06 May 2013
31 min 16 sec
Video Overview
Creators:
Gangri Pumo, Drangchar
This is the third part of a lecture by Professor Dongrub Tsering at the First Young Tibetan Women's Literature Training in Trika, Qinghai Province. Professor Dongrub Tsering teaches at Qinghai Normal University.
- རྩོམ་པ་པོ་རང་ཉིད་ཀྱི་སྟེང་ནས་བཤད་ན་འདི་ལྟར་ཕྱོགས་བསྡོམས་བྱེད།
- དེའི་ཕན་ཆད་ནས་རྩོམ་པ་པོ་དང་དཔྱད་བརྗོད་པ།
- ཡང་ན་གཞུང་ལུགས་པ་འདི་འདྲ་མང་པོ་ཞིག་གིས།
- དེའི་དུས་སྐབས་དེ་ནས་ཕྱིར་དེང་རབས་ཀྱི་རྩོམ་རིག་ཟེར་བ་ཅི་ཞིག་ཡིན་པ་དེར།
- གཞུང་ལུགས་ཀྱི་སྟེང་ནས་ཤད་རྒྱག་པ།
- ཤད་རྒྱག་པ་ཟེར་ན་གོ་འམ།
- ཤད་རྒྱག་པ་ཟེར་ན་རྒྱ་ཡིག་གི་སྟེང་ནས་梳理ཟེར་བ་རེད།
- ཤད་རྒྱག་པ།
- ཅི་ལྟར་བྱས་ན་འགྲིག་གི།
- ངོ་མས་བཤད་ན་ཁྱད་ཆོས་ཅི་ཞིག་ཡོད་པ།
- དཔེ་འཇོག་རྒྱུ་ན་ང་ཉིད་ཀྱིས་ཀྱང་སྐབས་དེར་ཅུང་ཙམ་བྲིས་མྱོང་།
- རང་མོས་སྙན་ངག་གི་སྐོར་ཟེར་བ་འདྲ།
- དེ་བཞིན་དུ་རང་མོས་སྙན་ངག་གི་སྟེང་ནས་བཤད་ནའང་།
- འཇུ་སྐལ་བཟང་གིས་ཀྱང་བྲིས་ཡོད་པ་དེ་ལྟ་བུ་རེད།
- རང་མོས་སྙན་ངག་ངོ་མས་བཤད་ན་ཅི་འདྲ་ཞིག་རེད།
- དེ་བཞིན་དུ་ལྷ་བརྒྱ་ཚེ་རིང་གིས་ཀྱང་བྲིས་འདུག
- དེའི་རྨང་གཞིའི་སྟེང་ནས་གོ་དཀའ་བ་དང་གོ་སླ་བ་ལ་སོགས་པ།
- རྩོད་གཞི་མང་པོ་ཞིག་བྱུང་བ།
- དེའི་སྐོར་དེ་རེད།
- ཡུན་གྱིས་གཞུང་ལུགས་ཀྱི་སྟེང་ནས།
- རང་མོས་སྙན་ངག་ཟེར་བ་ངོ་མས་བཤད་ན་ཅི་འདྲ་ཞིག་རེད་ཟེར།
- ཤད་བརྒྱབ་པ་རེད།
- དེ་ཡང་བར་སྐབས་དེ་ནས་བཟུང་སྟེ་མགོ་བརྩམས་པ་རེད།
- ཡང་ན་རེ་ཞིག་རང་རང་ལ་ཕྱོགས་བསྡོམས་བྱས་ནས།
- བར་སྐབས་ཤིག་གམ་དུས་མཚམས་ཤིག་ལ་ཐོན་པ་རེད།
- དུས་མཚམས་དེར་ཐོན་པའི་སྐབས་དེར།
- གོམ་པ་ཕྱི་མ་ཅི་ལྟར་སྤོ་རྒྱུ་དེ་རེད།
- དེར་གྲྲ་སྒྲིག་བྱེད་པ།
- གོམ་པ་ཕྱི་མ་ཅི་ལྟར་སྤོ་རྒྱུ་དེར་གྲ་སྒྲིག་བྱེད་བཞིན་འདུག་བསམ།
- དེ་ནས་ད་དུང་དོན་དག་གཞན་ཞིག་ཡོད་པ་ནི།
- ལོ་རབས་དགུ་བཅུ་བའི་དུས་དཀྱིལ་ཙམ་ལ།
- འདིའི་སྟེང་ན་བྲིས་ཡོད་པ་འདི་རེད།
- རྒྱ་ནག་ནས་人文建设ཟེར་བ་འདིའི་སྐོར་འདི།
- 大众文学ཟེར་བའི་སྐོར་འདི།
- འདིའི་སྐོར་གྱི་བསམ་བློ་དང་ཐ་སྙད་མང་པོ་ཞིག་བྱུང་།
- འདི་ལ་རྩོད་གཞི་མང་པོ་བྱུང་།
- བགྲོ་གླེང་མང་པོ་བྱུང་།
- དེའི་ཤན་ཤུགས་ཡིན་ནམ་ཅི་ཡིན་མི་ཤེས་མོད།
- གང་ལྟར་ཀྱང་ཤན་ཤུགས་ཡིན་ན་དུས་ཚོད་ཀྱི་སྟེང་ནས་ཇེ་མགྱོགས་སུ་འགྲོ་བཞིན་འདུག
- སྤྱིར་བཏང་གིས་ཆབ་སྲིད་དང་བསམ་བློ་གང་གི་ཐད་ནས་བཤད་ན།
- ཤན་ཤུགས་ཐེབས་རྒྱུ་དེ་ལོ་ངོ་ཉི་ཤུ་དང་ལོ་ངོ་བཅུ་ཐམ་པ།
- ལོ་ངོ་ལྔ་ཞེས་འདི་ལྟར་ཇེ་ཐུང་དང་ཇེ་ཐུང་།
- དུས་ཚོད་ཀྱི་ཡུན་འདི་ལྟར་ཇེ་ཐུང་ནས་ཇེ་ཐུང་ལ་འགྲོ་བའི་སྣང་ཚུལ་ཞིག་ཡོད་ཀི།
- སྔ་མ་སྔ་མར་ལོ་བཅུ་ཐམ་པ་ཡིན་ན།
- དཔེ་འཇོག་རྒྱུ་ན་རིག་གནས་གསར་བརྗེ་ཆེན་པོ་ལོ་བཅུ་ཐམ་པ་རེད།
- ལོ་བཅུ་ཐམ་པའི་ཤན་ཤུགས་འདི་ལྟ་བུ་ལ་མཚོན་ན།
- རྗེས་སུ་ལོ་ལྔ་ཡིས་ལོག
- རིམ་གྱིས་རིམ་གྱིས་ཇེ་ཐུང་ནས་ཇེ་ཐུང་ལ་འགྲོ་བ་རེད།
- ཤན་ཤུགས་སམ་བསམ་བློ་ཡི་སྟེང་གི་ཤན་ཤུགས་འདི་ཇེ་ཐུང་ལ་འགྲོ་བཞིན་འདུག
- དེའི་རྒྱུ་མཚན་གྱིས་ལོ་རབས་དགུ་བཅུ་བའི་དུས་དཀྱིལ་ཙམ་ལ་བྱུང་བའི།
- རྒྱ་ནང་གི་འདི་འདྲའི་སྣང་ཚུལ་ཞིག་ཡིན་མོད།
- དུས་རབས་གཉིས་ཀྱི་མཐུད་མཚམས་ལ་ཐོན་དུས་བོད་ལ་ཤན་ཤུགས་ཐེབས་བཞིན་འདུག
- ཤན་ཤུགས་ཐེབས་པས་སྤྱི་ཚོགས་ཀྱི་སྟེང་དུ་རྩོད་གཞི་མང་པོ་ཞིག་བྱུང་བ་རེད།
- དཔེ་འཇོག་རྒྱུ་ན་དཔེ་ཚོགས་མང་པོ་བྱུང་ཡོད་པ་རེད།
- བདག་དཔེ་ཚོགས་དང་བླ་དཔེ་ཚོགས་ལྟ་བུ།
- དཔེ་ཚོགས་དེ་དག་ཉིས་སྟོང་གི་རྗེས་སུ་བྱུང་བའི་དཔེ་ཚོགས་རེད།
- དཔེ་ཚོགས་དེ་དག་གི་ནང་གི་བཤད་བྱ་ཅི་རེད་ཟེར་ན།
- སྐོར་ཞིག་ལས་ཚང་མ་རེད་ཟེར་བ་མ་རེད།
- སྐོར་ཞིག་གང་དང་འབྲེལ་བ་ཡོད་ཟེར་ན།
- སྔོན་ལ་གོང་ནས་བཤད་པ།
- རྒྱ་ནང་དུ་ལོ་རབས་དགུ་བཅུའི་དུས་དཀྱིལ་ཙམ་ལ་བྱུང་བའི།
- 人文精神ལ་སོགས་པ་སོ་སོ་དང་འབྲེལ་བ་ཡོད།
- འབྲེལ་བ་མེད་པ་ཞིག་མ་རེད།
- རང་གཞིན་གྱིས་གློ་བུར་དུ་བོད་ཀྱི་人文精神ལ་སོགས་པའི་སྐོར་དེ་བྱུང་བ་མ་རེད།
- སྐབས་འདིར་རྩོད་གཞི་མང་པོ་ཡོད།
- ཚང་མ་ལ་འབྲེལ་བ་མེད་ཟེར་བའི་རྒྱུ་མཚན་ཅི་རེད་ཟེར་ན།
- ང་ཚོས་འདང་རྒྱག་པ་སྲོལ་རྒྱུན་དང་དེང་རབས།
- དཔེ་འཇོག་རྒྱུ་ན་མི་ཆོས་དང་ལྷ་ཆོས།
- ད་དུང་དཔེ་འཇོག་རྒྱུ་ན་མི་སྒེར།
- ཐུན་མོང་།
- འདི་འདྲའི་དོན་དག་མང་པོ་ཞིག་ལ་འདང་རྒྱག་གིན་འདུག
- འདང་རྒྱག་གིན་ཡོད་པ་ངས་གང་གི་སྟེང་ནས་ཤེས་ཟེར་ན།
