27 Mar 2013
29 min 40 sec
Video Overview
Creators:
Gangri Pumo, Drangchar
This is the fifth part of a lecture by Professor Dongrub Tsering at the First Young Tibetan Women's Literature Training in Trika, Qinghai Province.
- Triga
- དེ་གཅིག་རེད། དེ་ནས།
- མ་རེད་འདི་མ་གཞི་ནས།
- རྒྱ་ནང་ཡིན་ནའང་དེ་རེད།
- ཁོ་ཚོ་ཡིན་རྒྱུ་ན་ཡང་།
- དཔེ་བཞག་ན་ཀུའུ་ཁྲིན་ལྟ་བུ་དང་ཧད་ཚིས་ལྟ་བུ་ཡི་སྐབས་དེར།
- དེ་གང་རེད་ཟེར་ན་ཁོ་ཚོ་ཡང་།
- རྒྱའི་སྐབས་དེ་ཡི་朦胧诗ཞེས།
- རབ་རིམ་གྱི་སྙན་ངག་འབྲི་དུས་ཀྱི་སྐབས་དེའི་རྣམ་པ་དེ་འདྲ་ཞིག་རེད།
- དེ་ཡིན་པའི་རྐྱེན་གྱིས་སྤྱིར་ང་དང་ལོ་ཚོད་མཉམ་པ་ཡི་སྐོར་དེར།
- བོར་ཟེན་པའི་རང་ཉིད་བཙལ་ཞེས་པ་དེ།
- གླེང་ཕྱོགས་གཙོ་བོ་ཞིག་ཏུ་གྱུར་མྱོང་བ།
- དུས་སྐབས་དེར་མཚོན་ན།
- རང་ཉིད་ལ་གསར་གཏོད་ཀྱི་སྙིང་སྟོབས་དང་།
- དོགས་གཞི་ཡི་དགོངས་པ་ཡོད་པ་ཞིག་དང་།
- རང་རྐྱ་ཐུབ་པའི་ལམ་ཕྱོགས་དང་ལྟ་བ་ཡོད་པ།
- མི་གཤིས་སྐྲུན་པ་དང་མི་གཤིས་ཇེ་ལེགས་སུ་གཏོང་རྒྱུ་དེ་ནི།
- གཞོན་སྐྱེས་སྙན་ངག་པ་འབོར་ཆེན་ཞིག་གི་རེ་སྙེག་གི་དམིགས་འབེན་དུ་གྱུར་ཡོད།
- རང་རྐྱ་ཐུབ་པའི་ལམ་ཕྱོགས་དང་ལྟ་བ་ཡོད་པ།
- མི་གཤིས་སྐྲུན་རྒྱུ།
- མི་གཤིས་ཡག་པོ་ཞིག་སྐྲུན་རྒྱུ་དེ།
- རེ་སྙེག་གི་དམིགས་འབེན་དུ་གྱུར་ཡོད་འདུག
- ང་དང་གྲོང་གསེབ་ཀྱི་སྙན་ངག་པ་ཚད་ལྡན་མང་པོ་ཞིག་གིས་ཀྱང་།
- ཁེར་རྐྱང་གི་བསམ་བློ་དང་།
- གཅོད་དཀའ་བའི་སེམས་གདུང་གི་རང་གཤིས་ཤིག་ཆགས་འདུག
- ཁེར་རྐྱང་གི་བསམ་བློ་དང་།
- ཡང་ན་གཅོད་དཀའ་བའི་སེམས་གདུང་གི་རང་གཤིས་ཤིག་ཆགས་འདུག
- དྲང་མོར་བཤད་ན།
- རྩོམ་པ་པོ་དོན་གྲུབ་རྒྱལ་ཁོ་རང་།
- རང་སྲོག་གཅོད་རྒྱུ།
- རང་སྲོག་གཅོད་རྒྱུ་འདི་ཡང་ཕལ་ཆེར།
- འདི་འདྲའི་ཁོར་ཡུག
- དེའི་སྐབས་ཀྱི་དེ་འདྲའི་ཁོར་ཡུག་ཅིག་གི་རྐྱེན་རེད།
- ཕལ་ཆེར་འབྲེལ་བ་ཅུང་ཟད་ཡོད་རྒྱུ་རེད་སྙམ།
- དེའི་འཕྲོ་ནས་འཇིག་རྟེན་གྱི་འཁོར་བ་ལ་ཡིད་ཐང་ཆད་པ་དང་།
- སྙིང་བོ་མེད་པའི་ལྟ་ཚུལ་ཞིག་ཀྱང་འཛིན་བཞིན་ཡོད།
- འདིའི་གྲུབ་མཐའ་འདི་ཡང་ཕྱི་རྒྱལ་ལ་ཕྱོགས་སོང་།
- ཞི་སི་པོ་ཅན་པོ་དེ་ཕྱི་རྒྱལ་དུ།
- ཨ་མེ་རི་ཁ་ཡི་རྩོམ་པ་པོའི་ཚོགས་པ་དེ་འདྲ་ཡང་བྱུང་བ་རེད།
- དཔེ་བཞག་ན།
- འཇིག་རྟེན་གྱི་འཁོར་བ་ལ་ཡིད་ཐང་ཆད་པ་དང་།
- སྙིང་བོ་མེད་པའི་ལྟ་ཚུལ་འཛིན་མཁན།
- འདི་འདྲ་སྐོར་ཞིག་ཀྱང་བྱུང་མྱོང་བ།
- དེ་ཧད་ཚིས་ཡིན་རྒྱུ་ན་ཡང་རྒྱུ་རྐྱེན་མང་པོ་ཞིག་ཡོད་རྒྱུ་རེད།
- དེ་ཧ་ཅང་གིས་གོ་བ་གཞན་ཞིག་གི་སྟེང་ནས་ལེན་དགོས་རྒྱུ་རེད།
- མི་ལ་སྐྱེས་བའི་ཁེར་རྐྱང་གི་བསམ་བློ་དང་།
- གཅོད་དཀའ་བའི་སེམས་གདུང་གི་རང་གཤིས་ཤིག་ཆགས་ཡོད་པའི་
- སྙན་ངག་གི་གྲས་ཤིག་ཡིན་པས།
- མཛའ་གླུ་སྙན་ངག་ལ་བཅོལ་བའི་དུས་སྐབས་དེ་ནི།
- དགུན་དུས་ཧྲིལ་བོ་ཞིག་ཡིན་པར་ངོས་འཛིན་གནང་གིན་ཡོད།
- དགུན་དུས་ཧྲིལ་བོ་ཞིག་རེད།
- དགུན་ཁ་ཞིག་རེད།
- དུས་སྐབས་དེ་འདྲ་ཞིག་རེད།
- ཁོ་རང་ཉིད་ཀྱི་ཁེར་རྐྱང་གི་བསམ་བློ་དང་།
- གཅོད་དཀའ་བའི་སེམས་གདུང་གི་རང་གཤིས་ཤིག་ཡོད་པའི་ཆ་ནས་གང་རེད་ཟེར་ན།
- མཛའ་གླུ་སྙན་ངག་ལ་བཅོལ་བའི་དུས་སྐབས་དེ་ལ་གང་རེད་ཟེར་ན།
- དགུན་དུས་ཧྲིལ་བོ་ཞིག་ཡིན་པར་ངོས་འཛིན་གནང་གིན་ཡོད།
- མི་ཡུལ་ནས་དཔྱིད་ལོ་རྐྱང་རྐྱང་འཐུ་མཁན་གྱི་སྙན་ངག་པ་བསོད་བྷེ་ཡང་།
- མི་ཚེ་ཐུང་ཐུང་ཞིག་ལ་བོར་ཟིན་པའི་རང་ཉིད་བཙལ་མྱོང་ན་ཡང་།
- མཚན་མོ་ཞིག་གི་ཆང་ཁང་ནས་གཏན་ཏུ་གྱེས་བའི་རྗེས་སུ།
- སྨད་ལ་སྐྱེས་ནས་བྱིས་པའི་དུས་སྟོན་གྱི་ཉིན་མོར།
- གར་སོང་ཆ་མེད་དུ་གྱུར་ཞེས།
- ཐོབ་དཀའ་བའི་འགྲོགས་འདྲིས་ཐུང་ཐུང་དེ་ལ་ཕྱིར་དྲན་དང་།
- བརྗེད་དཀའ་བའི་གྱེས་བྲལ་དེ་ལ་མྱ་ངན་དང་སྐྱོ་བ་མཛད་པའི་ཚུལ་བྲིས་འདུག
- ཧ་ཅང་གི་འགྲོགས་འདྲིས་ཐུང་ཐུང་ཞིག་རེད།
- ཁོ་གཉིས་ལ་མཚོན་ན་འགྲོགས་འདྲིས་ཐུང་ཐུང་ཞིག་རེད།
- ཕྱིར་དྲན་དང་བྱིས་པའི་དུས་སྟོན་གྱི་ཉིན་མོར་གར་སོང་ཆ་མེད་དུ་གྱུར་བའི་ཚུལ་དེ།
- འགྲོགས་འདྲིས་ཐུང་ཐུང་དེ་ལ་ཕྱིར་དྲན་དང་ཡང་ན།
- བརྗེད་དཀའ་བའི་གྱེས་བྲལ་དེ་ལ་མྱ་ངན་དང་སྐྱོ་བ་མཛད་པའི་ཚུལ་དུ་བྲིས་ཡོད།
- འདིའི་སྟེང་ནས་གང་རེད་ཟེར་ན།
- དྲང་མོར་བཤད་ན་སྙན་ངག་འདི་ཅུང་ཟད་སྙན་ངག་ཡག་པོ་ཞིག་རེད།
- སྙན་ངག་ཡག་པོ་ཞིག་རེད།
- ཅུང་ཟད་སྐབས་དེར་མཚོན་ན་ཚང་མས་ལྟ་འདོད་ཡོད་པ།
- ལྟ་མཁན་མང་བའི་དུས་སྐབས་ཤིག་ཀྱང་བྱུང་བ་རེད།
- དེ་ནི་ཤུགས་དྲག་པའི་ཚོར་འདུ།
- སེམས་ཁམས་དང་འབྲེལ་བའི་ཤུགས་དྲག་པའི་ཚོར་འདུ།
- འདིའི་དཔེ་མཚོན་ཞིག་ཡིན།
- དཔེ་མཚོན་ཞིག་ཡིན།
- འདི་ལྟ་བུ་ནི་རང་གི་རྩོམ་གྲོགས་ལྟ་བུ་ཞིག་རེད།
- གྲོགས་པོ་ཞིག་རེད།
- གྲོགས་པོ་ཞིག་སྐྱེན་ངན་ལ་འཆི་བའི་དབང་གིས།
- འདི་འདྲ་ཞིག་ལ་སོང་བ་དེར་ཁོ་རང་གི་རྗེས་དྲན་དུ་བྲིས་པའི་ནང་དོན་ཞིག་རེད།
