27 Mar 2013
29 min 50 sec
Video Overview
Creators:
Gangri Pumo, Drangchar
This is the sixth part of a lecture by Professor Dongrub Tsering at the First Young Tibetan Women's Literature Training in Trika, Qinghai Province.
- Triga
- འདི་ལྟ་བུ་ཞིག་ཡིན་ན་རང་གི་རྩོམ་གྲོགས་ལྟ་བུ་ཞིག་རེད།
- གྲོགས་པོ་ཞིག་རེད།
- གྲོགས་པོ་ཞིག་རྐྱེན་ངན་ལ་འཆི་བའི་དབང་གིས།
- འདི་འདྲ་ཞིག་ལ་སོང་བའི།
- ཁོ་རང་གི་རྗེས་དྲན་གྱི་ནང་དོན་ཞིག་རེད།
- དེའི་རྗེས་སུ།
- འཇུ་སྐལ་བཟང་གི་དགེ་འདུན་ཆོས་འཕེལ་ཞེས་པའི་སྙན་ངག་དེར།
- མང་ཆེ་བ་ཕལ་ཆེར་གསལ་ཆ་ཡོད་རྒྱུ་རེད།
- དེའི་ནང་གི་ཚན་པ་གཅིག་ལ་འདི་འདྲ་ཞིག་འདུག
- བདག་གིས་ནི་རབ་རིབ་ཀྱི་ས་སྲོད་ཅིག་ལ།
- ཁ་བྱང་དེར་ཅུང་ཙམ་གོ་རྒྱུ་ཡོད་པ།
- ས་སྲོད་ཟེར་བ་དེར་གོ་རྒྱུ་ཡོད་པ།
- ཁྱེད་རང་ལན་མེད་པའི་འདྲི་རྟགས་དུ་མ་ལས་གྲུབ་པའི།
- ལྕགས་ཐག་རིང་བོ་ཞིག་དྲུད་དེ།
- ས་སྒང་གི་གངས་ཐིག་མཐོ་ཤོས་ལས།
- དལ་བུར་བཞུད་པ་མཐོང་།
- སྡིག་བོའུ་ཁྲ་རིང་གི་ཁ་ན་འཐིབས་པའི།
- རྫས་དུད་མོག་པོ་དེ་ཡུན་གྱིས་དྭངས་པ་ན།
- ཁྱོད་ཀྱི་བང་སོ་དེ།
- ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ནས་རྙེད་བྱུང་།
- སྐད་ཆ་འདི་འདྲ་ཞིག་འདུག
- དེ་ཡིན་རྒྱུ་ན་སྤྱིར་ན།
- ལོ་རྒྱུས་ཀྱི་དཀྱོགས་མཚོགས་ཤིག
- ཁྱོད་ཀྱི་བང་སོ་དེ།
- ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ནས་རྙེད་བྱུང་ཟེར་ན་དེ།
- ཅུང་ཙམ་འདང་རྒྱག་རྒྱུ་མང་པོ་ཞིག་ཡོད་ཀི
- ལོ་རྒྱུས་ཀྱི་དཀྱོགས་མཚམས་དེ།
- དགེ་ཆོས་ཚང་སྐུ་བཀྲོངས་དུས་སྤྱི་ལོ་༡༩༥༡ལོ་རེད།
- བོད་ཞི་བའི་བཅིང་འགྲོལ་ཐོབ་པའི་ལོ་དེའང་སྤྱི་ལོ་༡༩༥༡ལོ་རེད།
- དེ་ཡིན་པའི་རྐྱེན་གྱིས་ངས་འདི།
- བོད་ཀྱི་དེང་རབས་རྩོམ་རིག་བརྩམས་ཆོས་ཀྱི་ནང་དུ་ཅི་ལྟར་ཡོད་པ་གསལ་བོ།
- ས་ཆ་གཞན་པ་ཡི་དེ་གསལ་བོ་ཞིག་མི་ཤེས་མོད།
- ང་ཚོ་བོད་ལྗོངས་སློབ་གྲྭ་ཆེན་མོ་ཡི་ནང་ན།
- བོད་ཀྱི་དེང་རྩོམ་ཞེས།
- དེང་རྩོམ་གཅེས་སྒྲིག་ཅེས་པའི་དཔེ་ཆ་ཞིག་ཡོད་པ་དེ།
- སྐབས་དེ་དུས་ང་ལྷ་ས་འགྲོ་དུས་ནས་སྒྲིག་ཚར་འདུག
- སྒྲིག་ཚར་འདུག་མོད།
- དེའི་ནང་ནས་དཀར་ཆག་གི་ནང་དུ་བལྟས་ནས་སོང་ན།
- དང་པོ་དེ་དགེ་འདུན་ཆོས་འཕེལ་བཞག་འདུག
- ཆུང་གྲོགས་རྗེས་དྲན་ཡིན་ནམ།
- རྩོམ་གང་ཡིན་པ་ངས་གསལ་བོ་ཞིག་མི་དྲན་མོད།
- གང་ལྟར་ཀྱང་དེང་རྩོམ་གཅེས་སྒྲིག་གི་ནང་དུ།
- དག་ཡིག་རྩོམ་སྒྲིག་བརྩམས་ཆོས་གཅེས་སྒྲིག་གི་ནང་དུ།
- དང་པོ་དེ་དགེ་འདུན་ཆོས་འཕེལ་བཞག་འདུག
- དེ་ངས་བལྟས་ན་ཧ་ཅང་རྒྱུ་མཚན་ཡོད་པ་ཞིག་རེད་བསམ།
- དེ་རྒྱུ་མཚན་གང་རེད་ཟེར་ན།
- ༡༩༥༡གི་སྐབས་ལ་བོད་ཞི་བའི་བཅིང་འགྲོལ་ཐོབ་པ་དེ།
- ང་དེའི་ཡར་སྔོན་ལ།
- དྲང་མོར་བཤད་ན་ཉེ་རབས་རྩོམ་རིག་དང་།
- དེའི་མན་ཆད་ནས་དེང་རབས་རྩོམ་རིག་ཅེས་བཤད་བཞིན་པ།
- དེང་སང་གི་འགྲོ་སྟངས་ཀྱི་སྟེང་ནས་བཤད་ན།
- སྤྱིར་བཏང་གིས་བཤད་ན་དེ་འདྲ་ཞིག་རེད།
- ཡིན་ནའང་མཐའ་གཅིག་ཏུ་ཡིན་པའི་ངེས་བའང་མེད།
- སྤྱིར་བཏང་གིས་འགྲོ་སྟངས་ཡིན་ན་དུས་ཚིགས་ཀྱི་ཆ་ནས་དེ་ལྟར་འགྲོ་བ་རེད།
- དེ་ཡིན་ན་གང་རེད་ཟེར་ན།
- ཁོ་གང་རེད་ཟེར་ན།
- ཉེ་རབས་ཀྱི་རྩོམ་པ་པོ་ཡི་ནང་གི
- ཁོ་དུས་རབས་གསར་རྙིང་གཉིས་ཀྱི་གང་རེད་ཟེར་ན་བར་མཚམས་སུ་འགྲེང་བའི།
- ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ཅེས་བཤད་ནའང་འདྲ།
- ལོ་རྒྱུས་ཀྱི་ད་ཅི་ཟེར་དགོས་པ་རེད་ཅེ་ན།
- འོས་མཚམས་འབྱེད་པའི་རྡོ་རིང་ཟེར་ན་འདྲ།
- དེ་འདྲ་ཞིག་གི་མཁས་པ་ཡི་གྱུར་ཡོད།
- ཨོ་ལེད།
- སྤྱིར་ང་ཚོའི་ལོ་རྒྱུས་ཀྱི་སྟེང་ནས་ཡང་མ་བཤད།
- སྤྱིར་རྩོམ་རིག་གི་སྟེང་ནས་བཤད་ཡོང་ན།
- རྩོམ་རིག་གི་དོན་སྙིང་གི་སྟེང་ནས་བཤད་ཡོང་ན།
- འདི་ལ་ཁྱོད་ཚོས་ཅུང་ཙམ་མཉམ་བཞག་ཡོད་ན་ཐང་།
- ངས་བལྟས་ན་དེ་ཕལ་ཆེར་ཧྥ་རན་སིའི་མཁས་པ་ཞིག་རེད་དམ་གང་རེད།
- ཧྥ་རན་སིའི་ཡིན་ནམ་ཡང་ན་གང་གི་ཡིན་ནམ།
- ཧྥུའུ་ཨར་ཐད་ཟེར་བ་ཞིག་ཡོད་པ།
- ཧྥུའུ་ཨར་ཐད་ཟེར་བ་ཞིག
- ཕལ་ཆེར་འདི་དང་གཉིས་ཀ་ཧ་ཅང་གིས་ལས་དབང་ཟེར་བ་རེད་དམ།
- མི་ཚེ་ཡི་ལས་དབང་དེ་ཅུང་ཙམ་འདྲ་ས་ཡོད་ཀི།
- དགེ་འདུན་ཆོས་འཕེལ་དང་གཉིས་ཀ
- དེ་གང་རེད་ཟེར་ན་རྒྱ་སྐད་ཀྱིས་启蒙思想ཟེར་བ་དེ།
- བློ་འབྱེད་ཀྱི་བསམ་བློ་གསར་བ།
- དེ་ཡང་གཙོ་བོ་ཧྥུའུ་ཨར་ཐད་ནས་བཤད་པ་དེ་འདྲ་ཞིག་རེད།
- ནུབ་ཕྱོགས་ས་ཆ་ནས་བཤད་ཡོང་ན།
- དགེ་འདུན་ཆོས་འཕེལ་ཡང་དྲང་མོར་བཤད་ན་དེ་འདྲའི་དུས་སྐབས་ཤིག་རེད།
- ཁོ་གཉིས་ཀྱི་ལས་དབང་དང་གཞན་གང་རེད་ཟེར་ན།
- བློ་འབྱེད་བསམ་བློ་འདི།
- ནུབ་ཕྱོགས་ལ་བློ་འབྱེད་བསམ་བློ་འདི་བྱུང་བ་དེ་གང་རེད་ཟེར་ན།
- ཧྥུའུ་ཨར་ཐད་ནས་བཤད་པ་དེ་འདྲ་ཞིག་གི་ལོག་ཡོད་ཀི
