27 Mar 2013
29 min 19 sec
Video Overview
Creators:
Gangri Pumo, Drangchar
This is the third part of a lecture by Professor Dongrub Tsering at the First Young Tibetan Women's Literature Training in Trika, Qinghai Province.
- Triga
- མ་རེད། ངས་འདི་བཤད་པའི་རྒྱུ་མཚན་གང་ཡིན་ཟེར་ན།
- རྩོམ་ཡིག་གྲགས་ཆེན་གྱི་ནང་ན་ཡང་དེ་ཡོད་ཀི།
- སྤྱིར་བཏང་གི་སློབ་མ།
- སྤྱིར་བཏང་གི་མི་ཡི་སྟེང་གི་སེམས་ཁམས་ཡང་དེ་རེད།
- ངོ་མ་དེ་རེད།
- དེ་མ་གཏོགས་སྐྱེས་བུ་དམ་པ་ཚང་མ།
- སྤྱིར་བཏང་གི་སྟེང་ན་དེ་མེད་ཀི་ཟེར་བ་ཡོད་རྒྱུ་མ་རེད།
- རྒྱུ་མཚན་ནི་དཔེ་དྲངས་བའི་རྒྱུ་མཚན་དེ་ཡིན།
- ཁོས་རྒྱུན་ལྡན་གྱི་འཚོ་བ་ཞིག་ལས།
- ང་ཚོའི་ཉེ་འཁོར་ན་བྱུང་དང་འབྱུང་བཞིན་པའི།
- མཐོང་ངོས་ཀྱི་ཚོར་བ་གསར་བ་ཞིག་གི་ལམ་འཚོལ་དུ་བཅུག་ཡོད།
- རྨི་ལམ་གྱི་མེ་ཏོག་དེ་བཞད་ཐུབ།
- ཚིག་གཅིག་གཉིས་ཤིག་ངས་ནང་ལ་དྲངས་ཡོད།
- རྨི་ལམ་གྱི་མེ་ཏོག་དེ་བཞད་ཐུབ་པའི་ཆེད་དུ།
- དགོད་གཞས་ཀྱི་གཞས་ར་དེ་མཉམ་འཛོམས་བྱུང་ཞིང་།
- སེམས་དབུས་ཀྱི་སྨོན་ཚིག་གི་ཁྲོད་དུ།
- རྩོམ་མཁན་རང་ལ་བསྐྱུར་བ་ནི།
- སྟོང་ལྷང་ལྷང་གི་སྣང་བ་ཡིན།
- ཁུ་སུམ་མེའི་ཡུལ་ལྗོངས་ཡིན།
- ཨོ་ལེད་་་འདི་ད་ཐེངས་ཀྱི་སློབ་མ་དེ་ཡིས་རྩོམ་དེ་ཡང་།
- དམིགས་བསལ་གྱི་གྱེས་གྲལ།
- རྩོམ་གྲོགས་ཁ་ཤས་སློབ་མཐར་ཕྱིན་པའི།
- ཁྱོད་ཚོ་ཡང་དེ་རེད།
- འཛིན་གྲྭ་གཅིག་གི་ནང་ནས།
- རང་ལ་གྲོགས་པོ་ཁ་ཤས།
- གྲོགས་པོ་ཁ་ཤས་ཀྱིས་ནང་ནས་ཀྱང་།
- རྩོམ་གྲོགས་ཁ་ཤས།
- དེ་ལ་ཧ་ཅང་གིས་རང་གིས་བློ་གཏད་ན་ཆོག་པ།
- རང་གི་སེམས་ཁམས་ཤེས་པ་དེ་འདྲ་ཞིག་རེད།
- ང་ཚོ་སུ་ཡིན་ན་ཡང་ཡང་དེ་རེད།
- ཁྱོད་ཚོ་ལྷག་པར་དུ་རྩོམ་འབྲི་མཁན་ཞིག་ཡིན་ན།
- རང་ལ་འཛིན་གྲྭའི་ནང་ན་གྲོགས་པོ་ཡོད་པ་མ་ཟད།
- གྲོགས་པོ་ཡི་ནང་ནས་ཀྱང་རྩོམ་འབྲི་མཁན་དེ་ཚང་མ་ཡང་།
- རང་གི་གྲོགས་པོ་ཡིས་གྱུར་ནས།
- དེ་འདྲ་ཞིག་རེད།
- དེའི་རྒྱུ་མཚན་གང་རེད་ཟེར་ན།
- སེམས་ཀྱིས་ཚང་མས་རེ་སྙེག་བྱེད་ས།
- སེམས་ཀྱི་ན་ཟུག་ཡིན་ན་ཆོག་གི
- སྡུག་བསྔལ་ཡིན་ན་ཆོག་གི
- སྐྱོ་བ་ཡིན་ན་ཆོག་གི
- དེ་ཡི་མཚུངས་ཆ་ཟེར་བ་རེད།
- དེ་ཚོ་ཚང་མའི་སྟེང་ནས།
- མི་ཡིན་པ་འདྲ་འདྲ་རེད།
- སློབ་གྲོགས་ཡིན་པ་འདྲ་འདྲ་རེད།
- དགེ་རྒན་གཅིག་གི་སློབ་མ་རེད་མོད།
- དེ་ཡི་ནང་ནས་ཀྱང་སེམས་ཀྱི་སྡུག་བསྔལ་དེ་དང་།
- བསམ་བློས་མཐོང་ཡངས་བ་ཡིན་ན།
- བསམ་བློ་ཡི་ལྗིད་ཚད་དང་ལྕི་ཚད་དེ་འདྲ་བ་མ་རེད།
- ཁྱོད་དང་ང་སུ་ཞིག་ཡིན་རུང་།
- བུ་ཐོས་བ་དགའ་དང་ཡུམ་མྱང་ཚ་དཀར་རྒྱན་བར་གྱི་ཞེ་འཁྲེང་།
- གྲོགས་པོས་ཕར་སྐྱེལ་གྱི་སེམས་རྒྱུད་སོགས།
- འདི་འདྲའི་གནས་སྐབས་ལ་ནམ་རྒྱུན་འཕྲད་ཀྱིན་ཡོད།
- ང་ཚོ་འདི་ཚང་མར་ཐུག་ཡོད་པ་རེད།
- དམིགས་བསལ་གྱི་གྱེས་བྲལ་དང་།
- སྐྱེལ་མའི་གནས་སྐབས་ཀྱི་ཚོར་བ་དེ་ཡང་ང་ཚོ་སུ་ལ་ཡང་ཡོད་མྱོང་པ་རེད།
- ཡིན་ན་ཡང་གནད་འགག་གཙོ་བོ་གང་ན་ཡོད་ཟེར་ན།
- མི་མང་པོ་ཞིག་གིས་ཚོར་བ་འདི་ཚང་མ།
- སྨྱུག་རྩིར་འགུག་མི་ཐུབ་པའི་རྒྱུ་མཚན་ཅི་ཡིན་ཞེ་ན།
- དེ་ཚོས་ཚོར་བ་དེ་དག་སེམས་སུ་ཡུན་རིང་བསྙལ་བ་དང་།
- ཞིབ་འཇམ་རྒྱུད་ནས་ཐོབ་བྱུང་དུ།
- ཡིག་འབྲུ་གཟུགས་སུ་བསྐྲུན་མ་ཐུབ་པའི་བདེན་པ་ཡིན་ལ།
- དེ་འདྲའི་གཞན་སྐུལ་མེད་པའི་ཚོར་ལྟ་དང་།
- སུན་སྣང་མེད་པའི་རང་སྦྱོང་མེད་པའི་ལན་པ་རེད།
- ང་ཚོ་ཚང་མར་ཚོར་བ་དེ་ཡོད་པ་རེད།
- རྒྱ་ཡིས་བཤད་ན་美感ཟེར་བ་དེ་དང་།
- 美的感觉ཟེར་བ།
- མཛེས་ཚོར།
- ངས་དེ་ལ་མཛེས་བའི་ཚོར་བ་ཟེར་བཞིན་ཡོད།
- མཛེས་བའི་ཚོར་བ་འདི་འདྲ་ཡོད་པ་རེད།
- ཚོར་འདུ་ཡོད་པ་རེད།
- བརྩེ་དུང་ཡོད་པ་རེད།
- འདི་ཚང་མར་ཡོད་པ་རེད།
- ཡོད་ཀྱང་།
- དེ་སྨྱུག་རྩེ་དང་ཡི་གེ་ཡིའི་སྟེང་ལ་འབྲི་མི་ཐུབ་པའི་རྒྱུ་མཚན་གང་རེད་ཟེར་ན།
- འདི་ཁ་ཅིག་གིས་འབྲི་ཐུབ་གི
- ཁ་ཅིག་གིས་འབྲི་མི་ཐུབ་པའི་ཁྱད་པར་དུ་གང་ནས་བྱུང་བ་རེད་ཟེར་ན།
- འབྲིི་ཐུབ་པའི་གང་རེད་ཟེར་ན།
- ཚོར་བ་དེ་དག་ཡུན་རིང་དུ་རང་གི་སེམས་ལ་བསྙལ།
- ཚོད་མ་བསྙལ་བ།
- ཞོ་བསྙལ་བའི་བསྙལ་དེ་རེད།
- 酝酿ཟེར་བ་རྒྱ་ཡིས་བཤད་ན།
- ཨོ་ལེད་་་སེམས་ན་བསྙལ་བ།
- དེ་དེང་སང་གི་རྒྱ་སྐད་སྟེང་ནས།
- 灵感 ཟེར་བ་དེ་ཚང་མ་ཡང་གང་རེད་ཟེར་ན།
- ཁ་ཅིག་དེ་འདྲ་གཉིས་ཡོད་ཀི།
- ཐོབ་བྱུང་ཐོབ་བྱུང་དུ་བྲིས་ནས།
- རྩོམ་ཡིག་ཁ་ཤས་ཀྱི་རྗེས་ལ།
- རྩོམ་ཡིག་དེ་ནི་ཁོས་ཤ་དམར་བྲིས་ནས།
- ཡང་ན་ཐོབ་བྱུང་དུ་བྲིས་ནས།
- ཟེར་བ་དེར་ཡང་རྒྱུ་མཚན་གཉིས་ཡོད་ཀི།
- གཅིག་གང་རེད་ཟེར་ན།
- བརྗོད་བྱ་དེ་ལོ་མང་པོ་ཞིག་གི་སྔོན་ནས།
- ཁོས་རང་གིས་མིག་གིས་མཐོང་བ།
- རྣ་བས་ཚོར་བ།
- སེམས་ཀྱིས་མྱངས་བ་དེ་རྐྱེན་བྱས་ནས།
- ལོ་མང་པོ་འགོར་སོང་ན་ཡང་།