- དེའི་རྗེས་སུ་འཇུ་སྐལ་བཟང་གི་དགེ་འདུན་ཆོས་འཕེལ་ཞེས་པའི་སྙན་ངག་དེ་རེད།
- དེར་མང་ཆེ་བར་ཅུང་ཟད་གསལ་ཆ་ཡང་ཡོད་རྒྱུ་རེད།
- དེའི་ནང་གི་ཚན་པ་གཅིག་འདི་འདྲ་ཞིག་འདུག
- བདག་གིས་ནི་རབ་རིབ་ཀྱི་ས་སྲོད་ཅིག་ལ།
- ཁ་བྱང་དེར་ཅུང་ཟད་ཅིག་གོ་རྒྱུ་ཡོད་པ་རེད།
- ས་སྲོད་ཟེར་བ་དེར་གོ་རྒྱུ་ཞིག་ཡོད་པ་རེད།
- ཁྱེད་རང་ལན་མེད་པའི་འདྲི་རྟགས་དུ་མ་ལས་གྲུབ་པའི།
- ལྕགས་ཐག་རིང་པོ་ཞིག་དྲུད་དེ།
- ས་སྒང་གི་གངས་ཐིག་མཐོ་ཤོས་ལས།
- དལ་བུར་བཞུད་པ་མཐོང་།
- སྡིག་བོའུ་ཁྲ་རིང་གི་ཁ་ན་འཐིབས་པའི།
- རྫས་དུད་མོག་པོ་དེ་ཡུན་གྱིས་དྭངས་པ་ན།
- ཁྱོད་ཀྱི་བང་སོ་དེ།
- ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ནས་རྙེད་བྱུང་ཞེས།
- སྐད་ཆ་འདི་འདྲ་ཞིག་འདུག
- དེ་ཡིན་རྒྱུ་ན་སྤྱིར་འདི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་རེད།
- ཁྱོད་ཀྱི་བང་སོ་དེ་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ནས་རྙེད་བྱུང་ཞེས་པ་དེར།
- ཅུང་ཟད་འདང་རྒྱག་རྒྱུ་མང་པོ་ཞིག་ཡོད་ཀི
- ལོ་རྒྱུས་ཀྱི་དཀྱོགས་མཚམས་དེ།
- དགེ་ཆོས་ཚང་སྐུ་བཀྲོངས་དུས་སྤྱི་ལོ་༡༩༥༡ལོ་རེད།
- བོད་ཞི་བའི་བཅིང་གྲོལ་ཐོབ་པའི་ལོ་དེ་ཡང་སྤྱི་ལོ་༡༩༥༡ལོ་རེད།
- དེ་ཡིན་པའི་རྐྱེན་གྱིས་ངས་འདི།
- བོད་ཀྱི་དེང་རབས་རྩོམ་རིག་གི་བརྩམས་ཆོས་ཀྱི་དཔེ་ཆ་ཡི་ནང་དུ།
- ཅི་ལྟར་ཡོད་པ་གསལ་བོ།
- ས་ཆ་གཞན་པ་ཡི་དེ་གསལ་བོ་ཞིག་མི་ཤེས་མོད།
- ང་ཚོ་བོད་ལྗོངས་སློབ་གྲྭ་ཆེན་མོ་ཡི་ནང་ན།
- བོད་ཀྱི་དེང་རྩོམ་ཞེས།
- དེང་རྩོམ་གཅེས་སྒྲིག་ཅེས་དེ་འདྲའི་དཔེ་ཆ་ཞིག་ཡོད།
- དེ་སྐབས་དེ་དུས་ང་ལྷ་སར་འགྲོ་དུས་སུ་སྒྲིག་ཚར་འདུག
- སྒྲིག་ཚར་འདུག
- དེའི་ནང་གི་དཀར་ཆག་ལ་བལྟས་ནས་སོང་ན།
- དང་པོ་དེ་དགེ་འདུན་ཆོས་འཕེལ་བཞག་པ་རེད།
- ཆུང་གྲོགས་རྗེས་དྲན་ཡིན་ནམ།
- རྩོམ་གང་ཡིན་པ་གསལ་བོ་ཞིག་མི་དྲན་མོད།
- གང་ལྟར་ཀྱང་དེང་རྩོམ་གཅེས་སྒྲིག་གི་ནང་དུ།
- དེང་རབས་རྩོམ་རིག་གཅེས་སྒྲིག་གི་ནང་དུ།
- བརྩམས་ཆོས་གཅེས་སྒྲིག་གི་ནང་དུ།
- གང་རེད་ཟེར་ན་དང་པོ་དེ་དགེ་འདུན་ཆོས་འཕེལ་བཞག་ཡོད།
- དེ་ངས་བལྟས་ན་ཧ་ཅང་གི་རྒྱུ་མཚན་ཡོད་པ་ཞིག་རེད་བསམ།
- དེ་རྒྱུ་མཚན་གང་རེད་ན།
- ༡༩༥༡གི་དུས་སྐབས་ལ་བོད་ཞི་བའི་བཅིང་འགྲོལ་ཐོབ་པ་དེ་སྤྱིར་བྱས་ན།
- ང་དེའི་ཡར་སྔོན་ལ་དྲང་མོར་བཤད་ན་ཉེ་རབས་རྩོམ་རིག་དང་།
- དེའི་མན་ཆད་ནས་དེང་རབས་རྩོམ་རིག་ཅེས།
- དེང་སང་གི་འགྲོ་སྟངས་ཀྱི་སྟེང་ནས་བཤད་ནའང་།
- སྤྱིར་བཏང་གིས་བཤད་ན་དེ་འདྲ་བྱས་ནས་འགྲོ་བཞིན་པ་རེད།
- ཡིན་ན་ཡང་མཐའ་གཅིག་ཏུ་དེ་འདྲ་ཡིན་དགོས་པའི་ངེས་པ་ཡང་མེད་ཀི
- སྤྱིར་བཏང་གི་འགྲོ་སྟངས་ཡིན་ན།
- དུས་ཚིགས་ཀྱི་ཆ་ནས་དེ་འདྲ་བྱས་ནས་འགྲོ་བ་རེད།
- དེ་ཡིན་ན་གང་རེད་ཟེར་ན།
- ཉེ་རབས་ཀྱི་རྩོམ་པ་པོ་ཡི་ནང་གི
- ཁོ་དུས་རབས་གསར་རྙིང་གཉིས་ཀྱི་གང་རེད་ཟེར་ན་བར་མཚམས་སུ་འགྲེང་བའི།
- ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཅེས་བཤད་ནའང་འདྲ།
- ལོ་རྒྱུས་ཀྱི་ད་ཅི་ཟེར་དགོས་པ་རེད་ཅེ་ན།
- འོས་མཚམས་འབྱེད་པའི་རྡོ་རིང་ཟེར་ན་འདྲ།
- དེ་འདྲ་ཞིག་གི་མཁས་པ་ཡི་གྱུར་ཡོད།
- ཨོ་ལེད།
- སྤྱིར་ང་ཚོའི་ལོ་རྒྱུས་ཀྱི་སྟེང་ནས་ཡང་མ་བཤད།
- སྤྱིར་རྩོམ་རིག་གི་སྟེང་ནས་བཤད་ཡོང་ན།
- རྩོམ་རིག་གི་དོན་སྙིང་གི་སྟེང་ནས་བཤད་ཡོང་ན་ཡང་།
- འདི་ལ་ཁྱོད་ཚོས་ཅུང་ཙམ་མཉམ་བཞག་ཡོད་ན་ཐང་།
- ངས་བལྟས་ན་དེ་ཕལ་ཆེར་ཧྥ་རན་སིའི་མཁས་པ་ཞིག་རེད་དམ་གང་རེད།
- ཧྥ་རན་སིའི་ཡིན་ནམ་ཡང་ན་གང་གི་ཡིན་ནམ།
- ཧྥུའུ་ཨར་ཐད་ཟེར་བ་ཞིག་ཡོད་པ།
- ཧྥུའུ་ཨར་ཐད་ཟེར་བ་ཞིག
- ཕལ་ཆེར་འདི་དང་གཉིས་ཀ་ཧ་ཅང་གིས་ལས་དབང་ཟེར་བ་རེད་དམ།
- མི་ཚེ་ཡི་ལས་དབང་དེ་ཅུང་ཙམ་འདྲ་ས་ཡོད་ཀི།
- དགེ་འདུན་ཆོས་འཕེལ་དང་གཉིས་ཀ
- དེ་གང་རེད་ཟེར་ན་རྒྱ་སྐད་ཀྱིས་启蒙思想ཟེར་བ་དེ།
- བློ་འབྱེད་ཀྱི་བསམ་བློ་གསར་བ།
- དེ་ཡང་གཙོ་བོ་ཧྥུའུ་ཨར་ཐད་ནས་བཤད་པ་དེ་འདྲ་ཞིག་རེད།
- ནུབ་ཕྱོགས་ས་ཆ་ནས་བཤད་ཡོང་ན།
- དགེ་འདུན་ཆོས་འཕེལ་ཡང་དྲང་མོར་བཤད་ན་དེ་འདྲའི་དུས་སྐབས་ཤིག་རེད།
- ཁོ་གཉིས་ཀྱི་ལས་དབང་དང་གཞན་གང་རེད་ཟེར་ན།
- བློ་འབྱེད་བསམ་བློ་འདི།
- ནུབ་ཕྱོགས་ལ་བློ་འབྱེད་བསམ་བློ་འདི་བྱུང་བ་དེ་གང་རེད་ཟེར་ན།
- ཧྥུའུ་ཨར་ཐད་ནས་བཤད་པ་དེ་འདྲ་ཞིག་གི་ལོག་ཡོད་ཀི
- ཕལ་ཆེར་དེ་འདྲ་ཞིག་ཡིན་ཁ་རེད།
- ཨོ་ལེད།
- དེ་ཡིན་ན་འདི་འདྲ་ལོ་རྒྱུས་ཀྱི་སྟེང་ན་ཡང་།
- ཡུལ་མ་གཅིག་པའམ་ས་ཆ་མི་གཅིག་པ་དང་།
- མི་རིགས་མི་གཅིག་རུང་ཅི་རེད་ཟེར་ན།
- རྩོམ་པ་པོ་དང་རྩོམ་པ་པོ་ཁོ་རང་གི་མི་ཚེ་ཡི་བརྒྱུད་རིམ་དང་ལས་དབང་།
- གསར་རྩོམ་གྱི་བརྒྱུད་རིམ་འདྲ་མཚུངས་ཡིན་པ་དེ་འདྲ་མང་པོ་ཞིག་ཡོད་པ་འདྲ།
- དེང་སང་འདི་ལྟར་བལྟས་ནས་སོང་ན།
- རྗེས་ནས་ཁྱོད་ཚོས་དཔྱད་རྩོམ་འབྲི་དུས་བསྡུར་བ་བྱེད་དུས།