- ཕལ་ཆེར་དེ་འདྲ་ཞིག་ཡིན་ཁ་རེད།
- ཨོ་ལེད།
- དེ་ཡིན་ན་འདི་འདྲ་ལོ་རྒྱུས་ཀྱི་སྟེང་ན་ཡང་།
- ཡུལ་མ་གཅིག་པའམ་ས་ཆ་མི་གཅིག་པ་དང་།
- མི་རིགས་མི་གཅིག་རུང་ཅི་རེད་ཟེར་ན།
- རྩོམ་པ་པོ་དང་རྩོམ་པ་པོ་ཁོ་རང་གི་མི་ཚེ་ཡི་བརྒྱུད་རིམ་དང་ལས་དབང་།
- གསར་རྩོམ་གྱི་བརྒྱུད་རིམ་འདྲ་མཚུངས་ཡིན་པ་དེ་འདྲ་མང་པོ་ཞིག་ཡོད་པ་འདྲ།
- དེང་སང་འདི་ལྟར་བལྟས་ནས་སོང་ན།
- རྗེས་ནས་ཁྱོད་ཚོས་དཔྱད་རྩོམ་འབྲི་དུས་བསྡུར་བ་བྱེད་དུས།
- ཞིབ་བསྡུར་གྱི་རྩོམ་རིག་གི་སྟེང་ནས་སོང་ན་ཡང་།
- འདི་འདྲའི་མཚུངས་བའི་ཆ་མང་གི
- དེའི་རྐྱེན་གྱིས་འདི།
- ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ནས་རྙེད་བྱུང་ཟེར་བའི་རྒྱུ་མཚན་ཡང་དེ་འདྲ་ཞིག་རེད།
- དེར་གོ་རྒྱུ་ཅུང་ཙམ་ཡོད་ཀི
- བདག་གིས་རབ་རིབ་ཀྱི་ས་སྲོད་ཅིག་ལ་ཟེར་བ་འདིར་གོ་རྒྱུ་ཞིག་ཡོད་ཀི
- རབ་རིབ་ཀྱི་ས་སྲོད་ཅིག་ལ།
- འདིའི་ནང་དུ་ང་ཅུང་ཙམ་ཕྲན་བཤད་ཅིག་བྲིས་ཡོད་པ་གང་རེད་ཟེར་ན།
- དགེ་འདུན་ཆོས་འཕེལ་ཁོང་གཉིས་སྤྱི་ལོ་༡༩༥༡ལོའི་
- ཧོར་ཟླ་བརྒྱད་པའི་ཚེས་བཅུ་བཞི་ཡི་དགོང་དྲོ།
- ལྷ་སའི་ཆུ་ཚོད་བཞི་བ་ཙམ་ལ་ལྷ་ས་རུ་སྐུ་གཤེགས།
- འདི་ལ་བཤད་ཚུལ་ཅུང་ཙམ་མང་མོད།
- དཔེར་ཁང་གི་རྗེས་སུ་འབྲེང་པ་ཡིན་ན།
- ཕལ་ཆེར་འདི་དཔེར་ཁང་གི་རྗེས་སུ་འབྲེང་བ་ཡིན་པ་འདྲ།
- ཧོར་ཟླ་བརྒྱད་པའི་ཚེས་བཅུ་བཞི་ཡི་དགོང་དྲོ་ལྷ་སའི་ཆུ་ཚོད་བཞི་བ་ཙམ་ཞིག་ལ།
- ཁོང་སྐུ་གཤེགས་པ་རེད།
- ཁོང་སྐུ་གཤེགས་པའི་དུས་སྐབས་དེ།
- ལོ་རྒྱུས་ཀྱི་དཀྱོས་མཚམས་ཤིག་ལ་ཁེལ་ཡོད་པ་དང་།
- རབ་རིབ་ཀྱི་ས་སྲོད་དེ་ནི།
- རྙིང་ཞེན་དང་འཁྲེགས་འཛིན།
- ལོག་སྤྱོད་དང་མུན་ནག་གི་སྤྱི་ཚོགས་ཤིག་ལ་ཟུར་ཟ་དང་།
- སུན་འབྱིན་གྱི་ནང་བཞིན།
- གཞན་ངག་གི་ལག་དམར།
- སྡིག་བོའུ་ཁྲ་རིང་ལ་སྡང་སེམས་རེ་བཅིངས་ཏེ།
- འོད་ཟེར་སྟོང་ལྡན་གྱི་མ་འོངས་ཀྱི་འཚོ་བ་དང་སྤྱི་ཚོགས་ཤིག་ལ་རེ་ལྟོས་བྱེད་ཀྱིན།
- རང་དབང་དང་བྲལ་བའི་ལྕགས་ཐག་རིང་བོ་ཞིག་དྲུད་དེ།
- ས་སྒང་གི་གངས་ཐིག་མཐོ་ཤོས་ལས་དལ་བུར་བཞུད་ཀྱིན་འདུག
- འདི་ནི་ང་ཚོའི་མིག་ལམ་དུ་གང་རེད་ཟེར་ན།
- སྟོབས་དང་ལང་ཚོས་རྒྱན་ཞིང་རིག་པ་དང་རྣམ་དཔྱོད་ཀྱིས་ཁེངས་པའི་
- དཔའ་རྒོད་ཅིག་གི་ཚེ་མཇུག་གི་སྣང་བརྙན་དེ་བསྟན་ཡོད།
- དཔའ་རྒོད་ཅིག་གི་ཚེ་མཇུག་གི་སྣང་བརྙན་དེ།
- ང་ཚོ་ཀློག་པ་པོ་ཚང་མའི་མིག་ལམ་དུ་ཤར་ཡོད།
- སྐབས་འདི་ནས་གང་རེད་ཟེར་ན།
- ཚེ་མཇུག་གི་སྣང་བརྙན་ཟེར་བ་དེ།
- སྤྱིར་མཁས་དབང་དགེ་འདུན་ཆོས་འཕེལ་གྱི།
- ང་ཚོས་དྲང་མོར་བཤད་ན་དེ་རེད།
- དེང་སང་ང་ཚོ་བོད་ཀྱི་ས་ཆ་ནས།
- བསྟན་དང་བསྟན་པ་བསྟན་བཞེངས་ཀྱི་ཁྲོད་ནས།
- ལྷ་ཁང་དང་གཙུག་ལག་ཁང་ལ་སོགས་པ།
- བསྟན་དང་བསྟན་བཞེངས་ཀྱི་ཁྲོད་ནས།
- སྐུ་མང་པོ་ཞིག་གི་ལྡེབས་རིས་ལ་སོགས་འདི་འདྲ་ཡང་ཡོད་མོད།
- མང་ཆེ་ཤོས་གང་རེད་ཟེར་ན།
- ཡིན་ན་མིན་ན་ཁོ་རང་གི་གང་རེད་ཟེར་ན་རྣམ་ཐར་དང་།
- མཁས་པ་གཞན་གྱིས་བྲིས་པའི་རྣམ་ཐར་དང་།
- རང་གིས་བྲིས་པའི་རང་རྣམ་ཟེར་རྒྱུ་རེད།
- འདི་འདྲ་ས་སོགས་པར་བལྟས་ནས་བསྡད་དེ།
- མཁས་པ་དེ་ཡི་ཅི་ཟེར་དགོས་པ་རེད་ཟེར་ན།
- བཞིན་རས་དང་ཁོ་རང་གི་འདྲ་འབག
- ཁོ་རང་གི་ལང་ཚོ་ཡི་སྣང་བརྙན་དེ་ཅི་འདྲ་ཞིག་ཡིན་པ་དེ།
- གཙོ་བོ་གང་རེད་ཟེར་ན་རྣམ་ཐར་དང་རང་རྣམ་གྱི་སྟེང་ནས་ཤེས་དགོས་པ་དེ་འདྲ་ཞིག་རེད།
- དེ་ཡིན་པའི་རྐྱེན་གྱིས་འདི་ཅུང་ཙམ།
- སྤྱིར་བཏང་དེང་སང་ཡིན་རྒྱུ་ན་ཡང་།
- མཁས་དབང་དགེ་འདུན་ཆོས་འཕེལ་གྱི་འདྲ།
- ང་ཚོའི་ལག་ནས་ལྟ་ཐུབ་པའི་འདྲ་དང་།
- ད་དུང་ཕྱི་རྒྱལ་ཁབ་ཁག་ཏུ་ཁྱབ་ཡོད་པ་དེ་འདྲ་ཡོད་མོད།
- ཡིན་ན་ཡང་དེའི་ཁྲོད་ནས་གང་རེད་ཟེར་ན།
- དགེ་བཤེས་ཤེས་རབ་རྒྱ་མཚོ་ཚང་གིས་བྲིས་པའི་རྟོགས་བརྗོད་ཅིག་ཡོད་པ།
- འདིའི་ནང་དུ་ཁོ་རང་གི་སྐབས་དེའི་ཚེ་མཇུག་གི་སྣང་བརྙན་དེ།
- གསལ་བོ་ཞིག་ཅུང་ཙམ་བྲིས་ཡོད།
- ཚིག་མང་པོ་ཞིག་མེད་མོད།
- ཚིག་མང་པོ་ཞིག་མེད་མོད།
- ཁོ་རང་གི་གོན་པ་གྱོན་ཕྱོགས་ཡིན་ན་རེད།
- སྤྱིར་བཏང་གི་ཁོ་རང་གི་བཞིན་རས་ཡིན་ན་རེད།
- སྐབས་དེའི་འཚོ་བ་དེ་ཅུང་ཙམ་བྲིས་འདུག
- དེ་ནས་ཁྱོད་ཚོར་རྗེས་མར་ད་དུང་དེར་ལྟ་འདོད་ཡོད་ན།
- དཔར་ཁང་གིས་བྲིས་པའི་རྟོགས་བརྗོད་དག་སྣང་འདི།
- ཧ་ཅང་གིས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྐབས་དེའི་འཚོ་བ་དང་།
- ལྷག་པར་ཏུ་ཁོ་རང་གི་ཚེ་མཇུག་འདི།
- དེ་ཡིན་པའི་རྐྱེན་གྱིས་རྗེས་མར་མཁས་པ་ཞིག་ཡིན་ན་འདྲ།
- རྩོམ་པ་པོ་ཞིག་ཡིན་ན་འདྲ།
- དེ་ལ་ཞིབ་འཇུག་བྱེད་པའི་སྐབས་དེར།
- སྤྱིར་མཁས་པ་དང་རྩོམ་པ་པོ་ཞིག་ཡིན་ནའང་།
- མི་ཚེ་གང་བོའི་ལོ་རྒྱུས་དེ་ལ་ཞིབ་འཇུག་བྱེད་རྒྱུ་ཅུང་ཙམ་དཀའ་མོ་ཞིག་རེད།
- དེ་ཡིན་པའི་རྐྱེན་གྱིས་ངའི་བསམ་ཚུལ་དང་པོ་ཡིན་ན།