- རྩོམ་དེ་འབྲི་ཐུབ་པའི་རྒྱུ་མཚན་དེ་འདྲ་ཞིག་ཡོད་པ་རེད།
- ཁ་སང་ངས་འདི་ནས།
- དེ་རང་གྲོལ་ཡིན་པ།
- རྨ་ལྷོ་ཚགས་པར་ཁང་གིས་བྲིས་པའི་ནང་ན།
- ལྷ་ས་ལྷ་ས་ཞེས་འབྲོང་གིས་བྲིས་ཡོད་པ།
- དེར་ངས་རྗེས་ནས་ཁ་སང་འདི་ལྟར་བལྟས་ནས་སོང་ན།
- བརྒྱད་ཅུ་གྱ་བདུན་གྱི་སྐབས་ལ་ཁོ་ལྷ་ས་སོང་ནས།
- ཁོས་འབྲི་རྒྱུའི་བསམ་བློ་དེ་དེ་ནས་འཁོར་བ་རེད།
- དེ་ནས་ལོ་ཡུན་རིང་ཞིག་འགོར་བའི་རྗེས།
- ཕལ་ཆེར་ལོ་བཅུ་ལྷག་འགོར་དུས་དངོས་སུ་ཡི་གེའི་སྟེང་ལ་བྲིས།
- དེ་ལྟ་བུ་ཡང་དེ་རེད།
- འཛམ་གླིང་སྟེང་གི་རྩོམ་པ་པོ་ཚང་མ་དེ་རེད།
- ཐོབ་བྱུང་འདི་བྲིས་ཟེར་བ་དེ།
- ཁ་ཅིག་དངོས་སུ་དེ་ནས་དོན་དག་ཅིག་རིག་ནས་མཐོང་ནས།
- ཚོར་སྣང་དེ་བྱུང་མ་ཐུབ་པར་ཡི་གེར་འབྲི་རྒྱུ་དེ་འདྲ་ཡང་ཡོད་པ་རེད།
- དེ་ཐོབ་བྱུང་དུ་བྲིས་པ་དེ་འདྲ་ཡང་ཡོད་པ་རེད།
- དེ་ལ་བརྗོད་བྱ་གསར་རྙིང་གི
- ཐོབ་བྱུང་རིགས་གཉིས་ཡོད་ཟེར་བའི་རྒྱུ་མཚན་དེ་ཡིན།
- གསར་རྙིང་བརྗོད་བྱ་གསར་བ་དང་བརྗོད་བྱ་རྙིང་བ།
- ཁ་ཅིག་བརྗོད་བྱ་རྙིང་བ་ཡིན་ཡང་།
- རྗེས་སུ་ལོ་ཁ་ཤས།
- དེ་དཔེ་བཞག་ན་ངས་འདས་བའི་གཅེན་མོར་སྙན་ངག་འབྲི།
- ངས་དེའི་དོན་དུ་ལོ་ལྔ་ཡི་རྗེས་སུ།
- ཨོ་ལེད་་་རང་གི་གཅེན་མོ་དེ།
- ཚེ་ལས་འདས་ནས་ལོ་ལྔ་འགོར་སོང་ལ།
- ལོ་ལྔ་འགོར་སོང་བའི་རྗེས་སུ་ངས་སྙན་ངག་དེ་བྲིས་བ་ཡིན།
- དེ་ལོ་ཐུང་ཐུང་རེད།
- ལོ་ཉི་ཤུ་ཡི་ཡར་སྔོན།
- ལོ་སུམ་བཅུ་བཞི་བཅུ་ཡི་ཡར་སྔོན་གྱི་དོན་དག་དེ་བྲིས་བ་མང་གི
- འོ་་་དེ་འདྲ་མང་བ་རེད།
- དེ་ཡིན་པའི་རྐྱེན་གྱིས།
- ཡུན་རིང་སེམས་སུ་བསྙལ་རྒྱུ་འདི།
- བྱིན་སྦྱངས་སྦྱང་ནས།
- ཐོབ་བྱུང་དུ་ཡིག་འབྲུ་གཟུགས་སུ་བསྐྲུན་མ་ཐུབ་པ་རེད།
- དུས་སུ་རང་གི་སེམས་ན་ཡུན་རིང་བསྙལ་ནས།
- བྱིན་སྦྱངས་སྦྱངས་ན་ཁྱོས་གང་རེད་ཟེར་ན།
- རྩོམ་ཐུབ་པ་རེད།
- ཁ་ཅིག་གིས་དེ་ཡང་གཏོར་བ་རེད།
- ཕར་ལ་གཡུགས་པ་རེད།
- ཚོར་བ་དེ་ཡོད་བཏང་ན།
- ཚོར་བ་དེ་ཡང་གཏོར་བཏང་ན་གང་རེད་ཟེར་ན།
- ཚོར་བ་དེ་ཤུགས་དྲགས་པོ་ཞིག་བྱུང་བ་རེད།
- དཔེ་བཞག་ན་ང་ཚོའི་གློག་བསྙན་ཞིག་ལ་བལྟས་ན་འདྲ།
- སྤྱི་ཚོགས་སྟེང་གི་སྣང་ཚུལ་ཞིག
- དཔེ་བཞག་ན་སྤྲངས་པོ་ཞིག་གན་ནས་འགྲོ་བའི་ན།
- འགྲོ་མི་ཐུབ་པ།
- ན་ཚ་ཡིས་ན་བ་དང་ན་ཚ་ཡིས་ཟིན་པའི་སྤྲངས་པོ་ཞིག་གན་ནས་འགྲོ་དུས།
- སེམས་ནས་སྙིང་རྗེ་ཤུགས་དྲགས་པོ་ཞིག་སྐྱེས་འདུག
- ཚོར་བ་དེ་སུ་ལ་ཡང་ཡོད་པ་རེད།
- ང་ཚོ་ཡོན་ཏན་པ་ཞིག་ཡིན་ན་ཡོད་པ་རེད།
- སྤྱིར་བཏང་གི་མང་ཚོགས།
- སྤྱིར་བཏང་གི་འབངས་མི་ཕལ་བ་ཞིག་ཡིན་ན་ཡང་།
- ཚོར་བ་ཡོད་པ་རེད།
- ཚོར་བ་ཕལ་ཆེར་ངས་བལྟས་ན་འདྲ་འདྲ་རེད།
- ཡང་ཤུགས་ཆེ་ཆུང་ཡོད་པ་རེད།
- སྙན་ངག་པ་ཞིག་ཡིན་ན་ཚོར་བ་རྣོ་འདུག
- ཚོར་བ་སྐྱེན་པོ་ཟེར་བ་རེད།
- 敏感ཟེར་བ་རེད་རྒྱ་ཡིས་བཤད་ན།
- དེ་ཅུང་ཙམ་ཞིག་འདྲ་བ་མ་རེད།
- སྙན་ངག་པ་ཞིག་ཡིན་ན།
- ཁོ་ལ་敏感གྱི་ཆ་དེ་ཡོད་པ་རེད།
- ཚོར་བ་སྐྱེན་པོ་ཟེར་ལ།
- ཚོར་བ་སྐྱེན་པོ།
- ཨོ་ལེད་་་དེ་ཅུང་ཙམ་འདྲ་བ་མ་རེད།
- རྒྱ་ཡིས་བཤད་ན་感受能力ཟེར་བ་རེད།
- དེ་འདྲ་བ་མ་རེད།
- སྙན་ངག་པ་ཞིག་ཡིན་ན།
- ཚོར་བ་དང་དུ་ལེན་པའི་ནུས་པ་དེ་འདྲ་བ་མ་རེད།
- སྙན་ངག་པ་ལ་ཁྱད་ཆོས་ཤིག་ཡོད་པ་དེ་རེད།
- ཚོར་བ་ཉམས་སུ་ལེན་མཁན་དེ་འདྲ་བ་མ་རེད།
- དེ་ཡི་ཤུགས་ཆེ་ཆུང་འདྲ་བ་མ་རེད།
- ཡིན་ཡང་ཚོར་བ་ཚང་མ་ལ་ཡོད་པ་རེད།
- ཡིན་ཡང་སྙན་ངག་པ་ཚང་མས་འབྲི་ཐུབ་པ་དེ་གང་རེད་ཟེར་ན།
- ཁོས་དོན་དག་དེ་སེམས་ལ་བསྙལ་ནས།
- དེར་ཕྱིན་སྦྱངས་བྱས་ནས་དེ་ལྟར་བྱས་པ་ཡིན།
- དེ་མ་ཟད་གང་རེད་ཟེར་ན།
- ང་ཚོས་རྩོམ་ཡིག་འབྲི་བ་ཟེར་བ་དེ་གང་རེད་ཟེར་ན།
- གཞན་སྐུལ་མེད་པའི་ཚོད་ལྟ་དང་སུན་སྣང་མེད་པའི་རང་སྦྱོང་རེད།
- ངས་སྐད་ཆ་དེ་འདྲ་ཞིག་གོ་མྱོང་།
- གཞན་སྐུལ་ཟེར་བ་རེད།
- གཞན་གྱིས་ཁྱོད་ལ་སྐུལ་མ་བྱས་པ།
- གཞན་སྐུལ་མེད་པའི་ཚོད་ལྟ་དང་སུན་སྣང་མེད་པའི་རང་སྦྱོང།
- དྲང་མོར་བཤད་ན་དེ་ཡིན་དགོས་པ་རེད།
- ང་ཚོ་གསར་རྩོམ་པ་ཞིག་ལ་མཚོན་ན།
- ཅིག་གིས་ཨ་རོགས་ཁྱོས་དེ་ཕྲིས།
- ཡིན་ན་མིན་ན་འབྲི་དགོས་ཟེར་བ།
- ཟླ་བ་གཅིག་གི་ནང་དུ་ཡིན་ན་མིན་ན་རྩོམ་འདི་འདྲ་ཞིག་ཕྲིས་ཞེས།
- ཞེས་བཤད་མཁན་ཡོད་མོད།
- དཔེ་བཞག་ན་འབྲི་རྩོམ་ལ་སོགས་པ་འདི་འདྲའི་ནང་དུ།
- དཔེ་བཞག་ན་སློབ་ཚན་གྱི་སྐབས་ལ་དེ་འདྲ་བཤད་མཁན་ཡོད་མོད།
- གཞན་སྐུལ་མེད་པའི་ཚོད་ལྟ་ཡིན་པ་རེད།
- དྲང་མོར་བཤད་ན།
- ཐོབ་བྱ་ཉུང་བ་རེད་དྲང་མོར་བཤད་ན།
- ང་ཚོ་རྩོམ་འབྲི་མཁན་ཞིག་ལ་མཚོན་ན།
- ཐོབ་བྱ་ཡང་ཉུང་བ་རེད།
- ཚོང་རྒྱག་མཁན་ཞིག་ཡིན་ན་ཐོབ་བྱ་ཆེ་བ་རེད།
- རེད་་ང་ཚོ་སྙན་ངག་འབྲི་མཁན་ཞིག་ཡིན་ན།
- ཨོ་ལེད་་་ཐོབ་བྱ་མེད་ཀི།
- དེ་ཡིན་པའི་རྐྱེན་གྱིས་གང་རེད་ཟེར་ན།
