06 May 2013
30 min 54 sec
Video Overview
Creators:
Gangri Pumo, Drangchar
This is the fifth part of a lecture by Professor Dongrub Tsering at the First Young Tibetan Women's Literature Training in Trika, Qinghai Province. Professor Dongrub Tsering teaches at Qinghai Normal University. This segment contains a response from a member of the audience.
- དེའི་སྟེང་ནས་ཅི་རེད་ཟེར་ན་སྟག་འབུམ་རྒྱལ་གྱིས་བཤད་པ་རིམ་པ་གཉིས་པ་དེ་རེད།
- མཚོན་ཐབས་ཀྱི་ཕྱོགས་ལ་ཁོས་ཧུར་བརྩོན་བྱས་ཟེར།
- ད་སྐབས་ཁོས་བལྟས་ན་ཅི་འདྲ་ཞིག་རེད་ཟེར་ན།
- ཁོའི་བརྩམས་སྒྲུང་འདིས་འཚོ་བ་ཡི་བདེན་པ།
- འཚོ་བ་ངོ་མ་ཞིག་མཚོན་ཐུབ་བམ་མི་ཐུབ།
- འཚོ་བ་ངོ་མ་དང་འཚོ་བ་ཡི་བདེན་པ་ཞིག་མཚོན་ཡོད་ན།
- ད་གཟོད་ཁོའི་དམིགས་ཡུལ་འགྲུབ་སོང་བ་ཡིན་ཟེར།
- དེའི་སྟེང་ནས་བལྟ་རྒྱུ་ན་རྩོམ་རིག་འདི།
- སྔོན་མ་ནས་རིམ་གྱིས་རིམ་གྱིས།
- དོན་གྱི་ཆ་འདི་ནས།
- དེའི་བརྗོད་བྱའི་ཆ་ནས་ཁྱབ་ཁོངས་རྒྱ་ཇེ་ཆེར་སོང་བ་མ་ཟད།
- ཁྱབ་ཁོངས་ཚང་མས་ཤེས་པ་རེད།
- མགོ་མ་ང་ཚོས་བརྩམས་སྒྲུང་འབྲི་དུས།
- སློབ་གྲྭའི་ནང་གི་ཕོ་མོའི་བརྩེ་དུང་རེད།
- དེ་མིན་ན་རྨ་ཤུལ་རྩོམ་རིག་ཡིན་པ་རེད།
- རིག་གནས་གསར་བརྗེ་ཆེནཔོའི་སྐབས།
- དེ་ནས་རིམ་བཞིན་རྒྱ་ཇེ་ཆེར་སོང་བ་དང་བསྟུན་ནས།
- བརྗོད་བྱའི་སྟེང་ནས་རྒྱ་ཇེ་ཆེར་སོང་བས་མང་པོ་ཞིག་འབྲི་བཞིན་འདུག
- དེའི་ངོས་ཐད་ནས་འདང་བརྒྱབ་ན།
- བོད་ཀྱི་རྩོམ་རིག་སྟེ་ལྷུག་རྩོམ་ཡིན་ན་འདྲ་སྙན་ངག་ཡིན་ན་འདྲ།
- བརྩམས་སྒྲུང་ཡིན་པ་དང་ལྷག་པར་དུ་བརྩམས་སྒྲུང་ཡིན་ན།
- འདི་ལ་ཧ་ཅང་འཕེལ་རྒྱས་ཆེན་པོ་བྱུང་འདུག
- དེ་འཕུར་བ་ཡིན་ན་རྨང་གཞི་ཆགས་འདུག