- དཔེ་འཇོག་རྒྱུ་ན་ལང་ཚོའི་རྦབ་ཆུ་ལ་དཔྱད་པ་གཏོང་བའི་ནང་ནས།
- སྤྱིར་བཏང་གིས་ད་བར་དུ་ཚང་མས་འདི་ལ་གཟེང་བསྟོད་བྱས་ནས།
- ལང་ཚོའི་རྦབ་ཆུ་ཡ་མཚན་ཡིན་ཚུལ་བཤད་ནས་ཡོང་བ་རེད།
- དེ་ནི་རྩོམ་ཕུལ་དུ་བྱུང་བ་ཞིག་ཡིན་པ།
- རྡོ་རིང་ཞིག་ཡིན་པ་སོགས་ཀྱི་ངོས་ཐད་ནས་དཔྱད་པ་བཏང་ནས་ཡོང་བ་རེད།
- ལོ་ཁ་ཤས་ཀྱི་སྔོན་ལ་ངས་དྲ་ཐོག་ནས་མི་ཞིག་གིས་འདི་ལ་དཔྱད་པ་བཏང་ཡོད་པ་རིག་མྱོང་།
- མིང་ངས་བརྗེད་སོང་མོད་དཔྱད་པ་བཏང་འདུག
- ཡིག་ནོར་ལ་སོགས་པ་བྲིས་ནས་སྤྱིར་བཏང་གིས་དེ་འདྲ་ཡག་པོ་ཞིག་མིན་མོད།
- ངས་དེ་དུས་སློབ་མ་ཚོར་དེ་ལྟར་བཤད་པ་ཡིན།
- འདིས་དགག་པ་རྒྱག་ན་གནད་འཛིན་ཤེས་འདུག
- དགག་པ་རྒྱག་སའི་གནད་འཛིན་ཤེས་འདུག
- དགག་པ་རྒྱག་བཞིན་འདུག
- ཅི་ཟེར་བཞིན་འདུག་ཟེར་ན།
- རིག་གནས་གསར་བརྗེ་ཆེན་པོ་མཇུག་རྫོགས་མ་ཐག་པའི་དུས་སྐབས་ཀྱི།
- རྩོམ་པ་པོ་ཡིན་པའི་རྒྱུ་མཚན་གྱིས།
- ཁོའི་ཀླད་པའི་ནང་དུ་ད་དུང་རིག་གནས་གསར་བརྗེ་ཆེན་པོའི་ཤན་ཤུགས་དེ་ད་དུང་དག་མེད་ཀི་ཟེར།
- ཁོས་ད་དུང་ཅི་ཟེར་བཞིན་འདུག་ཟེར་ན།
- ལང་ཚོའི་རྦབ་ཆུ་ཡི་རུ་དཔུང་དེ་རྒྱ་དམར་པོ་དམག་གི་རུ་དཔུང་ཞིག་རེད་ཟེར།
- དེ་ལྟར་བཤད་ན་ཚབས་ཆེ་སོང་ན་ཐང་མོད།
- གང་ལྟར་ཀྱང་ང་ཚོ་ཟེར་བ་ཐུན་མོང་གི་སྐོར་ཁག
- བརྡ་འཆད་འདིའི་ནང་དུ།
- དཔེ་འཇོག་རྒྱུ་ན་མཆོང་ལྟ་བུའི་ཐ་སྙད་མང་པོ་ཞིག
- ང་ཚོ་མི་རབས་འདི་ཟེར་བའི་སྐོར།
- འདི་འདྲ་མང་པོ་ཞིག་གི་ནང་ནས་རྩོམ་པ་པོའི་བསམ་བློ་ནི་སྔར་བཞིན་ཐུན་མོང་ཞིག་རེད།
- སྒེར་མ་རེད།
- ཐུན་མོང་གི་ལྟ་བ་རེད།
- ད་དུང་མདུན་དུ་མཆོངས་ལ་སོགས་པ་སོ་སོ་མང་པོའི་ནང་ནས་ཅི་ཞིག་ཤེས་ཐུབ་ཟེར་ན།
- རིག་གནས་གསར་བརྗེ་ཆེན་པོ་ཤེས་ཐུབ།
- ཁ་གཡེང་སྒྲོག་པའི་ཤན་ཤུགས་དེ་ཡོད་པ་རེད།
- དེར་ཟུར་མི་འདྲ་བ་མང་པོ་ཞིག་ནས་ཁོས་དཔྱད་པ་བཏང་འདུག
- དཔྱད་པ་བཏང་བ་དང་ཁོས་སྐྱོན་བཤད་པ་རེ་འགའ་ཅུང་ཙམ་ཚབས་ཆེ་བར་འདུག
- ད་སྐབས་ཀྱི་ཚད་ཐིག་གིས་དེའི་དུས་སྐབས་ཀྱི་རྩོམ་པ་པོ་ཞིག་ལ་གདེང་འཇོག་བྱས་པ།
- ཚབས་ཆེ་སོང་བ་ཡོད་མོད།
- སྤྱིར་བཏང་གིས་ངས་དེ་ལྟར་བཤད་པ་ཡིན།
- འདིས་གདེང་འཇོག་བྱེད་དུས།
- ཁབ་གཙག་འབིག་གཙག་བྱས་ནའང་གང་ཞིག་ན་བ་དེ་ཤེས་འདུག
- འོ་ན་དེ་བཤད་དོན་ཅི་ཡིན་ཟེར་ན།
- དེ་ལྟ་བུ་ལ་མཚོན་ན་དེང་སང་གི་མི་ཡིས་བལྟས་ན།
- ཐུན་མོང་གི་ཚབ་བམ་ཚང་མའི་ཚབ་བྱས་ཏེ།
- ང་ཚོ་ཞེས་ཚང་མའི་ཚབ་བྱས་ནས་ཁ་གཡེང་འབོད་སྐུལ་སྒྲོག་བཞིན་པ་འདི།
- དེའི་དུས་སྐབས་ཀྱི་སྐྱོན་ཞིག་རེད།
- དེ་ན་ང་ཚོས་ད་སྐབས་འདང་རྒྱག་པ་ཅི་རེད་ཟེར་ན་དེ་མ་རེད།
- ང་ཚོ་མིན་པར་ང་རང་ཉིད་དམ་མི་སྒེར་རེད།
- དེའི་རྒྱུ་མཚན་གྱིས་དཔེ་འཇོག་རྒྱུ་ན་འདི་ན་བཤད་བཞིན་པ།
- སྲོལ་རྒྱུན་དང་དེང་རབས།
- མི་ཆོས་དང་ལྷ་ཆོས།
- མི་སྒེར་དང་ཐུན་མོང་།
- འདི་འདྲའི་སྐོར།
- མི་སྒེར་དང་ལོ་རྒྱུས་ཀྱི་འགན་འཁྲི།
- ང་ཚོའི་རྩོད་གཞི་ཡི་ནང་ན་མང་པོ་ཞིག་ཡོད་པ་རེད།
- རྩོད་གཞི་འདི་ཚང་མ་བར་སྐབས་འདིར་བྱུང་བ་རེད།
- འོ་ན་འདི་ཚང་མ་ལོ་རབས་དགུ་བཅུ་བའི་དུས་དཀྱིལ་ལ།
- རྒྱ་ནག་ཏུ་བྱུང་བ་དེའི་ཤན་ཤུགས་ཨེ་རེད་ཟེར་ན་མ་རེད།
- ཕྱི་གླིང་གི་ཤན་ཤུགས་རེད།
- རྒྱ་ནང་ཕར་ལ་དེད་ནས་སོང་ན་ཕྱི་གླིང་རེད།
- ཕྱི་གླིང་ལ་འབྲེལ་བ་ཡོད་པ་རེད།
- དེ་བས་འདི་དག་སོ་སོའི་ཤན་ཤུགས་ཀྱི་མངའ་འོག་ནས།
- དུས་སྐབས་འདིར་འདི་འདྲའི་རྩོད་གཞི་ཞིག་བྱུང་བ་རེད།
- རྩོད་གཞི་བྱུང་བ་དང་བླ་དཔེ་ཚོགས་དང་བདག་དཔེ་ཚོགས་ལ་སོགས་པ་འདི།
- མང་པོ་ཞིག་གིས་འདི་རྩོམ་རིག་ལ་འབྲེལ་བ་མེད་ཀི་བསམ་རྒྱུ་རེད།
- ཡིན་ཡང་ངས་དུས་དང་རྣམ་པ་ཀུན་ཏུ་འདི་རྩོམ་རིག་ལ་འབྲེལ་བ་ཡོད་ཀི་བསམ།
- རྩོམ་རིག་རྩོམ་པ་པོ་མང་པོ་ཞིག་གི་བསམ་བློའི་སྟེང་ནས་འདིས་ཤན་ཤུགས་ཐེབས་པ།
- བརྩམས་ཆོས་ཀྱི་སྟེང་ནས་འདིའི་ཤན་ཤུགས་འདི།
- དུས་དང་རྣམ་པ་ཀུན་ཏུ་ཕྱིར་མངོན་གྱིན་འདུག
- མི་རབས་གསུམ་པ་ལྟ་བུ་རེད།
- མི་རབས་གསུམ་པ་ཡིན་ན་ཆེས་མི་འགྲིག་པ་ང་ཡིན་རྒྱུ་རེད།
- མི་རབས་གསུམ་པར་ང་ལ་ཅི་འདྲའི་སེམས་ཁམས་ཤིག་ཡོད་པ་མི་ཤེས།
- མི་རབས་གསུམ་པ་ཁྱོད་ཚོའི་ནང་དུ་ཡོད་ན་ཐང་།
- ཡོད་ན་ཆོག་གི་མེད་ན་ཆོག་གི་ངས་ཁོ་ཚོར་ཀུ་རེ་རྩེ་བ་ཡིན།
- མི་རབས་གསུམ་པ་དང་ང་ཚོ་མི་འགྲིག་མོད་མི་རབས་གསུམ་པ་ལ་གནག་པ་མ་རེད།
- ང་འདྲ་ཞིག་གིས་གནག་ནས་ཅི་ཡང་བྱེད་མི་ཐུབ་མོད།
- ང་རང་གི་ལྟ་ཚུལ་ནི་མ་འགྲིག་ན་མ་འགྲིག་ནི་རེད།
- ང་ལ་མི་འགྲིག་སའི་གཞི་ཞིག་ཡོད་པ་རེད།
- དཔེ་འཇོག་རྒྱུ་ན་མ་མཐའ་ཡང་གཞན་གྱི་རྗེས་དེད་ནས་བསྡད་དེ།