- ཚོགས་འདུ་ཞིག་གི་སྟེང་ནས་ངས་དེ་འདྲ་ཞིག་བཤད་མྱོང་།
- དེ་སྙན་ངག་གྱེར་འདོན་ཞིག་ཡིན་པ་སྙམ།
- ང་ཚོ་ལྷ་ས་ནས་དེ་འདྲའི་སློབ་གྲྭ་ཆེ་འབྲིང་གི་སློབ་མ་ཡི་
- སྙན་ངག་གྱེར་འདོན་ཞིག་གི་སྟེང་དུ་ངས་སྐད་ཆ་དེ་འདྲ་ཞིག་བཤད་མྱོང་བ་འདྲ།
- དེ་གང་ཡིན་ཟེར་ན།
- སྤྱིར་ང་ཚོས་མི་ཞིག་ལ་ཞིབ་འཇུག་བྱེད་པའི་སྐབས་དེ་ལ།
- གཙོ་བོ་དེ་ཡི་ཚེ་མཇུག་ལ་ཐོན་པའི་སྐབས་དེ་ལ།
- ཁོ་རང་གིས་སྐད་ཆ་ཅི་འདྲ་བཤད་ཡོད་པ།
- ཁོ་རང་གི་བསམ་བློ་དང་གཞན་གང་རེད་ཟེར་ན།
- དེ་གང་རེད་ཟེར་ན་ཚེ་མཇུག་དེར་ཅུང་ཙམ་ཞིབ་འཇུག་བྱེད་རྒྱུ་དེ་གལ་ཆེན་རེད།
- དེ་ཅུང་ཙམ་གལ་ཆེན་ཡིན་པ་འདྲ།
- ཚེ་མཇུག་གི་སྣང་བརྙན་ཞིག་སྐྲུན་ཡོད་འདུག
- སྤྱིར་ཡིན་ན་འདྲི་རྟགས་ལ་ལན་དགོས་མོད་ཀྱང་།
- དཔའ་རྒོད་འདིས་ལན་མེད་པའི་འདྲི་རྟགས་དུ་མ་ལས་གྲུབ་པའི་
- ལྕགས་ཐག་རིང་བོ་ཞིག་དྲུད་ནས་འགྲོ།
- རབ་རིབ་ཀྱི་ས་སྲོད་ལས་མུན་ནག་གི་དུས་ཚོད་ཅིག་སྟོན་བཞིན་ཡོད་པ།
- རབ་རིབ་ཀྱི་ས་སྲོད་ཅེས།
- སྙན་ངག་ནང་ན།
- འཇུ་སྐལ་བཟང་གིས་བྲིས་པའི་སྙན་ངག་ནང་ན།
- རབ་རིབ་ཀྱི་ས་སྲོད་ཅེས་པ་དེ་གང་རེད་ཟེར་ན།
- མུན་ནག་གི་དུས་ཚོད་ཅིག་སྟོན་བཞིན་ཡོད།
- ལྕགས་ཐག་རིང་བོ་འདིས་གཞན་དབང་གི་འཚོ་བ་ཞིག་སྟོན་བཞིན་ཡོད།
- སྡིག་བོའུ་ཁྲ་རིང་འདིས་སྲོག་གཅོད་ཀྱི་གཤེད་མ་ཞིག་སྟོན་བཞིན་ཡོད།
- དེ་དག་གི་མཇུག་འབྲས་ནི་ཁྱོད་ཀྱི་བང་སོ་རེད།
- དེ་ནི་ང་རང་གིས་བཤད་པ་ཡིན།
- ས་སྒང་གི་གངས་ཐིག་མཐོ་ཤོས་སུ་འགྲོ་མཁན་དེ་སུ་ཡིན་ཟེར་ན།
- འཛམ་གླིང་ན་དཀོན་པའི་བེཌྱའི་བུམ་པ་དེ་རེད།
- བེཌྱའི་བུམ་པ་དེ་སུ་ཡིན་ཟེར་ན།
- དགེ་འདུན་ཆོས་འཕེལ་རེད།
- འདི་ནི་ཁོང་གི་སྐྱོ་གར་རེད་ལ་བོད་མགོ་ནག་མི་ཡི་སྐྱོ་གར་ཡང་ལོས་ཡིན།
- སྙན་ངག་འདི་ལྟ་བུ་ཞིག་ཡིན་ནའང་ཁོ་རང་གིས་འདི་འདྲ་ཞིག་བྲིས་འདུག
- དཔེ་བཞག་ན་རབ་རིབ་ཀྱི་ས་སྲོད་ཟེར་བ་འདྲ།
- ལྕགས་ཐག་རིང་བོ་ཟེར་བ་འདྲ།
- སྡིག་བོའུ་ཁྲ་རིང་ཟེར་བ་འདྲ།
- འདི་ཚང་མ་ཅུང་ཙམ་གོ་རྒྱུ་ཡང་ཡོད་པ།
- སྐབས་དེའི་སྤྱི་ཚོགས་དང་ལོ་རྒྱུས་ལ་སྦྱར་ནའང་ཧ་ཅང་འཕྲོད་པ།
- ཁྱོད་ཀྱི་བང་སོ་དེ་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ནས་རྙེད་བྱུང་ཞེས་པ་དེ།
- ཞིབ་ཏུ་ང་ཚོས་འགྲེལ་བཤད་བྱས་ནཁྱད་ཆོས་མང་པོ་ཡོད་པ་རེད།
- ཡིན་ཡང་ཕྲན་བཤད་ཅིག་གི་སྒོ་ནས།
- ཡང་ན་རང་གི་བསམ་ཚུལ་མྱོང་རོལ་གྱི་ཆ་ནས།
- ཕྲན་བཤད་ཀྱི་སྒོ་ནས་བྱས་ན་ཧ་ཅང་གིས།
- ལྷག་པར་ཏུ་འདིའི་ནང་གི་ས་སྲོད་ཟེར་བ་འདི།
- ཧ་ཅང་གོ་རྒྱུ་ཡོད་པ།
- དེ་ཡིན་པའི་རྐྱེན་གྱིས་ང་ཚོ་སྙན་ངག་འབྲི་མཁན་ཞིག་ཡིན་ན།
- རང་གིས་བཤད་པའི་སྐད་ཆ་དེར་རང་གིས་བདག་པོ་བྱེད་པ།
- འདི་ཧ་ཅང་གལ་ཆེན་རེད།
- གང་བྱུང་འདི་བྱུང་སེམས་ལ་ཤར་བ་ཐམས་ཅད།
- དེ་ལྟར་བྱེད་མི་ཉན་གི
- ཅུང་ཙམ་བསམ་བློ་བཏང་ནས་བསྡད་དེ།
- ཡང་ན་ཚིག་གཅིག་ཡིན་ནའང་འཛིན་རྒྱུ་ཡོད་པ།
- དེ་ལྟར་བཤད་པ་རེད།
- ལུའུ་ཞིན་གྱིས་བཤད་པའི་སྐད་ཆའང་དེ་རེད།
- ཁྱོད་ཀྱིས་རྩོམ་བྲིས་ཡོད་པ་དེའི་ནང་ནས།
- ཡིག་འབྲུ་གཅིག་ཡང་ལེན་རྒྱུ་མེད་པ་དེ་འདྲ་ཞིག་ཏུ་གཏོང་དགོས།
- ཡིག་འབྲུ་དེ་བླངས་པ་ཡིན་ན།
- དོན་གྱི་གོ་བ་དེ་བོར་སོང་ན།
- ཅི་ལྟར་འགྲིག་གི་མེད་པ།
- ཡིག་འབྲུ་གཅིག་བླངས་པ་ཡིན་ནའང་ནང་དོན་གྱི་གོ་བ་དེ་ད་དུང་བསྡད་ཡོད་ན།
- དེ་འདྲ་ཡིན་དུས་ཁྱོད་ཀྱིས་ཞིབ་དག་དང་ཡང་དང་བསྐྱར་དུ་བཟོ་བཅོས་བྱས་ན་འགྲིག་གི།
- དེ་ཡིན་པའི་རྐྱེན་གྱིས།
- ཚིག་གཅིག་ལའང་གོ་བ་ལེན་རྒྱུ་ཡོད་པ།
- ཚིག་རེ་རེ་ཡིན་ན།
- ལྷག་པར་ཏུ་ང་ཚོས་སློབ་ཚན་འདི་མ་སྦྱངས་སྔོན་ལ།
- ང་ཚོས་སྙན་གང་གི་གོ་དོན་བཤད་པའི་སྐབས་སུའང་།
- ཉིང་བསྡུས་སུ་སྲོག་ཏུ་བྱས་པའི།
- སྤྱི་ཚོགས་ཀྱི་འཚོ་བ་ཉིང་བསྡུས་ཀྱི་སྒོ་ནས་མཚོན་དགོས་ཟེར།
- སྙན་ངག་ཅིག་ཡིན་ན།
- ཉིང་བསྡུས་དེ་གལ་ཆེ་བ་རེད།
- ཉིང་བསྡུས་དེ་གལ་ཆེ་བ་རེད།
- བརྩམས་སྒྲུང་དང་མི་འདྲ་བ་རེད།
- བརྩམས་སྒྲུང་ཡིན་ན་གང་རེད་ཟེར་ན།
- ཧ་ཅང་གིས་ཁོ་ལ་བྱུང་རིམ་མང་པོ་ཞིག་ཡོད་པ།
- མི་དང་མི་བར་གྱི་འབྲེལ་བ།
- མི་དང་མི་བར་གྱི་འགལ་འབྲེལ།
- མི་དང་མི་དེའི་ལས་དབང་ལ་སོགས་པའི་འགལ་འབྲེལ་དེ།
- འགལ་བ་དང་འབྲེལ་བ་དེ་བཤད་དགོས་ན།
- ཁོ་ལ་བརྒྱུད་རིམ་ཞིག་དགོས་པ་རེད།
- ཁོ་རང་སྒྲུང་ཞིག་གི་ལམ་ནས་བཤད་དགོས་པ་རེད།
- སྒྲུང་ཞིག་ལ་བརྟེན་ནས་འགྲོ་དགོས་པ་རེད།
- ཡིན་ན་མིན་ན་སྙན་ངག་དེ་ཡིན་གཅིག་མིན་གཉིས།
- ཆ་ཚང་བའི་སྒྲུང་ཞིག་ཡིན་པའི་ངེས་བ་མེད་མོད།
- ཡིན་ཡང་དེའི་ནང་གི་གང་རེད་ཟེར་ན།
- ཐ་སྙད་འདི་ཚང་མ་ཧ་ཅང་གིས་ཡིག་འབྲུ་རེ་རེ་ཡི་སྟེང་ན་གོ་བ་ལེན་རྒྱུ་ཡོད་པ།
- དེ་འདྲ་ཞིག་ཡིན་དགོས།
- ཨོ་ལེད་་་འདི་འདྲ་ཞིག་ཡིན་དགོས།
- སྙན་ངག་པ་ཅུང་ཙམ་ཉམས་མྱོང་ཅན་ཞིག་ཡིན་ན།