- མ་འོངས་པར་ལམ་གང་ལ་འགྲོ་བ་དེ་དཀའ་མོ་རེད།
- མི་འདྲ་བའི་ཆ་དང་དགེ་རྒན་གི་ལྟ་ཚུལ།
- དྲ་ཚིགས་ལས་ངས་སྔོན་ཆད་ཐོག་མར་ལྟ་དུས།
- ཚིག་གི་སྟེང་ནས་རང་ཉིད་བལྟ་བར་དགའ་བ་དང་།
- དོ་སྣང་བྱེད་པ།
- ང་རང་གི་ངོས་ཐད་ནས།
- མི་གཉིས་ཡོད་པ་ལས་གཅིག་ནི་སང་རྡོར་རེད།
- གཅིག་གི་མིང་མི་ཤེས་མོད་དྲ་ཚིགས་ཀྱི་སྟེང་དུ་ཨ་མདོ་མི་ཆེན་ཞེས་འབོད།
- ཨ་མདོ་མི་ཆེན་སུ་རེད།
- དེ་གཉིས་ཀྱི་ཚིགས་བཅད་ཡིན་ན་གང་ལྟར་ཀྱང་དྲ་ཚིགས་ལས་རིག་པ་ཡིན་ན།
- ཚིག་གི་སྟེང་ནས་ཧ་ཅང་ཡག་པོ་རེད།
- བསམ་བློ་མི་ཤེས།
- མི་ཤེས་ལ་སང་རྡོར་ཡང་ངོ་མི་ཤེས་མོད།
- ཁོ་ལ་ཁ་པར་བཏང་ནས་སྙན་ངག་ཡག་པོ་ཞིག་བྲིས་འདུག་ཅེས་བཤད་པ་ཡིན།
- དེའི་ཁྱད་པར་གྱི་སྟེང་ནས་ངོ་མས་དཀའ་མོ་ཞིག་རེད།
- ཚིགས་བཅད་ཀྱི་སྐོར་འདི་དེ་འདྲ་ཞིག་རེད།
- སླ་མོ་བཤད་ན་དགེ་འདུན་ཆོས་འཕེལ་གྱི་སྙན་ངག་གི་རྩོམ་གཤིས་ཅི་རེད།
- མེ་ལོང་མའི་རྩོམ་གཤིས་ཨེ་རེད།
- དགེ་ཆོས་ཀྱི་སྙན་ངག
- རེ་འགའ་ཞིག་གིས་དགེ་ཆོས་ཀྱི་སྙན་ངག་ཟེར།
- རེ་འགའ་ཞིག་གིས་དགེ་ཆོས་ཀྱི་གསུང་མགུར་ཟེར་བ་རེད།
- ང་རང་གིས་རྩོམ་རིག་ལོ་རྒྱུས་བཤད་དུས་རང་གི་ལྟ་བ་དེ་ཡིན།
- མེ་ལོང་མའི་ལུགས་སུ་བྱས་པའི་སྙན་ངག་གི་མདུན་ལམ་སུ་ཡིས་ཐག་གིས་བཅད་ཚར་ཟེར་ན།
- མི་གསུམ་གྱིས་ཐག་གིས་བཅད་ཚར་སོང་།
- མི་གསུམ་པོ་སུ་རེད་ཟེར་ན་གཅིག་ནི་རྗེ་བདག་ཉིད་ཆེན་པོ་རེད།
- གཅིག་ནི་མཁས་གྲུབ་རྗེ་དང་གཅིག་ནི་ཞང་ཞུང་ཆོས་དབང་གྲགས་པ་རེད།
- དགེ་སློབ་འདི་རྣམ་པ་གསུམ་པོས་མེ་ལོང་མའི་ལུགས་སུ་བྱས་པའི།
- སྙན་ངག་གི་མདུན་ལམ་ཐག་གིས་བཅད་ཚར་སོང་།
- དགེ་འདུན་ཆོས་འཕེལ་ཡིན་ནའང་འགྲོ་ས་མེད།
- དེ་ཨེ་རེད།
- ཅིའི་ཕྱིར་དེ་ལྟར་བཤད་པ་ཡིན་ཟེར་ན།