- ང་ཚོར་འགན་འཁྲི་ཡོད་མེད་ཀྱི་སྟེང་གཅིག་པུ་ལ་བལྟས་ན་དེ་འགྲིག་རྒྱུ་མ་རེད་བསམ།
- ཁྱོད་ཚོའི་བསམ་བློ་སྔོན་ཐོན་ཡིན་ན་ཐང་མོད་རྩ་བ་ནས་ཁ་བྲེལ་སོང་ན་མི་ཆོག་གི།
- སྤྱི་ཚོགས་ལ་ཁ་བྲེལ་སོང་ན་མི་ཆོག་གི།
- ང་ཚོ་བོད་ཀྱི་སྤྱི་ཚོགས་ཀྱི་དོན་དངོས་དང་།
- ཕྱིར་འཁོར་ནས་རང་ཉིད་དང་མི་སྒེར་གྱི་ངོས་ནས་འདང་བརྒྱབ་ན།
- དེ་ལྟར་ཁ་བྲེལ་ནས་འགྲོ་ཐུབ་ས་མ་རེད།
- བསམ་བློའི་སྟེང་ནས་ཁྱོད་སོང་ན་ཆོག་མོད།
- དོན་དངོས་ཀྱི་སྟེང་ནས་ཁྱོད་ཀྱིས་གསར་རྩོམ་བྱེད་དུས་ཁ་བྲེལ་ནས་སོང་ན་ཆོག་ས་མ་རེད།
- དེའི་རྒྱུ་མཚན་གྱིས་དེ་གཅིག་པུའི་སྟེང་ནས་མ་འགྲིག་པ་རེད།
- ཡིན་ཡང་ལག་ལེན་གྱི་སྟེང་ནས་བཤད་ན།
- དེ་ཉིན་ཚོགས་འདུའི་སྟེང་དུའང་ངས་མི་སྐོར་ཞིག་ལ་དྲིས་པ་ཡིན།
- མི་རབས་གསུམ་པ་ངོ་མས་བཤད་ན་ཁྱོད་ཚོའི་གྲུབ་མཐའ་ཞིག་ཨེ་ཡིན་ཞེས་དྲིས།
- ནང་དུ་མི་འགའ་ཞིག་ཡོད།
- མི་འགའ་ཞིག་ལས་མི་གཅིག་གིས་ང་ཚོའི་གྲུབ་མཐའ་ཡིན་ཟེར།
- མི་གཉིས་ཀྱིས་ང་ཚོའི་གྲུབ་མཐའ་མིན་ཟེར།
- ང་ཚོའི་དེ་རུ་ཇ་ཁ་ཆང་ཁ་ནས་དེ་ལྟར་བཤད་པ་ཡིན་མོད།
- ངས་བསམ་བཞིན་དུ་དྲིས་པ་ཡིན།
- ངོ་མ་བཤད་ན་དེ་རེད།
- ཁྱོད་ཚོས་མི་རབས་གསུམ་པ་ཞེས་མིང་དེ་རང་ཚོར་བཏགས་པ་རེད།
- བཏགས་ན་དེ་ནི་གྲུབ་མཐའ་ཞིག་རེད་དམ་མ་རེད་དེར་ང་ཚོད་འདང་རྒྱག་སྲིད།
- དེ་བས་དེ་དྲིས་ན་ཁོ་ཚོར་གསལ་བོ་བཤད་རྒྱུ་མེད།
- དཔེ་འཇོག་རྒྱུ་ན་དེ་ལྟ་བུ་རེད།
- མི་རབས་གསུམ་པ་ལྟ་བུ་ཡིན་ནའང་།
- མི་བུ་སྒལ་ཚིགས་ཅན་ཟེར་ན་འདྲ།
- རང་ཉིད་དེ་མི་སྒེར་གྱི་དགའ་སྐྱོ་ཆགས་སྡང་དེ་བྲིས་ན་འདྲ།
- གང་དང་གང་ཡིན་ཡང་ངས་བལྟས་ན།
- བདག་དཔེ་ཚོགས་དང་བླ་དཔེ་ཚོགས་ལྟ་བུ་མང་པོ་ཞིག་ལ་འབྲེལ་བ་ཡོད།
- བག་ཆགས་དོང་སྤྲུགས་ལ་སོགས་པ་མང་པོ་དང་འབྲེལ་བ་ཡོད་ཀི།
- འདི་ནས་ངས་བག་ཆགས་དོང་སྤྲུགས་ལ་དགག་པ་རྒྱབ་པ་མིན།
- བག་ཆགས་དོང་སྤྲུགས་འབྲི་མཁན་ཡང་ངས་སློབ་གྲོགས་རེད།
- མིན་མོད་སྤྱིར་བཏང་གིས་བསམ་བློའི་ངོས་ཐད་ནས་བཤད་ན་འདི་ལྟར་རིམ་པ་བཞིན་དུ་མར་ཤར་འདུག
- དཔེ་འཇོག་རྒྱུ་ན་རྒྱ་མི་རིགས་ལ་ཕྱི་གླིང་གི་ཤན་ཤུགས་ཐེབས།
- ཕྱི་གླིང་གི་ཤན་ཤུགས་རྒྱ་ལ་ཐེབས་རྗེས་བོད་ལ་ཐེབས།
- འདི་ལྟར་རིམ་གྱིས་རིམ་གྱིས་མང་པོ་བྱུང་བཞིན་འདུག
- འདི་སོ་སོ་བསམ་བློའི་སྟེང་དང་ལྟ་བའི་སྟེང་གི་རྩོད་གཞི།
- གསར་བ་མང་པོ་བྱུང་བཞིན་པ་རེད།
- འདི་དག་གིས་ཀྱང་ཐད་ཀར་དུ་རྩོམ་པ་པོ་དེར་ཤན་ཤུགས་ཐེབས་པ་རེད།
- དེའི་རྒྱུ་མཚན་གྱིས་ངས་འདིའི་ནང་དུ་ལོ་རབས་དགུ་བཅུའི་དུས་དཀྱིལ་ལ་ཐོན་དུས།
- རྒྱ་ནང་དུ་འདི་འདྲ་བྱུང་ཐལ།
- འདིའི་ཤན་ཤུགས་ལ་བརྟེན་ནས།
- ང་ཚོ་བོད་ཀྱི་རྩོམ་སྟེགས་སུའང་འདི་འདྲ་མང་པོ་ཞིག་བྱུང་བ་རེད་བསམ།
- འདི་དང་འབྲེལ་ནས་བཤད་ན།
- དེ་རིང་གི་རྒྱ་ཡིག་གི་སྟེང་ནས་བཤད་ན女性文学རེད།
- 女性文学ཟེར་བའི་ཐ་སྙད་འདི་འགྲིག་ཡོད་དམ་མེད།
- འདི་ཡང་ལོ་རྒྱུས་ཀྱི་སྟེང་ན་མེད་ཀི།
- ང་ཚོ་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཟེར་ན་འདྲ།
- སྔོན་ཆད་སྲོལ་རྒྱུན་གྱི་སྟེང་ནས་ང་ཚོར་ཐ་སྙད་འདི་བགར་སྟངས་མེད་ཀི།
- ཁ་སང་ཁྱོད་ཚོས་ཕལ་ཆེར་འགྲིག་ཡོད་པ་བཤད་ཡོད་རྒྱུ་རེད།
- ཧ་ཧ་་་
- ང་ཚོར་主意དང་意识ཟེར་བའི་སྐོར་འདི་ཚང་མ།
- ཅི་འདྲ་ཞིག་གི་མངའ་འོག་ནས་བྱུང་བཞིན་པ་འདི་ཅུང་ཙམ་དཀའ་མོ་ཞིག་རེད།
- ངས་དཔེ་འཇོག་རྒྱུ་ན་སྔོན་ཆད་དེར་འདང་བརྒྱབ་པ་ཡིན།
- 现实主义་དང་浪漫主义ཟེར་དུས།
- 现实主义་དང་浪漫主义ཡིས་ངོ་མས་བཤད་ན་ཅི་ཞིག་བཤད་ཀྱིན་འདུག
- རྗེས་སུ་འདི་ལྟར་བལྟས་ནས་སོང་ན་主义ཟེར་དུས།
- རྒྱ་ལ་མ་མཐའ་ཡང་ནང་དུ་གོ་བ་རིམ་པ་གསུམ་ཡོད་ཀི།
- 主义ཟེར་དུས་མཚོན་ཐབས་ཤིག་ལ་གོ་ན་ཆོག་པ་ནི་གཅིག
- གསར་རྩོམ་གྱི་ལག་ལེན་གྱི་སྟེང་ནས་བཤད་ན་མཚོན་ཐབས་ཤིག་ལ་གོ་ན་ཆོག
- ཤིན་ཏུ་སླ་མོ་དེ་རེད།
- 主义ཟེར་དུས།
- མཚོན་ཐབས་ཤིག་ལ་གོ་ན་ཆོག
- གཉིས་པ་གང་རེད་ཟེར་ན་གྲུབ་མཐའ་རེད།
- གཉིས་པ་གྲུབ་མཐའ་རེད།
- གསུམ་པ་གང་རེད་ཟེར་ན་བསམ་བློའི་རླབས་རྒྱུན་རེད།
- དེ་འདྲའི་རིམ་པ་གསུམ་གྱི་སྟེང་ནས་བགར་རྒྱུ་ཡོད།
- ་་་་་་
- དེ་ཡིན་ན་ངས་བཤད་པ་དེ་ཡིན།
- མི་རབས་གསུམ་པ་གྲུབ་མཐའ་ཡིན་ཟེར་མཁན་དང་མིན་ཟེར་མཁན་རྩོད་གཞི་མང་པོ་ཡོད་ཀི།
- ད་ལྟ་སྐྱེས་མེད་རྩོམ་རིག་ཡིན་ན་སྐྱེས་མེད་རྩོམ་རིག་འདི་ཅི་ཞིག་ཡིན།
- མཚོན་ཐབས་ཡིན་ནམ་བསམ་བློའི་རླབས་རྒྱུན་ཡིན་ནམ།
- གྲུབ་མཐའ་ཡིན་ནམ།
- ཅི་ཞིག་ཡིན་རྒྱུ་རེད།
- ཨ་་་
- མཚོན་ཐབས་ཡིན་རྒྱུ་རེད་དམ།
- གཅིག་ཀྱང་མ་རེད།
- བསམ་བློའི་རླབས་རྒྱུན་ཡིན་རྒྱུ་རེད།
- བསམ་བློའི་རླབས་རྒྱུན་ཡིན་ན་དེར་ཚང་རྒྱུ་མང་པོ་ཞིག་ཡོད་པ་རེད།