- གཞན་སྐུལ་མེད་པའི་ཚོད་ལྟ།
- ཡང་ནས་ཡང་དུ་ཚོད་ལྟ་བྱེད་དགོས།
- ཡང་ནས་ཡང་དུ་ཚོད་ལྟ་བྱེད་དགོས།
- སུན་སྣང་མེད་པའི་རང་སྦྱོང་།
- རང་སྦྱོང་དེར་སུན་སྣང་བྱེད་མི་ཉན་གི།
- ཁྱོད་ཀྱི་དེ་འཁྱོངས་ན་འདྲ།
- མ་འཁྱོངས་ན་ཡང་ནས་ཡང་དུ་བྲིས།
- ཡང་སྐོར་བསྐྱར་སྐོར་བྱས་ནས་བྲིས།
- དེ་ལྟར་བྱེད་རྒྱུ་ཞིག་རེད།
- རྩོམ་འདི་དྲང་མོར་བཤད་ན།
- ང་རང་ཉིད་ལ་མཚོན་ན་ཡང་།
- སློབ་ཆུང་ལོ་རིམ་བཞི་བ་ནས་བཟུང་སྟེ།
- རྩོམ་ཡིག་ལ་བལྟ་རྒྱུར་ལོས་དགའ།
- ཕལ་ཆེར་ཉིན་ཐོ་ཞིག་བྲིས།
- དེ་འདྲ་ལ་བལྟ་རྒྱུ།
- གླུ་ཚིག་ཐུང་ཐུང་རེ།
- གཏམ་དཔེ་ཅུང་ཙམ་འཚོལ་སྡུད་བྱེད་རྒྱུ།
- གཞས་ཀྱི་གླུ་ཚིག་འདྲ་བ་འཚོལ་སྡུད་བྱེད་པའི་མགོ།
- སློབ་ཆུང་ལོ་རིམ་བཞི་བ་ནས་བརྩམས་པ་ཡིན།
- བཞི་བ་ལྔ་བ་དྲུག་པ་ནས་དེ་ལྟར་སོང་བ་ཡིན།
- དེ་ནས་དམའ་འབྲིང་དང་པོ་ནས་རྩོམ་མང་པོ་བྲིས་པ་ཡིན།
- ཁ་སང་དེ་རིང་།
- སྐབས་དེར་བྲིས་པ་ད་རུང་ངས་ཉར་ཚགས་བྱས་ཡོད།
- སྐབས་དེར་བྲིས་པའི་རྩོམ་ཡིག་ཉིན་ཐོ་ལ་སོགས་པ།
- དགེ་རྒན་ཚང་མས་དཔྱད་བརྗོད་ལ་སོགས་པ་བྲིས་པ་ཚང་མ།
- ཉར་ཚགས་བྱས་ཡོད།
- དེར་མ་ཟད་གང་རེད་དེའི་རྗེས་སུ་སློབ་འབྲིང་དང་།
- དེའི་རྗེས་སུ་དགེ་ཐོན་སློབ་གྲྭ་ན་ཡོད་པའི་སྐབས་ཀྱི་སློབ་གྲོགས་དང་།
- རང་གི་གྲོགས་པོ་ཚང་མས་ཕན་ཚུན་ལ་འཕྲིན་ཡིག་བསྐུར་ནས།
- དེང་སང་གི་བརྡ་འཕྲིན་ལ་སོགས་པ།
- 微博ཟེར་བ་རེད།
- ལ་སོགས་པ་འདི་འདྲའི་སྐད་ཆ་བཤད་ས་ཡོད་པ་མ་རེད།
- ཐད་ཀར་ཡི་གེ་བྲིས་ནས་ཡི་གེ་བསྐུར་དགོས་པ་རེད།
- དེ་ཧ་ཅང་གལ་ཆེ་བ་རེད།
- ངས་རྗེས་ནས་ཀྱང་དེ་ཅུང་ཙམ་ཞིག་བཤད།
- འདི་ཚང་མ་ཉར་ཚགས་བྱས་ཡོད།
- དེ་ཡིན་པའི་རྐྱེན་གྱིས་འདི་ལ་སུན་སྣང་ཡོད་མི་ཉན་གི་ཟེར་རྒྱུ་དེ་རེད།
- དེ་ཡིན་པའི་རྐྱེན་གྱིས་ཚན་པ་བཞི་བ་ཡི་སྟེང་ནས།
- ངས་གཙོ་བོ་ཡིན་ན་དམིགས་བསལ་གྱི་གྱེས་བྲལ་དང་སྐྱེལ་མ།
- དམིགས་བསལ་གྱི་གྱེས་བྲལ་དང་སྐྱེལ་མ།
- དེ་ནས་ཚན་པ་ལྔ་བ་ཡི་སྟེང་ནས་གང་རེད་ཟེར་ན།
- ངས་འདི་གཙོ་བོ་བཤད་ན་འདོད་པ་གང་ཡིན་ཟེར་ན།
- དེ་གཙོ་བོ་ཡིན་ན་འཕྲིན་ཡིག་གིས་ཡི་གེ་འབྲི་རྒྱུ།
- ད་ངས་འདིའི་ནང་ནས་རང་རེའི་ལོ་རབས།
- མདོ་དབུས་མཐོ་སྒང་དུ་དུས་རབས་གོང་མ་ཡི་ལོ་རབས་བརྒྱད་ཅུ་ཡི་ནང་དུ།
- ཁ་པར་དང་འཕྲིན་ཡིག
- ཡིག་སྒམ་འདིའི་སྟེང་ནས་འཕྲིན་ཡིག་གཏོང་རྒྱུའི་སྲོལ་དར་མེད་ཀི།
- དེ་ཡིན་ན་སྐབས་དེ་ལ་བརྗོད་འདོད་པའི་སྙིང་གཏམ་དེ་ཚང་མ།
- ཤོག་བུ་དཀར་པོའི་སྟེང་ལ་ཡི་གེ་ནག་པོ་བྲིས་ནས་ཕན་ཚུན་ལ།
- བསམ་དོན་དེ་གོ་རུ་འཇུག་གི།
- དེ་ནི་གང་རེད།
- ཆེས་སྤྲོ་སྐྱིད་ལྡན་པ་དང་ཆེས་རང་དབང་མངའ་བ།
- ཆེས་སྣང་བ་ཡངས་བ།
- ཆེས་དོན་སྙིང་ལྡན་པ།
- གསར་རྩོམ་གྱི་གནས་སྐབས་ཤིག་དང་བརྒྱུད་རིམ་ཞིག་རེད།
- འདི་ཧ་ཅང་གིས་ང་ཚོའི་གནས་སྐབས་དེར་མཚོན་ན།
- དྲང་མོར་བཤད་ན།
- ད་ལྟ་ཡི་འདི་འདྲའི་བརྡ་འཕྲིན་ལ་སོགས་པ།
- འདི་སྐུར་རྒྱུ་མེད་པ་རེད།
- དེ་ཡིན་པའི་རྐྱེན་གྱིས་གང་རེད་ཟེར་ན།
- མང་ཆེ་བ་གང་རེད་ཟེར་ན།
- འཕྲིན་ཡིག་འབྲི་བ་ཧ་ཅང་གིས་གལ་ཆེ།
- ཨོ་ལེད་་་འཕྲིན་ཡིག་འབྲི་བ་དེ་གལ་ཆེ།
- རང་གི་གྲོགས་པོ་ཡིན་ན་འདྲ།
- དགེ་རྒན་ཡིན་ན་འདྲ།
- རང་གི་ཕ་མ་ཡིན་ན་འདྲ།
- དེ་ཧ་ཅང་གིས་རྩོམ་ཡིག་འབྲི་མཁན་ཞིག་ལ་མཚོན་ན།
- ཧ་ཅང་གིས་གང་རེད་ཟེར་ན་གོམ་པ་དང་པོ་དེ་ཡིན་པ་རེད།
- འཕྲིན་ཡིག་འབྲི་བ་དེ།
- དེང་སང་ཡིན་ན་ཡང་གཅིག་རེད།
- དེང་སང་ཡིན་ན་ཡང་འདི་ཡིས་ཡི་གེ་བསྐུར་ན།
- བསྐུར་དུས་དེ་ཡིན་པ་རེད།
- དེང་སང་བོད་ཡིག་འདི་བེད་སྤྱོད་གཏོང་མི་ཐུབ་ཀི།
- མང་ཆེ་བ་རྒྱ་ཡིག་གིས་འབྲི་དགོས་པ་མ་གཏོགས།
- སྤྱིར་བཏང་གིས་བོད་ཡིག་གིས་འབྲིི་ཐུབ་རྒྱུ་ན་བཟང་གི།
- ལྷག་པར་དུ་དེང་སང་གློག་ཀླད་ཀྱི་སྟེང་ནས།
- རྣམ་པ་སྣ་ཚོགས་ལ་བལྟས་ན་ཆོག་པ་རེད།
- ང་ཚོས་ཁ་བརྡ་བྱས་ན་ཆོག་གི
- ཁ་བརྡ་ཡི་སྟེང་ནས་ཡི་གེ་བྲིས་ནས།
- ཨོ་ལེད་་བོད་ཡིག་གི་སྟེང་ནས་བྲིས་ན།
- དེ་ལྟར་བྱེད་ཐུབ་རྒྱུ་ན་བཟང་གི་འདོད།
- དེ་ཅུང་ཙམ་ཞིག་མི་འདྲ་བ་རེད།
- དེ་དང་དེང་སང་གི
- སྔོན་གྱི་འགྲོ་ཕྱོགས་དང་དེང་སང་གི་འགྲོ་ཕྱོགས་མི་འདྲ་བ་རེད།
- དེང་སང་གི་དེ་ཡིན་ན་དཔེ་བཞག་ན་ཁ་བརྡ་ཞིག་བྱས་ན།
- ཐད་ཀར་ཐད་ཀར་དུ་ངས་ཁྱོད་ལ་བཤད་པ་དང་ཁྱོས་ང་ལ་བཤད།
- ངས་གཅིག་བཤད་ན་ཁྱོས་གཅིག་བཤད།
- དེ་ལྟར་ཁ་བརྡ་དེ་ལམ་སེང་ལམ་སེང་ཕན་ཚུན་ལ་བརྡ་སྤྲོད་དགོས་པ་རེད།
- དེང་མ་ཡིན་ན་དེ་ལྟར་སྤྲོད་མི་ཐུབ་པ་རེད།
- རང་ཉིད་སློབ་ཁང་ནང་ལ་ཡོང་།
- ཉལ་ཁང་ཡིན་ན་ཆོག་གི
- འདང་རྒྱབ་ནས་སེམས་ན་དྲན་པའི་སྐད་ཆ་དེ།
- འདང་རྒྱབ་ནས་རེ་རེ་ཡིག་འབྲུ་ཡིས་སྟེང་ནས།
- རེ་རེ་རེ་རེ་འདང་རྒྱབ་ནས་འབྲི་དགོས་པ་རེད།
- འདང་རྒྱབ་ནས་བྲིས་པ་དེ་གང་རེད་ཟེར་ན།