- དཔེ་འཇོག་རྒྱུ་ན་སྲོལ་རྒྱུན་གྱི་མཁས་པ་དག་གིས་གདེང་འཇོག་བྱེད་སྟངས་ཡིན་ནའང་།
- རྗེ་བདག་ཉིད་ཆེན་པོའི་སྙན་ངག་ཡིན་ན་སྙན་པའི་ཉམས་ཀྱི་སྟེང་ནས།
- ཚད་དང་དཔེ་བྱེད་ས་རེད།
- འཇམ་པའི་དབྱངས་ཀྱི་ཞལ་གཟིགས་པ་ཡིན་ན་འདི་འདྲ་ཐོན་པ་ལས་གཞན་གྱིས་ཐོན་རྒྱུ་མ་རེད་ཟེར།
- དགེ་ཆོས་ཚང་གིས་ཀྱང་སྙན་པའི་ཆ་ནས་ངོ་མས་བཤད་ན།
- རྗེ་བདག་ཉིད་ཆེན་པོའི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ལ་སོགས་པ་ཡོད་པའི།
- བར་སྐབས་ཚིགས་སུ་བཅད་པ་འདི་ལྟ་བུ་ཞིག་སུ་ཡིས་ཀྱང་ཐོན་ཐུབ་པ་མ་རེད་ཟེར།
- སྙན་པའི་ཚད་དུ་བཤད་པ་དེ་རེད།
- དེ་ངོ་མས་བཤད་ན་དེ་རེད།
- སྙན་ཆའི་སྟེང་ནས་དེ་ལྟ་བུ་ཐོན་དཀའ་རྒྱུ་རེད།
- སྒྲ་རྒྱན་དང་ཟུང་ལྡན་གྱི་རྒྱན་འབྲི་བ་ཡིན་ན།
- དེའི་སྔ་ཕྱི་གཉིས་སོ་སོའི་སྒྲ་འདྲ་ནའང་།
- དོན་གྱི་སྟེང་ནས་རེ་རེ་ལ་གོ་རྒྱུ་ཡོད་པ་དེ་འདྲ་ཉུང་ཉུང་རེད།
- རྗེས་སུ་སྒྲ་རྒྱན་བྲིས་ཡོད་པ་ཡོད་མོད།
- ལྷ་ས་དྲན་གླུ་ལྟ་བུ་བྲིས་ཡོད་མོད་དེ་ངས་སྒྲ་རྒྱན་རེད་མི་འདོད།
- དེ་ལྟ་བུ་ནི་སྙན་ཆ་རེད།
- དེའི་འཕྲོར་བརྗིད་པའི་ཉམས་ལ་མཁས་གྲུབ་རྗེ་ཡི་སྙན་ངག་འདྲ་ཞིག
- རྗེས་མར་བརྗིད་པའི་ཉམས་ཀྱི་སྙན་ངག་འབྲི་མཁན་ཡོད་མོད།
- ང་ཚོས་དཔེ་བླངས་པ་རྡོ་སྦིས་དགེ་བཤེས་ལྟ་བུ་མང་པོ་དྲངས་མོད།
- བརྗིད་པའི་ཉམས་ཅན་མཁས་གྲུབ་རྗེ་ཡི་སྙན་ངག་དང་འདྲ་བ་ཐོན་ཡོད་མེད་མི་ཤེས།
- ངས་བལྟས་ན་ཐོན་མེད་ཀི།
- ལྷག་པར་དུ་ཞང་ཞུང་ཆོས་དབང་གྲགས་པའི་སྙན་ངག་ཡིན་ན།
- སྙན་པའི་ཉམས་དང་བརྗིད་པའི་ཉམས་གཉིས་ཀ་ཐོན་ཡོད་ཅེས་བཤད་ན་ཆོག
- དེ་ལས་ཀྱང་ཤིན་ཏུ་གལ་ཆེ་བ་ཞིག་ཡོད་པ་ནི།
- དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་གི་ཕྱོགས་ནས།
- རཱ་མ་ཎའི་རྟོགས་བརྗོད་འདྲ་ཞིག་ད་བར་དུ་ཐོན་ཡོད་པ་མ་རེད།