- བསམ་བློའི་རླབས་རྒྱུན་ཡིན་ན་ངས་བལྟས་ན།
- ད་ལྟ་ཚང་མེད་ན་མ་འོངས་པར་ཚང་རྒྱུ་ཡིན་ན་ཐང་།
- དེ་རེད་་་དེ་འགྲིག་འདུག
- ཡ་་་དེ་ནི་ཅི་ཡིན་ན་ཡིན།
- ང་ཚོས་འདང་རྒྱག་རྒྱུ་ཞིག་རེད།
- ངས་ཀྱང་འདི་ནས་ཁ་ཚོན་བཅད་ནས་གཅིག་ཀྱང་མ་རེད་ཅེས།
- གྲུབ་མཐའ་མ་རེད་དང་ཡང་ན་མཚོན་ཐབས་ཀྱང་མིན་པས་གཅིག་ཀྱང་མ་རེད་ཅེས།
- མ་མཐའ་ཡང་ང་ཚོས་ཁས་མ་བླངས་ས་མི་འགྲོ་བ་ཞིག་ཡོད་པ་ནི།
- སྐྱེས་པ་ཕོ་དང་མོ་ཡི་དབྱེ་མཚམས་ཀྱིས་བགར་ན་དེ་ཁོ་ཐག་ཏུ་ཡོད་པ་རེད།
- དེའི་སྣང་ཚུལ་དེ་ཡོད་པ་གཞིར་བཞག་རེད།
- དེ་རིང་འདིར་ཚོགས་ཡོད་པ་གནམ་གྱི་ཕྱེད་ཀ་རྣམས་རེད།
- དེར་བཤད་རྒྱུ་ཅི་ཡང་མེད།
- ཁ་སང་ནས་ང་ཚོ་གནམ་གྱི་ཕྱེད་ཀ་ཡིན་ཞེས་བཤད་ཡོད།
- འདི་ལྟར་藏族女性文学ཞེས།
- 藏族女性དང་文学创作རྗེས་ན་ཡོད།
- 女性文学ཟེར་བ་དེའི་བར་གྱི་ཚིག་གཅིག་ཆད་འདུག
- དེ་ཡིན་ན་ངས་མ་ཤེས་པ་རེད།
- ཧ་ཧ་
- གཞོན་སྐྱེས་བུད་མེད་རྩོམ་པ་པོ་ཞེས་བཤད་འདུག
- འོ་ན་དྲ་ཚིགས་ལ་སོགས་ཀྱི་སྟེང་དུ་གླེང་ཕྱོགས་འདི་ཨེ་ཡོད།
- སྐྱེས་མེད་རྩོམ་རིག་ཨེ་ཡོད།
- བུད་མེད་རྩོམ་རིག་དང་སྐྱེས་མེད་རྩོམ་རིག་ཨེ་ཡོད།
- དེ་ལྟར་འབྲི་བཞིན་འདུག
- དེ་ནི་མི་ཆོག་པ་ཞིག་མ་རེད།
- མི་ཆོག་པ་ཞིག་མིན་མོད་ངས་ཁྱོད་ཚོར་འདྲི་རྒྱུ་དེ་ཡིན།
- ཁྱོད་ཚོས་སྐྱེས་མེད་རྩོམ་རིག་ཅེས་ཐ་སྙད་འདི་བཀོལ་ན།
- གལ་ཏེ་བཀོལ་ལ་ཁྱོད་ཚོས་འདང་རྒྱབ་ཨེ་མྱོང་།
- འདི་ནི་གྲུབ་མཐའ་རེད་དམ་ཡང་ན་བསམ་བློའི་རླབས་རྒྱུན་ཞིག་རེད་དམ།
- འདི་ནི་མཚོན་ཐབས་ཤིག་རེད་དམ།
- སྔོན་ལ་བཤད་པ་ལྟར་མཚོན་ཐབས་ཤིག་ཡིན་པའི་དབང་དུ་བཏང་ན།
- ངས་སྔོན་ལ་འདིའི་ནང་གི་རྩོམ་པ་པོ་གཅིག་ལ་དྲིས་པ།
- དཔེ་འཇོག་རྒྱུ་ན་ཁྱོད་རང་གིས་བརྩམས་སྒྲུང་འབྲི་བཞིན་ཡོད་ན།
- བརྩམས་སྒྲུང་དེར་རང་རྣམ་གྱི་ཆ་འདྲེས་སམ་མི་འདྲེས།
- དེ་འདྲི་དོན་དེ་ཡིན།
- རྒྱ་ཡི་ནང་དུ་བགར་དུས་女性文学འདི་ཡོད་ཀི།
- ཡོད་པ་རེད་་་ཨེ་རེད།
- ཡིན་ཡང་རྒྱའི་ནང་ནས་女性文学འདི་བགར་དུས།
- བུད་མེད་ཅིག་ཡིན་ན་女性文学ཡིན་པ་མ་རེད།
- ཨེ་ཤེས།
- བུད་མེད་རྩོམ་པ་པོ་ཞིག་ཡིན་ན་བུད་མེད་རྩོམ་པ་པོ་དེའི་བརྩམས་ཆོས་དེ།
- ཡིན་ན་མིན་ན་女性文学ཡི་ནང་དུ་འདུས་པ་ཞིག་མ་རེད།
- དེ་གོ་འམ།
- དེ་གོ་རྒྱུ་ཞིག་རེད།
- ཁྱོད་ཚོའང་དེ་དང་འདྲ་བར་བུད་མེད་ཏག་ཏག་ཡིན་པས་བུད་མེད་རྩོམ་རིག་རེད་ཟེར་ཆོག་པ་མ་རེད།
- གལ་ཏེ་དེ་ལྟར་རེད་ཟེར་ན་འདང་རྒྱག་རྒྱུ་ཞིག་ཡོད།
- ཆོག་པ་མ་རེད་ཟེར་ན་ངས་ཁ་ཚོན་གཅོད་རྒྱུ་སྔ་སོང་།
- དེ་ན་འདང་རྒྱག་རྒྱུ་ཡོད་པ་རེད།
- རྒྱ་ཡི་ནང་དུ་女性文学ཟེར་དུས་女性ཡིན་པ་ཐམས་ཅད་ནང་དུ་འཇོག་བཞིན་ཡོད་དམ།
- ངས་བལྟས་ན་འཇོག་གིན་མེད་ཀི།
- བུད་མེད་རྩོམ་པ་པོ་ཞིག་གིས་བྲིས་པ་དང་།
- སྐྱེས་པ་ཕོ་ཡི་རྩོམ་པ་པོ་ཞིག་གིས་བྲིས་པ་གཉིས་ཀ།
- རྩོམ་གྱི་རྩོམ་གཤིས་དང་ནང་དོན་ཟབ་མིན་གྱི་སྟེང་ནས།
- གང་ནས་ཆ་འདྲ་བ་ཡིན་ན།
- དེའི་རྩོམ་དེ་ཕལ་ཆེར་女性文学ཡི་ནང་དུ་འཇོག་རྒྱུ་མ་རེད།
- དེ་འདྲའི་སྣང་ཚུལ་ཡིན་མིན་ལ་ཁྱོད་ཚོས་ལྟོས།
- ངས་བཤད་པ་ནོར་ཡོད་ནའང་ཐང་།
- ངས་བལྟས་ན་དེ་འདྲའི་སྣང་ཚུལ་ཞིག་ཡོད་ཀི།
- གང་ལྟར་ཀྱང་བུད་མེད་ཀྱི་རྩོམ་ཟེར་དུས།
- 女性文学ཟེར་ན་འདྲ།
- སྐྱེས་མེད་རྩོམ་རིག་ཟེར་ན་འདྲ།
- ཡང་ན་ཅིག་གི་主义དང་གྲུབ་མཐའ་ཟེར་བ་ཚང་མ།
- ངོ་མ་བཤད་ན་ངས་གོང་ནས་བཤད་པ་བཞིན་བསམ་བློའི་སྟེང་ནས་སོ་སོ་དང་འབྲེལ་བ་ཡོད།
- དེ་ཁྱོད་ཚོས་ཁས་ལེན་ནམ།
- དཔེ་འཇོག་རྒྱུ་ན་ཁྱོད་ཚོའི་གསར་རྩོམ་ཚང་མ་འཇམ་དབྱངས་སྐྱིད་ལ་འབྲེལ་བ་ཡོད་ཀི་ཟེར་བ་མིན་མོད།
- ཧ་ཧ་་་
- ཅུང་ཙམ་ཡོད་དམ།
- བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་བྱེད་པ་དེར་འབྲེལ་བ་ཡོད་དམ།
- ཡོད་རྒྱུ་མ་རེད།
- ངས་དེ་ཆག་བཞག་པ་ཡིན།
- དེ་འགྲིག་མིན་དང་།
- བུད་མེད་རྩོམ་པ་པོ་ཞིག་ལས་འཇམ་དབྱངས་ཀྱི་བསམ་བློ་དེ་མི་འགྲིག་ཅེས་པ་མིན།
- དེར་ཚང་མས་མཉམ་འཇོག་བྱེད་བཞིན་པས་འགྲིག་འདུག
- བརྩོན་ལེན་བྱས་ན་འགྲིག་པ་དང་བརྩོན་ལེན་བྱེད་རྒྱུ་ཞིག་རེད།
- དེ་ནི་དགེ་ཆོས་ནས་བཟུང་སྟེ་བརྩོན་ལེན་བྱེད་དགོས་པ་བཤད་འདུག
- དགེ་ཆོས་ཚང་གིས་ཀྱང་བརྩོན་ལེན་བྱས་འདུག
- ཁོང་རང་བུད་མེད་མིན་རུང་བརྩོན་ལེན་བྱེད་ཀྱིན་འདུག
- བསམ་བློའི་ངོས་ཐད་ནས་བཤད་ན་དེ་འགྲིག་འདུག
- ཡིན་ཡང་དེ་ན་འདང་རྒྱག་རྒྱུ་ཅུང་ཙམ་ཡོད།
- གང་ལྟར་ཀྱང་ང་རང་གིས་དེང་རབས་རྩོམ་རིག་དེར་འདང་རྒྱག་དུས།
- བུད་མེད་ཀྱི་རྩོམ་རིག་ལ་སྔོན་ཆད་མང་པོ་ཞིག་འདང་བརྒྱབ་མ་མྱོང་མོད།
- གལ་ཏེ་ཅུང་ཙམ་མ་ལག་ཅན་གྱི་སྒོ་ནས་འདང་རྒྱག་དགོས་དུས།