- དེ་རིང་བྲིས་བ་དེ་སང་ཉིན་ཡོང་ནས།
- ཡང་ཅུང་ཙམ་ཞིག་འགྲིག་མེད་ཀི་ཟེར་ནས།
- ཡང་བསུབས་ནས་ཡང་འབྲི་བ་རེད།
- དེ་ཡང་སྦྱོང་བརྡར་ཞིག་རེད།
- དེ་ལྟར་བྱས་ནས་གང་རེད་ཟེར་ན།
- དེ་བྲིས་ཚར་སོང་ན་གང་རེད།
- ཡིག་ཤུབས་ཀྱི་ནང་ལ་བསྡུས་ནས་སྐུར།
- སྐུར་ན་གང་རེད་ཟེར་ན།
- ཉིན་ལྔ་རེ་དྲུག་རེ།
- ཡང་ན་ཟླ་བ་གཅིག་རེ་ལ་ལག་ཏུ་མི་འབྱོར་བ་རེད།
- དེའི་བར་ལ་ངང་སྒུག་ཅིག་ཀྱང་ཡོད་པ།
- ཡི་གེ་དེ་གྲོགས་པོ་དེར་འཕྲོད་ཡོད་མེད་དེའི་ངང་སྒུག
- འཕྲོད་ན་གྲོགས་པོ་དེའི་སེམས་ན་ཅི་ཞིག་དྲན་ཡོད་མེད་ཀྱི་ངང་སྒུག
- དེ་ནས་ཡང་བསྐྱར་ཁོ་ལ་ལན་ཞིག་ཡོང་བ་དེ་ལ་རེ་སྒུག
- ལན་དེ་འབྱོར་བའི་རྗེས་ནས་ཁོ་རང་གི་སེམས་ཁམས།
- དེའི་བར་གྱི་འགྲོ་རིམ་དེ་ཧ་ཅང་གིས་ཡ་མཚན།
- དེ་གསར་རྩོམ་གྱི་ཧ་ཅང་གིས་ཅི་ཟེར་བ་རེད།
- འཇུག་ངོགས་ཟེར་ན་འདྲ།
- ང་ཚོས་བཤད་ན་འཇུག་ངོགས་སམ་གོམ་པ་དང་པོ་སྤོ་ས།
- དེ་འདྲ་ཞིག་རེད།
- དེང་སང་བལྟས་ན་ང་ཚོས་ཁ་བརྡ་བྱས་ན།
- བསམ་བློ་ཆེན་པོ་ཞིག་མི་གཏོང་བར།
- ཁྱོད་ཀྱིས་ང་ལན་ཞིག་བྱིན་ན་ངས་ཁྱོད་ལམ་སང་ལན་ཞིག་སྤྲད་པ་རེད།
- བར་དེ་ནས་གང་རེད་ཟེར་ན།
- བསམ་བློ་གཏོང་སྟངས་དང་གཏོང་ཁམ་ཡང་།
- དྲང་མོར་བཤད་ན་དེ་འདྲ་ཞིག་མེད་ཀི
- བཏང་བ་དེ་ཡང་དྲང་མོར་བཤད་ན་ཞིབ་ཚགས་པོ་ཞིག་ཡིན་པ་མ་རེད།
- མཐུས་ཚང་བོ་ཞིག་ཡིན་པ་མ་རེད།
- དེ་ལ་སྐྱོན་ཅུང་ཙམ་ཞིག་ཡོད་མོད།
- གང་ལྟར་ཀྱང་ཚན་རྩལ་གྱི་མངའ་དབང་བསྒྱུར་ནས་འགྲོ་བའི་སྐབས་འདིར།
- ང་ཚོར་འཕྲིན་ཡིག་བྲིས་ནས་འདུག་ཁོམ་ཡང་མེད་པ་ཡིན་རྒྱུ་རེད།
- ངོ་མ་རེད།
- གཅིག་བཤད་ན་ཚན་རིག་ལ་སྐྱོན་ཡང་ཡོད་པ་རེད།
- གན་ཡང་ཡོད་པ་རེད།
- གང་ལྟར་ཀྱང་ང་ཚོའི་དུས་རབས་འཕེལ་རྒྱས་སུ་འགྲོ་དགོས་པ་རེད།
- དུས་རབས་ཀྱི་རྗེས་སུ་འབྲང་ནས་འགྲོ་དགོས།
- ཡིན་ཡང་ངས་བཤད་པ་ནི་སྐབས་དེའི།
- ལོ་རབས་བརྒྱད་ཅུའི་ནང་གི་རྣམ་པ་ཞིག་བཤད་པ་རེད།
- དུས་རབས་གོང་མ་ཡི་ལོ་རབས་བརྒྱད་ཅུ།
- བདུན་ཅུ་བརྒྱད་ཅུ་དགུ་བཅུ་ཡི་སྟོད།
- དེའི་རྗེས་ནས་རིམ་བཞིན་གློག་ཀླད་དེ་དར།
- དྲ་རྒྱ་དར།
- དེང་སང་ཧ་ཅང་གིས་དེ་རིང་གི་སྐད་ཆ།
- འཛམ་པོ་གླིང་གི་མི་ཚང་མས་གོ་བའི་གནས་ཚུལ་འདི་རེད།
- དེ་མ་གཏོགས་དེང་མ་ཡིན་རྒྱུ་ན།
- ཧ་ཅང་གིས་འཕྲིན་ཡིག་དེ།
- འཕྲིན་ཡིག་དེ་གྲོགས་པོ་ཁ་ཤས་ལ་ངས་བསྟན་མྱོང།
- ངས་ཁང་བ་སྔོན་པོ་དེ།
- ཁྱོད་ཚོའི་ནང་ན་ཅུང་ཙམ་དོ་སྣང་བྱས་མྱོང་མཁན་ཡོད་ན།
- ངས་ཁང་བ་སྔོན་པོའི་གཏམ་རྒྱུད་ཀྱི་མགོ་ན།
- སློབ་ཐོན་བརྗེད་ཐོ་ལས་བཤུས་ཟེར་བ་འདྲ་འདྲ།
- གྲོགས་པོ་ཞིག་གི་འཕྲིན་ཡིག་ལས་བཤུས་ཟེར་བ་དེ་འདྲ་མང་པོ་ཞིག་ཡོད།
- དེ་གླེང་གཞི་ཡི་མཇུག་བྱང་གི་ནང་ན།
- དེ་ཚང་མ་གང་རེད་ཟེར་ན།
- ཕལ་ཆེར་དགེ་ཐོན་སློབ་གྲྭ་ནས་བཟུང་སྟེ།
- སློབ་གྲྭ་ཆེན་མོ་དང་སྤྱི་ཚོགས་སྟེང་ལ་ཡོང་བའི།
- བར་གྱི་བརྒྱུད་རིམ་དེ་གྲོགས་པ་ཚང་མ་ཡི་འཕྲིན་ཡིག་དེ།
- ཕལ་ཆེར་བརྩེགས་མ་བྱས་ན།
- ཕལ་ཆེར་འདི་འདྲ་ཞིག་ཡོད་རྒྱུ་རེད།
- དེ་ངས་ག་ས་གང་དུ་སོང་ན་ཡང་།
- དེ་ངས་རིན་ཐང་ཅན་ཞིག་རེད་ཟེར་བཞིན་མེད་མོད།
- ཡང་གཅིག་བཤད་ན་སྐབས་དེའི་གྲོགས་པོ་དང་གྲོགས་པོའི་བར་གྱི།
- འབྲེལ་འདྲིས་དང་སྐབས་དེའི་བར་གྱི་སེམས་ཁམས་དང་།
- སྐབས་དེ་ཡི་འཚོ་བའི་བརྒྱུད་རིམ་གྱི་རི་མོ་ཙམ་ཞིག
- སྐྱ་ཐིག་ཙམ་ཞིག
- ཡང་དང་ཡང་དུ་དྲན་གསོ་བ་ལ་རོག་འདེགས་བྱེད་པ་མ་ཟད།
- མ་འོངས་པ་ཞིག་ལ་རང་གི་ཅི་ཟེར་བ་རེད།
- འཚོ་བ་ཡི་བརྒྱུད་རིམ་དེ།
- བརྗེད་ཐོ་འགོད་པ་དེ་ལ།
- ཧ་ཅང་གིས་ཅི་ཟེར་བ་རེད།
- དེ་ཡིན་པའི་རྐྱེན་གྱིས།
- འདི་ཚང་མ་ངས་ཉར་ཚགས་བྱས་ཡོད་པའི་རྒྱུ་མཚན་དེ་རེད།
- དེར་མ་ཟད་གང་རེད་ཟེར་ན།
- དཔེ་ཞིག་དྲངས་ནས་བཤད་ན།
- འདིའི་རྩོམ་པ་པོ་དོན་གྲུབ་རྒྱལ་ང་ཚོ་ཚང་མས་ཧ་གོ་བ་རེད།
- རྩོམ་པ་པོ་དོན་གྲུབ་རྒྱལ་ཧ་གོ་བ་རེད།
- རེད་མོད་ཁོ་རང་གི་རྩོམ་ཡིག་ཚང་མར་བལྟས་ནས་ཡོང་ན།
- ལྷག་པར་དུ་ཁོ་རང་གིས་བརྩམས་པའི་སྔོན་མ་ཡི་ལོ་རབས།
- ཁོང་ཚང་སྐུ་གཤེགས་དུས་བརྒྱད་ཅུ་གྱ་ལྔ་ལོ་རེད།
- གྱ་ལྔ་ཡི།
- བརྒྱད་ཅུ་ཐམ་པ་ཡི་ནང་ནས།
- གྱ་ལྔ་ཡི་ཡན་ཆད་དང་།
- བརྒྱད་ཅུ་ཐམ་པ་ཡི་མན་ཟེར་ན་ཆོག་གི
- གང་ལྟར་ཀྱང་ཁོ་རང་གི་བརྩམས་སྒྲུང་མང་པོ་ཞིག
- བརྩམས་སྒྲུང་སྔ་མ་མང་པོ་ཞིག་གི་ནང་ལ་བལྟས་ནས་སོང་ན།
- ཁོ་རང་གིས་འཕྲིན་ཡིག་འབྲི་བ་ལ་ཐོགས་པ་མེད་པ།
- འཕྲིན་ཡིག་ལ་བྱང་ཆ་ཡོད་པ་དེ།
- ཁོ་རང་གི་བརྩམས་སྒྲུང་གི་སྟེང་ནས་ལམ་སེང་ཧ་གོ་ཐུབ་པ་རེད།
- དྲང་མོར་བཤད་ན།
- འདི་ལ་ཞིབ་འཇུག་བྱེད་ན་བྱེད་རྒྱུ་ཡོད་པ་ཞིག་རེད།
- དྲང་མོར་བཤད་ན།
- འཕྲིན་ཡིག་དེ་ཁོ་རང་ཡིན་ན་རྒྱ་ཡིག་གིས་བྲིས་ན་འདྲ།
- བོད་ཡིག་གིས་བྲིས་ན་འདྲ།
- ཧ་ཅང་གིས་ཁོ་འཕྲིན་ཡིག་འབྲི་བར་ཧ་ཅང་དགའ་བ།
- ཐོགས་པ་མེད་པ།