- དེང་རབས་ཀྱི་རྩོམ་པ་པོ་སྐུ་ཞབས་དོན་གྲུབ་རྒྱལ་གྱིས་ཀྱང་ཚིགས་བཅད་ཀྱི་ལམ་ནས།
- རཱ་མ་ཎའི་རྟོགས་བརྗོད་ལ་ལད་མོ་བྱས་ནས།
- ཚིགས་བཅད་ཀྱི་ལམ་ནས་སྙན་ངག་བྲིས་ཡོད་པ་རེད།
- དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་བྲིས་ཡོད་པ་རེད།
- ཡིན་ཡང་སུ་དང་གང་གིས་ཀྱང་དེ་འདྲ་ཐོན་མེད།
- ཡིད་ཀྱི་འགྱུར་བ་མཚོན་པ་དང་དོན་གྱི་བྱུང་བ་བརྗོད་པ།
- སྙན་པའི་ཉམས་དང་བརྗིད་པའི་ཉམས།
- གང་གི་ཆ་ནས་འདང་བརྒྱབ་ན།
- སྙན་ངག་མེ་ལོང་མའི་ལུགས་སུ་བྱས་པའི་སྙན་ངག་གི་མདུན་ལམ།
- འདི་རྣམ་པ་གསུམ་པོས་ཐག་གིས་བཅད་ཚར།
- དེ་བས་དགེ་འདུན་ཆོས་འཕེལ་ཚང་ཡིན་ནའང་།
- ཁོང་གིས་ཚིགས་བཅད་ཀྱི་སྙན་ངག་འབྲི་བ་རེད།
- ཚིགས་བཅད་ཀྱི་སྙན་ངག་འབྲི་མོད།
- གོང་གི་འདི་གསུམ་པོ་ལས་ལག་ཆ་བླངས་ཡོད་ཅེས་བཤད་ནའང་ཆོག
- ཡང་ན་འདི་གསུམ་པོས་བཏོད་ཡོད་པའི་ལམ་དེ་བཞག་ནས།
- ཁོང་གི་ལམ་གསར་བ་ཞིག་ལ་སོང་བ་ཡིན་ཞེས་བཤད་ནའང་ཆོག
- ངའི་བལྟ་ཚུལ་དེ་ཡིན།
- དེའི་རྒྱུ་མཚན་གྱིས་རེ་འགའ་ཞིག་གིས་བལྟས་ན་དགེ་འདུན་ཆོས་འཕེལ་གྱི་སྙན་ངག་རེད།
- རེ་འགའ་ཞིག་གིས་བལྟས་ན་དགེ་འདུན་ཆོས་འཕེལ་གྱི་གསུང་མགུར་རེད།
- དེ་ན་ལམ་གསར་བའམ་ལམ་གཞན་དེ་གང་ཡིན་ཟེར་ན།
- གྲུབ་མཐའ་ཡི་དབང་དུ་བཤད་ན།
- རྙིང་མ་བ་དང་བཀའ་བརྒྱུད་པ་ལྟ་བུ།
- རྣམ་འབྱོང་བ་ལྟ་བུ་ལ་སོགས་པས་སྔོན་ཆད་བྲིས་པའི་མགུར།
- འདིའི་འཕྲོ་ནས་མགུར་གྱི་ཉམས་ཡོད་པའི་སྙན་ངག
- དེ་དག་གཞི་བྱས་ནས་བྲིས་པ་རེད།
- ངས་དགེ་ཆོས་ཚང་གི་སྙན་ངག་ལ་བལྟ་དུས་སྐབས་རེ་འགར།
- ང་རང་གི་ཚོར་བ་རེད།
- སྐབས་རེ་འགར་རྡོ་གྲུབ་ཆེན་ཚང་གི་གསུང་མགུར་ལྟ་བུ།
- རྫ་དཔལ་སྤྲུལ་ཚང་གི་སྙན་ངག་ལྟ་བུ།
- དེ་འདྲ་མང་པོ་ཞིག་དྲན་ནས་ཡོང་།
