེར་བ་དེ་སེམས་བྱུང་ང་གཅིག་གི་ནང་གི་གཅིག་རེད།
- དྲན་པ་ཟེར་བ་དེ།
- སེམས་བྱུང་ང་གཅིག་གི་ནང་ན་དྲན་ཟེར་བ་དེ་ཡོད་པ་རེད།
- དེ་ཡིན་ན་སེམས་ཟེར་བ་དེར་ཅི་ལྟར་གོ་བ་བླངས་ཡོད་ཟེར་ན།
- ཡིད་ཀྱི་ངོ་བོ་ཙམ་རིག་པ་ལ་སེམས་དང་།
- འདྲིས་པའི་དངོས་པོ་དེ་ལ་སེམས་ཀྱིས་བརྗེད་པ་མེད་པ་དེ་ལ་དྲན་པ་ཟེར་བཞིན་ཡོད།
- འདྲིས་པའི་དངོས་བོ།
- འདྲིས་པའི་དངོས་པོ་དེ་ལ་སེམས་ཀྱིས་བརྗེད་པ་མེད་པ་དེ་ལ་དྲན་པ་ཟེར་བཞིན་ཡོད།
- དེ་སེམས་བྱུང་ང་གཅིག་གི་ནང་གི་གཅིག་རེད།
- དེ་ལྟར་བྱས་ན།
- འདྲིས་པའི་དངོས་བོ་དེ་ལ།
- རང་གི་བུ་ཆུང་དྲན་པ་ཞེས་པའི་ཁ་བྱང་ཞིག་ཟུར་དུ་བཏགས་པ་རེད།
- དེའི་ནང་གི་སྙན་ངག་གི་ནང་དོན་མདོར་བསྡུས་ཤིག་བཤད་ན།
- རྒྱང་རིང་གི་གསེར་མདོག་གི་བརྗེད་མེད་ཀྱི་སེམས་གཏམ་འཆོར།
- ཨ་མདོའི་རྩེད་ར་ཆུང་ཆུང་དེ་རུ།
- ཁྱོད་རང་ནར་སོན་པའི་རྫི་གླུ་འཁྱིལ།
- ཆུ་སྐྱེས་གསེར་གཞུང་རིང་མོ་དེ་ན།
- ཁྱོད་ཀྱི་མཐིང་མདོག་གི་རྨི་ལམ་བཀྲ།
- ཨོ་ལེད།
- སྐབས་དེར་ཨ་མདོ་ཞེས་བརྗོད་དགོས་པའི་རྒྱུ་མཚན་གང་རེད་ཟེར་ན།
- ང་རང་དབུས་ལ་སོང་ཡོད་འདུག
- དེ་ནས་ཁྱོད་རང་གི་རྩེད་ར་དེ་གང་རེད་ཟེར་ན།
- ཨ་མདོ་ཡི་རྩེད་ར་རེད།
- ཨ་མདོ་ཡི་རྩེད་ར་ཆུང་ཆུང་དེ་ན།
- ཁྱོད་རང་ནར་སོན་པའི་རྫི་གླུ་དེ་ན་ཡོད།
- ཁྱོད་རང་ནར་སོན་པའི།
- དེ་ནང་སྒོས་སུ་གང་རེད་ཟེར་ན།
- ཆུ་སྐྱེས་གསེར་གཞུང་རིང་མོ་དེ་ན།
- ཁྱོད་ཀྱི་མཐིང་མདོག་གི་རྨི་ལམ་བཀྲ།
- བྱིས་པའི་འཚོ་བའམ་འཚར་ལོངས་བྱུང་བཞིན་པའི་འཚོ་བ་དེ་དེ་ན་ཡོད་པ་རེད།
- སང་ཉིན་ཁྱོད་རང་ཕ་མ་དང་མཉམ་དུ་དབུས་ཡུལ་དུ་ཆས་འགྲོ།
- སང་ཉིན་ཟེར་དུས་ཡིན་གཅིག་མིན་གཉིས་ཕྱི་ཉིན་ཟེར་བའི་ནང་དོན་དེ་མ་རེད་མོད།
- ཅུང་མི་འགོར་བའི་དུས་ཚོད་ཅིག་ལ།
- ཁྱོད་རང་ཕ་མ་དང་མཉམ་དུ་དབུས་ཡུལ་དུ་ཆས་འགྲོ།
- དེའི་སྐབས་དེར་གང་རེད་ཟེར་ན།
- ཨ་མདོའི་རྩེད་ར་ཆུང་ཆུང་དེ་ལ་གྱེས་བརྡ་ཐོངས།
- ཆབ་ཆའི་གསེར་ལྗོངས་རིང་མོ་དེ་ལ་བཀྲ་ཤིས་ཞོག
- ཁྱོད་རང་གི་རྩེད་ར་ཆུང་ཆུང་དང་།
- ཆབ་ཆ་ན་ཡོད་པའི་གསེར་ལྗོངས་རིང་མོ་དེ་ལ།
- བཀྲ་ཤིས་ཞོག་དང་གྱེས་བརྡ་ཐོངས་དང་།
- དེ་ལྟར་བྱོས།
- དེར་མ་ཟད་གང་རེད་ཟེར་ན།
- ནར་སོན་པའི་རྫི་གླུ་དེ་ལ་སྐྱེལ་མ་མཛོད།
- མཐིང་མདོག་གི་རྨི་ལམ་དེ་ལ་བསུ་མ་བྱོས།
- དེར་སྐུལ་མ་བྱོས།
- དེ་ནས་སང་ཉིན་གྱི་སང་ཉིན།
- ཁྱོད་ལ་དབུས་ཀྱི་རྩེད་ར་ཆུང་ངུ་ཞིག་ཡོད།
- སང་ཉིན་གྱི་སང་ཉིན།
- མ་འོངས་པའི་མ་འོངས་པ་ཞིག་ལ་གང་རེད་ཟེར་ན།
- དང་པོ་ཁྱོད་རང་ཨ་མདོ་ནས་སྐྱེས་མོད།
- དེའི་རྗེས་སུ་གང་རེད་ཟེར་ན།
- དབུས་ན་ཁྱོད་ལ་རྩེད་ར་ཆུང་ཆུང་ཞིག་ཡོད་པ་རེད།
- རྩེད་ར་ཆུང་ཆུང་ཞིག་ཡོད་པ་རེད།
- ཁྱོད་ལ་དང་པོ་སྐད་བརྡ་མི་འཕྲོད་པའི་སྤུན་ཟླ་ཟེར་བ་དང་།
- དབུས་ཀྱི་རྩེད་གྲོགས་མང་མོ་ཞིག་ཀྱང་ཡོད་རྒྱུ་རེད།
- དབུས་ཀྱི་རྩེད་གྲོགས་མང་པོ་ཞིག་ཀྱང་ཡོད་རྒྱུ་རེད།
- དང་པོ་ཁྱོད་ཀྱིས་སྐད་བརྡ་འཕྲོད་རྒྱུ་མ་རེད།
- གཅིག་ཨ་མདོ་ནས་ཡོང་བའི་བྱིས་པ་ཞིག་རེད།
- གཞན་ཚང་མ་དབུས་ན་ཡོད་པའི་བྱིས་པ་རེད།