- ངས་ཕལ་ཆེར་འདང་རྒྱག་རྒྱུ་རེད།
- དེ་ལྟར་འདང་བརྒྱབ་ན་འགྲིག་གམ་མི་འགྲིག
- ངས་ཁྱོད་ཚོར་དྲི་བ་དྲིས་པ་ཡིན།
- བཤད་རྒྱུ་དེ་རེད།
- ངས་ཁྱོད་ཚོར་དཔེ་འཇོག་དུས་འཇམ་དབྱངས་སྐྱིད་གླེང་པ་རེད་མ་གཏོགས།
- འཇམ་དབྱངས་སྐྱིད་གཅིག་པུ་མ་རེད།
- རེད་དམ།
- ང་ཚོ་རྩོམ་འབྲི་མཁན་གྱི་ནང་དུ་ཁ་ཤས་དང་།
- སྙན་ངག་འབྲི་མཁན་གྱི་ནང་དུ་ཡོད་པ་དང་ལྷུག་རྩོམ་འབྲི་མཁན་གྱི་ནང་དུའང་ཡོད་རྒྱུ་རེད།
- བརྩམས་སྒྲུང་འབྲི་མཁན་གྱི་ནང་དུའང་ཡོད་རྒྱུ་རེད།
- རྒྱའི་བུད་མེད་རྩོམ་པ་པོ་རྣམས་ཀྱིས་འབྲི་དུས་དེ་ལྟ་བུའི་ཁྱད་ཆོས་ཡོད།
- ལྷག་པར་དུ་ལོ་རབས་དགུ་བཅུ་བའི་དུས་སྐབས་ལ་ཐོན་དུས།
- བུད་མེད་རྩོམ་པ་པོ་རྣམས་ཀྱིས་བརྩམས་དུས།
- བརྩམས་སྒྲུང་བྲིས་ན་དེ་འདྲའི་ཁྱད་ཆོས་ཡོད་ཀི་ཟེར།
- མང་ཆེ་ཤོས་ཤིག་ལ་རང་ཉིད་ཀྱི་རྣམ་ཐར་ཟེར་ན་མ་རེད་མོད།
- ཡིན་ཡང་གང་ལྟར་ཀྱང་བརྩམས་སྒྲུང་འབྲི་དུས།
- རང་གི་མྱོང་བ་དང་རང་གི་ཚོར་བ།
- རང་གི་མི་ཚེ་ཡི་བརྒྱུད་རིམ་དེ་དང་ཧ་ཅང་འབྲེལ་བ་དམ་པོ་ཡོད་པ།
- དེ་ལྟར་དུ་འབྲི་བ་ཧ་ཅང་མང་གི་ཟེར།
- དེ་ཁྱད་ཆོས་གཅིག་རེད།
- ཁྱད་ཆོས་གཉིས་པ་ཡིན་ན།
- རྒྱའི་ལོ་རབས་དགུ་བཅུ་བའི་རྗེས་ནས་བྱུང་བའི།
- བུད་མེད་རྩོམ་པ་པོ་རྣམས་ལ་ཅི་ཞིག་གི་ཁྱད་ཆོས་ཡོད་ཟེར་ན།
- མགོ་མ་མང་ཆེ་ཤོས་ཀྱིས་སྙན་ངག་འབྲི་བ་རེད།
- དེའི་འཕྲོ་ནས་ད་གཟོད་བརྩམས་སྒྲུང་འབྲི་བ་རེད།
- དེའི་རྒྱུ་མཚན་གྱིས་བརྩམས་སྒྲུང་བྲིས་ནའང་།
- བརྩམས་སྒྲུང་གི་སྐད་ཆ་དེ་ལ་སྙན་ངག་གི་ཤན་ཤུགས་ཆེན་པོ་ཡོད་ཀི་ཟེར།
- ཁྱད་ཆོས་གཉིས་པ་དེ་རེད།
- འོ་ན་ཁྱོད་ཚོ་རང་སྟེང་ནས་བརྩམས་སྒྲུང་འབྲི་མཁན།
- ད་ལྟ་བརྩམས་སྒྲུང་འབྲི་བ་དང་སྔོན་ཆད་སྙན་ངག་བྲིས་པ་ཡིན་ན།
- ཁྱོད་རང་ཉིད་དང་བོད་ཀྱི་བུད་མེད་ཀྱི་རྩོམ་པ་པོ་རྣམས་ལ་དེ་ལྟ་བུའི་ཁྱད་ཆོས་ཡོད་དམ་མེད།
- དེ་ལྟ་བུ་དང་དེའི་འཕྲོ་ནས།
- བརྩམས་སྒྲུང་འབྲི་བཞིན་ཡོད་ནའང་།
- བརྩམས་སྒྲུང་གི་ནང་ན་སྙན་ངག་གི་ཁྱད་ཆོས་ཡོད་པ་མ་ཟད།
- ད་དུང་ལྷུག་རྩོམ་དང་ཡང་ན་གཞན་གྱི་ཁྱད་ཆོས་ཡོད་པ།
- དཔེ་འཇོག་རྒྱུ་ན་བརྩམས་སྒྲུང་གི་ནང་དུ།
- བུད་མེད་མོ་རང་ཉིད་ཀྱི་ཡིད་འགྱུར་དང་བརྩེ་དུང་།
- ཚོར་བ་དེ་ནང་དུ་མང་པོ་འཇུག་པ་དེ་འདྲ་ཞིག་རེད།
- དགའ་ན་དགའ་བ་དང་སྐྱོ་ན་སྐྱོ་བ།
- དེ་རིང་ཕྱི་དྲོ་ང་ཚོའི་གླེང་བྱའི་ནང་དུ་དེ་ཡོད།
- ལྷུག་རྩོམ་ཡིན་མོད་ལྷུག་རྩོམ་དེའི་ནང་ན།
- མོ་རང་ཉིད་ཀྱི་བརྩེ་དུང་དང་ཚོར་བ་ཧ་ཅང་ཤུགས་དྲག་པོ་ཡོད།
- བདེ་སྐྱིད་སྒྲོལ་མའི་བརྩམས་ཆོས་ཡིན་ན།
- ངས་བདེ་སྐྱིད་སྒྲོལ་མའི་བརྩམས་ཆོས་ཀྱི་སྟེང་ནས་དེ་མཐོང་སོང་།
- དེའི་རྒྱུ་མཚན་གྱིས་རྒྱ་ཡི་རྩོམ་པ་པོ་རྣམས་ལ་དཔེ་བཞག་ནས།
- དཔེ་འདི་ལྟར་བྱོས་ཞེས་པ་མིན་མོད།
- དེ་ལྟ་བུའི་ཁྱད་ཆོས་ཡོད་ཀི་ཟེར་བ་དེ་ཡིན།
- དེ་ཡིན་ན་བོད་ཀྱི་བུད་མེད་ཀྱི་རྩོམ་པ་པོ་རྣམས་ལ་དེ་ལྟ་བུའི་ཁྱད་ཆོས་ཡོད་དམ་མེད།
- ལྷག་པར་དུ་ངས་སྔོན་ལ་བཤད་པ་བཞིན་བསམ་བློའི་སྟེང་ནས་བཤད་ན།
- ཁྱད་ཆོས་དེ་ཡོད་དམ་མེད།
- ཡོད་ན་གཞུང་ལུགས་འདི་ལ།
- གསར་རྩོམ་གྱི་ལག་ལེན་འདི་ལ་བསམ་བློའི་སྟེང་གི་རྩོད་གཞི་དང་གླེང་གཞི།
- བགྲོ་གླེང་དེ་འདྲ་མང་པོ་ཡིས་ཕྱིར་ཤན་ཤུགས་ཐེབས་པ་རེད།
- དོན་དངོས་དེ་ཡོད་དམ་མེད་་་་་་ངས་བཤད་རྒྱུ་དེ་ཡིན།
- རྩོམ་རིག་ལོ་རྒྱུས་ཀྱི་ངོས་ཐད་ནས་འདང་བརྒྱབ་ན།
- དེང་རབས་རྩོམ་རིག་ལ་འདང་བརྒྱབ་ན།
- ཅུང་ཙམ་གཞུང་ལུགས་ལ་བསྟུན་ནས་འདང་རྒྱག་ཁ་བྱས།
- དེ་ན་སྤྱིར་རྩོམ་རིག་ལོ་རྒྱུས་ཀྱི་ངོས་ཐད་ནས་བཤད་ན།
- གཙོ་བོ་ནི་རྩོམ་རིག་བརྩམས་ཆོས་དེའི་དཀྱིལ་སྙིང་ལ་བཟུང་ནས་འདང་རྒྱག་དགོས་ཁ་རེད།
- གཞུང་ལུགས་ཀྱི་སྟེང་ནས་ཡིན་ན།
- མི་རིགས་གཞན་གྱི་ཉམས་མྱོང་གི་སྟེང་ནས་བལྟས་ན་ཕལ་ཆེར་དེ་འདྲ་ཞིག་རེད།
- འདི་ང་ཚོར་འདྲི་ས་མེད་པ་དང་འདྲི་ས་མེད་མོད།
- དཔེ་འཇོག་རྒྱུ་ན་འདི་འདྲ་ཞིག་རེད།
- ང་ཚོས་ཆག་བཞག་ན།
- བརྩམས་ཆོས་ཤིག་ལ་འདང་རྒྱག་དུས།
- བརྩམས་ཆོས་དེ་གཅིག་པུ་ཨེ་རེད་ཟེར་ན་དེ་གཅིག་པུ་མ་རེད།
- དཀྱིལ་སྙིང་ངམ་དེ་འདྲ་ཞིག་རེད།
- སྒོ་ང་ཞིག་ལ་ཆག་འཇོག
- སྒོ་ང་ཞིག་ལ་ཆག་བཞག་ན་དཀྱིལ་གྱི་སེར་ཐིག་དེ།
- དཀྱིལ་གྱི་སེར་ཐིག་དེ་ཅི་རེད་ཟེར་ན་ང་ཚོའི་བརྩམས་ཆོས་རེད།
- རྩོམ་རིག་བརྩམས་ཆོས་རེད།
- ཁོའི་དཀྱིལ་སྙིང་ལྟ་བུ་དེ་རེད།
- རྩོམ་རིག་ལོ་རྒྱུས་ནང་གི་བརྗོད་བྱའི་དཀྱིལ་སྙིང་དེ་རེད།
- སེར་ཐིག་གི་འཕྲོ་ནས།
- ད་དུང་སྒོ་ང་ཞིག་ཡིན་པའི་ཆ་ནས་དེའི་གྲུབ་ཆའི་སྟེང་ནས་ད་དུང་གྲུབ་ཆ་ཅི་ཞིག་ཡོད་ཟེར་ན།
- སྤྲི་དཀར་རེད།