- འདི་ལ་ཧ་ཅང་གིས་དང་དོད་བྱེད་པ་དེ་འདྲ་ཞིག་རེད།
- དེ་རྒྱའི་རྩོམ་པ་པོ་ཡི་ལོ་རྒྱུས་སོགས་ལ་བལྟས་ནས་སོང་ན་ཧ་གོ་བ།
- ཡིག་འབྲུ་གཅིག་ལོ་གཉིས་ལ་འདང་བརྒྱབ་པ་ཡིན་ཞེས་དེ་འདྲ་ཡང་བཤད་རྒྱུ་ཡོད།
- ཡིག་འབྲུ་གཅིག
- ཡིག་འབྲུ་གཅིག་ཁོས་ལོ་གཉིས་ལ་འདང་བརྒྱབ་པ་ཡིན་ཞེས།
- ཡིག་འབྲུ་འདི་ཁྲག་དང་མིག་ཆུ་ཡིས་བྲིས་པ་ཡིན་ཞེས་དེ་འདྲ་བཤད་རྒྱུ་ཡང་ཡོད།
- ཁོས་བཤད་པའི་ཚིག་དེ་མིག་ཆུ་དང་ཁྲག་གིས་བྲིས་པ་ཡིན་ཞེས་དེ་འདྲ་བཤད་རྒྱུ་ཡོད།
- དེའི་སྐབས་ལ་རྩོམ་མཁན་དེ་ཡི་བསམ་བློ་དང་།
- བརྩེ་དུང་གི་ཤུགས་ཚད་ག་འདྲ་ཞིག་ལ་སླེབས་ཡོད་མེད་དེ་སྐད་ཆ་དེ་ཡིས་མཚོན་ཐུབ་པ།
- མཚོན་ཐུབ་པ་ཞིག་ཡིན་དགོས།
- དེ་ཡིན་པའི་རྐྱེན་གྱིས།
- རང་གིས་བཤད་པའི་སྐད་ཆ་དེར་ཧ་ཅང་གིས་གཟབ་གཟབ་བྱེད་དགོས།
- རང་གི་འཚོ་བ་ཞིག་སྟོན་དགོས་ན་འདྲ།
- བསམ་བློ་ཞིག་གཏོང་དགོས་ན་འདྲ།
- རྣམ་འགྱུར་ཞིག་སྟོང་དགོས་ན་འདྲ།
- འདི་ཧ་ཅང་གིས།
- འདི་གང་རེད་ཚིག་ལ་མ་བརྟེན་པ་ཡོང་སྲིད་པ་མ་རེད།
- ཚིག་ལ་བརྟེན་དགོས།
- རྒན་པོ་དོན་གྱིས་འཁར་བ་ཟེར་བ་རེད།
- ཚིག་ལ་བརྟེན་ནས།
- རྒན་པོ་ཞིག་ཡིན་ན་ཁོ་འཁར་བ་ལ་བརྟེན་ནས་འགྲོ་དགོས།
- དེ་ཡིན་པའི་རྐྱེན་གྱིས་གང་རེད་ཟེར་ན།
- ཚིག་གི་སྟེང་ནས་དོན་དེ་གོ་དགོས་པ།
- འདི་ལ་ཚིག་དོན་གཉིས་ཀ་ཧ་ཅང་འབྲེལ་བ་དམ་པོ་ཡོད་དགོས་པ།
- ཚིག་གི་ཞིབ་འཇམ་དེ་ཧ་ཅང་གལ་ཆེན་རེད།
- སྙན་ངག་ཡིན་ན་ཚིག་གི་ཞིབ་འཇམ་དེ།
- ཞིབ་ཆ་བཏོད་རྒྱུ་དེ་ཧ་ཅང་གལ་ཆེ་བ་རེད།
- དེ་ཡང་གཅིག་བཤད་ན་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལྟ་བུ་ཞིག་ཡིན་ན།
- ཚིག་གི་སྟེང་ནས་བལྟས་ནས་སོང་ཧ་ཅང་གིས།
- སྙན་ངག་ཟེར་བ་དེ་འདྲ་ཞིག་ཡིན་དགོས།
- དེ་ང་ཚོ་བོད་ཀྱི་ལ་གཞས་ལའང་དེ་འདྲའི་ཁྱད་ཆོས་ཡོད།
- ལ་གཞས་ལའང་དེ་འདྲའི་ཁྱད་ཆོས་ཡོད།
- ཚིག་གི་སྟེང་ནས་སྤྱིར་བཏང་གི་དམངས་ཚོགས་ཀྱིས་སྐད་ཆ་བཤད་པའི་ཚིག་ཅིག་རེད།
- རེད་མོད་དོན་གྱི་ཆ་ནས།
- ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལ་སྙན་ངག་གི་གོ་བ་ཉེ་འགྲོ་མ་ཟེར་རྒྱུ་ཞིག་ཡོད་པ།
- སྙན་ངག་གི་གོ་བ་ཉེ་འགྲོ་མ།
- སྙན་ངག་གི་གོ་བ་ཉེ་འགྲོ་མ་ཟེར་བ་དེ་སྙན་ངག་གི་གོ་བ་ཅི་ལྟར་བླངས་ནའང་ཆོག་པ།
- གོ་བ་ཉེ་འགྲོ་མ་ཟེར་བ་དེ་诗的弹性ཟེར་བ་དེ་རེད།
- སྙན་ངག་ཅིག་ཡིན་ན།
- བཀབ་པའི་ཆ་དེ་ཡོད་ཀི།
- བཀབ་པའི་ཆ་དེ་ཡོད་ཀི།
- ཁ་གསལ་བོ་ཡིན་ན་གསལ་བའི་ཆ་ཡི་སོར་འདུ་དགོས་པ།
- དེ་དགོས་པ་རེད།
- བཀབ་པའི་སྐབས་ལ་བཀབ་པའི་ཁྱད་ཆོས་ཡོད་པ།
- དེ་རེ་རེ་རེ་རེ་སྙན་ངག་གི་གཤིས་ཀ་ཡིན་ན་འདྲ།
- དེ་མི་འདྲ་བ་རེ་རེ་ཡོད་པ་རེད།
- དེ་སྙན་ངག་པ་རང་རང་གི་ཁྱད་ཆོས་ཀྱང་རེད་མོད།
- ཡིན་ནའང་རང་གིས་དགོས་མཁོ་ཞིག་ཀྱང་རེད།
- དགོས་མཁོ་རེད།
- སྐད་ཆ་དེ་ཅི་ལྟར་བཤད་དགོས།
- སྐད་ཆ་དེ་ཅི་ལྟར་བཤད་ན་བཟང་གི
- སྐད་ཆ་དེ་ཅི་ལྟར་བཤད་ན་མི་སེམས་འགུག་ཐུབ།
- གཙོ་བོ་དེ་རེད།
- མི་སེམས་འགུག་པ།
- རང་གི་སེམས་ཀྱི་གདུང་བ་དེ་སེལ་ཐུབ་པ།
- གཙོ་བོ་དེ་རེད།
- སྐད་ཆ་འདི་ལྟར་བཤད་དགོས་སམ་ཡང་ན་ཅི་ལྟར་བཤད་དགོས།
- ཨོ་ལེད་་་འདི་ནི་གདམ་ག
- འདིའི་ཚིག་གི་ཞིབ་འཇམ་དེ་ཧ་ཅང་གལ་ཆེན་ཡིན་པ་དེ་འདྲ་ཞིག་རེད།
- ཚིག་གི་ཞིབ་འཇམ།
- ཐ་ན་བྱེད་སྒྲ་དང་འབྲེལ་སྒྲ་ཞིག་གིས་ཀྱང་ནུས་པ་ཧ་ཅང་ཐོན་པ་རེད།
- གོང་ནས་རྒྱ་ཡེ་བཀྲ་བྷོ་ཡིས་བྲིས་ཡོད་པ།
- ངའི་བྱང་ཆུབ་ཤིང་གི་ལོ་མ་ཞིག་ཅེས།
- ཤིང་གི་ལོ་མ་ཞིག་ཅེས་བཤད་པ་དང་།
- ངའི་བྱང་ཆུབ་ཤིང་གི་ལོ་མ་ཞིག་ཅེས་བཤད་པ་གཉིས་ལ་ཁྱད་པར་ཧ་ཅང་ཆེ།
- བྱང་ཆུབ་ཤིང་གི་ལོ་མ་ཞེས་བཤད་ཚེ།
- རིན་པོ་ཆེ་ཞིག་ཡིན་པ་ང་ཚོས་ཤེས་ཐུབ་མོད།
- ངའི་བྱང་ཆུབ་ཤིང་གི་ལོ་མ་ཡིན་པ་མི་ཤེས།
- ཡིན་པའི་ངེས་བ་མེད།
- ཡིན་ན་ཡང་ཁོ་རང་གིས།
- སྙན་ངག་པ་ཡིས་སྐབས་དེར་ངའི་བྱང་ཆུབ་ཤིང་གི་ལོ་མ་ཞིག
- ནམ་མཁའ་ལ་ཁྱེར།
- མི་མངོན་པའི་དབྱིངས་སུ་ཁྱེར་ཟེར་བ་རེད།
- དེ་གང་རེད་ཟེར་ན།
- ངའི་དང་བྱང་ཆུབ་ཤིང་གི་ལོ་མ་གཉིས་ཀྱི་འབྲེལ་བ་དེ།
- ཧ་ཅང་འབྲེལ་བ་དམ་པོ་ཞིག་ཡིན་པ།
- བྲལ་དུ་མེད་པའི་འབྲེལ་བ་ཞིག་ཡོད་པ་འདི་གོ་རུ་བཅུག་ཡོད་པ་རེད།
- དེ་ཡིན་པའི་རྐྱེན་གྱིས་ཐ་ན་ཚིག་གཅིག་དང་ཕྲད་གཅིག་གིས་ཀྱང་།
- ཡང་ཞེས་གོང་ནས་བཤད་པའི་ཡང་སྒྲ་ཞིག་ཡོད།
- ད་ནངས་ཡང་ཟེར་བ་དེ་ཡང་སྒྲ་ཟེར།
- ཁྱོད་ཀྱང་ཕེབས་རྒྱུ་ཡིན་ནམ་ཟེར་བའི་ཀྱང་ལ་སོགས་པ།
- དེ་འདྲ་ཞིབ་ཆ་བཏོད་རྒྱུ་མང་པོ་ཡོད་པ་རེད།
- ང་ཚོས་ཟ་མ་ཟོས་ཚར་ནས་མལ་ཁང་དུ་ངལ་གསོ་དུས།
- རྒན་མཁའ་འགྲོ་ཚེ་རིང་དང་ངེད་གཉིས་ཀྱིས་ཁ་བརྡ་ཞིག་བྱས་པ་ཡིན།
- དེང་སང་སྤྱིར་རྩོམ་འབྲི་མཁན་ཡང་མང་ལ།
- ཡིག་ནོར་དང་སྤྱིར་དག་ཆ་ཡི་སྟེང་ནས་མཉམ་འཇོག་བྱེད་དགོས་སྙམ།
- ཁྱོད་ཚོ་འདིར་བཞུགས་ཀྱི་ནང་ན་ཡང་ཡོད་ངེས་ཏེ།
- ཁྱོད་ཀྱིས་རྗེས་སུ་དག་ཆ་འདི་ལ་ཧ་ཅང་གིས།