- མཉམ་དུ་ཡོད་པའི་སྐབས་དེར།
- གཅིག་གཅིག་གིས་སྐད་བརྡ་འཕྲོད་རྒྱུ་མ་རེད།
- སྐད་བརྡ་འཕྲོད་རྒྱུ་མ་རེད།
- དེ་ཡིན་ན་གང་རེད་ཟེར་ན།
- དུས་དེར་ཡང་བསྐྱར།
- ཁྱོད་རང་གིས་ནར་སོན་པའི་རྫི་གླུ་རང་གིས་བླངས་ཏེ།
- མཐིང་མདོག་གི་རྨི་ལམ་རང་གིས་འཐག་དགོས།
- འཐག་ནི་འཐག་འཐག་པའི་འཐག་ཡིན།
- མཐིང་མདོག་གི་རྨི་ལམ་རང་གིས་འཐག་དགོས།
- ནར་སོན་པའི་རྫི་གླུ་རང་གིས་ལེན་དགོས།
- མ་འོངས་པའི་དུས་ཤིག་ལ་གང་རེད་ཟེར་ན།
- འདི་ནི་དབུས་དང་ཨ་མདོ་ཡི་མཛའ་གཞས་ཤིག་རེད།
- འདི་ནི་རྒྱང་རིང་གི་སེམས་ཁུར་ཁྲེག་པོ་དང་།
- བསམ་གཞིག་དེ་རྟོགས་པ་རྒྱང་རིང་ཞིག་ཡིན་པ།
- ཁྱོད་རང་གིས་ག་ལེར་ག་ལེར་ཤེས་ངེས།
- ཅི་ཞིག་ལ་འདི་འདྲ་ཞིག་ཡིན་དགོས་པ་རེད།
- ཨ་མདོ་རྩེད་ར་ན་ཡོད་དུས།
- ཁོ་ཆབ་ཆའི་གསེར་ལྗོངས་རིང་མོ་ཡི།
- ཨ་མདོའི་རྩེད་རོགས་མང་པོ་ཡོད་པའི་ཁྲོད་ནས་།
- ཡིན་གཅིག་མིན་གཉིས་ཕ་མ་ཡི་རྗེས་ལ་སོང་ནས།
- སྐད་བརྡ་མི་འཕྲོད་པའི་ས་ཆ་ཞིག་ལ་བསྐྱལ་ནས་ཅི་བྱེད་ཅེས།
- དེ་འདྲའི་ལེ་བདའ་ཡང་བྱེད་སྲིད་པ་རེད།
- བྱིས་པ་གཉིས་ལ་མཚོན་ན།
- ཆུང་མ་ལ་མཚོན་ན།
- གང་དང་གང་ལ་མཚོན་ནའང་།
- མ་འོངས་པའི་མ་འོངས་པ་ཞིག་ལ་མཚོན་ན་འདི་གང་རེད་ཟེར་ན།
- འདི་གང་རེད་ཟེར་ན་དབུས་དང་ཨ་མདོ་ཡི་མཛའ་གཞས་ཤིག
- རྒྱང་རིང་གི་སེམས་ཁུར་ཁྲེག་པོ་ཞིག་ཅེས་པ།
- ཐག་རིང་ཞིག་ལ་འདང་བརྒྱབ་ནས་བསྡད་དེ།
- ངས་ཀྱང་དེ་ལྟར་བཤད་པ་ཡིན།
- དེ་འདྲའི་སྐད་དང་ཡི་གེ་ཡི་ཕྱོགས་ཀྱི་དཔྱད་རྩོམ་ཟེར་ན་འདྲ།
- རང་གི་ལྟ་ཚུལ་དེ་འདྲ་ཞིག་བྲིས་ནས།
- མཚོ་སྔོན་སློབ་གསོ་ཡི་སྟེང་དུ་ལོ་ཁ་ཤས་ཀྱི་སྔོན་ལ་བཀོད་མྱོང་།
- དེའི་ནང་དུ་ངས་ཕྱོགས་གསུམ་ནས་བཤད་ཡོད།
- བོད་ཀྱི་སྐད་དང་ཡི་གེ་ཡི་ཕྱོགས་ནས།
- ལྷག་པར་ཏུ་སྤྱི་སྐད་ཀྱི་ཕྱོགས་ནས།
- ཕྱོགས་གསུམ་ནས་བཤད་ཡོད།
- ཕྱོགས་གསུམ་ནས་བཤད་ཡོད་པའི་ནང་གི་གཅིག་གང་ཡིན་ཟེར་ན།
- ཡིན་གཅིག་མིན་གཉིས་ང་ཚོས་སྐད་བརྡ་འཕྲོད་དགོས་ན།
- ང་ཚོ་མདོ་དབུས་ཁམས་གསུམ་ཀྱི་སྐད་བརྡ་འདི་གཅིག་གྱུར་ཏུ་འགྲོ་དགོས་ན།
- དེར་གོང་འོག་རིམ་པ་ནས་ཚོགས་འདུ་ཞིག་འཚོགས།
- ཚོགས་འདུ་ཞིག་གི་ཐོག་ནས་མཁས་པ་ལྔ་དྲུག་ཅིག་གིས་གཏམ་ཞིག་བཤད།
- གཏམ་ཞིག་བཤད་ནས།
- དེ་འདྲ་ཙམ་ཞིག་གིས་འདི་གཏན་ནས་འགྲུབ་ཐུབ་པ་ཞིག་མ་རེད།
- སྤྱི་སྐད་ཟེར་བ་འདི།
- མི་གཅིག་གཉིས་ཤིག་གིས་རྩོམ་བྲིས་ནའང་བཟང་གི
- གཏམ་བཤད་ནའང་བཟང་བཟང་བ་རེད།
- མེད་པ་ལ་བསྡུར་ན་བཟང་མོད་ཀྱང་།
- དེ་འདྲ་ཙམ་ཞིག་གིས་འདི་འགྲུབ་མི་ཐུབ།
- འགྲུབ་དཀའ་མོ་རེད།
- དེ་ན་ཡིན་གཅིག་མིན་གཉིས་འགྲུབ་དགོས་པའི་ཐབས་ལམ་གཅིག་གང་རེད་ཟེར་ན།
- ཕན་ཚུན་ལ་འབྲེལ་འདྲིས་བྱེད་དགོས།
- གཅིག་གཅིག་ལ་འབྲེལ་འདྲིས་བྱེད་དགོས།
- ཨོ་ལེད།
- དེང་སང་སྤྱིར་ཡིན་ན་ང་ཚོ་མདོ་སྨད་ས་ཆའི་ཚོང་བ་ཡིན་ན་འདྲ།
- རིག་གནས་ཀྱི་བྱ་བ་བྱེད་མཁན་ཡིན་ན་འདྲ།
- དབུས་གཙང་ས་ཆ་ན་ཅུང་ཙམ་མང་བ་རེད།
- མང་བ་རེད་མོད།
- སྤྱིར་དབུས་གཙང་ས་ཆའི་མི།
- མདོ་སྨད་ས་ཆ་ལ་ཡོང་བའི་སྲོལ་དྲང་མོར་བཤད་ན་དེ་འདྲ་ཡོད་པ་མ་རེད།