- ཞིབ་བསྡུར་གྱི་རྩོམ་རིག་གི་སྟེང་ནས་སོང་ན་ཡང་།
- འདི་འདྲའི་མཚུངས་བའི་ཆ་མང་གི
- དེའི་རྐྱེན་གྱིས་འདི་ནི།
- ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ནས་རྙེད་བྱུང་ཟེར་བའི་རྒྱུ་མཚན་ཡང་དེ་འདྲ་ཞིག་རེད།
- དེར་གོ་རྒྱུ་ཅུང་ཙམ་ཡོད་ཀི
- བདག་གིས་རབ་རིབ་ཀྱི་ས་སྲོད་ཅིག་ལ་ཟེར་བ་འདིར་གོ་རྒྱུ་ཞིག་ཡོད་ཀི
- རབ་རིབ་ཀྱི་ས་སྲོད་ཅིག་ལ།
- འདིའི་ནང་དུ་ངས་ཅུང་ཙམ་ཕྲན་བཤད་ཅིག་བྲིས་ཡོད་པ་གང་རེད་ཟེར་ན།
- དགེ་འདུན་ཆོས་འཕེལ་ཁོང་གཉིས་སྤྱི་ལོ་༡༩༥༡ལོའི་
- ཧོར་ཟླ་བརྒྱད་པའི་ཚེས་བཅུ་བཞི་ཡི་དགོང་དྲོ།
- ལྷ་སའི་ཆུ་ཚོད་བཞི་བ་ཙམ་ལ་ལྷ་ས་རུ་སྐུ་གཤེགས།
- འདི་ལ་བཤད་ཚུལ་ཅུང་ཙམ་མང་མོད།
- དཔེར་ཁང་གི་རྗེས་སུ་འབྲེང་པ་ཡིན་ན།
- ཕལ་ཆེར་འདི་དཔེར་ཁང་གི་རྗེས་སུ་འབྲེང་བ་ཡིན་པ་འདྲ།
- ཧོར་ཟླ་བརྒྱད་པའི་ཚེས་བཅུ་བཞི་ཡི་དགོང་དྲོ་ལྷ་སའི་ཆུ་ཚོད་བཞི་བ་ཙམ་ཞིག་ལ།
- ཁོང་སྐུ་གཤེགས་པ་རེད།
- ཁོང་སྐུ་གཤེགས་པའི་དུས་སྐབས་དེ།
- ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ལ་ཁེལ་ཡོད་པ་དང་།
- རབ་རིབ་ཀྱི་ས་སྲོད་དེ་ནི།
- རྙིང་ཞེན་དང་འཁྲེགས་འཛིན།
- ལོག་སྤྱོད་དང་མུན་ནག་གི་སྤྱི་ཚོགས་ཤིག་ལ་ཟུར་ཟ་དང་།
- སུན་འབྱིན་གྱི་ནང་བཞིན།
- གཞན་དབང་གི་ལག་དམར།
- སྡིག་བོའུ་ཁྲ་རིང་ལ་སྡང་སེམས་རེ་བཅིངས་ཏེ།
- འོད་ཟེར་སྟོང་ལྡན་གྱི་མ་འོངས་ཀྱི་འཚོ་བ་དང་སྤྱི་ཚོགས་ཤིག་ལ་རེ་ལྟོས་བྱེད་ཀྱིན།
- རང་དབང་དང་བྲལ་བའི་ལྕགས་ཐག་རིང་པོ་ཞིག་དྲུད་དེ།
- ས་སྒང་གི་གངས་ཐིག་མཐོ་ཤོས་དེ་ལས་དལ་བུར་བཞུད་ཀྱིན་འདུག
- འདི་ནི་ང་ཚོའི་མིག་ལམ་དུ་གང་རེད་ཟེར་ན།
- སྟོབས་དང་ལང་ཚོས་རྒྱན་ཞིང་རིག་པ་དང་རྣམ་དཔྱོད་ཀྱིས་ཁེངས་པའི་
- དཔའ་རྒོད་ཅིག་གི་ཚེ་མཇུག་གི་སྣང་བརྙན་དེ་བསྟན་ཡོད།
- དཔའ་རྒོད་ཅིག་གི་ཚེ་མཇུག་གི་སྣང་བརྙན་དེ།
- ང་ཚོ་ཀློག་པ་པོ་ཚང་མའི་མིག་ལམ་དུ་ཤར་ཡོད།
- སྐབས་འདི་ནས་གང་རེད་ཟེར་ན།
- ཚེ་མཇུག་གི་སྣང་བརྙན་ཟེར་བ་དེ།
- སྤྱིར་མཁས་དབང་དགེ་འདུན་ཆོས་འཕེལ་གྱི།
- ང་ཚོས་དྲང་མོར་བཤད་ན་དེ་རེད།
- དེང་སང་ང་ཚོ་བོད་ཀྱི་ས་ཆ་ནས།
- བསྟན་དང་བསྟན་པ་བསྟན་བཞེངས་ཀྱི་ཁྲོད་ནས།
- ལྷ་ཁང་དང་གཙུག་ལག་ཁང་ལ་སོགས་པ།
- བསྟན་དང་བསྟན་བཞེངས་ཀྱི་ཁྲོད་ནས།
- སྐུ་མང་པོ་ཞིག་གི་ལྡེབས་རིས་ལ་སོགས་འདི་འདྲ་ཡང་ཡོད་མོད།
- མང་ཆེ་ཤོས་གང་རེད་ཟེར་ན།
- ཡིན་ན་མིན་ན་ཁོ་རང་གི་གང་རེད་ཟེར་ན་རྣམ་ཐར་དང་།
- མཁས་པ་གཞན་གྱིས་བྲིས་པའི་རྣམ་ཐར་དང་།
- རང་གིས་བྲིས་པའི་རང་རྣམ་ཟེར་རྒྱུ་རེད།
- འདི་འདྲ་ས་སོགས་པར་བལྟས་ནས་བསྡད་དེ།
- མཁས་པ་དེ་ཡི་ཅི་ཟེར་དགོས་པ་རེད་ཟེར་ན།
- བཞིན་རས་དང་ཁོ་རང་གི་འདྲ་འབག
- ཁོ་རང་གི་ལང་ཚོ་ཡི་སྣང་བརྙན་དེ་ཅི་འདྲ་ཞིག་ཡིན་པ་དེ།
- གཙོ་བོ་གང་རེད་ཟེར་ན་རྣམ་ཐར་དང་རང་རྣམ་གྱི་སྟེང་ནས་ཤེས་དགོས་པ་དེ་འདྲ་ཞིག་རེད།
- འདི་ཅུང་ཙམ།
- སྤྱིར་བཏང་དེང་སང་ཡིན་རྒྱུ་ན་ཡང་།
- མཁས་དབང་དགེ་འདུན་ཆོས་འཕེལ་གྱི་འདྲ།
- ང་ཚོའི་ལག་ནས་ལྟ་ཐུབ་པའི་འདྲ་དང་།
- ད་དུང་ཕྱི་རྒྱལ་ཁབ་ཁག་ཏུ་ཁྱབ་ཡོད་པ་དེ་འདྲ་ཡོད་མོད།
- ཡིན་ན་ཡང་དེའི་ཁྲོད་ནས་གང་རེད་ཟེར་ན།
- དགེ་བཤེས་ཤེས་རབ་རྒྱ་མཚོ་ཚང་གིས་བྲིས་པའི་རྟོགས་བརྗོད་ཅིག་ཡོད་པ།
- འདིའི་ནང་དུ་ཁོ་རང་གི་སྐབས་དེའི་ཚེ་མཇུག་གི་སྣང་བརྙན་དེ།
- གསལ་བོ་ཞིག་ཅུང་ཙམ་བྲིས་ཡོད།
- ཚིག་མང་པོ་ཞིག་མེད་མོད།
- ཚིག་མང་པོ་ཞིག་མེད་མོད།
- ཁོ་རང་གི་གོན་པ་གྱོན་ཕྱོགས་ཡིན་ན་རེད།
- སྤྱིར་བཏང་གི་ཁོ་རང་གི་བཞིན་རས་ཡིན་ན་རེད།
- སྐབས་དེའི་འཚོ་བ་དེ་ཅུང་ཙམ་བྲིས་འདུག
- དེ་ནས་ཁྱོད་ཚོར་རྗེས་མར་ད་དུང་དེར་ལྟ་འདོད་ཡོད་ན།
- དཔར་ཁང་གིས་བྲིས་པའི་རྟོགས་བརྗོད་དག་སྣང་འདིའི་སྟེང་ནས།
- ཧ་ཅང་གིས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྐབས་དེའི་འཚོ་བ་དང་།
- ལྷག་པར་ཏུ་ཁོ་རང་གི་ཚེ་མཇུག་འདི།
- དེ་ཡིན་པའི་རྐྱེན་གྱིས་རྗེས་མར་མཁས་པ་ཞིག་ཡིན་ན་འདྲ།
- རྩོམ་པ་པོ་ཞིག་ཡིན་ན་འདྲ།
- དེ་ལ་ཞིབ་འཇུག་བྱེད་པའི་སྐབས་དེར།
- སྤྱིར་མཁས་པ་དང་རྩོམ་པ་པོ་ཞིག་ཡིན་ནའང་།
- མི་ཚེ་གང་བོའི་ལོ་རྒྱུས་དེ་ལ་ཞིབ་འཇུག་བྱེད་རྒྱུ་ཅུང་ཙམ་དཀའ་མོ་ཞིག་རེད།
- དེ་ཡིན་པའི་རྐྱེན་གྱིས་ངའི་བསམ་ཚུལ་དང་པོ་ཡིན་ན།
- ཚོགས་འདུ་ཞིག་གི་སྟེང་ནས་ངས་དེ་འདྲ་ཞིག་བཤད་མྱོང་།
- དེ་སྙན་ངག་གྱེར་འདོན་ཞིག་ཡིན་པ་སྙམ།
- ང་ཚོ་ལྷ་ས་ནས་དེ་འདྲའི་སློབ་གྲྭ་ཆེ་འབྲིང་གི་སློབ་མ་ཡི་
- སྙན་ངག་གྱེར་འདོན་ཞིག་གི་སྟེང་དུ་ངས་སྐད་ཆ་དེ་འདྲ་ཞིག་བཤད་མྱོང་བ་འདྲ།
- དེ་གང་ཡིན་ཟེར་ན།
- སྤྱིར་ང་ཚོས་མི་ཞིག་ལ་ཞིབ་འཇུག་བྱེད་པའི་སྐབས་དེ་ལ།
- གཙོ་བོ་དེ་ཡི་ཚེ་མཇུག་ལ་ཐོན་པའི་སྐབས་དེ་ལ།
- ཁོ་རང་གིས་སྐད་ཆ་ཅི་འདྲ་བཤད་ཡོད་པ།
- ཁོ་རང་གི་བསམ་བློ་དང་གཞན་གང་རེད་ཟེར་ན།