- ཚིག་དེ་འགྱུར་སོང་ན་དོན་དེའི་གོ་བ་འགྱུར་འགྲོ་བ་རེད།
- དེ་ཆོས་ཉིད་རེད།
- ཚིག་གི་གོ་བས་དོན་གྱི་བདེན་གྱུར་ཡང་།
- དོན་གྱི་གོ་བས་ཚིག་གི་དག་ཐོན་པ།
- དགེ་བཤེས་ཤེས་རབ་རྒྱ་མཚོ་ཚང་གིས་དེ་ལྟར་གསུངས་ཡོད་པ།
- ཚིག་དོན་གཉིས་ཀྱི་འབྲེལ་བ་དེ།
- དག་ཆ་དེ་དང་ཁོ་གཉིས་ཀ་རྩོད་སྒྲུབ་ཀྱི་འབྲེལ་བ་རེད།
- དེ་ཡིན་དགོས་པ་རེད།
- དེ་གང་ནས་ཡིན་དགོས་ཟེར་ན།
- ཚིག་གི་ཞིབ་འཇམ་འདི་ཡང་གང་ནས་ཡིན་དགོས་ཟེར་ན་གཅིག་དེ་རེད།
- གཉིས་གང་རེད་ཟེར་ན་ད་ནངས་ཧོར་གཙང་གླུ་རྒྱལ་གྱིས་ཀྱང་བཤད་བཞིན་པ་དེ་རེད།
- རྒྱུན་མི་ཆད་པར་འབྲི་རྒྱུ་དེ་གལ་ཆེན་རེད་ཟེར་བ་དེ།
- ངས་གོང་ནས་ཀྱང་བཤད་ཟིན་པ།
- གཞན་སྐུལ་མེད་པའི་ཚོད་ལྟ།
- སུན་སྣང་མེད་པའི་རང་སྦྱོང་ཟེར་བ་འདི་ཧ་ཅང་གལ་ཆེན་རེད།
- ཡང་དང་ཡང་དུ་བྲིས།
- བསམ་བློ།
- ངས་དེ་ལྟར་བཤད་པ་ཡིན།
- མི་ཞིག་གི་བསམ་བློ།
- སྤྱིར་བཏང་གིས་ཁྱོད་གཉིས་ཀ།
- དཔེ་བཞག་ན་འཛིན་གྲྭ་གཅིག་གི་དགེ་རྒན་གཅིག་གི་སློབ་མ་བྱས་ནས།
- ལོ་གསུམ་བཞི་ཞིག་ལ་མཉམ་དུ་འགྲོག་ནས་མཐར་ཕྱིན་སོང་ན།
- སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་སོང་ན།
- རྩོམ་འབྲི་མཁན་དང་རྩོམ་མི་འབྲི་མཁན་གཉིས་ཀྱི།
- བསམ་བློ་ཡི་ཚད་མཐོ་དམན་དེ་གཏན་ནས་འདྲ་རྒྱུ་མ་རེད།
- ཨོ་ལེད།
- ཚོར་འདུ་ཡིན་ན་འདྲ།
- བརྩེ་དུང་ཡིན་ན་འདྲ།
- བསམ་བློ་ཡིན་ན་འདྲ།
- དེ་གཏན་ནས་འདྲ་རྒྱུ་མ་རེད།
- དེའི་རྒྱུ་མཚན་གང་ཡིན་ཟེར་ན།
- ཁོས་གནད་དོན་ཞིག་ལ་དུས་རྒྱུན་དུ་བསམ་བློ་གཏོང་བཞིན་ཡོད་པ་རེད།
- ངས་གོང་ནས་ཁྱོད་ཚོ་ལ་གཅིག་བཤད་པའང་དེ་རེད།
- མཇུག་བྱང་གི་ནང་ནས་བཤད་ཡོད་པ།
- ལོ་ངོ་ཉི་ཤུའི་རིང་ལ་རྒྱུན་མ་ཆད་པའི་བསམ་གཞིགས་དང་།
- དེའི་གྲོགས་སུ་དུང་བའི་ཡིག་འབྲུ།
- དེའི་ཁམས་སུ་མཐུན་པའི་དུང་ཞེན་དང་།
- ཚོར་འདུ་སོགས་ཀྱི་སྙིང་བོ་མངོན་པ།
- རྒྱུན་དུ་བསམ་བློ་གཏོང་བཞིན་ཡོད་པ་རེད།
- བསམ་བློ་བཏང་བ་ལ་བསྟུན་ནས་མི་དེའི་བསམ་བློ་ཇེ་ཞིབ་དང་།
- འཐུས་ཇེ་ཚང་དུ་འགྲོ་བཞིན་ཡོད་པ་རེད།
- རྩོམ་ཞིག་བྲིས་ནའང་དེ་རེད།
- རྩོམ་ཞིག་འབྲི་བའི་སྐབས་དེའི།
- རྩོམ་དེ་རང་གི་བསམ་བློ་སྟོན་པའི་སེམས་ཁམས་ལ་རག་ལས་ཡོད་པ་རེད།
- དེ་ཡིན་པའི་རྐྱེན་གྱིས་རིག་པ་སྦྱངས་རྒྱུ་དེ་ཧ་ཅང་གལ་ཆེ་བ།
- བོད་ཀྱི་འགྲོ་ཕྱོགས་དེ་ཧ་ཅང་གིས།
- སྙན་ངག་འདི་སློབ་པའི་སྐབས་ལ།
- སྙན་ངག་མེ་ལོང་མ་ཡི་དོན་རྒྱན་སོ་ལྔ་ལ་སོགས་པ།
- རྒྱུན་དུ་ཆ་ཚང་ཞིག་འགྲོ་དགོས་པའི་རྒྱུན་མཚན་ཡང་དེ་རེད།
- དེང་མ་སྔོན་མའི་མཁས་པ་ཚང་མ་ཡང་།
- ཁྱོད་ཀྱིས་ཡིན་ན་མིན་ན་རྒྱན་རེ་རེ་ལ།
- སློབ་ཁྲིད་བྱས་པའི་རྗེས་སུ་རེ་རེ་ལ་དཔེ་བརྗོད་འཇོག་དགོས་པ་རེད།
- དེ་ལྟར་འགྲོ་བ་དེ་རྩོམ་ལ་འཇུག་པའི་སྒོ་རེད།
- རྩོམ་ལ་འཇུག་པའི་སྒོ་རེད།
- ཡིན་ན་མིན་ན་ཆ་ཚང་།
- དོན་རྒྱན་སོ་ལྔ་ལ་ཆ་ཚང་བོར་རེ་རེར་དཔེ་བརྗོད་བཞག་ཚར་སོང་ན།
- ད་ཅུང་ཙམ་འདྲ་བ་མ་རེད།
- ཚིག་གི་སྦྱོར་བ་དང་ཕྱོགས་གང་ཐད་ནས།
- ཚིག་གི་སྦྱོར་བ་ཡོང་བ་དེའང་དྲང་མོར་བཤད་ན།
- ཁོ་རང་གིས་བསམ་བློ་བཏང་ནས་ཡུན་གྱིས་ཡོང་བ་དེ་འདྲ་ཞིག་རེད།
- དེ་ཡིན་པའི་རྐྱེན་གྱིས།
- ངས་གོང་ནས་ཁྱོད་ཚོར་ད་ནངས་ཆུང་ཕྱོགས་པ་རྣམས་ལ་བཤད་པའི་རྒྱུ་མཚན་དེ་རེད།
- སེམས་དང་རིག་གནས་ཞེས་བཤད་ཡོད་པ་དེ་རེད།
- གཞན་གྱིས་བཤད་ན་སེམས་དང་རིག་གནས་འདི་ཅི་ཞིག་ཅེས།
- གོ་བ་ལེན་ས་མི་འགྲོ་བར་བསམ་མཁན་ཡོད་ནའང་ཐང་ལ།
- ངས་བལྟས་ན་དེ་གཉིས་ལ་འབྲེལ་བ་ཧ་ཅང་ཡོད་པ་དེ་འདྲ་ཞིག་རེད།
- དེ་ཡིན་པའི་རྐྱེན་གྱིས།
- འདི་ཡིན་ན་ཚང་མས་ཅུང་ཙམ་མཉམ་འཇོག་རྒྱུ་ཞིག་རེད།
- ཞོར་ནས་ངས་ཚང་མ་ལ་མཉམ་འཇོག་རྒྱུ་ཁ་ཤས་ཤིག་བཤད།
- དེ་གཅིག་ཡིན་དེ་ནས།
- འདི་ནས་ངས་གཅིག་བྲིས་ཡོད།
- འདི་༡༩༩༤ལོར་བྲིས་པ་ཞིག་རེད།
- ༡༩༩༤ཡི་ནང་དུ་བྲིས་པ་ཞིག་རེད།
- དེའི་ཡར་སྔོན་གྱི་ལོ་དྲུག་བདུན་ཙམ་གྱི་སྔོན་ལ་བྱུང་བའི་དོན་དག་ཅིག་རེད།
- ཡིན་ཡང་སྙན་ངག་འདི་འབྲི་དུས་༡༩༩༤ལོར་བྲིས་པ་དེ་འདྲ་ཞིག་རེད།
- དེ་སྙན་ངག་ཡག་པོ་ཞིག་མ་རེད་མོད།
- ཡིན་ཡང་དོན་དག་ངོ་མ་དེ་ལ་འདང་བརྒྱབ་ན།
- ཅུང་ཙམ་ཤུགས་དྲག་པའི་ཚོར་འདུ་ཟེར་ན་འདྲ།
- ཚོར་འདུ་ངོ་མ་ཡིན་ནའང་།
- གཞན་དང་འདྲ་བའི་དེ་འདྲའི་ཚོར་འདུ་ཤུགས་དྲག་པོ་ཞིག་ཡོད་མེད་མི་ཤེས་མོད།
- ཡིན་ནའང་སྐབས་དེར་མཚོན་ན་རང་ལ་ངོ་མས།
- བསམ་པ་ཀུན་ནས་སྐྱོ་སྟེ།
- སྐྱོ་གདུང་གི་སྒོ་ནས་བྲིས་པའི་སྙན་ངག་ཅིག་རེད།
- དེའི་ནང་གི་ཚན་པ་ཞིག་གི་ནང་ན་འདི་འདྲ་ཞིག་ཡོད།
- སྐར་ཆུང་དེའི་རི་རྒྱབ་ལ་ལྷུང་བའི་མཚན་མོའི་མིག་ཆུ།
- ལམ་ཆུང་དབུས་གྱི་མགྲོན་པོ་ཞིག་ལ་སྨེང་བའི་ས་བོན་སྟོར།
- སྟོར་རེད།
- དེར་ཡང་གོ་རྒྱུ་ཞིག་ཡོད་པ་རེད།
- གཏོར་དང་སྟོར་གཉིས་ལའང་ཁྱད་པར་ཅུང་ཙམ་འབྱེད་རྒྱུ་ཡོད་པ་རེད།