- དཔེ་ཞིག་བཞག་ན།
- ན་ནིང་གཞེས་ནིང་གི་སྐབས་དེར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ཡི་ནང་ན།
- དབུས་གཙང་དང་ཡང་ན་ལྷ་སའི་སྐད་ཅེས།
- ལྷ་སའི་སྐད་བཤད་མཁན་གྱི་དགེ་རྒན་ཞིག་མཁོ་འདུག་ཅེས།
- ང་ཚོ་མཐར་ཕྱིན་སློབ་མ་ཡི་ནང་ན་འགྲོ་མཁན་ཨེ་ཡོད་ཅེས་སྐད་ཆ་དྲིས་མོད།
- གཅིག་གིས་ཀྱང་ཁས་མི་ལེན་གི
- གཅིག་གིས་ཀྱང་ཁས་མ་བླངས་ཐལ།
- ཡིན་ཡང་དེར་ཁས་མ་བླངས་པའི་རྒྱུ་མཚན་ཡང་ཡོད་པ་རེད།
- གཅིག་གང་རེད་ཟེར་ན།
- ཁོ་ཚོ་རང་གི་ས་ཆ་རུ་བསྡད་ནའང་ལས་ཀ་རེག་པ་རེད།
- ལས་ཀ་རེག་རྒྱུ་དེ་ལ་འདང་རྒྱག་མེད་ཀི
- དྲང་མོར་བཤད་ན་ཡང་ས་ཆ་ཆ་མེད་ཅིག་ལ་འགྲོ་དགོས་པ་རེད།
- དེ་འདྲ་ཡང་ཡིན་མོད།
- ངས་བལྟས་སོང་ན་སྤྱིར།
- དེ་ཡང་སློབ་གྲྭ་ཆེན་མོ་བ་ཚང་མ་དང་ཞིབ་འཇུག་སློབ་མ་མཐར་ཕྱིན་ནས།
- དབུས་གཙང་ལ་ཡོང་བ་དེའང་ང་བལྟས་ནས་དེ་འདྲ་ཞིག་མ་རེད་བསམ།
- སྤྱིར་དེང་སང་དེ་འདྲ་ཡང་ཡོད་ཀི
- ངས་འདིའི་ནང་ན་བཤད་བཞིན་པ།
- རྒྱང་རིང་གི་སེམས་ཁུར་ཁྲེག་པོ་ཟེར་བའི་རྒྱུ་མཚན་ཡང་གང་རེད་ཟེར་ན།
- དེང་སང་སྤྱིར་ཡར་ལ་ཡོང་ན།
- བོད་ལྗོངས་སློབ་གྲྭ་ཆེན་མོ་རུ་ཨ་མདོ་མི་ཡིས་བཀང་འདུག་ཟེར་བ་འདྲ།
- མ་འོངས་པར་ཨ་མདོ་ཡི་དགེ་རྒན་བསྡུ་རྒྱུ་རེད་ཅེས་པའི་སྐད་ཆ་ཡང་ཅུང་ཟད་འདུག
- འདི་ཧ་ཅང་གིས་བསམ་བློ་གུ་དོག་མོ་ཡི་བསམ་བློ་ཡིན་ཁ་རེད།
- དེ་ལྟར་བྱེད་མི་ཉན་ཁ་རེད།
- རིག་གནས་འདི་ཅུང་ཙམ་ཕར་འདྲེས་ཚུར་འདྲེས་བྱས་ནས།
- དེ་ལྟར་བྱེད་མ་ཐུབ་པར།
- ལྷག་པར་ཏུ་ཕར་འདྲེས་ཚུར་འདྲེས་བྱས་པ་མ་ཟད།
- ཕར་འདྲེས་ཚུར་འདྲེས་ཞོར་ནས་སྐད་དེ་ཕར་འདྲེས་ཚུར་འདྲེས་ཡོང་བ་རེད།
- སྐད་དེ་ཕར་འདྲེས་ཚུར་འདྲེས་ཡོང་བའི་རྗེས་སུ།
- ངས་བཤད་པའི་སྐད་ཆ་ཁྱོད་ཀྱིས་གོ
- ཁྱོད་ཀྱིས་བཤད་པའི་སྐད་ཆ་ངས་གོ
- དེ་ལྟར་བྱས་ན།
- རང་ཤུགས་ཀྱིས་བར་མ་བར་ཞིག་ནས།
- སྤྱི་སྐད་ཅིག་རང་ཤུགས་ཀྱིས་ཆགས་ཡོང་བ་རེད།
- དེར་དུས་ཚོད་ཀྱི་རྒྱུན་རིང་བོ་ཞིག་ཀྱང་འགྲོ་དགོས་པ་རེད།
- དུས་ཚོད་ཀྱི་རྒྱུན་རིང་བོ་ཞིག་འགྲོ་དགོས་པ་རེད།
- དེ་ཡིན་པའི་རྐྱེན་གྱིས་གང་རེད་ཟེར་ན།
- སྤྱིར་དམངས་ཚོགས་ཀྱི་སྟོབས་ཤུགས་ལ་མ་བརྟེན་པར།
- གོང་རིམ་པའི་ཚོགས་འདི་གཅིག་གཉིས་ཤིག་གི་སྟེང་ནས་ཐག་གཅོད་ཐུབ་པ་ཞིག་མ་རེད།
- དེ་ཡིན་པའི་རྐྱེན་གྱིས།
- ཁྱོད་རང་གིས་རྗེས་ནས་ཤེས་རྒྱུ་རེད།
- དུས་དེར་ཡང་ཁྱོད་ལ་དབུས་ཀྱི་ནར་སོན་པའི་རྫི་གླུ་ཞིག་ཡོད།
- ཁྱོད་ལ་དབུས་སུ་མཐིང་མདོག་གི་རྨི་ལམ་ཞིག་ཡོད་ཅེས་བརྗོད་པའི་རྒྱུ་མཚན།
- དེ་འདྲ་ཞིག་གིས་ཅི་ཟེར་དགོས་པ་རེད་ཟེར་ན།
- གཅིག་ནས་རང་གི་བུ་ཆུང་དྲན་པ།
- དེ་རྐྱེན་བྱས་ནས་བསྡད་དེ།
- སྐབས་དེར་ཡང་གང་རེད་ཟེར་ན།
- ས་ཆ་གཉིས་ཏེ་ས་ཁུལ་ཆེན་པོ་གཉིས་བར་གྱི།
- རང་གི་བསམ་ཚུལ་དང་དེའི་སེམས་ཀྱི་འགྱུར་བ་ལ་སོགས་པ།
- དེ་འདྲ་ཞིག་ཀྱང་རགས་བསྡུས་ཤིག་འབྲི་ཁ་བྱས་པ་རེད།
- སྙན་ངག་ཡག་པོ་ཞིག་མ་རེད་མོད།
- ཡང་སྐབས་དེར་མཚོན་ན་རང་གི།
- ལ་ལ་དེ་འདྲ་ཞིག་ཡིན།
- སྙན་ངག་དེ།
- སེམས་ལ་དེ་འདྲ་ཞིག་དྲན་དྲན་ནས།