- དེ་འདྲ་ཞིག་ཡིན་ཟེར་བའི་རྣ་ཐོས་ཡོད་པ་རེད།
- དཔེ་ཞིག་བཞག་ན་བཤད་ཚུལ་ཡིན་ན་གང་རེད་ཟེར་ན།
- གསར་རྩོམ་གྱི་གོམ་པ་དང་པོ་དེ།
- རྩོམ་པ་པོ་དོན་གྲུབ་རྒྱལ་ཁོ་རང་གི་གསར་རྩོམ་གྱི་གོམ་པ་དང་པོ་དེ་ཡང་།
- འཕྲིན་ཡིག་འབྲི་བ་ནས་མགོ་བརྩམས་པ་ཡིན་ཟེར་བའི་བཤད་ཚུལ་ཡོད།
- འཕྲིན་ཡིག་འབྲི་བ་ནས་མགོ་བརྩམས་པ་ཡིན།
- ཕལ་ཆེར་ངས་འདང་རྒྱབ་ན་དེ་ཡིན་རྒྱུ་རེད་བསམ་གི།
- ད་ངས་གོང་ནས་ཁྱོད་ཚོར་བཤད་པ་དེ་རེད།
- དུས་སྐབས་དེར་མཚོན་ན།
- འཕྲིན་ཡིག་འབྲི་བ་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད།
- འཕྲིན་ཡིག་འབྲི་བ་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད།
- ཁོང་གིས་བརྩམས་པའི་བརྩེ་དུང་གི་རྦབ་རླབས་ཟེར་བ་དང་།
- སད་ཀྱིས་བཅོམ་པའི་མེ་ཏོག་ཟེར་བ།
- འདི་འདྲའི་བརྩམས་ཆོས་མང་པོར་བལྟས་ནས་ཡོང་ན།
- འཕྲིན་ཡིག་གི་འགུལ་ཤུགས་དང་ནུས་པ་དེ་ཚོར་ཐུབ་པ་རེད།
- དཔེ་བཞག་ན།
- ལྷ་སྐྱིད་ཀྱིས་ཚེ་རིང་ལ་བྲིས་པའི་ཡི་གེ་ལྟ་བུ།
- དེ་འདྲ་ཞིག་ཡོད་པ་རེད།
- ལྷ་སྐྱིད་ཀྱིས་ཚེ་རིང་ལ་བྲིས་པའི་ཡི་གེ་དེ་འདྲ་ཡོད་པ་རེད།
- བརྩེ་དུང་གི་རྦབ་རླབས་ལ་སོགས་པ་མཚོན་ན་ཡང་དེ་རེད།
- དེའི་ནང་གི་མི་སྣ་ཕོ་མོ་དེ་གཉིས་བར་གྱི།
- ཕན་ཚུན་ལ་བྲིས་པའི་འཕྲིན་ཡིག་ལ་སོགས་པ་དེར་ཡང་བལྟ་ཐུབ་པ་རེད།
- དེ་གང་རེད་ཟེར་ན།
- ནུས་པ་དེ་མཚོན་ཐུབ་པ་མ་ཟད།
- དེ་ནས་གང་རེད་ཟེར་ན།
- ང་ཚོའི་སྣང་བ་ཆེས་ཡངས་བ།
- དོན་སྙིང་ཆེས་གསལ་བའི་གསར་རྩོམ་གྱི།
- མཛེས་བའི་ཚོར་བ་ཞིག་ཀྱང་ཞུགས་ཅི་ཐུབ་བྱེད་དགོས།
- ང་ཚོས་གོང་ནས་བཤད་པའི་མཛེས་བའི་ཚོར་བ་ཟེར་བ།
- 美感ཟེར་བ་རྒྱ་ཡིས་བཤད་ན།
- 美感ཟེར་བ་དེ་རེད།
- མཛེས་བའི་ཚོར་བ།
- གོང་གི་དེ་སྤྱིར་ངས་སེམས་ཁམས་དང་འབྲེལ་བ།
- དྲང་མོར་བཤད་ན་དེ་ཡང་ངས་གོང་ནས་བཤད་པ།
- འཕྲིན་ཡིག་འབྲི་བ་དེ་ཡང་སེམས་ཁམས་ལ་རག་ལས་པ་རེད།
- སེམས་ཁམས་དང་མ་འབྲེལ་བ་ཞིག་མེད་མ་གཏོགས།
- གྲོགས་པོ་ལ་བྲིས་བའི་འཕྲིན་པ་ཡིན་པ་འདྲ་བ།
- ཕ་མ་ལ་བྲིས་པའི་འཕྲིན་པ་ཡིན་པ་འདྲ་བ།
- དགེ་རྒན་ལ་བྲིས་པའི་འཕྲིན་པ་འདྲ་བ།
- གང་ཡིན་ཡང་འཕྲིན་ཡིག་དེའི་ནང་དུ་གང་རེད་ཟེར་ན།
- ཁྱོད་རང་ཉིད་ཀྱི་བསམ་བློ།
- དེང་སང་དར་ཁྱབ་ཆེ་བའི།
- སྤྱིར་དར་ཁྱབ་ཆེ་བའི་微博ཟེར་བ་དེ་ཅི་ལྟར་བསྒྱུར་དགོས།
- དེ་ཡིན་ན་ཡང་ཡིག་འབྲི་ལ་བལྟས་ནས།
- 博客ཟེར་བ་དེ་གཉིས་མི་འདྲ་ཟེར་བཞིན་ཡོད།
- དེང་སང་微博ཡིན་ན།
- ཡིན་གཅིག་མིན་གཉིས་ཡིག་འབྲི་བརྒྱ་དང་བཞི་བཅུ་ཐམ་པའི་གཡས་གཡོན་ནས།
- མཚམས་འཇོག་དགོས་པ་དེ་འདྲ་ཞིག་ཡིན།
- དང་པོ་དར་དུས་དེ་ལྟར་དར་བ་ཡིན།
- ཕྱི་རྒྱལ་ནས་དར་ནས་ཡོང་བ་རེད་སྐབས་དེར།
- 微་དེ་ཕྲ་མོ་ཡི་微་དེར་微博ཟེར་བ་རེད།
- ཨོ་ལེད་་་ཕལ་ཆེར་ངས་པེ་ཅིན་སློབ་གྲྭ་ཆེན་མོ་ནས།
- དེའི་སྐོར་ནས་སློབ་ཁྲིད་ཞིག་ལ་ཉན་པ་ཡིན།
- ཕལ་ཆེར་ཡིག་འབྲི་བརྒྱ་དང་བཞི་བཅུ་ཡས་མས་ཡིན་ཟེར་བ་རེད།
- ཡིན་གཅིག་མིན་གཉིས་དེའི་ནང་ལ་སྐད་ཆ་དེ་བཤད་པའི་སྐད་ཆ་ཚང་མ།
- ཡིག་འབྲི་བརྒྱ་དང་བཞི་བཅུ་ཐམ་པ་ཡི་ནང་ནས།
- ཚར་དགོས་བ་དེ་འདྲ་ཞིག་ཡིན་དགོས་པ་རེད།
- 博客ཡིན་ན་དེར་ངེས་བ་ཆེན་པོ་ཞིག་ཡོད་པ་མ་རེད།
- དེ་གང་བྱུང་གིས་སྐད་ཆ་རིང་ན་འདྲ་ཐུང་ན་འདྲ།
- ཚིག་གཅིག་གཉིས་ཤིག་ཡིན་ན་འདྲ།
- ཆོག་པ་འདྲ།
- དེ་འདྲ་ཞིག་ཡིན་པ་འདྲ།
- ཁྱད་པར་དེ་འདྲ་ཞིག་ཡིན་པར་བཤད་བཞིན་ཡོད།
- དེ་དང་དེ་དང་སྔོན་མ་ཡི་དུས་སྐབས་དེར་ཧ་ཅང་གིས།
- ང་རང་ཉིད་ལ་མཚོན་ན་ཡང་དེ་རེད།
- ང་རང་ཉིད་རྗེས་ནས་སོང་ན།
- སྔོན་ལ་ལྷུག་རྩོམ་བྲིས་ནས་རྗེས་ནས་སྙན་ངག་བྲིས་ནས།
- འདྲེས་མ་འདྲེས་བྲིས་ནས་སོང་བ་ཡིན་ལ།
- ལྷག་པར་དུ་བརྩམས་སྒྲུང་བྲིས་པ་ཧ་ཅང་ཉུང་ཉུང་ཡིན།
- བརྩམས་སྒྲུང་བྲིས་པ་ཉུང་ཉུང་ཡིན།
- རེད་མོད་དེ་གང་ཡིན་ཡང་གོང་ནས་བཤད་པ་དེ་རེད།
- སེམས་ཁམས་དེར་ཚོར་འདུ་ཟེར་བ་རེད།
- མཛེས་བའི་ཚོར་བ་དེ།
- དམ་དུ་འབྲེལ་ཡོད་པ་དེ་འདྲ་ཞིག་རེད།
- དམ་དུ་དུས་དང་རྣམ་པ་ཀུན་ཏུ་ཁོ་འབྲི་བའི་དུས་སྐབས་དེར།
- ཧ་ཅང་དམ་དུ་འབྲེལ་ཡོད་པ་དེ་འདྲ་ཞིག་རེད།
- གོང་གི་ཚང་མ་ཚན་པ་ལྔ་བོ་དེ།
- རྩོམ་རིག་དང་སེམས་ཁམས་གསར་རྩོམ་སྐབས་ཀྱིས།
- དེ་ཡི་སྐོར་ནས་དཔེ་ཁ་ཤས་དྲངས་ནས།
- ཁྱོད་ཚོར་ངོ་སྤྲོད་ཅིག་བཤད།
- གཤམ་ནས་དཔེ་བཞག་ན་དམངས་ཁྲོད་ན།
- ངས་ཡང་ནས་ཡང་དུ།
- ཁ་བ་ལྷ་མོ་ཡིན་པ་འདྲ།
- ང་པེ་ཅིན་སློབ་གྲྭ་ཆེན་མོའི་ནང་ན་སློབ་གཉེར་བྱེད་པའི་སྐབས་སུ།
- ཁོས་ང་ལ་བརྡ་འཕྲིན་ཞིག་བསྐུར་ནས།
- ཁོས་ཞིབ་འཇུག་སློབ་མའི་དཔྱད་རྩོམ་དེར།
- བོད་ཀྱི་དམངས་གཞས་ལ་གཞས་ཀྱི་སྐོར་དེ་འབྲི་བཞིན་ཡོད།
- དེ་འདྲའི་བརྡ་འཕྲིན་ཞིག་ཡོང་ནས།
- དེ་ནས་བརྡ་འཕྲིན་ཞིག་བསྐུར་རེ་བྱས།
- དེ་ཡི་ནང་ནས་ཀྱང་ངས་སྐད་ཆ་བཤད་པ་དེ་རེད།