- སྐབས་རེ་འགར་ཇི་མ་ཇི་བཞིན་ཡིན་པའི་ཚོར་བ་ཡང་སྐྱེས།
- དེ་བས་གང་ལྟར་ཀྱང་ལམ་གཞན་ཞིག་ལ་སོང་བ་རེད།
- ལག་ལེན་གྱི་སྟེང་ནས་དགེ་ཆོས་ཚང་དེ་རེད།
- དེའི་འཕྲོ་ནས་གཞུང་ལུགས་ཀྱི་སྟེང་ནས་བཤད་ནའང་དེ་རེད།
- ཁོང་གིས་སྙན་ངག་ལ་མཚན་ཉིད་བཞག་ཡོད།
- ན་ནིང་ང་ལ་གངས་རྒྱན་མེ་ཏོག་གིས་བཅར་འདྲི་བྱེད་དུས།
- ཁྱོད་ཀྱིས་སྙན་ངག་ལ་མཚན་ཉིད་ཞོག་ཟེར།
- དེ་དུས་ངས་ཕྱིར་ཀུ་རེ་བཤད་པ་ཡིན།
- ང་འདྲ་ཞིག་གིས་སྙན་ངག་ལ་མཚན་ཉིད་འཇོག་པ་མ་རེད།
- གལ་ཏེ་སྙན་ངག་ལ་ཡིན་གཅིག་མིན་གཉིས་མཚན་ཉིད་འཇོག་དགོས་ཟེར་ན།
- དགེ་ཆོས་ཚང་གིས་སྙན་ངག་ལ་མཚན་ཉིད་བཞག་ཡོད་པའི་ཕན་ཆད་ན་མེད།
- དེ་ནི་ཅིའི་ཕྱིར་ཡིན་ཟེར་ན།
- སྔོན་ཆད་མེ་ལོང་མའི་ལུགས་སུ་བྱས་པའི་དུས་སྐབས་ནས།
- སྙན་ངག་ལ་མཚན་ཉིད་ཡོད་པ་རེད།
- དེ་ནས་དགེ་ཆོས་ཚང་གི་དུས་སྐབས་ལ་ཐོན་དུས།
- བདེ་སྡུག་གི་ཚོར་བ་སེམས་ལ་ལྷང་ལྷང་བསྐྱེད་ནུས་པ་དེ་ལ་སྙན་ངག་ཟེར།
- བདེ་སྡུག་གི་ཚོར་བ་སེམས་ལ་ལྷང་ལྷང་བསྐྱེད་ནུས་པ་དེ་འདྲ་ལ་སྙན་ངག་ཟེར།
- དེར་དཔེ་བཞག་ན་སྤྲིན་གྱི་ཕོ་ཉ་ལྟ་བུ།
- སྐྱེ་རབས་སོར་བཞི་ལྟ་བུ་མང་པོ་ཞིག་དྲངས་ཡོད་པ་རེད།
- དེའི་ནང་དུ་སྙན་ངག་ཅིག་ཡིན་ན་འདི་འདྲ་ཞིག་ཡིན་དགོས་ཟེར་བ་རེད།
- བསམ་བཞིན་དུ་སྙན་ངག་ལ་མཚན་ཉིད་བཞག་པ་མིན་མོད།
- ཁོང་ཚང་གི་སྐད་ཆའི་ཟུར་དང་ཕུག་ནས་དེ་ལྟ་བུ་ཞིག་ཐོན་ཡོད་པ་རེད།
- དེ་བས་ངས་མཚན་ཉིད་དེ་བཞག་པ་ཚད་ཅིག་ལ་ཐོན་འདུག་ཟེར་དོན་ཅི་ཡིན་ཟེར་ན།
- མི་རིགས་གཞན་གྱི་རྩོམ་རིག་གཞུང་ལུགས་ལ་བལྟས་ནའང་།
- རྩོམ་རིག་འདི་ངོ་བོའི་ཆ་ནས་བཤད་ན་ཅི་ཡིན་ཟེར་ན་རྩོད་གཞི་གཙོ་བོ་གཉིས་ཡོད།
- ང་རང་གི་བལྟ་ཚུལ་ཡིན་ན།
- གཅིག་ནི་མེ་ལོང་རེད།
- རྩོམ་རིག་མེ་ལོང་།