- བྲིས་ཚར་བའི་རྗེས་སུ།
- ཧ་ཅང་གིས་སེམས་དེ་སྤྲོ་སྣང་གིས་ཁེངས་རྒྱུ་དེ་འདྲ་ཡང་ཡོད།
- སེམས་ཁོང་དུ་ཆུད།
- ཡིད་མུག་པ་ཡི་སྐབས་དེའི་སྐབས་ལ།
- དེ་འདྲའི་སྙན་ངག་ཅིག་བྲིས་ན།
- རང་གིས་བཤད་འདོད་པའི་སྐད་ཆ་ཞིག་བཤད་ཚར་བའི་རྗེས་སུ།
- ཧ་ཅང་གིས་རང་གི་སེམས་ནས་དབུགས་ཤིག་བླངས་ཏེ་ངལ་གསོ་ཞིག་བྱས།
- སེམས་དེ་ཧ་ཅང་གིས་དྭངས་མོར་གྱུར་བ་འདྲ།
- དེ་འདྲ་ཡང་ཡོད་པ་རེད།
- དེ་ཡིན་པའི་རྐྱེན་གྱིས།
- རང་གི་ཉམས་མྱོང་གི་ཆ་ནས་བཤད་ན།
- དེ་འདྲའི་སྣང་ཚུལ་ཡང་ཡོད་པ་རེད།
- ཁྱོད་ཚོར་མཚོན་ནའང་དེ་འདྲ་ཡིན་རྒྱུ་རེད་བསམ།
- དེ་གཅིག་རེད།
- དེ་མིན་གང་རེད་ཟེར་ན།
- རྩོམ་རིག་དང་སེམས་ཁམས་ཞེས་བཤད་ཡོང་ན།
- སྤྱིར་གང་རེད་ཟེར་ན་རྒྱ་ཆེ་བ་རེད།
- ཧ་ཅང་གིས་རྒྱ་ཆེ་བའི་ནང་དོན་ཞིག་རེད་མོད།
- ད་ལྟ་ང་ཚོར་དུས་ཚོད་ཀྱིས་ཀྱང་མི་འདང་མོད།
- དུས་ཚོད་ཁ་ཤས་ཤིག་གི་ནང་དུ་བཤད་ཡོང་ན།
- ཆ་ཚང་བ་ཞིག་བཤད་རྒྱུ་ཧ་ཅང་གིས་དཀའ་ཁ་རེད།
- དེ་ཡིན་ན་དཔེ་ཁ་ཤས་དང་འབྲེལ་ནས།
- རང་གི་ཉམས་མྱོང་ཅུང་ཙམ་འབྲེལ་ནས།
- ཁྱོད་ཚོར་དེ་འདྲའི་ངོ་སྤྲོད་ཉུང་ཙམ་ཞིག་བྱས་པ་ཡིན།
- སྤྱིར་དེ་འདྲ་ཞིག་ཡིན།
- དེ་ཡིན་པའི་རྗེས་ནས་གང་རེད་ཟེར་ན།
- ད་ཐེངས་དྲང་མོར་བཤད་ན་སྤྱིར་གྲ་སྒྲིག་ཆེན་པོ་ཞིག་ཀྱང་མེད།
- གྲ་སྒྲིག་ཆེན་པོ་ཞིག་ཀྱང་མེད།
- གཉིས་ནས་དྲང་མོར་བཤད་ན་ལྷ་ས་ནས་མར་ཡོང་།
- དེ་ནས་ཡུལ་གཉིས་ལ་སྐོར་བ་ཞིག་བརྒྱབ།
- ཕ་མ་ཚང་མ་ལ་སྐོར་བ་ཞིག་བྱས།
- སྤྱིར་གྲ་སྒྲིག་ཡག་པོ་ཞིག་བྱེད་ཁོམ་ཡང་མ་བྱུང་ཐལ།
- དེ་ཡིན་པའི་རྐྱེན་གྱིས།
- དེ་རིང་ངས་ཅི་ཟེར་དགོས་པ་རེད།
- འཆད་ཁྲིད་ཟེར་ན་ཡང་མ་རེད།
- ཁ་བརྡ་ཞིག་བྱས་པ།
- འདི་ཁྱོད་ཚོ་ལ་མཚོན་ན་ཡིད་ཚིམ་ཞིག་ཡོང་ཡོད་རྒྱུ་མ་རེད།
- དེ་ལ་ཚང་མས་དགོངས་དག་ཅིག་གནང་རྒྱུ་དེ་གཅིག་ཡིན།
- དེ་ལས་གཞན་གང་ཡིན་ཟེར་ན།
- ང་ཚོས་བྱ་བ་འདི་འདྲ་ཞིག་སྒྲུབ་པ་རེད།
- འདི་འདྲ་ཞིག་གི་མགོ་བརྩམས་པ་རེད།
- གསབ་སྦྱོང་འཛིན་གྲྭ་འདི་འདྲ་ཞིག་ཚོགས་ན།
- གསོ་སྦྱོང་འཛིན་གྲྭ་འདི་འདྲ་ཞིག་ཚོགས་ན།
- འདི་ང་རང་གི་ལྟ་ཚུལ་ཡིན་ན་ཧ་ཅང་གིས་དཀར་པོ་དགེ་བའི་བྱ་བ་ཞིག་རེད།
- དཀར་པོ་དགེ་བའི་བྱ་བ་ཞིག་རེད།
- དྲང་མོར་བཤད་ན།
- འདི་ལ་ཕུན་སུམ་ཚོགས་པའི་འབྲས་བུ་ཞིག་སྨིན་ཐུབ་རྒྱུ་དང་།
- འབྲས་བུ་དེ་ཆུད་ཟོས་སུ་མི་འགྲོ་བའི།
- འདི་ཧ་ཅང་གིས་ཚང་མའི་རེ་བའང་དེ་ཡིན་རྒྱུ་རེད།
- མཇུག་མཐར་ང་རང་གི་བསམ་ཚུལ་ཡིན་ནའང་དེ་རེད།
- ང་ཚོར་དེ་འདྲའི་བཤད་ཚུལ་ཞིག་ཡོད་པ།
- འདི་ཚང་མས་ཤེས་པ་ཞིག་རེད།
- གང་རེད་ཟེར་ན།
- རིག་པ་ནངས་བར་འཆི་ཡང་སློབས།
- ང་ཚོ་བོད་ལ་དེ་འདྲའི་ལེགས་བཤད་ཡོད་པ་རེད།
- རིག་པ་གཞོན་པའི་དུས་ན་སློབས།
- དེ་ཡིན་པའི་རྐྱེན་གྱིས་གང་རེད་ཟེར་ན།
- རིག་པ་གཞོན་པའི་དུས་ན་སློབ་རྒྱུ་འདི་ཧ་ཅང་གིས་གལ་ཆེ་བ་དེ་འདྲ་ཞིག་རེད།
- རིག་པ་གཞོན་པའི་དུས་ན་སློབ་རྒྱུ་དང་།
- རིག་པ་ནངས་བར་འཆི་ཡང་སློབས་ཞེས་པ།
- འདིའི་སྟེང་ནས་དུས་ཚོད་ཀྱི་འདུ་ཤེས་ཤིག་དང་།
- སློབ་སྦྱོང་གི་རྣམ་འགྱུར་ཞིག་དང་སྙིང་སྟོབས་ཤིག་ཀྱང་།