- འདི་ལྟར་བལྟས་ནས་སོང་ན།
- ལྷག་པར་དུ་མདོ་སྨད་ལ་དར་བའི་གཞས་ཏེ།
- ལ་བཞས་འདི་ཧ་ཅང་གིས་ཅི་ཟེར་བ་རེད།
- བརྩེ་དུང་ངོ་མ།
- ཚོར་འདུ་དེ་ཧ་ཅང་གིས་གན་ཡིན་པ།
- དེ་ཧ་ཅང་གིས་རྨང་གཞི་ཡིན་པ།
- དེ་ཡིན་པའི་རྐྱེན་གྱིས་གང་རེད་ཟེར་ན།
- དེང་སང་གི་གསར་སྐྱེས་རྩོམ་པ་པོ།
- སྙན་ངག་པ་མང་པོ་གང་རེད་ཟེར་ན།
- རང་གིས་དམངས་ཁྲོད་ཀྱི་ལ་གཞས་ལ་སོགས་པ་འདི་ལས།
- ཕར་ལ་བརྒལ་ཐུབ་ཀྱིན་མི་འདུག
- དེ་རྒྱ་ཡིས་བཤད་ན་情感ཟེར་བ་རེད།
- འདི་ཡི་སྟེང་ནས་ཧ་ཅང་བརྒལ་མི་ཐུབ་ས་མང་གི
- ཨོ་ལེད་་བརྒལ་མི་ཐུབ་ས་མང་གི
- དེ་ཧ་ཅང་གིས་དཔེ་བཞག་ན་གཞས་ཀྱི་ནང་ན།
- དཔེ་བཞག་ན་ངས་འདིའི་ནང་ནས།
- འདི་འདྲའི་སྐད་ཆ་ཚིག་གཅིག་གཉིས་ཤིག་བཤད་ཡོད།
- བྱ་ངང་ངུར་གྱི་འཕུར་རྩལ་ཟེར་བ།
- ང་ཚོ་སྤང་ཐང་དང་མཚོ་དང་མཚོའུ་ཡི་ངོས་ན།
- བྱ་ངང་བ་དང་ངུར་བ་འཕུར་བའི་རྣམ་པ།
- དེ་སྙན་ངག་གི་སྟེང་ནས་ཡིན་ན་ཆོག་གི
- ཡིད་སྙམ་གྱི་ཆ་ནས་བལྟས་ནས་སོང་ན་ཡང་དེ་རེད།
- རྫ་ཆུ་མཉམ་དུ་འཐུང་ཞིང་རྫ་རྩྭ་མཉམ་དུ་ཟ་བའི་འབྲོང་དང་འབྲོང་མོ།
- ཁུ་བྱུག་སྔོན་མའི་གསུང་སྐད།
- འདི་ཁུ་བྱུག་སྔོན་མའི་གསུང་སྐད།
- འདི་ཡིན་ན་སྐབས་དེར།
- འབྲོག་རི་བོ་དེ་དགའ་ལྡན་དགོན་པ་ལ་མཚོན་ན།
- དགའ་ལྡན་དགོན་པ་ལ་སོང་ན།
- བྱ་ཁུ་བྱུག་གི་སྐད་དེ་གོ་རྒྱུ་མེད་ཟེར་བ་རེད།
- དེ་འདྲའི་བཤད་ཚུལ་ཡོད།
- ཕལ་ཆེར་བདེན་པ་རེད།
- སྤྱིར་ལྷ་སའི་གླིང་ནས།
- གང་ས་གང་ནས་བྱ་ཁུ་བྱུག་གི་སྐད་དེ་གོ་རྒྱུ་ཡོད་མོད།
- དེར་ང་ཐེངས་གསུམ་བཞི་ཞིག་ལ་དགའ་ལྡན་དགོན་པར་འགྲོ་དུས།
- ཕལ་ཆེར་ངས་བྱ་ཁུ་བྱུག་གི་གསུང་སྐད་དེ་གོ་མ་མྱོང་།
- དེ་ཅི་རེད་ཟེར་ན།
- རྗེ་རིན་པོ་ཆེ་དེ་རུ་བཞུགས་དུས།
- བྱ་ཁུ་བྱུག་འདི་གྲག་ན་རང་གི་ཕ་ཡུལ་དྲན་ཏེ།
- རང་གི་ཨ་མ་དྲན་པ་དང་།
- ཆུང་དུས་ཀྱི་འཚོ་བ་དེ་རང་གི་ཕ་ཡུལ་ནས་བསྡད་པ་རེད།
- དེ་ཡིན་ན་རང་ཉིད་གྱིས་མར་ལ་འཕེན་མི་ཐུབ།
- སྐབས་དེར་ཧ་ཅང་གིས་དཀའ་ལས་ཆེ་བ་རེད།
- དེ་ཡིན་པའི་རྐྱེན་གྱིས་གང་རེད་ཟེར་ན།
- བྱ་ཁུ་བྱུག་འདི་གྲག་མི་ཆོག་པའི་ངག་ཁྲིམས་གདམས་པ་ཡིན་ཞེས།
- ངག་ཁྲིམས་གདམས་པའི་བཤད་ཚུལ་ཡོད།
- ཨོ་ལེད་་་དཔེ་བཞག་ན།
- གཡུ་ལོ་ལྡན་པའི་སྒོ་བྱང་གྲུ་བཞི་ཟེར་བ་འདྲ་འདྲ།
- འབྲོག་ཡུལ་གྱི་མཐིང་སྨུག་སྦྲ་ཆུང་ཟེར་བ་འདྲ།
- གླིང་བུ་ཡི་རྒྱང་འབུད་ཟེར་བ།
- ཆུ་ཕྲན་གྱི་བཞུར་དབྱངས་ཟེར་བ།
- ཁྲི་ཤོར་རྒྱལ་མོའི་གླུ་ཟེར་བ།
- མ་ཕམ་གཡུ་མཚོའི་དྭངས་གཙང་ཟེར་བ།
- དཔེ་བཞག་ན་ད་དུང་མང་པོ་ཞིག་ཡོད་ཀི།
- འདི་ངས་དཔེ་མཚོན་ཙམ་ཞིག་རང་གིས།
- ཚོར་འདུ་ཡི་ཆ་ནས་བཤད་པ་ཞིག་ཡིན།
- གླུ་བ་ཡ་ཏུང་གིས་བླངས་བའི་བཤམ་མཆོད།
- ཐང་དཀར་གྱིས་བླངས་པའི་ལྷ་ཡུལ་ཟེར་བ་འདྲ་བ།
- གླུ་མ་པ་སངས་ཀྱིས་བླངས་བའི་མཁའ་ལེན་དང་།
- དང་ལྡན་གཞོན་ནུ་ནམ་མཁའ་ཡིས་བླངས་བའི་ལྷ་བྱ་ཁུ་བྱུག་ཟེར་བ་འདྲ་བ།
- འདི་འདྲ་དང་ད་དུང་།
- ཁོ་རང་གི་དེ་གང་ཡིན་ནམ་ཡིན།
- ཚིག་གི་ཆ་ནས་ཁོས་གང་བཤད་པ་ཡིན་ན་འདྲ།
- དེའི་གདངས་ཤིག་གི་ཆ་ནས་གང་རེད་ཟེར་ན།
- བོད་མི་དམངས་ལ་མཛེས་ཚོར་སྐྱེད་པའི་ཆུ་མགོ་ལྟ་བུ་རེད།
- འདི་ཚང་མ།
- གོང་གི་འདི་ཚང་མ།
- མ་རེད་་་འདི་མ་གཏོགས་མེད་ཀི་ཟེར་བ་མིན་མོད།
- སྤྱིར་ང་ཚོ་གསར་རྩོམ་པ་ཞིག་ལ་མཚོན་ན།
- ང་ཚོ་གང་རེད་ཟེར་ན།
- རང་ཉིད་ལས་ཀྱི་བུམ་པ་གར་འདྲིལ་བ།
- སེམས་ཀྱི་ཆུ་བོ་དེ་རུ་འབོ་ཞེས་པའི་བཤད་ཚུལ་ཡོད།
- ལས་ཀྱི་བུམ་པ།
- རང་གི་ལས་དེ་གང་ལ་ཆག་བཞག་ཡོད་ཟེར་ན།
- བུམ་པ་ཞིག་ལ་ཆག་བཞག་ཡོད་པ་རེད།
- བུམ་པ་དེ་གང་ལ་འདྲིལ་སོང་ཟེར་ན།
- རང་གི་སེམས་ཀྱི་ཆུ་བོ་དེ།
- སེམས་དེ་ཆུ་བོ་ཡི་གཟུགས་སུ་བཀོད་ནས།
- ཆུ་དེ་བུམ་པའི་ནང་དུ་ཡོད་པ་རེད།
- ལས་ཀྱིས་བུམ་གར་འདྲིལ་བ།
- འདྲིལ་ཟེར་བ་དེ་འདི་ལྟར་འདྲིལ་ནས་སོང་བའི་ནང་དོན་དེ་རེད།
- ལས་ཀྱིས་བུམ་པ་གར་འདྲིལ་བ།
- སེམས་ཀྱིས་ཆུ་བོ་དེ་དུ་འབོ།
- འབོ་ཞེས་པ་དེའི་ནང་ན་ཡོད་པའི་དོན་རེད།
- གནས་སྐབས་འདིར་དེའི་དོན་རེད།
- དེ་ཡིན་པའི་རྐྱེན་གྱིས།
- རང་ཉིད་འཚོ་སྡོད་བྱེད་སའི་འཁོར་ཡུག་དེ་གང་རེད་ཟེར་ན།
- གསར་རྩོམ་པ་ཞིག་ལ་མཚོན་ན་གང་རེད་ཟེར་ན།
- གསར་རྩོམ་གྱི་ཆུ་མགོ་ལྟ་བུ་རེད།
- དེ་མ་ཟད་གང་རེད་དེ་དག་གི་ཤུགས་ན་སྐུང་ཡོད་པ་ཅི་རེད་ཟེར་ན།
- མཛའ་མཐུན་དང་བརྩེ་དུང་དང་།
- ཤེས་རབ་དང་སྙིང་སྟོབས་དང་།
- ཞི་བདེ་དང་རེ་སྨོན་དང་ཚོར་བསྙེག་རེད།
- ང་ཚོས་གོ་བ་དེ་ཅི་ལྟར་བླངས་ན་ཡང་ཆོག་པ་རེད།
- གོ་བ་དེ་ཅི་ལྟར་བླངས་ན་ཡང་ཆོག་པ་རེད།
- ཨོ་ལེད་་་ཐང་ཡངས་མོ་ཞིག་ནས།
- ཐང་ཡངས་མོ་ཞིག་ནས་གཞས་སྙན་པོ་ཞིག་གྲགས་ནས་ཡོང་ན་ཡང་།
- དེ་ལ་གོ་བ་རྣམ་པ་སྣ་ཚོགས་བླངས་ན་ཆོག་པ་རེད།
- གོ་བ་རྣམ་པ་སྣ་ཚོགས་བྱས་ནས་བླངས་ན་ཆོག་པ་རེད།