- ང་ཚོའི་མང་ཚིག་གི་ནང་ན་ཞིབ་ཆ་བཏོད་རྒྱུ་ཅུང་ཙམ་མང་གི
- དཔེ་བཞག་ན་འདི་འདྲ་ཁ་ཤས།
- ཡི་གེ་སྒྲ་གཅིག་ཀྱང་།
- སྒྲ་གཅིག་པ་དང་གཟུགས་ཅུང་ཟད་མ་འདྲ་བ།
- དོན་འདྲ་བ་ཡི་སྟེང་ནས་ཀྱང་ཁོའི་གོ་བ་འདྲ་མ་འདྲ་རེད།
- ད་ནངས་ངས་བཤད་པ་ཕྲལ་དང་བྲལ་གཉིས་ཡིན་ན་ཡང་།
- ནང་དོན་སྤྱིར་བཏང་གིས་འདྲ་མོད།
- ཁོ་ལ་བྱེད་པ་པོ་ཡོད་མེད་ཀྱི་ཆ་ལ་སོགས་པར་ཡང་གོ་བ་ལེན་རྒྱུ་ཅུང་ཙམ་ཡོད་པ།
- དཔེ་བཞག་ན་དེ་འདྲ་རེད།
- དཔྱིད་དུས་མེ་ཏོག་ལ་སེར་ཐིག་ལྷུང་བའི་ངན་ལྟོས་ཡིས།
- དེ་ཡིན་ན་སྤྱིར།
- གོང་གི་དེ་ཚང་མ་དཔེ་མཚོན་རེད།
- སྐབས་དེ་ནས་ངས་མདོར་ན་སྤྱི་བསྡོམས་ཀྱི་ཚུལ་དུ་བཤད་པ།
- ནང་དོན་བཤད་རྒྱུ་དེ་ཡང་ཕལ་ཆེར་ཚར་སོང་།
- དེ་ན་མདོར་ན་ཚེ་འདིའི་སྐྱོ་གདུང་གི་ཚོར་བ་ལས་བྱུང་བའི།
- སྒྲུབ་བྱེད་ཀྱི་དཔེ་འདི་དག་གིས།
- སྙན་ངག་གི་ཤུགས་དྲག་པའི་ཚོར་འདུ་ལས་འབྱུང་བ།
- ཡང་དག་པས་གསལ་བཤད་བྱས་ཡོད་འདུག
- རྒྱའི་མཛེས་སྡུག་རིག་པ་བ་ཕན་ཧྥན་ཟེར་བ་ཞིག
- ཕན་ཧྥན་ཟེར་བ་འདི་པེ་ཅིན་སློབ་གྲྭ་ཆེན་མོ་ནང་གི་དགེ་རྒན་ཞིག
- ད་ཐེངས་ང་སོང་ནས་ལོ་ཕྱེད་ཀ་ཞིག་གི་རིང་ལ་ཁོང་གི་སློབ་ཁྲིད་ལ་ཉན།
- དྲང་མོར་བཤད་ན་འདི་ངས་སྔོན་མར་ངོ་མི་ཤེས།
- ངས་ཁོང་གིས་བཤད་པའི་སྐད་ཆ་ཞིག་དཔེ་རུ་དྲངས་ཡོད།
- ད་ཐེངས་སོང་ནས་དགེ་རྒན་ལ་ངོ་ཕྲོད་སོང་བ་རེད།
- དགེ་རྒན་ལོ་ཆུང་ཆུང་ཞིག་ཀྱང་རེད།
- ཧ་ཅང་གིས།
- མཛེས་སྡུག་རིག་པ་ཞེས་པའམ་美学ཟེར་བ།
- 美学原理ཞེས་པའི་སློབ་ཚན་ཞིག་ཁྲིད་ཀྱིན་འདུག
- ངས་དེར་ཆ་ཚང་ཞིག་ཉན་ནས།
- སློབ་ཚན་གཅིག་ལ་ཉན་ནས།
- ལོ་ཡང་ཆུང་ཆུང་ཞིག་རེད།
- ཧ་ཅང་གིས་བསམ་བློ་ཅན་གྱི་དེའི་དགེ་རྒན་ཞིག་རེད།
- ཕན་ཧྥན་ཟེར་བ་དེ།
- ཕན་ཧྥན་ཞེས་མིང་དེ་འདྲ་ཞིག་རེད།
- དེ་ཡིས་སྐད་ཆ་ཅི་འདྲ་ཞིག་བཤད་ཡོད་ཟེར་ན།
- དེ་འདྲའི་སྐད་ཆ་ཞིག་བཤད་འདུག
- ཁོ་རང་རང་གཤིས་ཅན་གྱི་དགེ་རྒན་ཞིག་ཀྱང་རེད།
- ཁོར་མི་མང་པོ་ཡིས་དེ་ལྟར་བཤད་ཟེར།
- སློབ་ཁྲིད་ཀྱི་སྐབས་སུ་ཁོང་གིས་དེ་ལྟར་ཁ་བརྡ་ཞིག་བྱས་བྱུང་།
- ན་གཞོན་དགེ་རྒན་དེ།
- པེ་ཅིན་སློབ་གྲྭ་ཆེན་མོ་ཡི་དགེ་རྒན་རེད།
- རྒྱུ་རྩལ་སློབ་གླིང་གེ་དགེ་རྒན་ཞིག་རེད།
- 艺术学院ཟེར་བ།
- རྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཞིག་རེད།
- དེ་ཡིས་དེ་ལྟར་བཤད།
- མ་འོངས་པ་ཁྱེད་རང་ཅི་འདྲ་ཞིག་གིས་ལོག་དགོས་པ་རེད་ཟེར་ན།
- ཁྱེད་རང་ཅུས་ཞན་ལིན་ལྟ་བུ་ཞིག་གིས་ལོག་དགོས་པ་རེད།
- ཅུས་ཞན་ལིན་ཟེར་བ་རྒྱལ་ཁབ་ཀྱི་རིན་པོ་ཆེ་ལ་བརྩི་བཞིན་ཡོད་པ་རེད།
- པེ་ཅིན་སློབ་གྲྭ་ཆེན་མོ་རུ་སྐུ་འདས་སོང་བ་རེད།
- ན་ནིང་སྐུ་འདས་པ་རེད།
- ཁྱོད་དེ་འདྲ་ཞིག་གིས་ལོག་ན་འགྲིག་པ་རེད།
- ཁྱོད་དེ་འདྲ་ཞིག་གིས་ལོག་དགོས་པ་རེད།
- དེ་ཁོས་ཕྱིར་ལན་ཅི་ལྟར་བཏབ་པ་ཡིན་ཟེར་ན།
- ཁོ་རང་གཅིག་བགད་ནས།
- ང་དེ་འདྲ་ཞིག་གིས་ལོག་ན་ང་ལ་སྙིང་བོ་གཅིག་ཀྱང་ཡོད་པ་མ་རེད།
- ང་དེ་འདྲ་ཞིག་གིས་ལོག་ན་ང་ལ་སྙིང་བོ་ཡོད་པ་མ་རེད།
- ཅུས་ཞན་ལིན་ཁོ་རང་ཅུས་ཞན་ལིན་རེད།
- ཁོར་དེའི་ཁྱད་ཆོས་དེ་ཡོད་པ་རེད།
- ཡིན་ཡང་ང་ཅུས་ཞན་ལིན་གྱིས་ལོག་ཏུ་འཇུག་རྒྱུ་ཟེར་ན།
- དེ་ལོག་ཐུབ་པ་ཞིག་ཀྱང་ཡིན་པ་མ་རེད།
- ལོག་དགོས་པའི་རྒྱུ་མཚན་ཡང་ཡོད་པ་མ་རེད།
- ང་རང་ལ་རང་གཉིས་ཤིག་དང་།
- ང་རང་ལ་འཚོ་བ་རོལ་སྟངས་ཤིག
- ང་རང་ལ་འགྲོ་ལམ་ཞིག་དང་བདམས་ཀ་ཞིག་ཡོད་པ་རེད།
- དེ་ལྟར་སོང་ན་པིན་ཧྥུན་ཟེར་བ་དེ་ང་རེད།
- དེ་མ་གཏོགས་པིན་ཧྥུན་ང་ལ་གཞན་ཞིག་གིས་ཁྱེད་རང་ཅུས་ཞན་ལིན་རེད་ཟེར་བ་མ་རེད།
- དེ་ལ་དངོས་ནས་འདང་རྒྱག་རྒྱུ་ཡོད་ཀི
- ང་ཚོ་མི་སུ་ཡིན་ནའང་དེ་རེད།
- རང་གི་རང་གཤིས་ཤིག
- རང་གིས་རང་གི་ཚོད་ཀྱི།
- ང་ཚོ་བོད་ལ་ས་ཆའི་ཚོད་ཀྱི་རི་དྭགས་ཟེར་བ་ཞིག་ཡོད་པ།
- རང་གིས་ཅི་འདྲ་ཞིག་འཇོན་ན།
- མི་རེ་རེ་ཡི་འཇོན་ཐང་མི་འདྲ་བ།
- མི་རེ་རེ་ཡི་བསམ་བློ་མི་འདྲ་བ།
- མི་སུམ་ཅུ་ལ་བསམ་པ་སུམ་ཅུ་ཟེར་བ་བཞིན།
- ཡིན་ཡང་རང་གིས་འཇོན་ཚད་ཅིག
- རང་གིས་ཐུབ་པ་ཞིག
- ད་ལྟ་འདི་ལྟ་བུའི་གངས་རིའི་བུ་མོའི་རྩོམ་སྒྲིག་པ་འདི་ཚོར་མཚོན་ནའང་དེ་རེད།
- འདི་དྲང་མོར་བཤད་ན་ཧ་ཅང་གིས་དཀའ་ཁག་ཆེ་བ་རེད།
- སྔོན་གྱི་བྱམས་བུད་མེད་རྩོམ་རིག་ཚོགས་འདུ་བྱ་དགའ་སྤྲོད་པའི་མཛད་སྒོའི་སྟེང་ནས་ཀྱང་།
- ངས་སྐད་ཆ་དེ་འདྲ་ཞིག་བཤད་མྱོང་།
- ཧ་ཅང་གིས་དྲང་མོར་བཤད་ན།
- ཧ་ཅང་གིས་སྒྲུབ་དཀའ་བ་དེ་འདྲ་ཞིག་རེད།
- ད་དུང་ཁྱོད་ཚོར་ཡང་དཔེ་ཆ་འདི་ཡོད་པ།
- བོད་ཀྱི་རྩོམ་པ་པོ་ཡི་ལོ་རྒྱུས་ཀྱི་དཔེ་ཆ་འདི་འདྲ་ཞིག་ཀྱང་ཡོད་ཀི
- གངས་རིའི་བུ་མོའི་དཔེ་ཆ་དང་འདི་འདྲ་ཉུང་ཉུང་ཞིག་གི་ནང་དུ།
- ལོ་ཉུང་ཉུང་ཞིག་གི་ནང་དུ།
- ལོ་ཐུང་ཐུང་ཞིག་གི་ནང་དུ།
- འདི་འདྲའི་ལས་ཀ་མང་པོ་ཞིག་འགྲུབ་ཐུབ་པ་འདི།