- འདིས་ཞོར་དུ་སྟོན་བཞིན་པ་དེ་འདྲ་ཞིག་རེད།
- དེ་ཡིན་པའི་རྐྱེན་གྱིས་འདི་ཚང་མ།
- མཁས་པའི་རྒྱན་ནི་ལེགས་བཤད་ཡིན།
- ལེགས་བཤད་འདི་ཚང་མ་སེམས་ལ་བཟུང་ནས།
- ང་ཚོས་རིག་པ་འདི་ཡག་པོ་ཞིག་སྦྱངས་བ་ཡིན་ན།
- མཁས་པ་ཡི་རྒྱན་རེད།
- འདི་གང་རེད་ཟེར་ན་ལེགས་བཤད་ལས་ཡོང་བ།
- གཅིག་དེ་རེད།
- དེ་ནས་གང་རེད་ཟེར་ན།
- སྤྱིར་མཁས་པ་ཡི་ཁྱད་ཆོས་གང་རེད་ཟེར་ན་བདེན་ལུགས་འཚོལ་བ།
- ངས་འདི་ལྟར་བལྟས་སོང་ན།
- མཁས་པ་ཞིག་ཡིན་དགོས་ན།
- སྤྱིར་ཡོན་ཏན་དེ་ཡོད་ཏན་རེད།
- ཡོན་ཏན་ཡོད་པས་སྟོབས་ཀྱིས་རང་གཤིས་མེད་པར།
- བདེན་ལུགས་འཚོལ་རྒྱུ་དེ་མཁས་པའི་ཁྱད་ཆོས་ལ་བཞག་ན་འགྲིག་གི་བསམ།
- བདེན་ལུགས་འཚོལ་བ།
- དོན་དག་ངོ་མ་དེ་བཙལ་རྒྱུ།
- དེ་ཡིན་པའི་རྐྱེན་གྱིས།
- ངས་སོང་སོང་ནས་འདང་ཅི་ལྟར་བརྒྱབ་ན།
- གང་རེད་ཟེར་ན་བདེན་ལུགས་འཚོལ་རྒྱུ་དེ་མཁས་པའི་ཁྱད་ཆོས་རེད་བསམ།
- ཡིན་མོད།
- འཆད་རྩོད་རྩོམ་གསུམ་མཁས་པའི་
- མཁས་པའི་བྱ་བ་རྣམ་གསུམ་ནི་འཆད་རྩོད་རྩོམ་གསུམ་ཡིན་ཞེས་བཤད་མོད།
- དེ་ཡང་ནོར་ཡོད་པ་མ་རེད།
- དེ་གཉིས་འགལ་བ་མ་རེད།
- སྐད་ཆ་དེ་གཉིས་འགལ་བ་མ་རེད།
- གང་རེད་ཟེར་ན།
- འཆད་པ་ཡིན་ན་རེད།
- རྩོད་པ་ཡིན་ན་རེད་རྩོམ་པ་ཡིན་ན་རེད།
- འདི་ཚང་མ་ཡང་བདེན་ལུགས་ལྟར་དུ་འགྲོ་དགོས་པ་རེད།
- སྐད་ཆ་ཞིག་བཤད་ནའང་བདེན་ལུགས་བཤད་བཞིན་ཡོད།
- རྩོད་པ་ཞིག་བྱས་ནའང་བདེན་ལུགས་ཀྱི་སྒོ་ནས་རྩོད་དགོས།
- རྩོམ་ཞིག་འབྲི་ནའང་བདེན་ལུགས་ཀྱི་སྒོ་ནས་རྩོམ་འདི་རྩོམ་པ།
- འདི་ནི་མཁས་པའི་ཁྱད་ཆོས་ཡིན་རྒྱུ་རེད་བསམ།
- དེ་ཡིན་པའི་རྐྱེན་གྱིས་གང་རེད་ཟེར་ན།
- ཁྱོད་ཚོར་ད་དུང་དྲང་མོར་བཤད་ན།
- སློབ་སྦྱོང་བྱེད་པའི་གོ་སྐབས་ཧ་ཅང་གིས་མང་རྒྱུ་རེད།
- ད་དུང་ཁ་ཤས་ཤིག་སློབ་གྲྭ་ཆེན་མོ་འཐར་ཡང་ཕྱིན་མེད་པས།
- དེ་ཡིན་པའི་རྐྱེན་གྱིས།
- རིག་པ་གཞོན་པའི་དུས་ན་སློབ་ཅེས་པ་དེ་ནོར་ཡོད་པ་མ་རེད།
- གཏན་ནས་ནོར་ཡོད་པ་མ་རེད།
- དྲང་མོར་བཤད་ན་ལོ་སུམ་ཅུ་དང་བཞི་བཅུ་ལ་ཐོན་ཚེ།
- དྲང་མོར་བཤད་ན་རིག་པ་ཞིག་སྦྱང་འདོད་ཡོད་ཀྱང་།
- དྲང་མོར་བཤད་ན་ཕྱོགས་གང་ཐད་ནས་ཅུང་ཙམ་མི་འཁྱོངས་བ།
- དེ་འདྲ་ཞིག་རེད།
- ལོ་ཉི་ཤུ་ཡི་ནང་དུ་ཧ་ཅང་རིག་པ་གསལ་བའི་དུས་སུ།
- ཅུང་ཙམ་སྦྱངས་རྒྱུ།
- འདི་ཅུང་ཙམ་གལ་ཆེ་བ་རེད།
- དེའི་ཕན་ཆད་ནས་གང་རེད་ཟེར་ན།
- རྩོམ་ཞིག་བྲིས་ནའང་།
- ཚང་མའི་སེམས་ཤུགས་དེ་མི་ཉམས་རྒྱུ་ནི་གལ་ཆེན་རེད།
- སེམས་ཤུགས་དེ་མི་ཉམས་རྒྱུ་ནི་གལ་ཆེན་རེད།
- དེའི་སྐོར་ནས་ན་ནིང་ང་ཚོ་དེ་རུ་འཛོམས་དུས་ཀྱང་ངས་ཅུང་ཙམ་བཤད་པ་ཡིན།
- བྱམས་བུད་མེད་རྩོམ་རིག་ཚོགས་འདུ་ཡི་སྟེང་ནས་ཀྱང་ངས་ཅུང་ཙམ་བཤད་པ་ཡིན།
- ང་ཚོར་དུས་ཚོད་ཡོད་ན།
- འདིའི་ནང་ན་ཧ་ཅང་ལེགས་པོ་ཞིག་མེད་ཀྱང་ངས་སྐད་ཆ་གཅིག་གཉིས་ཤིག་བཤད་ཡོད།
- དེ་རེད་་་དེ་ཡིན་ན།
- དེ་གཅིག་ཡིན།
- དེ་ནས་གང་རེད་ཟེར་ན།
- ཁོ་མི་དཀྱུས་མ་ཞིག་རེད་ད་དུང་བུད་མེད་ཅིག་རེད་ཅེས།
- དེ་འདྲའི་སེམས་ཀྱི་དཔའ་ཞུམ་ནས་དེ་ལྟར་མ་བསྡད་པར།