- 镜与灯ཟེར་བ་ཞིག་ཡོད་པ།
- རྩོམ་རིག་མེ་ལོང་རེད་དམ་རྩོམ་རིག་སྒྲོན་མེ་རེད།
- རྩོམ་རིག་སྒྲོན་མེ་རེད་དམ་མེ་ལོང་རེད།
- མེ་ལོང་མའི་ལུགས་སུ་བྱས་ན་མེ་ལོང་གཙོ་བོ་རེད།
- དེ་ལ་སྙན་ངག་མེ་ལོང་ཞེས་མིང་འདོགས་དུས་ཀྱང་དེ་རེད།
- དེ་མིན་པའི་དབང་དུ་བཏང་ནའང་དེའི་ནང་ན།
- སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས།།
- དེ་ཉིད་ཉེ་བར་མི་གནས་ཀྱང་།།
- ངག་གི་རང་བཞིན་མེ་ལོང་ཐོབ།།
- རང་ཉིད་ཉམས་པ་མེད་ལ་ལྟོས་ཟེར་བ་རེད།
- སྙན་ངག་གི་བྱེད་དུས་གཙོ་བོ་མེ་ལོང་རེད།
- སྔོན་ཆད་འདས་ཟིན་པའི་ལོ་རྒྱུས་མཐའ་དག་དང་རྒྱལ་པོ་མཐའ་དག་འདས་སོང་བ་རེད།
- ཡིན་ཡང་ངག་གི་རང་བཞིན་གྱི་མེ་ལོང་ཐོབ་སོང་ན།
- རྒྱལ་པོ་དང་ལོ་རྒྱུས་ཐམས་ཅད་འདས་སོང་ན།
- རྩོམ་རིག་དང་ཡི་གེ་ཡི་སྟེང་ནས།
- མེ་ལོང་གི་ནང་དུ་གཟུགས་བརྙན་ཤར་བ་བཞིན་དུ་ང་ཚོས་རིག་ཐུབ།
- རྩོམ་རིག་གི་བྱེད་ནུས་གཙོ་བོ་དེ་རེད།
- མེ་ལོང་གི་རང་བཞིན་དེ་གཙོ་བོར་བཟུང་ནས་བཤད་པ་རེད།
- དེ་བས་དགེ་ཆོས་ཚང་གིས།
- བདེ་སྡུག་གི་ཚོར་བ་སེམས་ལ་ལྷང་ལྷང་བསྐྱེད་ནུས་པ་ཟེར་དུས།
- ངས་བལྟས་ན་མེ་ལོང་གི་ངོས་ཐད་ནས་ཕྱིར་སྒྲོན་མེ་ཡི་ཆ་དེར་ཐོན་པ་རེད།
- ཡིད་ལ་དཔེ་འཇོག་རྒྱུ་ན་མུན་པ་ཞིག་ཡོད་ན།
- མུན་པ་དེ་སེལ་སྤྱད་ནི་སྒྲོན་མེ་རེད།
- ལྷང་ལྷང་བསྐྱེད་ནུས་པ་ཟེར་བ་དེ་རེད།
- རྩོམ་རིག་གི་བྱེད་ནུས་ཀྱི་ཆ་ནས་སྙན་ངག་ལ་མཚན་ཉིད་བཞག་པ་རེད།
- དེ་བས་སྤྱིར་འཛམ་པོ་གླིང་གི་རྩོམ་རིག་བཤད་དུས།
- སྒྲོན་མེ་རེད་དམ་མེ་ལོང་ཡིན་པ་དེ་ད་དུང་ཐག་གིས་བཅད་མེད།
- ཡང་ན་གཉིས་ཀ་ཡིན་ན་ཐང་།
- མེ་ལོང་གི་ཆ་ཡང་ཡོད་པ་དང་སྒྲོན་མེ་ཡི་ཆ་ཡང་ཡོད་པ།
- དུ་དུང་ཐག་གིས་བཅད་མེད་པ་ནི་ང་རང་གི་བལྟ་ཚུལ་ཡིན།