- སྤྲི་དཀར་དེ་གང་རེད་ཟེར་ན་རྩོམ་པ་པོ་རེད།
- རྩོམ་རིག་གི་སྟེང་ནས་བཤད་ན་རྩོམ་པ་པོ་རེད།
- དེ་ནས་རྩོམ་རིག་ལོ་རྒྱུས་ཀྱི་སྟེང་ནས་འདང་རྒྱག་དུས།
- རྩོམ་པ་པོ་ལ་འདང་རྒྱག་དུས་ཅི་ཞིག་ལ་འདང་རྒྱག་གི་ཟེར་ན།
- རྩོམ་པ་པོའི་ལོ་རྒྱུས།
- སྔོན་ཆད་ཡིན་ན་རིགས་རུས་དང་བཅས་པ་ཚང་མར་འདང་རྒྱག
- དེ་དག་ཚང་མ་གཡུག་བཞག་ན་མ་མཐའ་ཡང་ལོ་རྒྱུས་རགས་རམ་དང་ཞིབ་མོ་ཞིག་ཡོད་ན།
- དེའི་འཕྲོ་ནས་རྟོགས་པ་རེད།
- བསམ་བློའི་རྟོགས་པ།
- རྟོགས་པ་ལྷ་དང་མཉམ་རུང་སྤྱོད་པ་མི་དང་བསྟུན་དགོས་ཞེས་པའི་རྟོགས་པ་དེ་རེད།
- དེ་ལས་ད་དུང་ང་ཚོས་བརྗེད་མི་ཉན་པ་ཞིག་ཡོད་པ་གང་རེད་ཟེར་ན།
- བརྩམས་ཆོས་བྱེ་བྲག་པ་རྩོམ་པའི་སྐབས་ཀྱི་སེམས་ཁམས་དང་མོས་པ།
- ད་དུང་ཕར་བཤད་ན་བག་ལ་ཞ།
- ང་ཚོའི་སློབ་གསོའི་སྟེང་ན་དེ་བཤད་རྒྱུ་ཡོད་པ་རེད།
- ཁྱོད་ཚོའི་ནང་ན་སློབ་གསོ་སྒྲུབ་མཁན་མང་པོ་མེད་པ་ཨེ་ཡིན་མི་ཤེས།
- སྤྱིར་བཏང་གིས་སྲོལ་རྒྱུན་གྱི་ནང་ན་དེ་གསལ་བོ་དག་པོ་བཤད་ཡོད་པ་རེད།
- ཁམས་དང་མོས་པ་བག་ལ་ཞ་ཞེས་གསལ་བོར་བཀར་ཡོད་པ་རེད།
- དེ་བས་རྩོམ་པ་པོ་ཞིག་ལ་ཞིབ་འཇིག་བྱེད་དུས།
- ལྷག་པར་དུ་རྩོམ་རིག་ལོ་རྒྱུས་ཀྱི་སྐབས་སུ།
- ཁམས་དང་མོས་པ་ད་དུང་བག་ལ་ཞ་ཞེས་ཡོང་ཐུབ་ན་རབ་རེད།
- དེ་མ་ཐུབ་ན་ཟེར་བ་མ་གཏོགས།
- སྤྱིར་བཏང་གི་གཞུང་ལུགས་ཀྱི་སྟེང་ནས་བགར་ནས་བཤད་ན་འདི་འདྲ་གསུམ་གྱིས་བགར་དགོས།
- རྩོམ་པ་པོ་དེའི་ལོ་རྒྱུས་ཤེས་དགོས་པ་དང་།
- རྟོགས་པ་ཤེས་དགོས།
- ཁམས་དང་མོས་པ་བག་ལ་ཞ་ཞེས་སེམས་ཁམས་རེད།
- བྱེ་བྲག་གིས་བཤད་ན་བརྩམས་ཆོས་བྱེ་བྲག་པ་ཞིག་རྩོམ་དུས་ཀྱི་སེམས་ཁམས་རེད།
- གནས་ཚུལ་ཅི་འདྲ་ཞིག་གི་འོག་དང་སེམས་ཁམས་ཅི་འདྲ་ཞིག་གི་འོག་ཏུ་བརྩམས་པ།
- ང་ཚོས་དཔེ་འཇོག་རྒྱུ་ན་སྐུ་ཞབས་དོན་གྲུབ་རྒྱ་གྱི།
- འདི་ནའང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག་ཟེར་རྒྱུ་ན།
- དེའི་བརྩམས་ཆོས་དེར་དབྱེ་ཞིབ་བྱེད་དུས།
- ཁོ་བོས་གནས་ཚུལ་ཅི་འདྲ་ཞིག་གི་མངའ་འོག་དང་ཁོར་ཡུག་ཅི་འདྲ་ཞིག་གི་འོག་ཏུ།
- གྲོགས་པོ་སུ་དང་གང་ཞིག་དང་འགྲོགས་ནས་བསྡད་དེ།
- ཅི་འདྲ་ཞིག་གི་སྐབས་ལ་བརྩམས་པ་དེ་ཤེས་ན།
- བརྩམས་ཆོས་དེར་གོ་བ་ལོན་རྒྱུའི་ཕྱོགས་ལ་ཕན་ཐོགས་ཆེན་པོ་ཡོད་རྒྱུ་རེད་བསམ།
- དཔེ་འཇོག་རྒྱུ་ན་དེ་ལྟ་བུ་ནི་སྤྲི་དཀར་རེད།
- སྒོ་ང་ཞིག་ཡིན་པའི་ཆ་ནས་ད་དུང་གྲུབ་ཆ་ཞིག་ཡོད་པ་ནི་སྒོང་ཤུན་རེད།
- ཤུན་པ་དེ་གང་རེད་ཟེར་ན་བརྩམས་ཆོས་བྱེ་བྲག་པ་དེ།
- རྩོམ་པ་པོ་གང་མང་ཞིག་གིས་བརྩམས་ཆོས་བྱེ་བྲག་པ་ཞིག་རྩོམ་པའི་དུས་སྐབས་ཀྱི།
- སྤྱི་ཚོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར།
- རིག་གནས་ཀྱི་རྒྱབ་ལྗོངས།
- རྒྱབ་ལྗོངས་ཞེས་པའི་ཐ་སྙད་འདི་ལའང་རེ་འགའ་ཡས་དགག་པ་རྒྱག
- རྒྱབ་ལྗོངས་ཞེས་བཤད་ན་མི་འགྲིག་གི་ཟེར་མཁན་ཡོད་མོད།
- དེ་བཀོལ་ནས་ལོབས་འདུག་པས་བཀོལ་ན་ཆོག་རྒྱུ་རེད།
- 背景ཟེར་བ་དེ་རེད།
- ཆབ་སྲིད། དཔལ་འབྱོར། རིག་གནས།
- འདི་གསུམ་པོའི་ཕྱོགས་ཀྱི་རྒྱབ་ལྗོངས་འདི་ཤིན་ཏུ་གལ་ཆེ།
- འདི་ནི་བརྩམས་ཆོས་ཤིག་བགྲོ་གླེང་བྱེད་པའི་ལྡེ་མིག་ལྟ་བུ་ཞིག་རེད།
- རྩོམ་རིག་ལོ་རྒྱུས་ཀྱི་ངོས་ཐད་ནས་འདང་བརྒྱབ་ན་དེ་རེད།
- དེ་ནི་རྩོམ་རིག་ལོ་རྒྱུས་སྤྱི་ཆ་དེ་བཤད་བཞིན་པ་རེད།
- དེང་རབས་རྩོམ་རིག་དེ་ལས་མ་འདས་པ་རེད།
- ང་ཚོས་རྩོམ་རིག་ལོ་རྒྱུས་འབྲི་བ་དང་དཔྱད་བརྗོད་འབྲི་ན་འདྲ།
- ཁྱོད་ཀྱིས་དེར་དབྱེ་ཞིབ་བྱེད་པ་སོགས་གང་གི་སྐབས་སུའང་།
- ངེས་པར་དུ་གལ་ཆེ་བ་ཞིག་རེད་བསམ།
- གལ་ཆེ་བའི་རྒྱུ་མཚན་ང་ཚོས་གོང་དུ་བཤད་པ་དེ་རེད།
- སྤྱི་ཚོགས་ཀྱི་ལག་ལེན་གསར་བ་ཡིས་རྩོམ་པ་པོ་ལ་ཤན་ཤུགས་ཐེབས་པ་དང་།
- བརྩམས་ཆོས་ལ་ཤན་ཤུགས་ཐེབས་ཟེར་བ་དེའི་ངོས་ཐད་ནས་འདང་བརྒྱབ་ན་མི་གོ་རྒྱུ་མེད།
- འདི་གསུམ་པོ་ཧ་ཅང་གལ་ཆེ།
- དེ་ན་ད་སྐབས་ཀྱི་དེང་རབས་རྩོམ་རིག་གི་ངོས་ཐད་ནས་བཤད་ན།
- འདི་ཚང་མར་གྲ་སྒྲིག་ཡོད་དགོས་པ་རེད།
- དེའི་མི་ཚད་རྩོམ་རིག་ལོ་རྒྱུས་ཀྱི་ངོས་ཐད་ནས་བཤད་ན།
- ད་དུས་ངོས་གཞན་ཞིག་ནས་ང་ཚོས་འདང་བརྒྱབ་ན་ཆོག་པ་ཞིག་ཡོད་པ་ནི་ཅི་རེད་ཟེར་ན།
- རྩོམ་རིག་ལོ་རྒྱུས་འདི་རྩོམ་རིག་གསར་རྩོམ་དང་རྩོམ་རིག་གཞུང་ལུགས།
- རྩོམ་རིག་དཔྱད་བརྗོད་དང་རྩོམ་རིག་རོལ་མྱོང་།
- རྩོམ་རིག་སྒྲོག་བརྙན།
- འདི་དག་སོ་སོའི་ཐུན་མོང་གིས་འདོན་སྤེལ་བྱས་པའི་ལོ་རྒྱུས་ཤིག་ཡིན་ཟེར།
- གཞུང་ལུགས་ཀྱི་སྟེང་ནས་བཤད་ན།
- འདི་ང་ཚོས་ཟུར་མི་འདྲ་བ་ཞིག་ནས་བལྟས་པ་རེད།
- གོང་གི་ཆག་འཇོག་དེ་གཅིག་རེད།