- དེ་སྤྱིར་ང་ཚོས་ལོ་རྒྱུས་ཀྱི་ནང་དུ་བལྟས་སོང་ནའང།
- སྤྱིར་མཛངས་མ་ཡི་རྩོམ་པ་པོ་ཞིག་ཡིན་ན་ཆོག་གི
- སྤྱིར་མཛངས་མའི་སྣང་བརྙན་ཧ་ཅང་གིས་མང་གི
- ལྷག་པར་ཏུ་གང་རེད་ཟེར་ན།
- འདི་ཚང་མ་མྱང་ཚ་སྐར་རྒྱན་ཟེར་བ་འདྲ་འདྲ།
- ཇོག་རོ་བཟའ་ཟེར་བ་འདྲ་འདྲ།
- མ་ཅིག་ལབ་སྒྲོན་ཟེར་བ་འདྲ་འདྲ།
- མཁའ་འགྲོ་ཡི་ཤེས་འཚོ་བརྒྱད་ཟེར་བ་འདྲ་འདྲ།
- འདི་ཚང་མ་སྤྱིར་བཏང་གིས་གོ་གནས་དེ་འདྲ་རེད་མོད།
- ལྷག་པར་ཏུ་ངས་བལྟས་ནས་སོང་ན།
- ང་ཚོའི་ལོ་རྒྱུས་ཡིག་ཚང་གི་སྔོན་མ་ཡི་ནང་གི་བུད་མེད་ཀྱི་སྣང་བརྙན་དེ།
- གཅིག་གཉིས་ཤིག་ལ་ངས་སྔོན་མ་ནས་འདང་བརྒྱབ་མྱོང་།
- པུ་དེ་གུང་རྒྱལ་གྱི་སྐབས་སུ།
- གྲི་གུམ་བཙན་པོ།
- སྟོད་ཀྱི་སྟེང་གཉིས་ཀྱི་སྐབས་དེར།
- བུད་མེད་མཛངས་མ།
- བུད་མེད་མཛངས་མ་ཡི།
- དེ་འདྲའི་ནང་ནས་གཅིག་གཉིས་ཤིག
- གྲགས་ཀྱི་བུ་མོ་ཞེས་པ་ཞིག་དང།
- ཁྱོད་མི་ཆེ་བུ་མོ་ཞེས་དེ་འདྲ་འགའ་ཞིག་ཡོད་ཐལ།
- ཨོ་ལེད་་་ཁྱོད་ཚོས་རྗེས་ནས་མཉམ་ཞོག་དང་།
- པུ་དེ་གུང་རྒྱལ་དང་གྲི་གུམ་བཙན་པོའི་སྐབས་དང་བར་དེར།
- ཏུན་ཧོང་གཏེར་ཡིག་རེད།
- གཙོ་བོ་ཡིན་ན་ཏུན་ཧོང་གཏེར་ཡིག་གི་ནང་དུ།
- མཛངས་མ་ཟེར་རྒྱུ་དང་།
- མཛངས་མ་ཡི་སྣང་བརྙན་ཧ་ཅང་མང་པོ་ཡོད་ཐལ།
- དེ་ཡིན་པའི་རྐྱེན་གྱིས་གང་རེད་ཟེར་ན།
- འདི་ཅན་པོ་ཅུང་ཙམ་སྔོག་འདོན་བྱེད་རྒྱུ།
- དེར་དཔེ་བལྟ་རྒྱུ།
- དེ་ལྟར་བྱས་ནས་གང་རེད་ཟེར་ན་རང་གིས།
- ངས་གོང་ནས་ཁྱོད་ཚོར་བཤད་པ་དེ་རེད།
- རང་ལན་རང་གིས་འཚོལ་རྒྱུ།
- རང་གིས་ཁྱད་ཆོས་དང་ལྡན་པའི་ལམ་བུ་ཞིག་འཚོལ་རྒྱུ་དེ་ཧ་ཅང་གལ་ཆེ་བ་དེ་འདྲ་ཞིག་རེད།
- དེ་ལྟར་བྱེད་དགོས་ན་གང་རེད་ཟེར་ན།
- གཅིག་ནས་གང་རེད་ཟེར་ན།
- མཐུན་རྐྱེན་དེ་ཧ་ཅང་གིས།
- ང་ཚོས་རྒྱུ་རྐྱེན་རྒྱུ་རྐྱེན་ཟེར་བ།
- ཉེར་ལེན་གྱི་རྒྱུ་དང་ལྷན་ཅིག་བྱེད་རྐྱེན་ཞེས་ཚད་མ་ཡི་ནང་དུ་དེ་ལྟར་བཤད་པ་རེད།
- དེ་རྒྱུ་རྐྱེན་གྱིས་འགྲོ་དགོས་པ་རེད།
- དེ་ཡིན་པའི་རྐྱེན་གྱིས་གང་རེད་ཟེར་ན།
- ཧ་ཅང་གིས་དེ་ནོར་མི་ཉན།
- ཨོ་ལེད་་་མཐུན་རྐྱེན་དེ་ཧ་ཅང་གིས་གལ་ཆེ་བ་རེད།
- མཐུན་རྐྱེན་ཡག་པོ་ཞིག་དང་གོ་སྐབས་ཡག་པོ་ཞིག་བཙལ་ནས།
- ཅི་ཟེར་དགོས་པ་རེད།
- རྩོམ་འབྲི་བ་ཡིན་ན་ཆོག་གི
- རྩོམ་ཡིན་ན་མུ་མཐུད་དུ་བྲིས་ནས།
- སེམས་ཤུགས་མ་ཉམས་པར།
- ལྷོ་རིའི་འགྱུར་ཁུགས།
- ལྷོ་རིའི་འགྱུར་ཁུགས་ཀྱི་ནང་དུ་ངས་སྐད་ཆ་གཅིག་དེ་ལྟར་བཤད་པ་ཡིན།
- དེ་གང་རེ་ཟེར་ན།
- སྤྱིར་མདོ་སྨད་ཁུལ་ཡིན་ན་འདྲ།
- དབུས་གཙང་ཁུལ་ཡིན་ན་འདྲ།
- སློབ་མ་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་གང་རེད་ཟེར་ན
- སློབ་གྲྭ་ན་ཡོད་པའི་སྐབས་དེར།
- ཅུང་ཙམ་རྩོམ་འབྲི་བ་ལ་དགའ་བ།
- ཅུང་ཙམ་ངར་ཤུགས་ཀྱང་ཡོད་པ་དེ་འདྲ་ཞིག་རེད།
- དེའི་རྗེས་སུ་སྤྱི་ཚོགས་སྟེང་དུ་འགྲོ་དུས་གང་རེད་ཟེར་ན།
- རིམ་གྱིས་རིམ་གྱིས་གང་རེད་ཟེར་ན།
- སྨྱུག་གུ་ཡང་མཚམས་བཞག་ནས།
- དཔེ་ཆ་ལ་སོགས་པ་ཡང་མཚམས་བཞག་ནས།
- དེར་ཁག་མེད་ཀི
- སྤྱི་ཚོགས་དང་ཁོར་ཡུག་གི་དབང་གིས།
- ཁྱིམ་ཚང་ལ་སོགས་འདི་འདྲ་ཡང་རེད་མོད།