- སྤྱིར་བཏང་གི་རྩེད་མོ་ཞིག་རེད་ཟེར་ན་ཡང་ཆོག་པ་རེད།
- ཨོ་ལེད་་་དེ་ཡི་སྟེང་ན་འཛའ་མཐུན་ཞིག་དང་།
- དེ་ཡི་སྟེང་ན་བརྩེ་དུང་ཞིག་དང་།
- དེ་ཡི་སྟེང་ན་ཤེས་རབ་ཞིག་དང་།
- དེ་ཡི་སྟེང་ན་སྙིང་སྟོབས་ཤིག་དང་།
- དེ་ཡི་སྟེང་ན་ཞི་བདེ་ཞིག
- ད་དུང་རེ་སྨོན་ཞིག་ཡོད་ཅེས་བཤད་ན་ཡང་ཆོག་པ་རེད།
- མཁས་པ་ཞིག་ཡིན་ན་མཁས་པ་ཡི་ཚོད་ཀྱི་རོ་མྱངས་རྒྱུ་ཞིག་དང་།
- སྤྱིར་བཏང་གི་མང་ཚོགས་ཤིག་ཡིན་ན།
- མང་ཚོགས་ཀྱི་རོ་མྱངས་རྒྱུ་ཞིག་དང་།
- ཆེད་ལས་བ་ཞིག་ཡིན་ན་ཆེད་ལས་བ་ཡི་རོ་མྱངས་རྒྱུ་ཞིག་དང་།
- སྒྱུ་རྩལ་པ་ཞིག་ཡིན་ན།
- སྒྱུ་རྩལ་པ་ཁོ་རང་གིས་བྲོ་བ་མྱངས་རྒྱུ་ཞིག་ཡིན་པ་རེད།
- ཨོ་ལེད་་་དེ་ཡིན་པའི་རྐྱེན་གྱིས་གང་རེད།
- འདི་ཚང་མ་གང་རེད་ཟེར་ན།
- གོང་ནས་ཆ་མི་ཚང་མོད།
- གང་ལྟར་ཀྱང་གསལ་འདེབས་ཀྱི་ཚུལ་དུ་ཡིན་ན་འདྲ།
- དེ་ཚང་མ་གསར་རྩོམ་པ་ཞིག་ལ་མཚོན་ན།
- མཉམ་འཇོག་དགོས་ས།
- རང་གི་ཁོར་ཡུག་གི་སྣོད་བཅུད་ཀྱི་སྟེང་གི།
- སྣོད་ཀྱི་སྟེང་གི་ཕྱི་སྣོད་འཇིག་རྟེན་གྱི་སྟེང་གི་གང་རེད་ཟེར་ན།
- ད་ལྟ་གོང་ནས་བཤད་པའི་དེ་ཡི་རྣམ་པ་ཚང་མ།
- ཨོ་ལེད་་་འདི་ཡི་སྟེང་གི་གང་རེད་ཟེར་ན།
- གསར་རྩོམ་གྱི་ཕྱོགས་ཀྱི་ས་བོན་ཡིན་ན་འདྲ།
- ཆུ་མགོ་ཡིན་ན་འདྲ།
- མཛེས་བའི་ཚོར་བ།
- མཛེས་ཚོར་བསྐྱེད་པའི་ཆུ་མགོ།
- མཛེས་བའི་ཚོར་བ།
- མཛེས་ཚོར་བསྐྱེད་པའི་ཆུ་མགོ་ལྟ་བུ་རེད།
- ད་དེ་རེད་་་སྔ་དྲོ་བཤད་རྒྱུའི་ནང་དོན་གཙོ་བོ་མདོར་བསྟན་ན་གང་ཡིན་ཟེར་ན།
- རྩོམ་རིག་གསར་རྩོམ་ཁམས་དང་ལམ་ཟེར་བ།
- ཁ་བྱང་ངས་དེ་འདྲ་ཞིག་བྲིས་ཡོད།
- ཡིན་ཡང་ངས་བཤད་པ་དེའི་ནང་དུ་ཡོད་ཚད།
- ནང་དོན་འདུས་སོང་བའི་ངེས་བ་ཡོད་པ་མ་རེད།
- དེ་གང་ཡིན་ཟེར་ན་ང་རང་གི་བསམ་ཚུལ་ཙམ་ཡིན།
- རང་གི་ཉམས་མྱོང་དང་སྦྲགས་ནས།
- ལོ་ཉི་ཤུ་རྩ་ལྔ་ཡི་ནང་ལ་ཅུང་ཟད་རྒྱུན་མ་ཆད་པའི་སྒོ་ནས།
- རང་གི་དེར་གན་ཞིག་མེད་ན་ཡང་།
- ཡིན་ན་ཡང་རྒྱུན་མ་ཆད་པ།
- རང་གི་གཡས་གཡོན་གྱི་བཟང་ས་དང་།
- གྲོགས་པོ་ཚོས་དེ་ལྟར་བཤད་པ་རེད།
- ཁྱོས་ད་བར་དུ་རྒྱུན་མ་ཆད་པར།
- ང་རང་གི་མ་འོངས་བའི་རང་གི་བསམ་ཚུལ་ཡིན་ན་ཡང་དེ་རེད།
- རང་གི་གནད་འགག་གི་དུས་སྐབས་ཤིག
- འུ་ཐུག་པའི་དུས་སྐབས་ཤིག་ལ་མ་འཕྲད་པའི་ཕན་ཆད་ནས།
- དེ་གང་རེད་ཟེར་ན།
- རང་གི་སྨྱུག་རྩེ་དེ་མི་འདོར།
- ཨོ་ལེད་་་སྨྱུག་རྩེ་ཡིས་རོལ་བའི་ལས་ཀ་དེ།
- འདོར་མི་ཉན་པའི་བསམ་ཚུལ་དེ་འདྲ་ཞིག་ཡོད།
- ཨོ་ལེད་་་བསམ་ཚུལ་དེ་འདྲ་ཞིག་ཡོད།
- དེ་ཡིན་པའི་རྐྱེན་གྱིས་གང་རེད་ཟེར་ན།
- གོང་ནས་ངས་ཁྱོད་ཚོའི་སྙན་ལམ་དུ་ཞུས་པ་འདི་ཚང་མ་གང་ཡིན་ཟེར་ན།
- ང་ཚོ་གསར་རྩོམ་པ་ཞིག་ལ་མཚོན་ན།
- འདི་ཚང་མ་གང་རེད་ཟེར་ན།
- སེམས་ཁམས་དང་འབྲེལ་ཡོད་པ།
- ཨོ་ལེད་་་ཚང་མ་སེམས་ཁམས་དང་འབྲེལ་ཡོད་པ་རེད།
- སེམས་ཁམས་ཀྱི་འགྱུར་བ་དེ་གང་ཡིན་ན་འདྲ།
- དགའ་སྐྱོ་གང་ཡིན་ཡང་།
- ཨོ་ལེད་་་དེ་ཡི་ཕྱོགས་ནས།
- གང་གི་ཕྱོགས་ནས་འབྲི་དགོས་བ།
- དེ་ཅི་ལྟར་འབྲི་དགོས་པ་ལ་སོགས་པ་དེ།
- རང་གི་ཉམས་མྱོང་དང་སྦྲགས་ནས་བཤད་དེ།
- ཞོལ་ནས་གང་རེད་ཟེར་ན།
- ངའི་ནང་དོན་དང་ནང་དོན་ས་བཅད་གཉིས་པ་དེ།
- སྙན་ངག་གསར་བའི་ཤུགས་དྲགས་པའི་ཚོར་འདུ་ཟེར་བ་དེ།
- ཚོར་འདུ་ཟེར་བ་འདི་ཡི་ཕྱོགས་ནས།
- ཤུགས་དྲགས་པའི་ཚོར་འདུ་ཡི་ཕྱོགས་ནས་རགས་རམ་ཞིག་ངོ་སྤྲོད་བྱེད།
- འདི་ལྟར་མ་བྱས་པའི་སྔོན་ལ་གང་ཡིན་ཟེར་ན།
- སྤྱིར་ཚང་མ་བཤད་ན་བསྐྱར་བཤད་ཀྱིས་ལོག་འགྲོ་མོད།
- ངས་འདི་ནས་བཤད་པ་ནི་དང་པོ་སྙན་ངག་ཟེར་བ་དེ་ལ།
- འཇུ་སྐལ་བཟང་གིས་ཡིན་ན་འདི་འདྲ་ཞིག་བཤད་ཡོད་པ་རེད།
- དེ་ང་ཚོ་ཚང་མས་ཉམས་འཇོག་རྒྱུ་དེ་འདྲ་ཞིག་རེད་འདོད།
- འཇུ་སྐལ་བཟང་གིས་ཡིན་ན།
- བོད་ཀྱི་སྙན་ངག་གི་རྒྱུད་འཛིན་དང་འཕེལ་རྒྱས་ཀྱི་སྐོར་རགས་ཙམ་གླེང་བ་
- གཟུར་གནས་རིག་པའི་འཇུག་ངོགས་ཟེར་བ་དེ་ཡིན་པ་ནི།
- མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ཡི་ནང་ན་ཞིབ་འཇུག་སློབ་མ།
- 硕士ཞིབ་འཇུག་སློབ་མ་མཐར་ཕྱིན་པའི་དམ་བཅའ་ཡི་རྩོམ་ཡིག་དེ་རེད།
- བོད་ཀྱི་སྙན་ངག་གི་རྒྱུད་འཛིན་དང་འཕེལ་རྒྱས་ཀྱི་སྐོར་ཟེར་བ་དེ་འདྲ་ཞིག་རེད།
- འདི་ཡི་ནང་ནས་གང་རེད་ཟེར་ན།
- སྤྱིར་སྙན་ངག་གི་གོ་དོན་ཞིག་ཁོ་རང་གིས་བྲིས་ཡོད་ཐལ།
- འདི་དྲང་མོར་བཤད་ན་གང་རེད་ཟེར་ན།
- རྒྱ་རིག་གི་སྟེང་གི་སྙན་ངག་གསར་བ་དེ་ཡི་འགྲོ་སྟངས།
- དེ་ལ་དཔེ་བལྟས་ནས་ཁོ་རང་གིས་བྲིས་པ་ཞིག་རེད།
- ངས་འདི་ལྟར་བལྟས་ནས་སོང་ན།
- ད་ལྟའི་བར་དུ་སྙན་ངག་ཟེར་བ་དེ་ལ་གོ་བ་ཟེར་ན་འདྲ།
- གོ་དོན་ཞིག་བཞག་པ་དེ་འོས་ཤིང་འཚམས་པ་ཞིག་རེད་བསམ་གི།
- ཅི་འདྲ་ཞིག་རེད་ཟེར་ན།
- ཁོས་རང་གིས་ཡིན་ན་དབྱངས་ཀྱི་འདེགས་འཇོག་གསལ་བའི་ལུས་ལ།
- ཕུན་སུམ་ཚོགས་པའི་རྒྱན་གྱིས་སྤྲས་ཤིང་།