- ཧ་ཅང་གིས་རྗེས་སུ་ཡི་རང་བྱེད་དགོས་པའི་དོན་དག་ཅིག་རེད།
- དེ་ཡིན་པའི་རྐྱེན་གྱིས་རང་གིས་འཇོན་ཚད་ཀྱིས།
- རང་གི་སྤྲོ་སྣང་དང་འཇོན་ཚད་ལ་བསྟུན་ནས།
- རང་གིས་བྱ་བ་བྱེད་རྒྱུ་དེ་གལ་ཆེན་རེད།
- ཨོ་ལེད།
- དེ་ཅུང་ཙམ་ཕར་ལ་བརྡལ་སོང་མོད།
- པིན་ཧྥུན་གྱིས་འདི་འདྲ་ཞིག་བཤད་འདུག
- འདི་འབྲི་དུས་ཅུང་ཙམ་སྔ་མོ་ཞིག་རེད།
- རྗེས་སུ་ངས་འདི་པིན་ཧྥུན་ཟེར་བ་དེ་ཡིན་མིན་ལ་ཅུང་ཟད་དཔྱད་པ་ན།
- དེ་ཁོ་རང་རེད།
- སྐད་ཆ་དེ་ཅི་ལྟར་བཤད་འདུག་ཟེར་ན།
- རྩོམ་རིག་རྒྱུ་རྩལ་ནི་སྐྱོ་གདུང་ལ་བརྟེན་པས་མཛེས་སོ།
- རྩོམ་རིག་རྒྱུ་རྩལ་ནི་སྐྱོ་གདུང་ལ་བརྟེན་དགོས།
- སྐྱོ་གདུང་ལ་བརྟེན་ན་ཡག་པོ་རེད།
- སྐད་ཆ་དེ་འདྲ་ཞིག་འདུག
- དེ་རྒྱ་ཡིག་ལས་ཚུར་ལ་བསྒྱུར་བ་ཞིག་རེད།
- ཞེས་བརྗོད་དགོས་དོན་གང་ཡིན་ཟེར་ན།
- རྩོམ་རིག་རྒྱུ་རྩལ་འདི་སྐྱོ་གདུང་ལ་བརྟེན་ན་ཡག་པོ་རེད།
- ཡག་པོ་རེད་ཅེས་བརྗོད་དགོས་དོན་གང་རེད་ཟེར་ན།
- དེ་མུ་མཐུད་དུ་གསལ་བཤད་བྱེད་དགོས་པ་རེད།
- སྐྱོ་གདུང་གིས་ནི་རང་གི་སེམས་ཀྱི་གཏིང་ལ་དཔུང་འཇུག་བྱེད་ཐུབ་པ་དང་།
- སྐྱོ་གདུང་གིས་ནི་རང་གི་ཚེ་སྲོག་གི་དོན་དེ་ལ་འཚོ་གཞེས་ངོ་སྤྲོད་ཐུབ་པས་ཡིན།
- དེ་ལྟར་བཤད་འདུག
- ད་ཐེངས་ང་ཚོར་ཆ་རྐྱེན་གྱི་དབང་གིས།
- ང་རང་ལ་གྲ་སྒྲིག་ལ་སོགས་པས་མ་འཇོན་པ་མ་གཏོགས།
- སྤྱིར་གན་གྱི་སྟེང་ལ་ལས་འཇོག་རྒྱུ་ན།
- ཡི་གེ་ཤར་ནས་འདུག་རྒྱུ་ན་བཟང་མོད།
- ད་ཐེངས་ང་ཚོས་དེ་མ་ཐུབ་ཐལ།
- དེ་འདྲ་ཞིག་རེད།
- སྐྱོ་གདུང་ཡོད་ན་རང་གི་སེམས་ཀྱི་གཏིང་ལ་དཔུང་འཇུག་བྱེད་ཐུབ་ཟེར།
- དེའི་རྒྱུ་མཚན་གང་རེད་ཟེར་ན།
- རང་གི་སེམས་ཀྱི་གཏིང་གི་སྐད་ན་ངོ་མ།
- དོན་དག་ངོ་མ་དེ་འཛིན་ཐུབ།
- སྐྱོ་གདུང་གིས་ནི་རང་གི་ཚེ་སྲོག་གི་དོན་དེ་ལ་འཚོ་གཞེས་ངོ་སྤྲོད་བྱེད་ཐུབ་ཟེར།
- སྐྱོ་གདུང་ཞིག་ཡོད་ན།
- དེ་ཡིན་པའི་རྐྱེན་གྱིས།
- ངས་གོང་ནས་བཤད་པ་ཡང་།
- དེ་ད་དུང་རྒྱ་ཡིག་གིས།
- རྒྱ་ཡིག་གཞུང་ཡིག་ཆེན་མོ་དེ་གང་རེད་དམ།
- དེའི་ལོ་རྒྱུས་ཀྱང་ཅུང་ཙམ་ཞིག་་་
- དུས་ཚོད་ཀྱང་སྔ་མོ་རེད་ལ་ཅུང་ཙམ་ཞིག་་་
- གཅིག་ནས་དུས་ཚོད་སྔ་བ།
- གཉིས་ནས་ཅུང་ཟད་ཆ་ཚང་བ་ཡི་རྩོམ་རིག་གི་གཞུང་ལུགས་ཤིག་ལ་བརྩི་བ་རེད།
- གན་རེད།
- ཅི་རེད་ཟེར་ན།
- 文心雕龙ཞེས་པ་ཞིག་ཡོད་པ།
- རྒྱ་ལ་文心雕龙ཞེས་པ་ཞིག་ཡོད་པ།
- 文ནི་རྩོམ་རིག་གི་དོན་དང་心ནི་སེམས་雕龙ཞེས་པ་ཞིག་ཡོད་པ།
- 文心雕龙ཞེས་པ།
- འདིའི་ནང་ན་སྐད་ཆ་དེ་འདྲ་ཞིག་ཡོད།
- 哀而不伤ཞེས།
- 哀དང་而དང་不伤ཟེར་བ་གནོད་པ་མེད་པ།
- སྐྱོ་བ་ཡོད་ཀྱང་གནོད་པ་མེད་ཟེར་བ།
- དེ་འདྲའི་སྐད་ཆ་ཞིག་ཡོད་པ་དེ་ཧ་ཅང་གིས།
- འདི་མཛེས་སྡུག་རིག་པ་ལ་སྦྱར་ནས་བཤད་ན་ཧ་ཅང་གིས་འཕྲོད་པ་དེ་འདྲ་ཞིག་རེད།
- སྦྱར་ན་འཕྲོད་པ།
- འདི་ཅུང་ཙམ་ཅི་ཞིག་རེད་ཟེར་ན།
- རྩོམ་རིག་གི་སྟེང་དང་གསར་རྩོམ་གྱི་སྟེང་ནས་སོང་ན་ཧ་ཅང་གིས།
- ཆུད་ཚད་དང་གོ་རྟོགས་ཚད་ཅིག་ལ་ཐོན་ཡོད་པའི་སྐབས་དེའི་འགྲོ་སྟངས་ཤིག་དང་།
- བཤད་སྟངས་ཤིག་གི་ལོག་ཡོད་པ་དེ་འདྲ་ཞིག་རེད།
- ཁོང་གི་སྐད་ཆ་དེ་འདྲ་ཞིག་རེད།
- རྩོམ་རིག་རྒྱུ་རྩལ་ནི།
- སྐྱོ་གདུང་ལ་བརྟེན་པས་མཛེས་སོ་ཞེས་བརྗོད་དགོས་དོན་ནི་གང་ཡིན་ཟེར་ན།
- སྐྱོ་གདུང་གིས་ནི་རང་གི་སེམས་ཀྱི་གཏིང་རོལ་ལ་དཔུང་འཇུག་བྱེད་ཐུབ་པ་དང་།
- སྐྱོ་གདུང་གིས་ནི་རང་གི་ཚེ་སྲོག་གི་དོན་དེ་ལ་འཚོ་གཞེས་དེ་ངོ་སྤྲོད་ཐུབ་པས་ཡིན་ཞེས།
- དེ་ཡིན་པའི་རྐྱེན་གྱིས་གང་རེད་ཟེར་ན།
- རྩོམ་རིག་རྒྱུ་རྩལ་ཟེར་བ་འདི་སྐྱོ་གདུང་ཡོད་ན་མཛེས་ཟེར་བའི་རྒྱུ་མཚན་དེ་ཡིན།
- པིན་ཧྥུན་ཟེར་བ་དེ་ཡིས་དེ་འདྲའི་སྐད་ཆ་ཞིག་བཤད་ཡོད་འདུག།
- སྐད་ཆ་ཞིག་བཤད་ཡོད་ཀི
- དེ་རིང་གི་ང་ཚོའི་ས་བཅད་གཉིས་པ།
- སྙན་ང་གསར་བའི་ཤུགས་དྲག་པའི་ཚོར་འདུ་ཡི་ཕྱོགས་ནས་ངས་འདི་འདྲའི་
- དཔེ་ཁ་ཤས་ཤིག་དྲངས་ནས་མདོར་བཤད་ཅིག
- མདོར་བསྡུས་ཀྱི་སྒོ་ནས་བཤད་པ་མ་གཏོགས།
- ཞིབ་ཏུ་འཕྲོས་ན་ཡང་འཕྲོས་རྒྱུ་མང་བ།
- གཞུང་དང་བཅས་བ་འཕྲོས་རྒྱུ་མང་ནའང་།
- གང་ལྟར་ཀྱང་རང་ཉིད་ཀློག་པ་པོ་ཞིག་ཡིན་པའི་ཆ་ནས།
- ངས་གཞན་གྱིས་བྲིས་པའི་སྙན་ངག་གི་ནང་ནས།
- ཚོར་འདུ་ཤུགས་དྲག་པོའི་སྐོར་འདི་ལ་ཅུང་ཙམ་བསམ་བློ་བཏང་བ་ཡིན།
- འདིའི་ནང་ན་ཐ་སྙད་འདི་འདྲ་ཞིག་ཡོད་ཀི།
- འདི་ངའི་བསམ་ཚུལ་ཡིན།
- ཁྱོད་ཚོས་ཀྱང་བསམ་བློ་ཞིག་ཐོངས་དང་།
- 美感ཟེར་བ་ཞིག་དང་情感ཟེར་བ་གཉིས་ཡོད་ཀི
- དེང་སང་སྤྱིར་རྩོམ་རིག་གི་ཕྱོགས་སུ་བཀོལ་སྤྱོད་བྱེད་བཞིན་པའི་ཐ་སྙད་གཉིས་རེད།
- རྒྱ་ཡིག་གི་ནང་དུ་ཡོད་པ།
- 美感ཟེར་བ་དེ་ལ་ངས་མཛེས་ཚོར་ཞེས་བཏགས་ན་ཅི་འདྲ་རེད་སྙམ།
- 情感ཟེར་བ་དེ་ལ་བརྩེ་ཚོར་ཞེས་བཏགས་ན་ཅི་འདྲ་རེད།
- ཁ་ཤས་ཤིག་གིས་情感ཟེར་བ་དེ་ལ་ཚོར་འདུ་ཞེས་སྒྱུར་བཞིན་འདུག
- ཚོར་འདུ་ཞེས་སྒྱུར་ན།