- ཁ་ཅིག་དེང་སང་ད་དུང་འདི་ནས།
- དེང་སང་གནངས་ཀ་འཆི་མེད་ཟེར་བ་འདྲ།
- བདེ་སྐྱིད་སྒྲོལ་མ་ཟེར་བ་འདྲ།
- ལྷ་ས་ན་ཡོད་པའི་དཔལ་མོ་ལྟ་བུ་ཡིན་རྒྱུ་ན།
- སྤྱིར་ཇེ་ཉུང་ལ་སོང་ཡོད་མོད།
- ད་དུང་མཚམས་ཆད་མེད་པ་དེ་འདྲ་ཞིག་རེད།
- ངས་དེར་བཅར་འདྲི་ཞིག་བྱས་ཡོད།
- དེ་ད་དུང་དུས་དེབ་གཞན་གྱི་སྟེང་དུ་བཀོད་མེད་མོད།
- བཅར་འདྲི་དེའི་ནང་ནས།
- ཧ་ལས་པའི་སེམས་ཤུགས་ཆེན་པོ་ཞིག་ཡོད་ཁ་རེད།
- ངས་འདི་ལྟར་བལྟས་ནས་སོང་ན།
- དེ་ལ་མ་འོངས་པར་ཁྱོད་ཚོས་དོ་སྣང་ཞིག་བྱེད་ཐུབ་ན།
- ཁྱོད་ཚོས་དོ་སྣང་བྱོས་དང་།
- ལྷག་པར་ཏུ་རྗེས་ནས་དབུས་གཙང་ལ་ཡོང་ན།
- འབྲེལ་འདྲིས་བྱེད་ཐུབ་ན་འབྲེལ་འདྲིས་བྱོས་དང་།
- དང་ངས་ཁོ་ལ་འབྲེལ་བ་བྱས།
- ང་ཚོ་སྔོན་མ་ནས་ངོ་ཤེས་ཡིན།
- ངོ་ཤེས་ཡིན་པས་ངས་ཁོ་ལ།
- དེ་འདྲའི་བཅར་འདྲི་ཡི་སྐོར་ལ་ཁྱོད་ཀྱིས་ང་ལ་དང་ལེན་བྱེད་དགོས་ཞེས།
- གཏན་ནས་ང་ལ་དེ་ཁས་མ་བླངས་པ་རེད།
- གཏན་ནས་ཁས་མ་བླངས་པ་རེད།
- གཏན་ནས་ཁས་མ་བླངས་པའི་རྒྱུ་མཚན་ཡང་གང་རེད་ཟེར་ན།
- ཁོ་བོས་དེང་སང་གནངས་ཀ་ཆེན་པོ་ཞིག་འབྲི་བཞིན་མེད།
- དེ་བས་ཁོ་ལ་བཤད་རྒྱུ་ཡང་ཆེན་པོ་ཞིག་མེད།
- ཁོར་མ་དྲིས་ན་ཡང་ཆོག་གི་ཟེར།
- དེ་ལྟར་བྱེད་མི་ཉན་གི
- ཁྱོད་དངོས་ནས་བཀའ་དྲིན་ཆེ།
- དེ་གཅིག་གང་ཡིན་ཟེར་ན།
- བོད་ཀྱི་རྩོམ་རིག་རྒྱུ་རྩལ་གྱི་སྟེང་གི།
- སྙན་ངག་དང་ལྷག་པར་ཏུ་རང་མོས་སྙན་ངག
- ལྷུག་རྩོམ་འདིའི་རྩོམ་ཁུངས་མང་ཆེ་བ་ཞིག
- མདོ་སྨད་ས་ཆ་ཡི་ན་གཞོན་རྩོམ་པ་པོ་དག་དག་རེད།
- དེ་ཡིན་ན་དེའི་རྩོམ་སྒྲིག་འགན་ཁུར་བ་དཔལ་ལྷ་རེད།
- དེ་ཡིན་པའི་རྐྱེན་གྱིས།
- དྲང་མོར་བཤད་ན།
- གནའ་བོའི་ཅོང་རྙིང་ཡང་ཐོག་དང་པོ་ཕལ་ཆེར།
- བོད་ཀྱི་རྩོམ་རིག་རྒྱུ་རྩལ་གྱི་སྟེང་དུ་བཀོད་པ་ཡིན་ཁ་རེད།
- ༡༩༨༧ལོ་ཡིན་ཁ་རེད།
- དཔལ་རྩེ་ཡི་གནའ་བོའི་ཅོང་རྙིང་།
- དེའི་རྗེས་སུ།
- ལྗང་བུ་ཡི་གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས་ཞེས་པ་དེ།
- ༡༩༨༧ལོར་བོད་ཀྱི་རྩོམ་རིག་རྒྱུ་རྩལ་ནང་དུ་བཀོད་པ་རེད།
- འདི་ལྟ་བུ་བོད་ཀྱི་སྙན་ངག་གི་སྟེང་གི
- དོན་གྲུབ་རྒྱལ་གྱི་རྗེས་སུ།
- དྲང་མོར་བཤད་ན་རང་མོས་སྙན་ངག་གི་སྟེང་གི
- ཅུང་ཙམ་ངོམ་ཆོག་པའི་བརྩམས་ཆོས་རེད།
- དེ་ཡིན་ན་འདི་ཚང་མ་ཆུད་ཟོས་སུ་མི་འགྲོ་བ་ཡང་དྲང་མོར་བཤད་ན།
- དུས་ཚོད་སྔོན་ལ་གཏོང་ཐུབ་པ་དང་།
- ཕལ་ཆེར་དཔལ་ལྷ་ལ་འབྲེལ་བ་ཡོད་རྒྱུ་རེད་བསམ།
- ངས་འདང་བརྒྱབ་ན།
- དེའི་རྐྱེན་གྱིས་ཁོ་ལ་དེ་འདྲའི་བསམ་བློ་ཞིག་མེད་ན།
- དེ་ཚང་མ་འཇོག་ཐུབ་རྒྱུ་མ་རེད།
- འཇོག་རྒྱུ་ཡང་མ་རེད།
- དེ་ཁྱོད་ཚོ་ཤེས་པ་རེད།
- ཁ་སང་དེ་རིང་ཁྱོད་ཚོ་རྩོམ་སྐུར་རུ་སོང་ན།
- ༢༠༠༩ཡི་དེབ་གསུམ་པ་ནས་བཟུང་སྟེ།
- ད་ལྟའི་བར་དུ་ང་ཁོ་ཚོར་རོགས་ཤིག་བྱས་ནས།
- ཞུ་དག་ཅིག་བྱེད་དགོས་ཞེས།
- སྤྱི་ཚོགས་ཀྱི་ནང་ན་ཅུང་ཙམ་མེད་ཀི
- ཁོ་ཚོ་ཡི་ཞུ་དག་དང་པོ་དང་ཞུ་དག་གཉིས་པ།
- ཞུ་དག་གསུམ་པ་བྱས་ཚར་བའི་རྗེས་སུ་ང་ལ་སྤྲད་ནས།
- ངས་ཞུ་དག་ཅིག་བྱས་རྗེས་ཁོ་ཚོར་སྤྲད་པ་དེ་འདྲ་ཞིག་རེད།