- སྤྱི་ཚོགས་འཚོ་བ་ཉིང་བསྡུས་སུ་
- སྲོག་སུ་བྱས་པའི་ཚོར་འདུ་ཤུགས་དྲགས་པའི་རྩོམ་རིག་གི་རྣམ་པ་ཞིག་ལ་གོ་དགོས།
- འདིའི་ནང་ནས་ཀྱང་ང་ཧ་ཅང་གིས་འཐད་པ་ཞིག་ཡོད་པ་གང་རེད་ཟེར་ན།
- ཚོར་བ་ཤུགས་དྲག་པའི་རྩོམ་རིག་གི་རྣམ་པ།
- དེ་རེད་་་ཚོར་འདུ་ཤུགས་དྲག་པ་ཟེར་བའི་
- སྐད་ཆ་འདི་ལ་ང་ཧ་ཅང་གིས་དགའ་བ་ཞིག་རེད།
- སྐད་ཆ་འདི་ལ་ང་ཧ་ཅང་གིས་དགའ།
- ཅི་ཞིག་ཡིན་ནམ།
- ངས་རང་གིས་བྲིས་པའི་སྙན་ངག་ཚང་མ་ཡང་དེ་གང་རེད་ཟེར་ན།
- ཅི་ཟེར་བ་རེད།
- དུང་བརྗོད་ཡིན་ན་འདྲ།
- ཚོར་འདུ་ཟེར་ན་ཡང་འདྲ།
- འདི་ཅུང་ཙམ་ཞིག་གན་ཡིན་པ།
- དེར་མ་ཟད་མི་རིགས་རྩོམ་རིག་གི་ཚོགས་འདུ་དེ་ཡི་ནང་ནས།
- དེ་སྙན་ངག་པ་འཆི་མེད་དང་ངེད་གཉིས་ཀྱིས་ཁ་བརྡ་བྱས་ན།
- ཁོས་ཡང་དེ་ལྟར་བཤད་པ་རེད།
- ངས་ཁོ་ཡི་བཅར་འདྲི་ཡི་ནང་ན་ཡང་དེ་ལྟར་བཤད་ཡོད།
- བཅར་འདྲི་ཡི་ཁ་བྱང་གི་སྟེང་ལ་ཡང་།
- བོད་ཀྱི་དུང་བརྗོད་སྙན་ངག་པ།
- སྐྱེས་མ་དུང་བརྗོད་སྙན་ངག་པ།
- དུང་བརྗོད་སྙན་ངག་པ་ཟེར་བ།
- ཁོ་སྐད་ཆ་དེར་ཧ་ཅང་གིས་འཐད་ཟེར།
- དུང་བརྗོད་ཟེར་བ།
- དུང་བརྗོད་ཟེར་བའི་སྐད་ཆ་དེར་འཐད་གི
- སྐད་ཆ་དེ་བཤད་མྱོང་བ་རེད།
- དེ་ཡིན་པའི་རྐྱེན་གྱིས།
- འཇུ་སྐལ་བཟང་གི་འདིའི་ནང་ནས་ཀྱང་དེ་རེད།
- དབྱངས་ཀྱི་འདེགས་འཇོག་གསལ་བའི་ལུས་ལ།
- ཕུན་སུམ་ཚོགས་པའི་རྒྱན་གྱིས་སྤྲས་པ་ཟེར་བ་དེ་རེད།
- ཕུན་སུམ་ཚོགས་པའི་རྒྱན་གྱིས་སྤྲས་མ་སྤྲས་འདི།
- རང་རང་གིས་བལྟ་རྒྱུ་ཞིག་རེད།
- འདི་ཚང་མ་སྲོལ་རྒྱུན་གྱི་སྙན་ངག་གི་སྟེང་གི་འགྲོ་ཕྱོགས་ཤིག་ཀྱང་རེད།
- དེ་ང་ཚོས་ཅི་ལྟར་བཤད་ན་ཆོག་ལ།
- གཙོ་བོ་གཙོ་བོ་ནི་སྤྱི་ཚོགས་འཚོ་བ་ཉིང་བསྡུས་སུ་སྲོག་ཏུ་ཞུགས་ནས།
- ཚོར་འདུ་ཤུགས་དྲག་པ་ཟེར་བའི་སྐད་ཆ་དེར།
- ང་ཅུང་ཙམ་ཞིག་འཐད་པ་དེ་འདྲ་ཞིག་རེད།
- དེ་ནས་ཁོ་རང་གིས་ད་དུང་རྩོམ་གཞུང་།
- རྩོམ་གཞུང་སྨན་ཁབ།
- བདུད་ལྷ་རྒྱལ་གྱིས་སྙན་ངག་གསར་རྙིང་གཉིས་ཀྱི་
- ཐོག་མའི་ཞིབ་བསྡུར་ཟེར་བ་འདི་འདྲ་ཞིག་ཡོད།
- འདི་ཡི་ནང་ནས་ཀྱང་ཁོས་སྐད་ཆ་འདི་འདྲ་ཞིག་བཤད་ཡོད།
- འདི་ལ་ང་ཧ་ཅང་གིས་འཐད་ཀི།
- སྙན་ངག་གསར་བའི་ཚོར་འདུ་དེ།
- ལྕགས་གོང་མེས་ཟིན་པ་བཞིན་དུ་སྙན་རྩོམ་ཀྱི་ཕྱི་ནང་བར་གསུམ་དང་།
- ཡིག་འབྲི་རེ་རེ་ཡི་སྟེང་ན་འཐིབ་ཀྱིན་ཡོད་པ་ཞིག་ཡིན།
- ཚོར་འདུ་དེ།
- སྙན་ངག་གསར་བ་ཡི་ཚོར་འདུ་དེ།
- ལྕགས་ཀྱིས་གོང་བུ།
- ལྕགས་ཀྱི་ལྡོག་པོ་ལྕགས་ཀྱི་གོང་བུ་དེ།
- མེ་ཡིས་ཟིན་པ་བཞིན་དུ་ཕྱི་ནང་ཚང་མ་ལ་ཁྱབ་ནས་བསྡད་ཡོད།
- མེ་ཡིས་ཟིན་པ་བཞིན་ཏུ།
- སྙན་རྩོམ་དེ་ཡི་ཕྱི་ནང་བར་གསུམ་དང་།
- ཡིག་འབྲི་རེ་རེ་ཡི་སྟེང་ནས་མེ་ཡིས་ཟིན་ཡོད།
- ཚོར་འདུ་ཞེས་པ་དེ་དེ་འདྲ་ཞིག་ལ་དཔེ་བླངས་ཡོད།
- སྙན་ངག་གསར་རྙིང་གཉིས་ཀྱི།
- ཐོག་མའི་ཞིབ་བསྡུར་ཟེར་བའི་དཔྱད་རྩོམ་དེའི་ནང་ནས།
- དེ་ཡི་ནང་ནས་བཤད་ན་འདོད་པ།
- ཁོ་རང་གིས་བཤད་ན་འདོད་པ་གང་རེད་ཟེར་ན།
- ཚོར་འདུ་ཟེར་བ།
- སྙན་ངག་ཅིག་ཡིན་ན་ཨོ་ལེད་་་ཚོར་འདུ་དེ་གལ་ཆེ་བ་དེ་བཤད་ཡོད།
- དེ་ནས་ད་དུང་ངས་སྐད་ཆ་འདི།
- དབྱིན་ཇི་ཡི་སྙན་ངག་པ་ཆེན་པོ་ཞིག་རེད།
- དབྱིན་ཇི་ཡི་སྙན་ངག་དེ་གཞུང་ལུགས་སྨྲ་མཁན་ཞིག་ཀྱང་རེད།
- དེ་ཧྭ་ཙེས་ཧྭ་སུ་ཟེར་བ་ཞིག་གིས།
- སྙན་ངག་གི་རྩ་བའི་ཁྱད་ཆོས།
- བཤད་པའི་སྐབས་སུ་འདི་འདྲ་ཞིག་བཤད་ཡོད།
- ཤུགས་དྲགས་པའི་ཚོར་འདུ་དེ།
- ངང་ངམ་ཤུགས་ཀྱིས་ཕྱག་མཐོང་མྱོང་བ་དེ་ཡིན་པར་གསུངས།
- ཚོར་འདུ་ཤུགས་དྲག་པ་དེ་ངང་ངམ་ཤུགས་ཀྱིས་མཐོང་མྱོང་དགོས།
- ཨོ་ལེད་་་ཤུགས་དྲག་པའི་ཚོར་འདུ་དེ།
- ངང་ངམ་ཤུགས་ཀྱིས་ཕྱིར་ཐོན་ཡོང་བ་དེ་འདྲ་ཞིག་ཡིན།
- དེར་མ་ཟད་ཁོ་རང་གིས་དུང་བརྗོད་གླུ་གཞས་ཟེར་བ་དེ།
- དཔེ་ཆ་དེ་ཡི་མགོ་བརྗོད་ཀྱི་སྟེང་ནས་ཀྱང་གང་རེད་ཟེར་ན།
- སྙན་ངག་ཅིག་ལ་ནུས་པ་ལྔ་འཛོམས་དགོས།
- སྙན་ངག་ཅིག་ཡིན་ན་ནུས་པ་ལྔ་དེ་འཛོམས་དགོས་ཞེས་བཤད་ཡོད།
- དེ་ཡི་ནང་ནས་དང་པོ་ཡིན་ན།
- ལྟ་རྟོག་དང་ཞིབ་འབྲི་ཡི་ནུས་པ་དང་གཅིག
- དེ་ནས་ཡིན་ན་ཤུགས་དྲག་པའི་མྱོང་རོལ་གྱི་ནུས་པ་དང་གཉིས།
- དེ་ནས་དྲན་གཞུག་ལྕི་བའི་ནུས་པ་དང་གསུམ།
- ཀུན་རྟོག་དང་འཕྲིན་ལས་ནུས་བ་དང་བཞི།
- རྟོག་བཟོ་ཡི་ནུས་པ་དང་ལྔ།
- དེ་ལྟར་བཤད་ཡོད་ལ།
- དེའི་ནང་ནས་ཀྱང་ད་རུང་གཙོ་བོ་གཉིས་པ་དེ་གང་རེད་ཟེར་ན།
- ཤུགས་དྲག་པའི་ཚོར་འདུ་ཟེར་བ་འདི།
- ཁོ་རང་གིས་གཙོ་བོར་བཤད་ཡོད་པ་དེ་འདྲ་ཞིག་རེད།
- ཤུགས་དྲག་པའི་ཚོར་འདུ་དེ་ཧྭ་ཙེས་ཧྭ་སུ་ཡིས།
- ཧ་ཅང་གིས་དེང་སང་།
- རྩོམ་རིག་ལོ་རྒྱུས་ཀྱི་སྟེང་ནས་བལྟས་ནས་སོང་ན།
- འཛམ་གླིང་གི་རྩོམ་རིག་ལོ་རྒྱུས་ཀྱི་ནང་ལ་བལྟས་ནས་སོང་ན།
- མཁས་པ་ཚང་མས་གཞི་འཛིན་པ་དེ་འདྲ་ཞིག་རེད།
- མཁས་པ་ཧྭ་ཙེས་ཧྭ་སུ་ཟེར་བ་འདི།