- རྒྱ་ཡིག་གི་སྟེང་གི་情ཞེས་པ་དེ་ཡོང་མེད་པ་འདྲ།
- དེ་འདྲ་ཞིག་རེད།
- དེ་ཡིན་པའི་རྐྱེན་གྱིས་བརྩེ་བའི་ཚོར་འདུ་ཟེར་ན་ཆོག་གི
- བརྩེ་ཚོར་ཞེས་བཏགས་པ་ཡིན་ན་ཅུང་ཙམ་འགྲིག་གི་འདོད།
- བརྩེ་ཚོར་ཞེས།
- བརྩེ་བའི་ཚོར་འདུ།
- ཚོར་འདུ་ཞེས་བཏགས་ན།
- སྐྱོ་བའི་ཚོར་འདུ།
- དེ་ཡང་ཆོག་ཆོག་མོད།
- དེ་འདྲའི་ནང་དོན་ཡག་པོ་ཡོང་མེད་པ་འདྲ།
- དེར་ཚང་མས་འདང་ཞིག་རྒྱོབ་དང་།
- དེ་ནི་ཞོར་གྱི་གྲོས་གཞི་ཞིག་རེད།
- སྤྱིར་སྒྱུར་སྟངས་འདི་གཅིག་གྱུར་བྱེད་རྒྱུ་ཡང་ཅུང་ཙམ་གལ་ཆེ་མོད།
- ང་ཚོ་བོད་ལྗོངས་སློབ་གྲྭ་ཆེན་མོ་ཡི་དགེ་རྒན་ལྔ་དྲུག་ཙམ་གྱིས།
- ང་ཚོས་དུང་དཀར་རྩོམ་རིག་གི་ཚིག་མཛོད་ཅིག་ལས་རྩིས་བྱས་ནས།
- ལོ་གསུམ་བཞི་ཞིག་གི་སྔོན་ནས་ང་ཚོས་གྲོས་བྱས་ཏེ།
- གྲོས་གཞི་བཏོན་ནས་འབད་པ་བྱས་མོད།
- རྗེས་ནས་ཅི་ཡིན་མ་ཤེས་པར།
- སྐབས་དེར་ལས་མ་ཐུབ་ཐལ།
- གཞན་ཞིག་གིས་ལས་བཞིན་པའི་སྐད་ཆ་ཞིག་ཡོད་ཁ་རེད།
- རྩོམ་རིག་གི་ཚིག་མཛོད་འདི།
- བོད་ཀྱི་རྩོམ་རིག་གི་ཐ་སྙད་ཕྱོགས་ཀྱི་ཚིག་མཛོད་དེ་འདྲ།
- འདི་ལས་པ་ཡིན་ན་མ་འོངས་པར་ཅུང་ཟད་གོ་ཆོད་ཡིན་ངེས།
- སྦྲང་ཆར་གྱི་དེ་ཡང་ལས་བཞིན་ཡོད་པ་རེད།
- སྦྲང་ཆར་གྱི་ནང་དུ་ཡང་དེ་འདྲའི་ཚིག་མཛོད་གཅིག་གྱུར་འདྲ།
- དེ་འདྲ་ཅུང་ཙམ་བྱུང་མྱོང་མོད།
- འདི་ཡང་ཅུང་ཙམ་གལ་ཆེན་རེད་སྙམ།
- དེ་མ་གཏོགས་ཡང་དཔེ་བཞག་ན།
- ཡང་གསལ་བཤད་མ་བྱས་ན།
- དཔེ་བཞག་ན་བོད་ཡིག་གིས་ཐད་ཀར་དུ་མཛེས་ཚོར་ཞེས་བཏགས་ན།
- རྒྱ་ཡིག་གིས་སྟེང་ནས་ཅི་ཞིག་བཤད་ཀྱིན་ཡོད་མེད་དེ་གོ་ལ་མི་ལོན་པ་འདྲ།
- འདི་འདྲ་ཡང་ཡོད།
- དྲང་མོར་བཤད་ན་གཞུང་ལུགས་སྐོར་ཞིག
- ཡིན་ན་མིན་ན་རྒྱའི་གཞུང་ལུགས་ཀྱི་རྗེས་སུ་མ་འབྲང་ན།
- བཤད་སྟངས་དེ་ཡི་རྗེས་སུ་མ་འབྲང་ན།
- རང་རྐྱ་ཐུབ་པའི་གཞུང་ལུགས་ཤིག་ཡོང་དུ་འཇུག་པར་བྱེད་རྒྱུ་ཟེར་ན།
- ཧ་ཅང་དཀའ་བ་དེ་འདྲ་ཞིག་རེད།
- དཔེ་བཞག་ན་སྙན་ངག་མེ་ལོང་མ་ཡི་ཕྱོགས་ཀྱི་རྒན་སངས་རྒྱས་ཀྱི་བྲིས་པའི།
- སྙན་ངག་མེ་ལོང་མའི་སྟེང་གི་རྒྱན་ཁ་ཤས་ཤིག་གི་ངོས་འཛིན།
- འདི་ལྟ་བུ་ཡིན་རྒྱུ་ན་ཧ་ཅང་ཡག་གི་འདོད་ཀི
- འདི་ལོ་ཅུང་ཙམ་སྔོན་རེད།
- ཧ་ཅང་སྔ་མོད།
- དོན་རྒྱན་སོ་ལྔ་ཡི་ཕན་ཆད་ནས།
- ད་རུང་བོད་རང་གི་དྲང་རྒྱན་ཟེར་བ་འདྲ།
- དེ་སྐོར་ཞིག་ཡོད་པ་རེད།
- ཅི་ཞིག་རེད་ཟེར་ན།
- དེ་འདྲ་སྐོར་ཞིག་རྒན་སངས་རྒྱས་ཀྱིས་སྐབས་དེར་བྲིས་ཡོད།
- དེར་རྗེས་ནས་ཁྱོད་ཚོས་གཅིག་ལྟོས་དང་།
- དེ་ཚང་མ་ཅུང་ཙམ་ཞིག
- བོད་རང་གི་རྩོམ་རིག་གི་གཞུང་ལུགས་ཤིག་ཆགས་ཐུབ་རྒྱུ་ན་ཧ་ཅང་ཡག་གི་བསམ་མོད།
- ཡང་སྐོར་ཞིག་ཡིན་གཅིག་མིན་གཉིས་འཛམ་པོ་གླིང་གི་རྗེས་སུ་འབྲང་དགོས།
- འཛམ་པོ་གླིང་གི་རྗེས་སུ་འབྲང་དགོས་ཟེར་བའི་རྒྱུ་མཚན་གང་ཡིན་ཟེར་ན།
- རྒྱ་མི་རིགས་ཀྱང་དྲང་མོར་བཤད་ན་ཕྱི་རྒྱལ་གྱི་རྗེས་སུ་འབྲང་བཞིན་ཡོད་པ་རེད།
- དེང་སང་རྒྱུ་མི་རིགས་ཧ་ཅང་གིས།
- ཐ་སྙད་གསར་བ་ཞིག་དེ་རིང་བྱུང་བ་ཡིན་ན།
- སང་ཉིན་རྒྱ་ཡིག་ལ་སྒྱུར་ཡོད་པ་རེད།
- མགྱོགས་པ་རེད་ཧ་ཅང་གིས་མགྱོགས་པ་རེད།
- དེ་ཡིན་པའི་རྐྱེན་གྱིས་ཅི་ཞིག་རེད་ཟེར་ན།
- གཞུང་ལུགས་སྔོན་ལ་འགྲོ་བཞིན་པའི་སྐོར།
- འདི་ཅུང་ཙམ་ཞིག་རྒྱ་ལ་དཔེ་བལྟས་ནས།
- ཁ་ཤས་ཤིག་ནང་འདྲེན་ཡང་བྱེད་དགོས་པ་རེད།
- རང་གིས་ས་ནས་ཀྱང་ཅུང་ཙམ་ཞིག
- འདིའི་སྔོན་ལ་ངས་ཁྱོད་ཚོར་གཅིག་བཤད་པ།
- ངས་ཀྱང་ཞིབ་འཇུག་སློབ་མ་ཡི་མཐར་ཕྱིན་དཔྱད་རྩོམ་གྱི་སྐབས་སུ།
- ངས་ཚོར་ལྟ་ཞིག་བྱས་མྱོང་ཡོད།
- དེ་ཧ་ཅང་གིས་ཡག་པོ་ཞིག་མིན་མོད།
- ད་དུང་པར་སྐྲུན་ཡང་བྱས་མེད་མོད།
- དེའི་ནང་གི་གཅིག་ངས་གོང་ནས་ཁྱོད་ཚོར་བཤད་པ།
- མི་རྟག་རྒྱུ་སྐར་གྱི་བསམ་བློ་འདི།
- བོད་ཀྱི་རྩོམ་རིག་གི་ཁྱད་ཆོས་གཙོ་བོ་ཞིག་ལ་བཞག་ན་འགྲིག་གི་བསམ།
- དེ་འདྲའི་བསམ་ཚུལ་ཞིག་ཡོད།
- འདི་བཤད་མཁན་ཡང་ཡོད་རྒྱུ་རེད།
- གཞན་གྱིས་ཀྱང་བཤད་བཞིན་ཡོད་ངེས་རེད།
- བཤད་བཞིན་ཡོད་ངེས་རེད་མོད།
- མི་རྟག་རྒྱུ་སྐར་གྱི་བསམ་བློ་དེ།
- སྔོན་མ་སྔོན་མའི་མཁས་པ་གོང་མ་ཚང་མའི་བརྩམས་ཆོས་ཀྱི་ནང་ན།
- གསུང་མགུར་ལ་སོགས་པ།
- མགུར་དང་སྙན་རྩོམ་གྱི་ནང་ན།
- མི་རྟག་རྒྱུ་སྐར་གྱི་རིག་པ་འདི་ཧ་ཅང་གིས།
- ལྷག་པར་ཏུ་ཁྱོད་ཚོས།
- བཀའ་གདམས་པ་དང་བཀའ་བརྒྱུད་པའི།
- བཀའ་གདམས་དང་བཀའ་བརྒྱུད་ཀྱི་བླ་མ་རིམ་བྱོན་ཚང་མ་ཡི།
- གསུང་རྩོམ་ལ་བལྟས་ནས་སོང་ན།
- ཁོང་ཚོས་མཛད་པའི་མགུར་མ་ཡི་ནང་ན་གང་རེད་ཟེར་ན།
- མི་རྟག་རྒྱུ་སྐར་གྱི་བསམ་བློ་མ་གཏོགས་གཅིག་ཀྱང་ཡོད་པ་མ་རེད།
- ཚང་མ་མི་རྟག་རྒྱུ་སྐར་གྱི་བསམ་བློ་རེད།
- ཚང་མ་མི་རྟག་རྒྱུ་སྐར་གྱི་བསམ་བློ་རེད།
- དེ་ཡིན་པའི་རྐྱེན་གྱིས་འདིའི་ཁྱད་ཆོས།
- རང་གི་རྩོམ་དེར་རང་གིས་སྤྱི་བསྡོམས་བྱེད་ཐུབ་དགོས།
- དེ་འདྲ་ཞིག་བྱུང་ཐུབ་ན་བཟང་གི་སྙམ།