- བརྩམས་ཆོས་གཅིག་གི་སྟེང་ནས་བཤད་ན་བརྩམས་ཆོས་དེའི་སྤྱི་སྙིང་གང་ཡིན་པ་དང་།
- སྤྲི་དཀར་གང་རེད་དང་སེར་ཐིག་གང་རེད།
- སྤྲི་དཀར་གང་རེད་དང་སྒོང་ཤུན་གང་རེད།
- དེའི་སྟེང་ནས་བརྩམས་ཆོས་གཅིག་ལ་འདང་བརྒྱབ་པ་རེད།
- ཡང་ཟུར་གཞན་ཞིག་ནས་བལྟས་ན།
- རྩོམ་རིག་ལོ་རྒྱུས་ཟེར་བ་འདི་གསར་རྩོམ་རྐྱང་རྐྱང་གིས་གྲུབ་པ་ཞིག་ཨེ་རེད་ཟེར་ན།
- གསར་རྩོམ་རྐྱང་རྐྱང་གིས་གྲུབ་པ་ཞིག་མ་རེད།
- ད་དུང་ཅི་ཞིག་ཡོད་ཟེར་ན་རྩོམ་རིག་གཞུང་ལུགས་དང་རྩོམ་རིག་དཔྱད་བརྗོད།
- རྩོམ་རིག་རོལ་མྱོང་། རྩོམ་རིག་སྒྲོག་བརྙན།
- སྒྲོག་བརྙན་འདི་ཡང་ཐ་སྙད་གསར་བ་རེད།
- དཔྱད་བརྗོད་ལ་སོགས་པ་བཀོལ་ནས་འགོར་ཡོད་པས་གསར་བ་མ་རེད་ཟེར།
- སྒྲོག་བརྙན་ཟེར་བ་传媒དང་ཡང་ན་文学传媒རེད།
- འདི་དག་ཚང་མས་འདོན་སྤེལ་བྱས་པའི་ལོ་རྒྱུས་རེད།
- དེའི་མི་ཚད་རྩོམ་རིག་གཞུང་ལུགས་ཀྱི་སྟེང་ནས་བཤད་ན།
- རྩོམ་རིག་གསར་རྩོམ་འདི་བྱ་ཞིག་ཡིན་པའི་དབང་དུ་བཏང་ན།
- བྱ་ཞིག་ལས་བཤད་རྒྱུ་མེད་དམ་་་སྒོ་ང་བཤད་་་བྱ་བཤད།
- བྱ་ཞིག་ལ་ཆག་བཞག་ནས་བཤད་ན།
- རྩོམ་རིག་སྒྲོག་བརྙན་དང་རྩོམ་རིག་གཞུང་ལུགས།
- རྩོམ་རིག་དཔྱད་བརྗོད། རྩོམ་རིག་རོལ་མྱོང་།
- འདི་ནི་བྱ་དེའི་གཤོག་པ་ཟུང་ལྟ་བུ་རེད།
- གཤོག་པ་གཅིག་སྒྲོག་བརྙན་རེད།
- གཤོག་པ་ཡ་གཅིག་ནི་གཞུང་ལུགས་དང་། དཔྱད་བརྗོད། རོལ་མྱོང་བཅས་རེད།
- གསར་རྩོམ་ཁོ་རང་ནི་བྱ་ཡི་ལུས་སམ་ཡང་ན་སྲོག་རེད།
- ལུས་སྲོག་སྟེ་གཙོ་བོ་འདི་རེད།
- གཤོག་པ་ཡ་གཅིག་སྒྲོག་བརྙན་རེད།
- གཤོག་པ་ཡ་གཅིག་ནི་གཞུང་ལུགས་དང་། དཔྱད་བརྗོད། རོལ་མྱོང་བཅས་རེད།
- རོལ་མྱོང་ཟེར་བ་འདི་དེང་སང་གི་རྩོམ་རིག་གཞུང་ལུགས་ཀྱི་སྟེང་ནས་བལྟས་ནའང་།
- རོལ་མྱོང་འདི་ཧ་ཅང་གལ་ཆེ།
- བརྩམས་ཆོས་ཤིག་ལེགས་འགྲུབ་བྱུང་ན།
- རྩོམ་པ་པོ་ཡིས་བརྩམས་ནས་ཚར་སོང་ན་ལེགས་འགྲུབ་བྱུང་བ་ཨེ་རེད་ཟེར་ན་མ་རེད།
- 接受文学བཤད་དུས་དེ་རེད།
- 消费དང་接受བཤད་དུས་དེ་རེད།
- ཀློག་པ་པོ་ཡིས་རོལ་མྱོང་བྱས་ཚར་རྗེས་ད་གཟོད་བརྩམས་ཆོས་དེ་ལེགས་འགྲུབ་བྱུང་བ་རེད།
- ང་ཚོའི་གཞུང་ལུགས་དེར་ཡང་འདང་རྒྱག་རྒྱུ་ཡོད་པ་ཞིག་རེད།
- འདང་རྒྱག་རྒྱུ་ཡོད་པ་ཞིག་རེད།
- དེའི་རྒྱུ་མཚན་གྱིས་དེའི་ངོས་ཐད་ནས་བཤད་ན་རོལ་མྱོང་འདི་ཧ་ཅང་གལ་ཆེ།
- དེ་བས་རོལ་མྱོང་དང་དཔྱད་བརྗོད། དེའི་འཕྲོ་ནས་གཞུང་ལུགས།
- འདི་གསུམ་པོ་གཤོག་པ་ཡ་གཅིག་རེད།
- སྒྲོག་བརྙན་འདི་ཡ་གཅིག་རེད།
- འདིར་ཟུར་མི་འདྲ་བ་ནས་བལྟས་ན།
- འདི་ཡང་ང་ཚོས་ངེས་པར་དུ་མཉམ་འཇོག་དགོས་པ་ཞིག་རེད།
- གོང་ནས་བཤད་པའི་རྩོམ་པ་པོ་ལ་འདང་བརྒྱབ།
- རྩོམ་པ་པོའི་རྟོགས་པ་ལ་འདང་བརྒྱབ་པ་དང་ལོ་རྒྱུས་ལ་འདང་བརྒྱབ།
- ཁོའི་སེམས་ཁམས་ལ་འདང་བརྒྱབ།
- བརྩམས་ཆོས་དེའི་ཁྱད་ཆོས་ལ་འདང་བརྒྱབ།
- དེར་མ་ཟད་ད་དུང་སྐབས་དེའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས།
- ཆབ་སྲིད་དང་དཔལ་འབྱོར། རིག་གནས་ལ་སོགས་པ་མང་པོར་འདང་རྒྱག་དགོས།
- དེ་གཅིག་སྟེ་ཟུར་གཅིག་རེད།
- ཟུར་གཞན་ཞིག་ནས་བཤད་ན།
- བརྩམས་ཆོས་དེ་གསར་རྩོམ་བྱས་པའི་བརྒྱུད་རིམ།
- གོང་ནས་བཤད་པ་བཞིན་འདིར་འདང་རྒྱག་པའི་ཞོར་དུ།
- སྒྲོག་བརྙན། གཞུང་ལུགས། རོལ་མྱོང་།
- དཔྱད་བརྗོད་ལ་སོགས་པ་ཚང་མར་འདང་རྒྱག་དགོས།
- ང་ཚོའི་དེང་རབས་རྩོམ་རིག་ཡིན་ནའང་དེ་རེད།
- གནའ་རབས་ཀྱི་རྩོམ་རིག་ཡིན་ནའང་དེ་རེད།
- དཔེ་འཇོག་རྒྱུ་ན་སྲོལ་རྒྱུན་གྱི་རྩོམ་རིག་གི་ནང་ནས།
- གུང་ཐང་བསླབ་བྱ་ལྟ་བུ་རེད།
- གུང་ཐང་བསླབ་བྱ་ལྟ་བུ་དཔེ་འཇོག་རྒྱུ་ན་དཔེ་ཁྲིད་ཅིག་བྱེད་པའི་དབང་དུ་བཏང་ནའང་དེ་རེད།
- བོད་ཀྱི་སྲོལ་རྒྱུན་གྱི་མཁས་པའི་ནང་དུ་དེར་གདེང་འཇོག་བྱས་ཡོད་མཁན་ཡོད།
- དེ་ཆ་གཅིག་ནས་བཤད་ན་དཔྱད་བརྗོད་རེད།
- དཔེ་འཇོག་རྒྱུ་ན་རྡོ་སྦིས་དགེ་བཤེས་ཚང་གིས་ཉི་མའི་འོད་ཟེར་ཟེར་བ་འདྲ།
- བཟོ་བའི་རྣོ་འབིགས་ཟེར་བ་འདྲ།
- ཆག་འཇོག་མང་པོ་བར་ཤོ་ལོ་ཀ་རེ་རེ་ལ་ཆག་འཇོག་ཡོད་པ།
- ཆག་འཇོག་ཡོད་ན་ཆ་གཅིག་ནས་བཤད་ན་དཔྱད་བརྗོད་རེད།
- དེང་རབས་ལ་དཔྱད་བརྗོད་ཡོད་པ་དང་གནའ་རབས་ལ་དཔྱད་མེད་པ་ཞིག་རྩ་བ་ནས་མ་རེད།
- རོལ་མྱོང་ཡང་དེ་རེད།
- ཆ་གཅིག་ནས་བཤད་ན་རོལ་མྱོང་ཡང་རེད།
- བཟོ་བའི་རྣོ་འབིགས་ཞེས།
- ཁོས་དེར་གདེང་འཇོག་བྱེད་དུས་ཁོ་རང་གིས་རོལ་མྱོང་བྱས་པའི་འབྲས་བུ་ཡིན་ན།
- ཁོས་བལྟས་ན་ཉི་མའི་འོད་ཟེར་ལྟ་བུ་ཞིག་རེད།
- བཟོ་བའི་རྣོ་འབིགས་ལྟ་བུ་ཞིག
- ཚངས་པའི་ཐིག་ཤིང་ལྟ་བུ་ཞིག་རེད།
- ཚང་མ་ཐོན་འདུག
- ཤོ་ལོ་ཀ་རེ་རེའི་སྟེང་ནས་ཕལ་ཆེར་དེ་ལྟར་གདེང་འཇོག་བྱས་ཡོད།