- དེ་གང་རེད་ཟེར་ན་ཚེ་མཇུག་དེར་ཅུང་ཙམ་ཞིབ་འཇུག་བྱེད་རྒྱུ་དེ་གལ་ཆེན་རེད།
- དེ་ཅུང་ཙམ་གལ་ཆེན་ཡིན་པ་འདྲ།
- ཚེ་མཇུག་གི་སྣང་བརྙན་ཞིག་སྐྲུན་ཡོད་འདུག
- སྤྱིར་ཡིན་ན་འདྲི་རྟགས་ལ་ལན་དགོས་མོད་ཀྱང་།
- དཔའ་རྒོད་འདིས་ལན་མེད་པའི་འདྲི་རྟགས་དུ་མ་ལས་གྲུབ་པའི་
- ལྕགས་ཐག་རིང་བོ་ཞིག་དྲུད་ནས་འགྲོ།
- རབ་རིབ་ཀྱི་ས་སྲོད་ལས་མུན་ནག་གི་དུས་ཚོད་ཅིག་སྟོན་བཞིན་ཡོད་པ།
- རབ་རིབ་ཀྱི་ས་སྲོད་ཅེས།
- སྙན་ངག་ནང་ན།
- འཇུ་སྐལ་བཟང་གིས་བྲིས་པའི་སྙན་ངག་ནང་ན།
- རབ་རིབ་ཀྱི་ས་སྲོད་ཅེས་པ་དེ་གང་རེད་ཟེར་ན།
- མུན་ནག་གི་དུས་ཚོད་ཅིག་སྟོན་བཞིན་ཡོད།
- ལྕགས་ཐག་རིང་བོ་འདིས་གཞན་དབང་གི་འཚོ་བ་ཞིག་སྟོན་བཞིན་ཡོད།
- སྡིག་བོའུ་ཁྲ་རིང་འདིས་སྲོག་གཅོད་ཀྱི་གཤེད་མ་ཞིག་སྟོན་བཞིན་ཡོད།
- དེ་དག་གི་མཇུག་འབྲས་ནི་ཁྱོད་ཀྱི་བང་སོ་རེད།
- དེ་ནི་ང་རང་གིས་བཤད་པ་ཡིན།
- ས་སྒང་གི་གངས་ཐིག་མཐོ་ཤོས་དེར་འགྲོ་མཁན་དེ་སུ་ཡིན་ཟེར་ན།
- འཛམ་གླིང་ན་དཀོན་པའི་བེཌྱའི་བུམ་པ་དེ་རེད།
- བེཌྱའི་བུམ་པ་དེ་སུ་ཡིན་ཟེར་ན།
- དགེ་འདུན་ཆོས་འཕེལ་རེད།
- འདི་ནི་ཁོང་གི་སྐྱོ་གར་རེད་ལ་བོད་མགོ་ནག་མི་ཡི་སྐྱོ་གར་ཡང་ལོས་ཡིན།
- སྙན་ངག་འདི་ལྟ་བུ་ཞིག་ཡིན་ནའང་ཁོ་རང་གིས་འདི་འདྲ་ཞིག་བྲིས་འདུག
- དཔེ་བཞག་ན་རབ་རིབ་ཀྱི་ས་སྲོད་ཟེར་བ་འདྲ།
- ལྕགས་ཐག་རིང་བོ་ཟེར་བ་འདྲ།
- སྡིག་བོའུ་ཁྲ་རིང་ཟེར་བ་འདྲ།
- འདི་ཚང་མ་ཅུང་ཙམ་གོ་རྒྱུ་ཡང་ཡོད་པ།
- སྐབས་དེའི་སྤྱི་ཚོགས་དང་ལོ་རྒྱུས་ལ་སྦྱར་ནའང་ཧ་ཅང་འཕྲོད་པ།
- ཁྱོད་ཀྱི་བང་སོ་དེ་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ནས་རྙེད་བྱུང་ཞེས་པ་དེ།
- ཞིབ་ཏུ་ང་ཚོས་འགྲེལ་བཤད་བྱས་ནཁྱད་ཆོས་མང་པོ་ཡོད་པ་རེད།
- ཡིན་ཡང་ཕྲན་བཤད་ཅིག་གི་སྒོ་ནས།
- ཡང་ན་རང་གི་བསམ་ཚུལ་མྱོང་རོལ་གྱི་ཆ་ནས།ཕྲན་བཤད་ཀྱི་སྒོ་ནས་བྱས་ན།
- ཕྲན་བཤད་ཀྱི་སྒོ་ནས་བྱས་ན་ཧ་ཅང་གིས།
- ལྷག་པར་ཏུ་འདིའི་ནང་གི་ས་སྲོད་ཟེར་བ་འདི།
- ཧ་ཅང་གོ་རྒྱུ་ཡོད་པ།
- དེ་ཡིན་པའི་རྐྱེན་གྱིས་ང་ཚོ་སྙན་ངག་འབྲི་མཁན་ཞིག་ཡིན་ན།
- རང་གིས་བཤད་པའི་སྐད་ཆ་དེར་རང་གིས་བདག་པོ་བྱེད་པ།
- འདི་ཧ་ཅང་གལ་ཆེན་རེད།
- གང་བྱུང་འདི་བྱུང་སེམས་ལ་ཤར་བ་ཐམས་ཅད།
- དེ་ལྟར་བྱེད་མི་ཉན་གི
- ཅུང་ཙམ་བསམ་བློ་བཏང་ནས་བསྡད་དེ།
- ཡང་ན་ཚིག་གཅིག་ཡིན་ནའང་འཛིན་རྒྱུ་ཡོད་པ།
- དེ་ལྟར་བཤད་པ་རེད།
- ལུའུ་ཞིན་གྱིས་བཤད་པའི་སྐད་ཆའང་དེ་རེད།
- ཁྱོད་ཀྱིས་རྩོམ་བྲིས་ཡོད་པ་དེའི་ནང་ནས།
- ཡིག་འབྲུ་གཅིག་ཡང་ལེན་རྒྱུ་མེད་པ་དེ་འདྲ་ཞིག་ཏུ་གཏོང་དགོས།
- ཡིག་འབྲུ་དེ་བླངས་པ་ཡིན་ན།
- དོན་གྱི་གོ་བ་དེ་བོར་སོང་ན།
- ཅི་ལྟར་འགྲིག་གི་མེད་པ།
- ཡིག་འབྲུ་གཅིག་བླངས་པ་ཡིན་ནའང་ནང་དོན་གྱི་གོ་བ་དེ་ད་དུང་བསྡད་ཡོད་ན།
- དེ་འདྲ་ཡིན་དུས་ཁྱོད་ཀྱིས་ཞིབ་དག་དང་ཡང་དང་བསྐྱར་དུ་བཟོ་བཅོས་བྱས་ན་འགྲིག་གི།
- དེ་ཡིན་པའི་རྐྱེན་གྱིས།
- ཚིག་གཅིག་ལའང་གོ་བ་ལེན་རྒྱུ་ཡོད་པ།
- ཚིག་རེ་རེ་ཡིན་ན།
- ལྷག་པར་ཏུ་ང་ཚོས་སློབ་ཚན་འདི་མ་སྦྱངས་སྔོན་ལ།
- ང་ཚོས་སྙན་གང་གི་གོ་དོན་བཤད་པའི་སྐབས་སུའང་།
- ཉིང་བསྡུས་སུ་སྲོག་ཏུ་བྱས་པའི།
- སྤྱི་ཚོགས་ཀྱི་འཚོ་བ་ཉིང་བསྡུས་ཀྱི་སྒོ་ནས་མཚོན་དགོས་ཟེར།
- སྙན་ངག་ཅིག་ཡིན་ན།
- ཉིང་བསྡུས་དེ་གལ་ཆེ་བ་རེད།
- ཉིང་བསྡུས་དེ་གལ་ཆེ་བ་རེད།
- བརྩམས་སྒྲུང་དང་མི་འདྲ་བ་རེད།
- བརྩམས་སྒྲུང་ཡིན་ན་གང་རེད་ཟེར་ན།
- ཧ་ཅང་གིས་ཁོ་ལ་བྱུང་རིམ་མང་པོ་ཞིག་ཡོད་པ།
- མི་དང་མི་བར་གྱི་འབྲེལ་བ།
- མི་དང་མི་བར་གྱི་འགལ་འབྲེལ།
- མི་དང་མི་དེའི་ལས་དབང་ལ་སོགས་པའི་འགལ་འབྲེལ་དེ།
- འགལ་བ་དང་འབྲེལ་བ་དེ་བཤད་དགོས་ན།
- ཁོ་ལ་བརྒྱུད་རིམ་ཞིག་དགོས་པ་རེད།
- ཁོ་རང་སྒྲུང་ཞིག་གི་ལམ་ནས་བཤད་དགོས་པ་རེད།
- སྒྲུང་ཞིག་ལ་བརྟེན་ནས་འགྲོ་དགོས་པ་རེད།
- ཡིན་ན་མིན་ན་སྙན་ངག་དེ་ཡིན་གཅིག་མིན་གཉིས།
- ཆ་ཚང་བའི་སྒྲུང་ཞིག་ཡིན་པའི་ངེས་བ་མེད་མོད།
- ཡིན་ཡང་དེའི་ནང་གི་གང་རེད་ཟེར་ན།
- ཐ་སྙད་འདི་ཚང་མ་ཧ་ཅང་གིས་ཡིག་འབྲུ་རེ་རེ་ཡི་སྟེང་ན་གོ་བ་ལེན་རྒྱུ་ཡོད་པ།
- དེ་འདྲ་ཞིག་ཡིན་དགོས།
- ཨོ་ལེད་་་འདི་འདྲ་ཞིག་ཡིན་དགོས།
- སྙན་ངག་པ་ཅུང་ཙམ་ཉམས་མྱོང་ཅན་ཞིག་ཡིན་ན།
- འདི་ལ་ཧ་ཅང་གིས་དང་དོད་བྱེད་པ་དེ་འདྲ་ཞིག་རེད།
- དེ་རྒྱའི་རྩོམ་པ་པོ་ཡི་ལོ་རྒྱུས་སོགས་ལ་བལྟས་ནས་སོང་ན་ཧ་གོ་བ།
- ཡིག་འབྲུ་གཅིག་ལོ་གཉིས་ལ་འདང་བརྒྱབ་པ་ཡིན་ཞེས་དེ་འདྲ་ཡང་བཤད་རྒྱུ་ཡོད།
- ཡིག་འབྲུ་གཅིག
- ཡིག་འབྲུ་གཅིག་ཁོས་ལོ་གཉིས་ལ་འདང་བརྒྱབ་པ་ཡིན་ཞེས།
- ཡིག་འབྲུ་འདི་ཁྲག་དང་མིག་ཆུ་ཡིས་བྲིས་པ་ཡིན་ཞེས་དེ་འདྲ་བཤད་རྒྱུ་ཡང་ཡོད།
- ཁོས་བཤད་པའི་ཚིག་དེ་མིག་ཆུ་དང་ཁྲག་གིས་བྲིས་པ་ཡིན་ཞེས་དེ་འདྲ་བཤད་རྒྱུ་ཡོད།
- དེའི་སྐབས་ལ་རྩོམ་མཁན་དེ་ཡི་བསམ་བློ་དང་།
- བརྩེ་དུང་གི་ཤུགས་ཚད་ག་འདྲ་ཞིག་ལ་སླེབས་ཡོད་མེད་དེ་སྐད་ཆ་དེ་ཡིས་མཚོན་ཐུབ་པ།