- དེ་འདྲ་ཞིག་ཡིན་པའི་ཆ་ནས།
- དགེ་ཆོས་ཀྱིས་ཐག་གིས་བཅད་པ་འདི་བདེན་གི
- སྔོན་ཆད་མེ་ལོང་མའི་གཟུགས་སམ་མེ་ལོང་འདི་མི་འགྲིག་གི་ཟེར་བ་མིན།
- མེ་ལོང་ནས་སྒྲོན་མེ་བར་དུ་ཡོང་ཐུབ་ན་དེ་ནི་འཕེལ་རྒྱས་ཤིག་རེད་བསམ།
- ལག་ལེན་གྱི་སྟེང་ན་དེ་ཡོད་པ་མ་ཟད།
- གཞུང་ལུགས་ཀྱི་སྟེང་ནས་བཤད་ནའང་དགེ་ཆོས་ཚང་གི་བལྟ་བ་དེ་བཏོན་ཡོད་པ་རེད།
- དེའི་རྒྱུ་མཚན་གྱིས་དེ་ཤིན་ཏུ་གལ་ཆེ་བསམ།
- སྔོན་ལ་བཤད་པའི་གླེང་བྱ་གང་རེད་དམ།
- དེའི་སྟེང་ནས་འདང་བརྒྱབ་ན་ཅི་རེད་ཟེར་ན།
- ཡང་ལམ་གསར་བ་ཞིག་ལ་བསྙེག་བཞིན་པ་དེ་འགྲིག་འདུག
- བརྗོད་བྱ་ཅི་ཡིན་པ་དེ་ང་ཚོས་མི་བཤད།
- ཡིན་ཡང་ལམ་གསར་བ་ཞིག་ལ་བསྙེག་ནའང་།
- ང་རང་གིས་བལྟས་ན་མིག་སྔར་དམངས་ཁྲོད་དང་མགུར།
- འདི་འདྲའི་ཚིགས་བཅད་ཀྱི་ཉམས།
- ངག་རྩོམ་ཟེར་བ་འདིའི་སྟེང་ནས་བྱུང་བ་མ་གཏོགས།
- གསར་བ་གསར་བ་རྐྱང་རྐྱང་ཞིག་མ་རེད།
- གསར་བ་རྐྱང་རྐྱང་ཞིག་མ་རེད་བསམ།
- མེ་ལོང་མ་དང་ཡང་མི་འདྲ།
- མི་འདྲ་མོད་ངག་རྩོམ་གྱི་ནང་ན་དེ་དང་ཆ་འདྲ་བ་མང་པོ་ཡོད།
- གསར་བ་རྐྱང་རྐྱང་ཞིག་མ་རེད་བསམ།
- དེ་རེད།
- དགེ་རྒན་ངས་གཅིག་འདྲི།
- རྩོམ་རིག་ལོ་རྒྱུས་ཀྱི་ནང་གི།
- རྩོམ་རིག་ལོ་རྒྱུས་ཀྱི་ནང་གི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སུ།
- ཁོང་གི་སྲིང་མོ་སད་མ་ཀ་ཞང་ཞུང་དུ་གནས་ལ་སོང་ནས།
- ཁོང་གཉིས་ཀྱིས་མགུར་བླངས་པའི་རྗེས་སུ།
- སད་མ་ཀ་ཡིས་ཞ་མོ་ཞིག་གི་ནང་དུ་གཡུ་སུམ་བཅུ་བྱིན།
- ལ་ལས་གཡུ་སུམ་བཅུ་དེ་དཔའ་ཚན་དྲུག་གི་ནང་གི།
- དེའི་རྒྱལ་ཁབ་དེ་ན་གཡུ་སེར་ཡིན་ན་རབ་ཅེས་དཔའ་བོ་ལ་ངོས་འཛིན།
- ཕམ་སོང་ན་བུད་མེད་དང་མཚུངས་བར་གཡག་ཞ་འདི་གྱོན་ཞེས།
- དེ་འདྲའི་ཞ་ཞིག་སྐུར་བ་དེ་བུད་མེད་ཀྱི་མཚོན་དོན།
