Skip to main content Skip to search
27 Mar 2013
33 min 51 sec
Video Overview
Creators: 
Gangri Pumo, Drangchar

བརྙན་ཐུང་འདི་ནི་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དོན་གྲུབ་ཚེ་རིང་གིས་སྐབས་དང་པོའི་བོད་ཀྱི་གཞོན་སྐྱེས་བུད་མེད་རྩོམ་པ་པོ་གསོ་སྦྱོང་འཛིན་གྲྭར་གནང་བའི་འཆད་ཁྲིད་ཞིག་ཡིན་ལ། འདིར་ཐོག་མར་གསོ་སྦྱོང་འཛིན་གྲྭ་འདི་ལྟ་བུ་ཞིག་ཁྲི་ཀ་ནས་བསྡུས་པའི་ཡུལ་དུས་ཀྱི་དགེ་མཚན་ལ་མངོན་པར་བསྔགས་པ་དང་། ཕུགས་བསམ་དང་རེ་བས་ཡོངས་སུ་ཕྱུག་པའི་གསར་སྐྱེས་བུད་མེད་རྩོམ་པ་པོ་རྣམས་ལྷན་གཅིག་ཏུ་འཛོམས་པའི་དགེ་མཚན་དང་དོན་སྙིང་བརྗོད་ཡོད། དེ་ནས་རྒན་ལགས་ཀྱིས་རང་ཉིད་ཀྱིས་ད་བར་དུ་རྩོམ་རིག་ལས་དོན་གཉེར་བའི་ཉམས་མྱོང་དང་སྦྲགས་ཏེ་མི་སྒེར་ནས་མདོ་དབུས་ཁམས་གསུམ་གྱི་བུད་མེད་རྩོམ་པ་པོ་མང་པོ་ཞིག་ལ་བཅར་འདྲི་བྱས་ཚུལ་དང་ཁོང་རྣམ་པའི་གྲུབ་འབྲས་ལ་དཔྱད་འཇོག་བྱས་ཏེ་སྦྲང་ཆར་སོགས་སུ་སྤེལ་ཚུལ་བརྗོད་པ་དང་། སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་བུད་མེད་ཀྱི་བསམ་བློའི་གོ་རྟོགས་མཐོ་རུ་འགྲོ་དགོས་པ་དང་། བུད་མེད་ཀྱིས་སྤྱི་ཚོགས་ལ་ཐོན་པའི་བྱེད་ནུས་དང་གོ་གནས་ལ་གདེང་འཇོག་བྱས་ཡོད། འཆད་ཁྲིད་ཀྱི་དངོས་གཞིའི་ནང་དོན་དུ་རྩོམ་རིག་དང་སེམས་ཁམས་གཉིས་བར་གྱི་འབྲེལ་བའི་གལ་ཆེའི་རང་བཞིན་གླེང་བ་དང་། རྩོམ་རིག་བརྩམས་ཆོས་དང་རྩོམ་པ་པོའི་སེམས་ཁམས་ཀྱི་འབྲེལ་བ། རྩོམ་རིག་བརྩམས་ཆོས་དང་ཀློག་པ་པོའི་སེམས་ཁམས་ཀྱི་འབྲེལ་བ་སོགས་ནས་གླེང་བསླངས་ཏེ། ཏུན་ཧོང་ནས་རྙེད་པའི་བོད་བཙན་པོའི་དུས་སྐབས་ཀྱི་ཡིག་ཆ་རུ་སེམས་བདེ་ན་བདེ་བའི་མཆོག་ཡིན་ཞེས་པའི་ལུང་དྲངས་པ་དང་། སྤྱིར་ནང་པ་སངས་རྒྱས་པར་སེམས་ཕྱོགས་ལ་ཞིབ་འཇུག་བྱས་པའི་གཞུང་ལུགས་ཆ་ཚང་བ་ཞིག་ཡོད་ཚུལ་དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི༼སེམས་དང་སེམས་བྱུང་གི་སྡོམ་ཚིག་དང་འབྲེལ་བ༽ཞེས་པ་འདི་བོད་རང་གི་མཁས་པས་མཛད་པའི་སེམས་ཁམས་རིག་པའི་སྐོར་གྱི་གཞུང་ལུགས་ཕུལ་བྱུང་ཞིག་ཚུལ་ངོ་སྤྲོད་བྱས་ཡོད། དེ་ནས་རིམ་པ་བཞིན་སེམས་དང་རིག་གནས་ཀྱི་འབྲེལ་བ། རང་ཉིད་ཀྱིས་སྙན་ངག་བྲིས་པའི་མྱོང་སྣང་སོགས་བརྗོད་དེ་འཆད་ཁྲིད་འདིའི་སྒོ་འཕར་ཡངས་པོར་ཕྱེས་ཡོད།

This is the first part of Professor Dondrup Tsering's lecture at the First Young Tibetan Women's Literature Training in Trika, Qinghai Province.

བོད་ལྗོངས་སློབ་ཆེན་དགེ་རྒན་དོན་གྲུབ་ཚེ་རིང་གིས་སྐབས་དང་པོའི་བོད་ཀྱི་གཞོན་སྐྱེས་བུད་མེད་རྩོམ་པ་པོ་གསོ་སྦྱོང་འཛིན་གྲྭར་གནང་བའི་འཆད་ཁྲིད།

བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དོན་གྲུབ་ཚེ་རིང་གིས་སྐབས་དང་པོའི་བོད་ཀྱི་གཞོན་སྐྱེས་བུད་མེད་རྩོམ་པ་པོ་གསོ་སྦྱོང་འཛིན་གྲྭར་ཕུགས་བསམ་དང་རེ་བས་ཡོངས་སུ་ཕྱུག་པའི་གསར་སྐྱེས་བུད་མེད་རྩོམ་པ་པོ་རྣམས་ལྷན་གཅིག་ཏུ་འཛོམས་པའི་དགེ་མཚན་དང་དོན་སྙིང་བརྗོད་ཡོད། དེ་ནས་རྒན་ལགས་ཀྱིས་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་བུད་མེད་ཀྱི་བསམ་བློའི་གོ་རྟོགས་མཐོ་རུ་འགྲོ་དགོས་པ་དང་། བུད་མེད་ཀྱིས་སྤྱི་ཚོགས་ལ་ཐོན་པའི་བྱེད་ནུས་དང་གོ་གནས་ལ་གདེང་འཇོག་བྱས་ཡོད། འཆད་ཁྲིད་ཀྱི་དངོས་གཞིའི་ནང་དོན་དུ་རྩོམ་རིག་དང་སེམས་ཁམས་གཉིས་བར་གྱི་འབྲེལ་བའི་གལ་ཆེའི་རང་བཞིན་གླེང་བསླངས་ཏེ། སྤྱིར་ནང་པ་སངས་རྒྱས་པར་སེམས་ཕྱོགས་ལ་ཞིབ་འཇུག་བྱས་པའི་གཞུང་ལུགས་ཆ་ཚང་བ་ཞིག་ཡོད་ཚུལ་ངོ་སྤྲོད་བྱས་ཡོད། དེ་ནས་རང་ཉིད་ཀྱིས་སྙན་ངག་བྲིས་པའི་མྱོང་སྣང་སོགས་བརྗོད་དེ་འཆད་ཁྲིད་འདིའི་སྒོ་འཕར་ཡངས་པོར་ཕྱེས་ཡོད།

Transcript search
No results found for this search
0 of 0