- མཚོན་ཐུབ་པ་ཞིག་ཡིན་དགོས།
- དེ་ཡིན་པའི་རྐྱེན་གྱིས།
- རང་གིས་བཤད་པའི་སྐད་ཆ་དེར་ཧ་ཅང་གིས་གཟབ་གཟབ་བྱེད་དགོས།
- རང་གི་འཚོ་བ་ཞིག་སྟོན་དགོས་ན་འདྲ།
- བསམ་བློ་ཞིག་གཏོང་དགོས་ན་འདྲ
- རྣམ་འགྱུར་ཞིག་སྟོང་དགོས་ན་འདྲ།
- འདི་ཧ་ཅང་གིས།
- འདི་གང་རེད་ཚིག་ལ་མ་བརྟེན་པ་ཡོང་སྲིད་པ་མ་རེད།
- ཚིག་ལ་བརྟེན་དགོས།
- རྒན་པོ་དོན་གྱིས་འཁར་བ་ཟེར་བ་རེད།
- ཚིག་ལ་བརྟེན་ནས།
- རྒན་པོ་ཞིག་ཡིན་ན་ཁོ་འཁར་བ་ལ་བརྟེན་ནས་འགྲོ་དགོས།
- དེ་ཡིན་པའི་རྐྱེན་གྱིས་གང་རེད་ཟེར་ན།
- ཚིག་གི་སྟེང་ནས་དོན་དེ་གོ་དགོས་པ།
- འདི་ལ་ཚིག་དོན་གཉིས་ཀ་ཧ་ཅང་འབྲེལ་བ་དམ་པོ་ཡོད་དགོས་པ།
- ཚིག་གི་ཞིབ་འཇམ་དེ་ཧ་ཅང་གལ་ཆེན་རེད།
- སྙན་ངག་ཡིན་ན་ཚིག་གི་ཞིབ་འཇམ་དེ།
- ཞིབ་ཆ་བཏོད་རྒྱུ་དེ་ཧ་ཅང་གལ་ཆེ་བ་རེད།
- དེ་ཡང་གཅིག་བཤད་ན་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལྟ་བུ་ཞིག་ཡིན་ན།
- ཚིག་གི་སྟེང་ནས་བལྟས་ནས་སོང་ཧ་ཅང་གིས།
- སྙན་ངག་ཟེར་བ་དེ་འདྲ་ཞིག་ཡིན་དགོས།
- དེ་ང་ཚོ་བོད་ཀྱི་ལ་གཞས་ལའང་དེ་འདྲའི་ཁྱད་ཆོས་ཡོད།
- ལ་གཞས་ལའང་དེ་འདྲའི་ཁྱད་ཆོས་ཡོད།
- ཚིག་གི་སྟེང་ནས་སྤྱིར་བཏང་གི་དམངས་ཚོགས་ཀྱིས་སྐད་ཆ་བཤད་པའི་ཚིག་ཅིག་རེད།
- རེད་མོད་དོན་གྱི་ཆ་ནས།
- ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལ་སྙན་ངག་གི་གོ་བ་ཉེ་འགྲོ་མ་ཟེར་རྒྱུ་ཞིག་ཡོད་པ།
- སྙན་ངག་གི་གོ་བ་ཉེ་འགྲོ་མ།
- སྙན་ངག་གི་གོ་བ་ཉེ་འགྲོ་མ་ཟེར་བ་དེ་སྙན་ངག་གི་གོ་བ་ཅི་ལྟར་བླངས་ནའང་ཆོག་པ།
- གོ་བ་ཉེ་འགྲོ་མ་ཟེར་བ་དེ་诗的弹性ཟེར་བ་དེ་རེད།
- སྙན་ངག་ཅིག་ཡིན་ན།
- བཀབ་པའི་ཆ་དེ་ཡོད་ཀི།
- བཀབ་པའི་ཆ་དེ་ཡོད་ཀི།
- ཁ་གསལ་བོ་ཡིན་ན་གསལ་བའི་ཆ་ཡི་སོར་འདུ་དགོས་པ།
- བཀབ་པའི་སྐབས་ལ་ཡང་བཀབ་པའི་ཁྱད་ཆོས།
- དེ་རེ་རེ་རེ་རེ་སྙན་ངག་གི་གཤིས་ཀ་ཡིན་ན་འདྲ།
- དེ་མི་འདྲ་བ་རེ་རེ་ཡོད་པ་རེད།
- དེ་སྙན་ངག་པ་རང་རང་གི་ཁྱད་ཆོས་ཀྱང་རེད་མོད།
- ཡིན་ནའང་རང་གིས་དགོས་མཁོ་ཞིག་ཀྱང་རེད།
- དགོས་མཁོ་རེད།
- སྐད་ཆ་དེ་ཅི་ལྟར་བཤད་དགོས།
- སྐད་ཆ་དེ་ཅི་ལྟར་བཤད་ན་བཟང་གི
- སྐད་ཆ་དེ་ཅི་ལྟར་བཤད་ན་མི་སེམས་འགུག་ཐུབ།
- གཙོ་བོ་དེ་རེད།
- མི་སེམས་འགུག་པ།
- རང་གི་སེམས་ཀྱི་གདུང་བ་དེ་སེལ་ཐུབ་པ།
- གཙོ་བོ་དེ་རེད།
- ཨོ་ལེད།
- སྐད་ཆ་འདི་ལྟར་བཤད་དགོས་སམ་ཡང་ན་ཅི་ལྟར་བཤད་དགོས།
- ཨོ་ལེད་་་འདི་ནི་གདམ་ག
- འདིའི་ཚིག་གི་ཞིབ་འཇམ་དེ་ཧ་ཅང་གལ་ཆེན་ཡིན་པ་དེ་འདྲ་ཞིག་རེད།
- ཚིག་གི་ཞིབ་འཇམ།
- ཐ་ན་བྱེད་སྒྲ་དང་འབྲེལ་སྒྲ་ཞིག་གིས་ཀྱང་ནུས་པ་ཧ་ཅང་ཐོན་པ་རེད།
- གོང་ནས་རྒྱ་ཡེ་བཀྲ་བྷོ་ཡིས་བྲིས་ཡོད་པ།
- ངའི་བྱང་ཆུབ་ཤིང་གི་ལོ་མ་ཞིག་ཅེས།
- ཤིང་གི་ལོ་མ་ཞིག་ཅེས་བཤད་པ་དང་།
- ངའི་བྱང་ཆུབ་ཤིང་གི་ལོ་མ་ཞིག་ཅེས་བཤད་པ་གཉིས་ལ་ཁྱད་པར་ཧ་ཅང་ཆེ།
- བྱང་ཆུབ་ཤིང་གི་ལོ་མ་ཞེས་བཤད་ཚེ།
- རིན་པོ་ཆེ་ཞིག་ཡིན་པ་ང་ཚོས་ཤེས་ཐུབ་མོད།
- ངའི་བྱང་ཆུབ་ཤིང་གི་ལོ་མ་ཡིན་པ་མི་ཤེས།
- ཡིན་པའི་ངེས་བ་མེད།
- ཡིན་ན་ཡང་ཁོ་རང་གིས།
- སྙན་ངག་པ་ཡིས་སྐབས་དེར་ངའི་བྱང་ཆུབ་ཤིང་གི་ལོ་མ་ཞིག
- ནམ་མཁའ་ལ་ཁྱེར།
- མི་མངོན་པའི་དབྱིངས་སུ་ཁྱེར།
- དེ་གང་རེད་ཟེར་ན།
- ངའི་དང་བྱང་ཆུབ་ཤིང་གི་ལོ་མ་གཉིས་ཀྱི་འབྲེལ་བ་དེ།
- ཧ་ཅང་འབྲེལ་བ་དམ་པོ་ཞིག་ཡིན་པ།
- བྲལ་དུ་མེད་པའི་འབྲེལ་བ་ཞིག་ཡོད་པ་འདི་གོ་རུ་བཅུག་ཡོད་པ་རེད།
- དེ་ཡིན་པའི་རྐྱེན་གྱིས་ཐ་ན་ཚིག་གཅིག་དང་ཕྲད་གཅིག་གིས་ཀྱང་།
- ཡང་ཞེས་གོང་ནས་བཤད་པའི་ཡང་སྒྲ་ཞིག་ཡོད།
- ད་ནངས་ཡང་ཟེར་བ་དེ་ཡང་སྒྲ་ཟེར།
- ཁྱོད་ཀྱང་ཕེབས་རྒྱུ་ཡིན་ནམ་ཟེར་བའི་ཀྱང་ལ་སོགས་པ།
- དེ་འདྲ་ཞིབ་ཆ་བཏོད་རྒྱུ་མང་པོ་ཡོད་པ་རེད།
- ང་ཚོས་ཟ་མ་ཟོས་ཚར་ནས་མལ་ཁང་དུ་ངལ་གསོ་དུས།
- རྒན་མཁའ་འགྲོ་ཚེ་རིང་དང་ངེད་གཉིས་ཀྱིས་ཁ་བརྡ་ཞིག་བྱས་པ་ཡིན།
- དེང་སང་སྤྱིར་རྩོམ་འབྲི་མཁན་ཡང་མང་ལ།
- ཡིག་ནོར་དང་སྤྱིར་དག་ཆ་ཡི་སྟེང་ནས་མཉམ་འཇོག་བྱེད་དགོས་སྙམ།
- ཁྱོད་ཚོ་འདིར་བཞུགས་ཀྱི་ནང་ན་ཡང་ཡོད་ངེས་ཏེ།
- ཁྱོད་ཀྱིས་རྗེས་སུ་དག་ཆ་འདི་ལ་ཧ་ཅང་གིས།
- ཚིག་དེ་འགྱུར་སོང་ན་དོན་དེའི་གོ་བ་འགྱུར་འགྲོ་བ་རེད།
- དེ་ཆོས་ཉིད་རེད།
- ཚིག་གི་གོ་བས་དོན་གྱི་བདེན་གྱུར་ཅིང་།
- དོན་གྱི་གོ་བས་ཚིག་གི་དག་ཐོན་པ།
- དགེ་བཤེས་ཤེས་རབ་རྒྱ་མཚོ་ཚང་གིས་དེ་ལྟར་གསུངས་ཡོད་པ།
- ཚིག་དོན་གཉིས་ཀྱི་འབྲེལ་བ་དེ།
- དག་ཆ་དེ་དང་ཁོ་གཉིས་ཀ་རྩོད་སྒྲུབ་ཀྱི་འབྲེལ་བ་རེད།
- དེ་ཡིན་དགོས་པ་རེད།
- དེ་གང་ནས་ཡིན་དགོས་ཟེར་ན།
- ཚིག་གི་ཞིབ་འཇམ་འདི་ཡང་གང་ནས་ཡིན་དགོས་ཟེར་ན་གཅིག་དེ་རེད།
- གཉིས་གང་རེད་ཟེར་ན་ད་ནངས་ཧོར་གཙང་གླུ་རྒྱལ་གྱིས་ཀྱང་བཤད་བཞིན་པ་དེ་རེད།
- རྒྱུན་མི་ཆད་པར་འབྲི་རྒྱུ་དེ་གལ་ཆེན་རེད་ཟེར་བ་དེ།
- ངས་གོང་ནས་ཀྱང་བཤད་ཟིན་པ།
- གཞན་སྐུལ་མེད་པའི་ཚོད་ལྟ།