- དེ་ལྟ་བུ་ཡིན་ན་དཔྱད་བརྗོད་ཀྱི་སྐོར་རེད།
- གང་ལྟར་ཀྱང་དེ་ཧ་ཅང་གལ་ཆེ་བ་རེད།
- འོ་ན་ང་ཚོ་བོད་ཀྱི་དེང་རབས་ཀྱི་རྩོམ་རིག་གི་ངོས་ཐད་ནས་བཤད་ན།
- དེང་རབས་རྩོམ་རིག་འདི་དཔྱིས་ཕྱིན་པ་ཞིག་བཤད་དགོས་ན།
- སྤྱིར་དེང་རབས་རྩོམ་རིག་འདི་དཔྱིས་ཕྱིན་པ་ཞིག་བཤད་རྒྱུ་འདི་དུས་ཚོད་ཀྱི་དབང་གིས་བཤད་མི་ཐུབ།
- ལོ་རྒྱུས་དང་དྲིས་བརྗོད་གཉིས་ནམ་ཡིན་ཡང་མཉམ་དུ་འགྲོ་མི་ཐུབ།
- འདིའི་སྟེང་ནའང་གནད་དེ་ཚིག་ཟུར་ཙམ་ཞིག་ཐོན་ཡོད།
- དཔེ་འཇོག་རྒྱུ་ན།
- འདི་ན་ཅུང་ཙམ་ཞིག་བྲིས་ཡོད་དེ་文学创作与理论的偏心ཞེས་བྲིས་འདུག
- གཞུང་ལུགས་དང་གསར་རྩོམ་གཉིས་ཀྱང་མཉམ་དུ་འགྲོ་མི་ཐུབ།
- ལྷག་པར་དུ་གསར་རྩོམ་དང་ལོ་རྒྱུས་གཉིས་མཉམ་དུ་འགྲོ་མི་ཐུབ།
- དེང་རབས་རྩོམ་རིག་ཟེར་དུས་དེའི་ཡར་མཐའ།
- ཡས་མཐའ་ཞང་སྟོང་བསྟན་པ་རྒྱ་མཚོ་ཡིན་ན་འདྲ་དགེ་ཆོས་ཡིན་ན་འདྲ།
- ༡༩༥༡ཡིན་ན་འདྲ་༡༩༤༩་ཡིན་ན་འདྲ།
- ཡང་ན་རིག་གསར་གྱི་རྗེས་ཡིན་ན་འདྲ།
- གང་ལྟར་ཀྱང་དེ་ཡིས་ཐག་བཅད་ན་ཆོག
- ཡས་མཐའ་དེ་ལྟར་ཐག་བཅད་ན་ཆོག
- ཨོ་ན་མས་མཐའ་གང་ནས་མཚམས་གཅོད་རྒྱུ།
- དེང་རབས་རྩོམ་རིག་འདི་མས་མཐའ་གང་ནས་མཚམས་གཅོད་རྒྱུ།
- དེ་དོན་དག་ཅིག་རེད།
- མས་མཐའ་འདི་ཐག་གིས་གཅོད་ཐུབ་མི་ཐུབ་དེ་དོན་དག་ཅིག་རེད།
- ཐག་གིས་གཅོད་ཐུབ་པའི་དབང་དུ་བཏང་ནའང་།
- དུས་ཚོད་འདི་ཧ་ཅང་གིས་འཁེལ་ཉེ་བ།
- འཁེལ་ཉེ་བའི་རྒྱུ་མཚན་གྱིས་གཞུང་ལུགས་པ་ཡིན་ན་འདྲ།
- རྩོམ་པ་པོ་ཡིན་ན་འདྲ། དཔྱད་བརྗོད་པ་ཡིན་ན་འདྲ།
- གང་ཡིན་རུང་དེའི་ལོ་རྒྱུས་འདི་དང་།
- ཁོའི་གསར་རྩོམ་གྱི་གོ་རིམ་འདི་དང་།
- ཁྱོད་ཀྱིས་ལོ་རྒྱུས་འབྲི་བ་གཉིས་མཉམ་གཤིབ་བྱས་ནས་ནམ་ཡིན་རུང་འགྲོ་མི་ཐུབ།
- དེ་ནི་དོན་དངོས་ཀྱི་སྒོ་ནས་ཐུག་པའི་དཀའ་ཁག་ཅིག་རེད།
- དཀའ་ཁག་ཅིག་ཡིན་མོད་ང་ཚོས་ད་དུང་སྔོན་ལ་བཤད་པའི་ཤད་རྒྱག་པ་བཞིན།
- ང་ཚོས་ཤད་བརྒྱབ་ན་ཆོག་གི།
- ཤད་བརྒྱབ་ན་ང་རང་གིས་བལྟས་ན།
- དཔེ་འཇོག་རྒྱུ་ན་གཞུང་ལུགས་ཀྱི་སྟེང་ནས་བཤད་ན།
- གསར་རྩོམ་གྱི་སྟེང་ནས་བཤད་ན།
- གང་གི་སྟེང་ནས་བཤད་ན་དེང་རབས་རྩོམ་རིག་ཅིག་བཤད་པའི་སྐབས་སུ།
- རྒྱུ་ཆའི་ཐོན་ཁུངས་ཤིག་ཏུ་བརྩིས་ཆོག
- གང་དང་གང་ཡོད་ཟེར་ན་ངས་འདི་འདྲ་རིགས་ཁ་ཤས་བཀར་ཡོད།
- གཅིག་ནི་སེར་ཐིག་སྟེ་བརྩམས་ཆོས་སྣ་ཚོགས།
- དེར་ཐབས་བཀོལ་སྣ་མ་སྣ་ཚོགས་ཡོད་པ་རེད།
- དུས་དེབ་ཀྱི་སྟེང་ན་ཡོད་པ་དང་།
- དེབ་བྱས་ནས་རང་རང་གི་ས་གནས་སུ་སྤེལ་ཡོད་པའང་ཡོད།
- དྲ་ཚིགས་ཀྱི་སྟེང་ནའང་ཡོད།
- ཐ་ན་རང་རང་གིས་སྤེལ་མེད་པའང་ད་དུང་ཡོད།
- དུས་ཚོད་ཀྱི་ངོས་ཐད་ནས་བཤད་ན་བར་འདི་ཙམ་ཞིག་ལ་བརྩམས་པ་རེད།
- དཔེ་འཇོག་རྒྱུ་ན་ཁྱོད་ཚོ་བུད་མེད་རྩོམ་པ་པོའི་ནང་ནས།
- ཅུང་ཙམ་ཆ་རྒྱུས་ཡོད་པ་ལྟ་བུ་གང་རེད་ཟེར་ན།
- དཔེ་འཇོག་རྒྱུ་ན་བུད་མེད་རྩོམ་པ་པོ་གཡང་མཚོ་སྐྱིད་ལྟ་བུ།
- རྩྭ་ཐང་གི་ཉིན་ཐོ་འབྲི་མཁན་དེ།
- རྩྭ་ཐང་གི་ཉིན་ཐོ་འབྲི་མཁན་དེ་ལྟ་བུ་ལ་མཚོན་ན།
- ངས་གོ་བ་མ་ཟད་ཕྱེད་ཀ་རིག་མྱོང་།
- ཁ་ཚང་བོར་རིག་མ་ཐུབ།
- མགོ་མ་བྲིས་པ་རིག་མྱོང་སྟེ་རྗེས་སུ་ཞིབ་དག་བྱས་པ་མ་རིག
- སྦྲ་ནག་དང་ཡང་ན་སྦྲ་ནག་གི་གཏམ་རྒྱུད།
- དེ་ཁྱོད་ཚོའི་ནང་དུ་སྐུར་ཡོང་ཡོད་པ་འདྲ།
- དེ་འདྲའི་བརྩམས་སྒྲུང་རིང་གྲས་མིན་ན་འབྲིང་གྲས་ཡིན་རྒྱུ་རེད།
- གློག་ཀླད་ཀྱི་སྟེང་ནས་གཏག་ཡོད་པ་A4ཤོག་ངོས་བརྒྱ་དང་ལྔ་བཅུ་ཡས་མས་ཤིག་བྲིས་འདུག
- ཧ་ཅང་གི་བརྩམས་སྒྲུང་ཡག་པོ་ཞིག་རེད།
- ད་དུང་ནང་དུ་ཞིབ་དག་བྱེད་བཞིན་ཡོད་མོད།
- ང་རང་གིས་རིག་པ་ནི་ཧ་ཅང་ཡག་པོ་ཞིག་རེད།
- དེ་དུས་ཚོད་ཀྱི་ངོས་ཐད་ནས་བཤད་ན།
- ལོ་ཁ་ཤས་ཀྱི་སྔོན་ལ་མགོ་བརྩམས་ནས་བྲིས་ཚར་འདུག
- ཡིན་ཡང་ད་དུང་དུས་དེབ་ཀྱི་སྟེང་དུ་བཀོད་མེད།
- ནགས་ཚང་ཞི་ལའི་སྐྱིད་སྡུག་ལྟར་དཔེ་ཆ་ཡང་དཔར་མེད།
- ངས་ཀུ་རེ་བྱས་ཏེ་ཁྱོད་ཀྱིས་དཔོར་ཞེས་བཤད་པ་ཡིན།
- དཔར་ན་ངས་དཔོར་ཟེར་རྒྱུ་སླ་མོ་ཡིན་མོད་མོས་དཔར་རྒྱུ་ཧ་ཅང་དཀའ་མོ་རེད།
- དེའི་རྒྱུ་མཚན་ཅི་རེད་ཟེར་ན་དེའི་ནང་དོན་གྱི་ཆ་ནས་སོང་ན།
- རིག་གསར་དང་དེའི་ཡར་སྔོན་ཏེ་༡༩༥༨ཀྱི་བར་དེར།
- ཟིང་འཁྲུག་ལིང་བ་དེའི་སྐོར་གྱི་ནང་དོན་མང་པོ་མང་པོ་ཞིག་བྲིས་འདུག
- དེ་བས་དེ་དཔར་རྒྱུ་ཧ་ཅང་དཀའ་མོ་རེད།
- ཡིན་ཡང་དེང་རབས་རྩོམ་རིག་གླེང་རྒྱུ་ཡིན་པའི་ཆ་ནས།
- རྒྱུ་ཆའི་བརྩམས་པའི་སྐབས་དེ་ནས་བཟུང་སྟེ་དེ་ནི་རྒྱུ་ཆ་རུ་གྱུར་ཡོད།
- དེ་ང་ཚོས་ཕར་གཡུག་བཞག་ན་མི་ཆོག་གི་བསམ།
- དེ་འདྲ་ཡོད་ན་དེ་ལྟ་བུ་ཡང་རེད།
- བརྩམས་ཆོས་སྣ་ཚོགས་ཟེར་བའི་རྒྱུ་མཚན་དེ་རེད།
- དེ་དག་ཚང་མ་སྒོ་ངའི་སེར་ཐིག་རེད།