- ཡིན་ཡང་ངས་ཞུ་དག་བྱེད་དུས་ནང་དོན་ལ་ངས་ཐེ་གཏོགས་གཅིག་ཀྱང་བྱེད་རྒྱུ་མ་རེད།
- ངས་གཙོ་བོ་དག་ཆ་ལ་བལྟ་རྒྱུ་རེད།
- ཨོ་ལེད་་་དག་ཆ་ལ་བལྟ་རྒྱུ་རེད།
- དེའི་ནང་དོན་ལ་བལྟ་མཁན་རྩོམ་སྒྲིག་པ་ཁོ་ཚོ་རེད།
- ཡིན་ཡང་ང་ཚིག་གི་དག་ཆ་དེར་བལྟ་མཁན་རེད།
- དེ་ཡིན་པའི་རྐྱེན་གྱིས།
- དེའི་རྗེས་སུ་དག་ཆ་ཡི་སྟེང་ནས་ཇེ་ཡག་ལ་བུད་ཡོང་།
- དེ་ནས་ང་པེ་ཅིན་ལ་སོང་རྗེས་དེ་སྒྲུབ་མ་ཐུབ་པ་རེད།
- གང་ལྟར་ཀྱང་ངས་འདི་ལྟར་བལྟས་ནས་སོང་ན།
- དཔལ་ལྷ་ལྟ་བུ་ལ་མཚོན་རྒྱུ་ན་ཧ་ཅང་གིས།
- དུས་ཚོད་ཀྱི་སྟེང་ནས་ཀྱང་ཅུང་ཙམ་ཞིག་
- ལྷག་པར་ཏུ་རྩོམ་རིག་གི་རྩོམ་སྒྲིག་པ།
- རྩོམ་སྒྲིག་པ་ཡི་ནང་ན་སྣ་མང་པོ་ཞིག་ཡོད་པ་རེད།
- རེད་ལ།
- རྩོམ་སྒྲིག་པ་ཟེར་བ་སྤྱི་ཡི་སྐད་ཆ་ཞིག་རེད།
- རྩོམ་རིག་རྩོམ་སྒྲིག་པ།
- སྦྲང་ཆར་ལྟ་བུ་ཞིག་ཡིན་རྒྱུ་ན།
- རྩོམ་རིག་གི་རྩོམ་སྒྲིག་པ་རེད།
- དེ་ཡིན་པའི་རྐྱེན་གྱིས།
- རྩོམ་རིག་རྩོམ་སྒྲིག་པ་ཡི་ནང་གི
- ཕལ་ཆེར་ཨང་དང་པོ་ཞེས་བཤད་ནའང་མི་ཆོག་རྒྱུ་ཨེ་ཡོད་བསམ་པའི།
- དཔལ་ལྷ་ལྟ་བུ་ལ་མཚོན་རྒྱུ་ན།
- དེ་བཅར་འདྲི་ཡི་ནང་ན་ཡང་དེ་ལྟར་ཡོད།
- དེ་ཡིན་པའི་རྐྱེན་གྱིས།
- ཧ་ཅང་གིས་སེམས་ཤུགས་ཡོད་པ་དེ་འདྲ་ཞིག་རེད།
- དེ་ཡིན་པའི་རྐྱེན་གྱིས།
- འདི་ཞོར་གྱི་སྐད་ཆ་ཡང་ཡིན།
- དེ་གཅིག་ཡིན་དེ་ལས་གཞན།
- མ་འོངས་པར་ཅུང་ཙམ་ཐུབ་ན།
- དེ་ཉིན་དེར།
- ཟླ་བ་བདུན་པ་ཡི་ཚོགས་འདུ་ཡི་སྐབས་ལ།
- འཆི་མེད་ལ་སྐད་ཆ་དེ་འདྲ་ཞིག
- པདྨ་མཚོ་ལ་ཡང་བཤད་པ་ཡིན།
- རྗེས་མར་ང་ལ་དེ་འདྲའི་བསམ་ཚུལ་ཞིག་ཡོད།
- བོད་ཀྱི་སྐྱེས་མ་རྩོམ་པ་པོ་ཡི།
- བརྩམས་ཆོས་ཀྱི་སྐོར་ལ་ཞིབ་འཇུག་ཟེར་ན་ཆོག་གི
- དེར་ཞིབ་འཇུག་བྱེད་རྒྱུ།
- ཚང་མ་ལ་བྱས་ན་མི་ཐུབ་མོད།
- དཔེ་མཚོན་རང་བཞིན་ཅན་གྱི།
- མདོ་དབུས་ཁམས་གསུམ་དཔེ་མཚོན་ཅན་དེ་འདྲ།
- འགའ་རེ་ཆེད་དུ་བཟུང་ནས།
- དུས་ཚོད་ཀྱི་སྒོ་ནས་ཡང་།
- ཅི་ཟེར་དགོས་པ་རེད་ཟེར་ན་ཆེ་འབྲིང་ཆུང་གསུམ་ཟེར་ན་ཆོག་གི
- ལོ་ཡི་སྟེང་ནས་ཀྱང་ཆེ་འབྲིང་ཆུང་གསུམ་རིམ་པ་བཞིན་ཡོང་ནས།
- ཅུང་ཙམ་བརྩམས་ཆོས་ལ་ཞིབ་འཇུག་བྱས་ནས།
- དེང་སང་བརྩམས་ཆོས་ཕྱོགས་བསྒྲིགས་བཟོ་བ་ཅུང་ཙམ་མང་གི
- ཞོགས་དུང་ལ་སོགས་པ་བྱུང་བ་རེད།
- རེད་ལ།
- ཞོགས་དུང་ལ་སོགས་པ་ཡོད་པ་མ་ཟད་ད་དུང་།
- གཞན་པ་ཡང་བྱུང་གིན་ཡོད་མོད།
- ཡིན་ན་ཡང་ཅུང་ཙམ་ཞིབ་འཇུག་བྱེད་པ།
- སྐྱེས་མ་ཡི།
- ཕྱི་རྒྱལ་ན་དེ་འདྲ་ཅུང་ཙམ་ཡོད་ཁ་རེད།
- ང་ཚོ་ནང་གི་ཞིབ་འཇུག་བྱེད་མཁན།
- རྩོམ་པ་པོ་ཚང་མ་ཡིས་དེའི་སྐོར་ནས་ཅུང་ཙམ་ཞིག
- གངས་རིའི་བུ་མོ་ཡི་སྟེང་ན་འདི་འདྲ་ཡོད་པ་མ་གཏོགས།
- གཞན་ན་སྤྱིར་བཏང་གིས་དེ་འདྲ་ཉུང་ཁ་རེད།
- རྗེས་ནས་དུས་ཚོད་ཀྱིས་ཐུབ་ན།
- ངས་དེ་འདྲ་ཞིག་ལས་རྒྱུའི་འཆར་གཞི་ཡིན།
- དེ་ཡིན་ན་རྗེས་མར་ཁྱོད་ཚོས་ཀྱང་དེའི་ཕྱོགས་ལ་རྒྱབ་སྐྱོར་བྱེད་རྒྱུ།
- རྒྱུ་ཆ་ལ་སོགས་པ་འཚོལ་བསྡུ་བྱེད་རྒྱུ།
- དེ་ཡང་ཅུང་ཙམ་གལ་ཆེན་རེད།
- དེ་ཡིན་ན་དེ་ང་རང་གི་བསམ་ཚུལ་གཅིག་ཡིན།
- བསམ་ཚུལ་གཅིག་ཡིན།