- སུན་སྣང་མེད་པའི་རང་སྦྱོང་ཟེར་བ་འདི་ཧ་ཅང་གལ་ཆེན་རེད།
- ཡང་དང་ཡང་དུ་བྲིས།
- བསམ་བློ།
- ངས་དེ་ལྟར་བཤད་པ་ཡིན།
- མི་ཞིག་གི་བསམ་བློ།
- སྤྱིར་བཏང་གིས་ཁྱོད་གཉིས་ཀ།
- དཔེ་བཞག་ན་འཛིན་གྲྭ་གཅིག་གི་དགེ་རྒན་གཅིག་གི་སློབ་མ་བྱས་ནས།
- ལོ་གསུམ་བཞི་ཞིག་ལ་མཉམ་དུ་འགྲོག་ནས་མཐར་ཕྱིན་སོང་ན།
- སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་སོང་ན།
- རྩོམ་འབྲི་མཁན་དང་རྩོམ་མི་འབྲི་མཁན་གཉིས་ཀྱི་བསམ་བློ་ཡི་ཚད་མཐོ་དམན་དེ་
- གཏན་ནས་འདྲ་རྒྱུ་མ་རེད།
- ཨོ་ལེད།
- ཚོར་འདུ་ཡིན་ན་འདྲ།
- བརྩེ་དུང་ཡིན་ན་འདྲ།
- བསམ་བློ་ཡིན་ན་འདྲ།
- དེ་གཏན་ནས་འདྲ་རྒྱུ་མ་རེད།
- དེའི་རྒྱུ་མཚན་གང་ཡིན་ཟེར་ན།
- ཁོས་གནད་དོན་ཞིག་ལ་དུས་རྒྱུན་དུ་བསམ་བློ་གཏོང་བཞིན་ཡོད་པ་རེད།
- ངས་གོང་ནས་ཁྱོད་ཚོ་ལ་གཅིག་བཤད་པའང་དེ་རེད།
- མཇུག་བྱང་གི་ནང་ནས་བཤད་ཡོད་པ།
- ལོ་ངོ་ཉི་ཤུའི་རིང་ལ་རྒྱུན་མ་ཆད་པའི་བསམ་གཞིགས་དང་།
- དེའི་གྲོགས་སུ་དུང་བའི་ཡིག་འབྲུ།
- དེའི་ཁམས་སུ་མཐུན་པའི་དུང་ཞེན་དང་།
- ཚོར་འདུ་སོགས་ཀྱི་སྙིང་བོ་མངོན་པ།
- རྒྱུན་དུ་བསམ་བློ་གཏོང་བཞིན་ཡོད་པ་རེད།
- བསམ་བློ་བཏང་བ་ལ་བསྟུན་ནས་མི་དེའི་བསམ་བློ་ཇེ་ཞིབ་དང་།
- འཐུས་ཇེ་ཚང་དུ་འགྲོ་བཞིན་ཡོད་པ་རེད།
- རྩོམ་ཞིག་བྲིས་ནའང་དེ་རེད།
- རྩོམ་ཞིག་འབྲི་བའི་སྐབས་དེའི།
- རྩོམ་དེ་རང་གི་བསམ་བློ་སྟོན་པའི་སེམས་ཁམས་ལ་རག་ལས་ཡོད་པ་རེད།
- དེ་ཡིན་པའི་རྐྱེན་གྱིས་རིག་པ་སྦྱངས་རྒྱུ་དེ་ཧ་ཅང་གལ་ཆེ་བ།
- བོད་ཀྱི་འགྲོ་ཕྱོགས་དེ་ཧ་ཅང་གིས།
- སྙན་ངག་འདི་སློབ་པའི་སྐབས་ལ།
- སྙན་ངག་མེ་ལོང་མ་ཡི་དོན་རྒྱན་སོ་ལྔ་ལ་སོགས་པ།
- རྒྱུན་དུ་ཆ་ཚང་ཞིག་འགྲོ་དགོས་པའི་རྒྱུན་མཚན་ཡང་དེ་རེད།
- དེང་མ་སྔོན་མའི་མཁས་པ་ཚང་མ་ཡང་།
- ཁྱོད་ཀྱིས་ཡིན་ན་མིན་ན་རྒྱན་རེ་རེ་ལ།
- སློབ་ཁྲིད་བྱས་པའི་རྗེས་སུ་རེ་རེ་ལ་དཔེ་བརྗོད་འཇོག་དགོས་པ་རེད།
- དེ་ལྟར་འགྲོ་བ་དེ་རྩོམ་ལ་འཇུག་པའི་སྒོ་རེད།
- རྩོམ་ལ་འཇུག་པའི་སྒོ་རེད།
- ཡིན་ན་མིན་ན་ཆ་ཚང་།
- དོན་རྒྱན་སོ་ལྔ་ལ་ཆ་ཚང་བོར་རེ་རེར་དཔེ་བརྗོད་བཞག་ཚར་སོང་ན།
- ད་ཅུང་ཙམ་འདྲ་བ་མ་རེད།
- ཚིག་གི་སྦྱོར་བ་དང་ཕྱོགས་གང་ཐད་ནས།
- ཚིག་གི་སྦྱོར་བ་ཡོང་བ་དེའང་དྲང་མོར་བཤད་ན།
- ཁོ་རང་གིས་བསམ་བློ་བཏང་ནས་ཡུན་གྱིས་ཡོང་བ་དེ་འདྲ་ཞིག་རེད།
- དེ་ཡིན་པའི་རྐྱེན་གྱིས།
- ངས་གོང་ནས་ཁྱོད་ཚོར་ད་ནངས་ཆུང་ཕྱོགས་པ་རྣམས་ལ་བཤད་པའི་རྒྱུ་མཚན་དེ་རེད།
- སེམས་དང་རིག་གནས་ཞེས་བཤད་ཡོད་པ་དེ་རེད།
- གཞན་གྱིས་བཤད་ན་སེམས་དང་རིག་གནས་འདི་ཅི་ཞིག་ཅེས།
- གོ་བ་ལེན་ས་མི་འགྲོ་བར་བསམ་མཁན་ཡོད་ནའང་ཐང་ལ།
- ངས་བལྟས་ན་དེ་གཉིས་ལ་འབྲེལ་བ་ཧ་ཅང་ཡོད་པ་དེ་འདྲ་ཞིག་རེད།
- དེ་ཡིན་པའི་རྐྱེན་གྱིས།
- འདི་ཡིན་ན་ཚང་མས་ཅུང་ཙམ་མཉམ་འཇོག་རྒྱུ་ཞིག་རེད།
- ཞོར་ནས་ངས་ཚང་མ་ལ་མཉམ་འཇོག་རྒྱུ་ཁ་ཤས་ཤིག་བཤད།
- དེ་གཅིག་ཡིན་དེ་ནས།
- འདི་ནས་ངས་གཅིག་བྲིས་ཡོད།
- འདི་༡༩༩༤ལོར་བྲིས་པ་ཞིག་རེད།
- ༡༩༩༤ཡི་ནང་དུ་བྲིས་པ་ཞིག་རེད།
- དེའི་ཡར་སྔོན་གྱི་ལོ་དྲུག་བདུན་ཙམ་གྱི་སྔོན་ལ་བྱུང་བའི་དོན་དག་ཅིག་རེད།
- ཡིན་ཡང་སྙན་ངག་འདི་འབྲི་དུས་༡༩༩༤ལོར་བྲིས་པ་དེ་འདྲ་ཞིག་རེད།
- དེ་སྙན་ངག་ཡག་པོ་ཞིག་མ་རེད་མོད།
- ཡིན་ཡང་དོན་དག་ངོ་མ་དེ་ལ་འདང་བརྒྱབ་ན།
- ཅུང་ཙམ་ཤུགས་དྲག་པའི་ཚོར་འདུ་ཟེར་ན་འདྲ།
- ཚོར་འདུ་ངོ་མ་ཡིན་ནའང་།
- གཞན་དང་འདྲ་བའི་དེ་འདྲའི་ཚོར་འདུ་ཤུགས་དྲག་པོ་ཞིག་ཡོད་མེད་མི་ཤེས་མོད།
- ཡིན་ནའང་སྐབས་དེར་མཚོན་ན་རང་ལ་ངོ་མས།
- བསམ་པ་ཀུན་ནས་སྐྱོ་སྟེ།
- སྐྱོ་གདུང་གི་སྒོ་ནས་བྲིས་པའི་སྙན་ངག་ཅིག་རེད།
- དེའི་ནང་གི་ཚན་པ་ཞིག་གི་ནང་ན་འདི་འདྲ་ཞིག་ཡོད།
- སྐར་ཆུང་འདིའི་རི་རྒྱབ་ལ་ལྷུང་བའི་མཚན་མོའི་མིག་ཆུ།
- ལམ་ཆུང་དབུས་ཀྱི་མགྲོན་པོ་ཞིག་ལ་རྨོངས་བའི་ས་བོན་གཏོར།
- སྟོར་རེད།
- དེར་ཡང་གོ་རྒྱུ་ཞིག་ཡོད་པ་རེད།
- གཏོར་དང་སྟོར་གཉིས་ལའང་ཁྱད་པར་ཅུང་ཙམ་འབྱེད་རྒྱུ་ཡོད་པ་རེད།
- ང་ཚོའི་མང་ཚིག་གི་ནང་ན་ཞིབ་ཆ་བཏོད་རྒྱུ་ཅུང་ཙམ་མང་གི
- དཔེ་བཞག་ན་འདི་འདྲ་ཁ་ཤས།
- ཡི་གེ་སྒྲ་གཅིག་ཀྱང་།
- སྒྲ་གཅིག་པ་དང་གཟུགས་ཅུང་ཟད་མ་འདྲ་བ།
- དོན་འདྲ་བ་ཡི་སྟེང་ནས་ཀྱང་ཁོའི་གོ་བ་འདྲ་མ་འདྲ་རེད།
- ད་ནངས་ངས་བཤད་པ་ཕྲལ་དང་བྲལ་གཉིས་ཡིན་ན་ཡང་།
- ནང་དོན་སྤྱིར་བཏང་གིས་འདྲ་མོད།
- ཁོ་ལ་བྱེད་པ་པོ་ཡོད་མེད་ཀྱི་ཆ་ལ་སོགས་པར་ཡང་གོ་བ་ལེན་རྒྱུ་ཅུང་ཙམ་ཡོད་པ།
- དཔེ་བཞག་ན་དེ་འདྲ་རེད།
- དཔྱིད་དུས་མེ་ཏོག་ལ་སེར་ཐིག་ལྷུང་བའི་ངན་ལྟོས་ཡིས།
- ཕྱི་དྲོའི་སྐབས་སུ།
- འདིའི་ནང་དོན་འདི་ཡང་ཅུང་ཙམ་དམིགས་སུ་བཀར་ནས་
- བཤད་དགོས་པ་དེ་འདྲ་ཞིག་གི་ལོག་འདུག
- འདི་ནི་བསོད་བྷེ་ལ་བྲིས་པའི་སྙན་ངག་ཅིག
- ང་ཚོ་དུས་རབས་ཤིག་གི་དཀྱོགས་མཚམས་ནས་ཐོག་མར་མཇལ་ཞིང་།
- ང་ཚོ་མཚན་མོ་ཞིག་གི་ཆང་ཁང་ནས་གཏན་དུ་གྱེས།
- དུས་རབས་ཤིག་གི་དཀྱོགས་མཚམས་ཡིན་པ་རེད།
- ཕལ་ཆེར་༢༠༠༠ལོ་ལ་མ་སླེབས་པའི་མཚམས་དེ་རེད།
- ཁོ་རང་ལོ་སུམ་ཅུའི་ནང་དུ་ཚེ་ལས་འདས་སོང་བའི་དེ་འདྲའི་སྙན་ངག་པ་ཞིག་རེད།
- རྒྱ་ཡི་རྩོམ་པ་པའི་ཁྲོད་ནས་ཀྱང་སྐད་གྲགས་ཡོད་པ་དེ་འདྲའི་མི་ཞིག་རེད།
- སྙན་ངག་ལ་ཧ་ཅང་ཁྱད་ཆོས་ཡོད་པ།
- ཁོ་རང་དེ་འདྲའི་སྙན་ངག་པ་ཞིག་རེད།
- ཁོ་སྐུ་གཤེགས་པའི་མྱ་ངན་གྱི་གྲོས་ཚོགས་དེ་མཚོ་ལྷོ་རུ།
- སྐབས་དེར་ང་མཚོ་ལྷོ་བོད་རིགས་སློབ་འབྲིང་དུ་ཡོད་པ་རེད།
- སྐབས་དེར་ང་ཚོ་མཉམ་དུ་མི་སུམ་ཅུ་བཞི་བཅུ་ཞིག་འཛོམས་བྱུང་།
- ང་ཚོ་མཉམ་དུ་འཛོམས།
- དེ་ནས་ཚང་མས་ཁོས་བརྩམས་པའི་སྙན་ངག་ཚང་མ་གྱེར་འདོན་བྱས།
- དེ་འདྲའི་སྟབས་བདེ་ངང་ང་ཚོས་མྱ་ངན་གྲོས་ཚོགས་དེ་འདྲ་ཞིག་ཚོགས་པ་རེད།
- མྱ་ངན་གྲོས་ཚོགས་དེ་འདྲ་ཞིག་ཚོགས་པ་རེད།
- ང་རང་ལ་མཚོན་ནའང་ཁོ་རང་ངོ་མི་ཤེས་མོད།
- གང་ལྟར་ཀྱང་གྲོས་ཚོགས་དེའི་སྟེང་དུ་སྐད་བཏང་ནས།
- མཚོ་ལྷོ་ན་ཡོད་པའི་རྩོམ་པ་པོ་དང་ཡང་ན་ཅི་ཟེར་དགོས་པ་རེད་ཟེར་ན།
- རྩོམ་འབྲི་མཁན་ཚང་མ་ལ་སྐད་བཏང་ནས།
- མཉམ་དུ་འཛོམས་ནས་ང་ཚོས་དེ་ལྟར་བྱས།
- དེ་ཡིན་པའི་རྐྱེན་གྱིས།
- དུས་རབས་ཤིག་གི་དཀྱོགས་མཚམས་ནས་ཐོག་མར་མཇལ་ཟེར་བའི་རྒྱུ་མཚན་དེ་རེད།
- དུས་རབས་ཤིག་གི་དཀྱོགས་མཚམས་ནས་ཐོག་མར་མཇལ་ཞིང་།
- ང་ཚོ་མཚན་མོ་ཞིག་གི་ཆང་ཁང་ནས་གཏན་དུ་གྱེས་པ།
- དེ་རེད།
- དེའི་ནང་དུ་མཚན་མོ་ཞིག་ལ་ཁོང་ཚོ་ཁ་བྲལ་བའི་རྣམ་པ་དེ་བརྗོད་ཡོད།
- ང་ཚོས་མི་ཚེ་ཐུང་ཐུང་ཞིག་ལ་བོར་ཟིན་པའི་རང་ཉིད་བཙལ་བ།
- བོར་ཟིན་པའི་རང་ཉིད་བཙལ་བ།
- སྐབས་དེའི་སྙན་ངག་པ་མང་པོ་ཞིག་གིས་སྐད་ཆ་འདི་ཅུང་ཟད་བཀོལ་བཞིན་པ།
- བཀོལ་བཞིན་པ་མ་ཟད།
- ཁོ་རང་གི་འཚོ་བའི་བརྒྱུད་རིམ་གྱི་ནང་དུ་བལྟས་ནས་སོང་ན།
- བོར་ཟིན་པའམ་རང་ཉིད་བོར་ཟིན་པ།
- བོར་ཟིན་པའི་རང་ཉིད་བཙལ་བ་ཞེས་པའི་བརྗོད་བྱ།
- འདིའི་སྐོར་གྱི་སྙན་ངག་ཅུང་ཙམ་མང་བ་འདྲ་རེད།
- དེའི་སྐབས་སུ་དེ་འདྲ་ཞིག་བྱང་ཐལ།
- མང་ཆེ་བ་ཡིན་ན་ལོ་རབས་་་
- དུས་རབས་ཉེར་གཅིག་འདི་མ་སླེབས་པའི་ཡར་སྔོན།
- ལོ་རབས་བརྒྱད་ཅུ་ཡི་མཇུག་དང་།
- ལོ་རབས་དགུ་བཅུ་ཐམ་པ་ཡི་ནང་ལོག་དེར།
- རྩོམ་དང་སྙན་ངག་མང་ཆེ་བའི་ནང་དུ།
- སྙན་ངག་གི་བརྗོད་བྱ་ཡི་ནང་ན་འདི་ཅུང་ཙམ་མང་བ་དེ་འདྲ་ཞིག་རེད།
- ད་དུང་ང་ཚོས་དགུན་དུས་ཧྲིལ་བོ་ཞིག་གི་མཛའ་གླུ་སྙན་ངག་ལ་བཅོལ་ཡོད་ཅེས།
- འདི་འདྲའི་སྐད་ཆ་ཞིག་ཡོད་ཀི
- དགུན་དུས་ཧྲིལ་བོ་ཞིག
- དགུན་དུས་ཞེས་པ་དེར་གོ་རྒྱུ་ཞིག་ཡོད་ཁ་རེད།
- དགུན་དུས་ཧྲིལ་བོ་ཞིག་རེད།
- སྙན་ངག་པས་མི་ཡུལ་གྱི་ཕྱི་ལོ་དེ་ནས།
- སྙན་ངག་པ་བྱིས་པའི་དུས་སྟོན་གྱི་ཡིན་མོར་གར་སོང་ཆ་མེད་དུ་གྱུར་ཞེས་པ།
- ཁོ་རང་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ཉིན་མོར་ཚེ་ལས་འདས་སོང་བ་དེ་འདྲ་ཞིག་རེད།
- དེ་ཡིན་པའི་རྐྱེན་གྱིས།
- སྙན་ངག་པས་མི་ཡུལ་གྱི་ཕྱི་ལོ་དེ་ནས།
- སྙན་ངག་པ་བྱིས་པའི་དུས་སྟོན་གྱི་ཡིན་མོར་གར་སོང་ཆ་མེད་དུ་གྱུར་ཐལ།
- འདིའི་ནང་དུ་ངས་ཅུང་ཙམ་ཕྲན་བཤད་བྱས་ཡོད་པ་ཅི་རེད་ཟེར་ན།
- བོར་ཟིན་པའི་རང་ཉིད་བཙལ་ཞེས་པའི་བརྗོད་བྱ་འདི་ནི།
- བར་སྐབས་ཤིག་ལ་རང་མོས་སྙན་ངག་གི་ཁྲོད་ཀྱི་གླེང་ཕྱོགས་གཙོ་བོ་ཞིག་ཏུ་གྱུར་མྱོང་།
- ཨོ་ལེད་་་དེ་འདྲའི་སྐབས་ཤིག་བརྒྱུད་མྱོང་བ་རེད།
- ཁྱོད་ཚོར་ཕལ་ཆེར་དེ་འདྲའི་སྣང་བ་མེད་ན་ཐང་མོད།
- ཕལ་ཆེར་ངའི་ལོ་ཚོད་ཀྱི་གཡས་གཡོན་དེའི་སྐབས་སུ།
- སྙན་ངག་འབྲི་བ་མང་ཆེ་ཤོས་ལ་དེ་འདྲ་རེད།
- འདི་སྤྱིར་ན་ཅི་ཟེར་དགོས་པ་རེད།
- སྙན་ངག་འདི་ཡིན་ན་གྲུབ་མཐའ་ཟེར་ན་ཆོག
- ཡང་ན་བསམ་པའི་རླབས་རྒྱུན་ཟེར་བ།
- རྩོམ་རིག་གི་བསམ་པའི་རླབས་རྒྱུན་ཟེར་ན་འདྲ།
- སྤྱིར་ང་ཚོ་བོད་ལ་བསམ་པའི་རླབས་རྒྱུན་ཞིག་བྱུང་མ་བྱུང་ལ་རྩོད་པ་ཡང་མང།
- མི་རབས་གསུམ་པ་མ་བྱུང་གི་ཡར་སྔོན་དེར།
- བོད་ལ་རྩོམ་རིག་གི་བསམ་པའི་རླབས་རྒྱུན་ཟེར་བ་ཞིག
- བྱུང་མྱོང་ངམ་མ་མྱོང་ཞེས་དེ་འདྲའི་རྩོད་པ་དང་།
- འདི་འདྲའི་དོགས་པ་ཡང་ཡོད་མོད།
- སྤྱིར་བཏང་གིས་བཤད་ཡོང་ན།
- རྩོམ་པ་པོ་དོན་གྲུབ་རྒྱལ་གྱི་དུས་སྐབས་ནས་བཟུང་སྟེ།
- ཅུང་ཙམ་བྱུང་མྱོང་བའི་རྟགས་རེད།
- ཅུང་ཙམ་བྱུང་མྱོང་བ་རེད།
- ལྷག་པར་ཏུ་ལང་ཚོའི་རྦབ་ཆུ་འདི་བརྩམས་པའི་རྗེས་སུ།
- ༡༩༨༣ལོའི་སྦྲང་ཆར་དེབ་གཉིས་པའི་སྟེང་དུ།
- ཐོག་དང་པོར་ལང་ཚོའི་རྦབ་ཆུ་འདི་བཀོད་པ་རེད།
- ༡༩༨༣
- ཁོང་ཚང་སྐུ་བཀྲོངས་དུས་༡༩༨༥་རེད།
- ལོ་གཉིས་ཡོད་མེད་ཀྱི་གོང་དེར་ལང་ཚོའི་རྦབ་ཆུ་འདི་བྲིས་པ་རེད།
- དེའི་རྗེས་སུ་དེ་དང་འབྲེལ་ཡོད་ཀྱི།
- དེ་ལ་དཔེ།
- ལད་ཟློས་ཀྱི་རྩོམ་གྱི་རླབས་རྒྱུན་ཞིག་འཕྱུར་བ་རེད།
- དྲང་མོར་བཤད་ན།
- ཨོ་ལེད།
- ཁོ་རང་རྩོམ་པ་པོ་དོན་གྲུབ་རྒྱལ་དང་ལོ་ཚོད་མཉམ་པ།
- ཡང་ན་དོན་གྲུབ་རྒྱལ་ལས་ལོ་ཅུང་ཟད་གཞོན་པ་འདི་འདྲའི་ཁྲོད་ན།
- དཔེ་བཞག་ན་ཆ་འགག་རྡེ་རྗེ་ཚེ་རིང་ཟེར་བ་འདྲ།
- སྐབས་དེར་ཅུང་ཙམ་སྐད་གྲགས་ཡོད་པའི་ཆ་འགག་རྡོ་རྗེ་ཚེ་རིང་ཟེར་བ་འདྲ།
- རེབ་གོང་རྡོ་རྗེ་མཁར་ཟེར་བ་འདྲ།
- འདི་འདྲ་སྐོར་ཞིག
- འདྲི་འདྲ་སྐོར་ཞིག་བྱུང་།
- དེའི་འཕྲོར་གང་རེད་ཟེར་ན།
- ཅུང་ཟད་ལད་ཟློས་ཀྱང་ཡིན་པ།
- ལད་ཟློས་ཡིན་པ་མ་ཟད་དེ་འདྲའི་རླབས་རྒྱུན་ཞིག་འཕྱུར་བ་རེད།
- དྲང་མོར་བཤད་ན་འཕྱུར་བ་རེད།
- འཕྱུར་མྱོང་མོད་ད་ལྟ་སྐབས་སུ་བབས་པ་མ་རེད།
- སྐབས་སུ་བབས་པ་མ་རེད།
- ངས་བཤད་པའི་རྒྱུ་མཚན་གང་རེད་ཟེར་ན།
- དེ་གཅིག་རེད།
- མ་རེད། འདི་མ་གཞི་ནས་རྒྱ་ནང་ཡིན་ནའང་དེ་རེད།
- ཁོ་ཚོ་ཡིན་རྒྱུ་ནའང་།
- དཔེ་བཞག་ན་ཀུའུ་ཁྲིན་དང་ཧད་ཚིའུ་ཅན་པའི་སྐབས་དེར།
- དེར་ཡང་གང་རེད་ཟེར་ན་ཁོ་ཚོ་ཡང་སྐབས་དེའི་རྒྱ་ཡིག་གི་朦胧诗
- རབ་རིབ་ཀྱི་སྙན་ངག་འབྲི་དུས་ཀྱི་སྐབས་དེའི་རྣམ་པ་དེ་འདྲ།
- ཨོ་ལེད་་་དེ་ཡིན་པའི་རྐྱེན་གྱིས།
- སྤྱིར་ང་དང་ལོ་ཚོད་མཉམ་པ་ཡི་སྐོར་དེར།
- བོར་ཟིན་པའི་རང་ཉིད་བཙལ་ཞེས་པ་འདི།
- གླེང་ཕྱོགས་གཙོ་བོ་ཞིག་ཏུ་གྱུར་མྱོང་བ་འདྲ།
- དུས་སྐབས་དེར་མཚོན་ན།
- རང་ཉིད་ལ་གསར་གཏོད་ཀྱི་སྙིང་སྟོབས་དང་།
- དོགས་གཞི་ཡི་དགོངས་པ་ཡོད་པ་ཞིག་དང་།
- རང་རྐྱ་ཐུབ་པའི་ལང་ཕྱོགས་དང་ལྟ་བ་ཡོད་པ།
- མི་གཤིས་སྐྲུན་པ་དང་མི་གཤིས་ཇེ་ལེགས་སུ་གཏོང་རྒྱུ་དེ་ནི།
- གཞོན་སྐྱེས་སྙན་ངག་པ་འབོར་ཆེན་ཞིག་གི་རེ་སྙེག་གི་དམིགས་འབེན་དུ་གྱུར་ཡོད།
- རང་རྐྱ་ཐུབ་པའི་ལང་ཕྱོགས་དང་ལྟ་བ་ཡོད་པ།
- མི་གཤིས་སྐྲུན་རྒྱུ་དང་མི་གཤིས་ཡག་པོ་ཞིག་སྐྲུན་རྒྱུ་དེ་ཡིན་ན།
- རེ་སྙེག་གི་དམིགས་འབེན་དུ་གྱུར་ཡོད།
- ང་དང་གྲོང་གསེབ་ཀྱི་སྙན་ངག་པ་ཚད་ལྡན་མང་པོ་ཞིག་གིས་ཀྱང་།
- ཁེར་རྐྱང་གི་བསམ་བློ་དང་གཅོད་དཀའ་བའི་སེམས་གདུང་གི་རང་གཤིས་ཤིག་ཆགས་འདུག
- ཁེར་རྐྱང་གི་བསམ་བློ་དང་།
- གཅོད་དཀའ་བའི་སེམས་གདུང་གི་རང་གཤིས་ཤིག་ཆགས་འདུག
- དྲང་མོར་བཤད་ན།
- རྩོམ་པ་པོ་དོན་གྲུབ་རྒྱལ་ཁོ་རང་གིས་རང་སྲོག་གཅོད་རྒྱུ།
- རང་སྲོག་གཅོད་རྒྱུ་འདི་ཡང་ཕལ་ཆེར།
- འདི་འདྲའི་ཁོར་ཡུག
- དེའི་སྐབས་ཀྱི་ཁོར་ཡུག་དེ་ལ་ཕལ་ཆེར་འབྲེལ་བ་ཅུང་ཙམ་ཡོད་རྒྱུ་རེད་སྙམ།
- འཇིག་རྟེན་དང་འཁོར་བ་ལ་ཡིད་ཐང་ཆད་པ་དང་།
- སྙིང་བོ་མེད་པའི་ལྟ་ཚུལ་ཞིག་ཀྱང་འཛིན་གྱིན་ཡོད།
- འདིའི་གྲུབ་མཐའ་འདི་ཡང་ཕྱི་རྒྱལ་ལའང་བྱུང་མྱོང་།
- ཇི་སི་པོད་ཅན་པོ་དེ།
- ཕྱི་རྒྱལ་དུ་ཨ་མེ་རི་ཁའི་ཚོགས་པ་དེ་འདྲ་ཡང་བྱུང་མོང་།
- དཔེ་བཞག་ན་འཇུག་རྟེན་དང་འཁོར་བ་ལ་ཡིད་ཐང་ཆད་པ་དང་།
- སྙིང་བོ་མེད་པའི་ལྟ་ཚུལ་འཛིན་མཁན།
- འདི་འདྲ་སྐོར་ཞིག་ཀྱང་བྱུང་མོང་།
- ཧད་ཚི་ཡིན་ནའང་ཕལ་ཆེར་ཁོ་ལ་རྒྱུ་རྐྱེན་མང་པོ་ཞིག་ཡོད་རྒྱུ་རེད་མོད།
- དེ་ཡང་གོ་བ་གཞན་ཞིག་གི་སྟེང་ནས་ལེན་དགོས་རྒྱུ་རེད།
- མི་ལ་སྐྱེད་ཅིང་།
- ཁེར་རྐྱང་གི་བསམ་བློ་དང་།
- གཅོད་དཀའ་བའི་སེམས་གདུང་གི་རང་གཤིས་ཤིག་ཆགས་ཡོད་པའི་
- སྙན་ངག་གི་གྲས་ཤིག་ཡིན་པས།
- མཛའ་གླུ་སྙན་ངག་ལ་བཅོལ་བའི་དུས་སྐབས་དེ་ནི།
- དགུན་དུས་ཧྲིལ་བོ་ཞིག་ཡིན་པར་ངོས་འཛིན་གནང་གིན་ཡོད།
- དགུན་དུས་ཧྲིལ་བོ་ཞིག་རེད།
- དགུན་ཁ་ཞིག་རེད།
- དུས་སྐབས་དེ་འདྲ་ཞིག་རེད།
- ཁོ་རང་རང་ཉིད་ཀྱི་ཁེར་རྐྱང་གི་བསམ་བློ་དང་།
- གཅོད་དཀའ་བའི་སེམས་གདུང་གི་རང་གཤིས་ཤིག་ཡོད་པའི་ཆ་ནས།
- མཛའ་གླུ་སྙན་ངག་ལ་བཅོལ་བའི་དུས་སྐབས་དེ་ནི་གང་རེད་ཟེར་ན།
- དགུན་དུས་ཧྲིལ་བོ་ཞིག་ཡིན་པར་ངོས་འཛིན་གནང་གིན་ཡོད།
- མི་ཡུལ་དུ་དཔྱིད་ལོ་རྐྱང་རྐྱང་འཐུ་མཁན་གྱི་སྙན་ངག་པ་བསོད་བྷེ་ཡང་།
- མི་ཚེ་ཐུང་ཐུང་ཞིག་ལ་བོར་ཟིན་པའི་རང་ཉིད་བཙལ་མྱོང་ནའང་།
- མཚན་མོ་ཞིག་གི་ཆང་ཁང་ནས་གཏན་དུ་གྱེས་པའི་རྗེས་སུ།
- སྨད་ལ་སྐྱེས་ནས།
- བྱིས་པའི་དུས་སྟོན་གྱི་ཉིན་མོར།
- གར་སོང་ཆ་མེད་དུ་གྱུར་ཞེས།
- ཐོབ་དཀའ་བའི་འགྲོགས་འདྲིས་ཐུང་ཐུང་དེ་ཕྱིར་དྲན་དང་།
- བརྗེད་དཀའ་བའི་གྱེས་བྲལ་དེ་ལ་མྱ་ངན་དང་།
- སྐྱོ་བ་མཛད་པའི་ཚུལ་བྲིས་འདུག
- ཧ་ཅང་གི་འགྲོགས་འདྲིས་ཐུང་ཐུང་ཞིག་རེད།
- ཁོ་གཉིས་ལ་མཚོན་ན་འགྲོགས་འདྲིས་ཐུང་ཐུང་ཞིག་རེད།
- ཕྱིར་དྲན་དང་།
- བྱིས་པའི་དུས་སྟོན་གྱི་ཉིན་མོར་གར་སོང་ཆ་མེད་དུ་གྱུར་བའི་ཚུལ་དེ།
- འགྲོགས་འདྲིས་ཐུང་ཐུང་དེ་ལ་ཕྱིར་དྲན་དང་།
- ཡང་ན་བརྗེད་དཀའ་བའི་གྱེས་བྲལ་དེ་ལ་མྱ་ངན་དང་སྐྱོ་བ་མཛད་པའི་ཚུལ་དུ་བྲིས་ཡོད།
- འདིའི་སྟེང་ནས་ཡང་གང་རེད་ཟེར་ན།
- དྲང་མོར་བཤད་ན་སྙན་ངག་འདི་ཅུང་ཡག་པོ་ཞིག་རེད།
- སྙང་ངག་ཡག་པོ་ཞིག་རེད།
- སྐབས་དེར་མཚོན་ན་ཚང་མ་ལ་བལྟ་འདོད་ཡོད་པ།
- བལྟ་མཁན་མང་བའི་དེ་འདྲའི་སྐབས་ཤིག་ཀྱང་བྱུང་མྱོང་བ་རེད།
- དེ་ནི་གོང་ནས་བཤད་པའི་ཤུགས་དྲག་པའི་ཚོར་འདུ་ཟེར་བ།
- སེམས་ཁམས་དང་འབྲེལ་བའི་ཤུགས་དྲག་པའི་ཚོར་འདུ།
- འདིའི་སྟེང་གི་དཔེ་མཚོན་ཞིག་ཡིན།
- དཔེ་མཚོན་ཞིག་ཡིན།