- སྐབས་ཐོག་དེར་བུད་མེད་ཀྱིས་མ་གཏོགས་ཞ་མ་གོན་པ་ཨེ་རེད།
- ཞ་དེ་ཕམ་སོང་ན་དེའི་མཚོན་བྱེད་ཨེ་རེད།
- གཡུ་ཐོག་ཟེར་བ་རེད།
- ཞ་མོའི་ནང་དུ་གཡུ་སུམ་ཅུ།
- རྒྱལ་སོང་ན་གཡུ་དེ་མགོར་བཏགས།
- ཕམ་སོང་ན་གཡུ་དེ་སྣ་བཏགས།
- དེ་གསལ་བོ་ཞིག་མི་ཤེས།
- དེར་འདང་བརྒྱབ་ན།
- ངས་སྔོན་ཆད་དེར་འདང་བརྒྱབ་མ་མྱོང་།
- ཞ་སྐྱེས་པ་ཚང་གིས་ཀྱང་གོན་ལ་བུད་མེད་ཚང་གིས་ཀྱང་གོན་མོད།
- ཡིན་ཡང་སྐྱེས་པ་དང་བུད་མེད་ཀྱི་ཞ་ཁ་ཁ་རེད།
- པྲོག་ཞུ་ཟེར་བ་ཞིག་ཡོད་པ།
- ད་སྐབས་པྲོག་ཞུ་ཟེར་བ་ཞིག་ཡོད་པ།
- པྲོག་ཞུ་ནི་བུད་མེད་ཚང་གི་རྒྱན་ཆ་ཞིག་རེད་མ་གཏོགས་སྐྱེས་པ་ཚོའི་མ་རེད།
- དེའི་སྐབས་དེར་དེ་འདྲ་ཞིག་བགར་བ་ཨེ་ཡིན་ནམ།
- དཔེ་འཇོག་རྒྱུ་ན་ཞ་མོ་ཡིན་ནའང་བུད་མེད་ཚོས་གོན་པ་དང་སྐྱེས་པ་ཚོས་མི་གོན་པ།
- དེ་ལྟ་བུ་བགར་བ་ཨེ་ཡིན་ནམ།
- དེ་མིན་ན་མི་ཤེས།
- དེ་ནས་གྲི་གུམ་བཙན་པོའི་རིང་ལ་པུ་དེ་གུང་རྒྱལ་གྱིས།
- ཁོང་གི་ཡབ་ཀྱི་དགྲ་ཤ་བླངས་ནས་ཕྱིར་ཡོང་དུས།
- དེ་ལེན་དུས་རྗེས་ན་གྲོགས་ཅི་ཞིག་ཅི་ཞིག་གི་ཆའོ།
- ས་འོན་སྤུར་མི་ཁོག་གི་ཆའོ་ཞེས།
- ས་འོན་བུ་སྤུར་མི་ཁོག་གི་ཆའོ་ཞེས།
- ས་འོན་བུ་སྤུར་མི་ཁོག་གི་ཆའོ།
- ས་འོན་བུ་སྤུར་མི་ཁོག་གི་ཆའོ།
- ལ་ལས་ས་འོན་བུ་སྤུར་མི་ཁོག་གི་ཆའོ་ཟེར།
- དེར་ཅི་ལྟར་འགྲེལ་རྒྱག་གམ།
- དེར་འགྲེལ་རྒྱག་སྟངས་ཀྱང་སྣ་མ་སྣ་ཚོགས་ཡོད་མོད།
- དེའི་ནང་དུ་གཅིག་ནི་མིག་སྔར་ཅུང་ཙམ་ཆོག་གི་བསམ།
- བྱང་གི་ཕྱོགས་དང་ལྷོ་ཡི་ཕྱོགས་གཉིས་ཀ་བཤད་ཡོད།
- ལྷོ་ཡི་ཕྱོགས་ཡིན་ན་ཞིང་ལས་དར་ས་རེད།
- བྱང་གི་ཕྱོགས་ནི་འབྲོག་ལས་དར་ས་རེད།
- གདང་མི་བཤིག་གི་ཆའོ།།
- འབྲོག་གི་ཕྱུགས་འདིར་ཧ་ཅང་འཕེལ་ཁ་དར་ཡོད་པ།
- གདང་སྟོང་པ་མ་ཡིན་པ།
- འཕེལ་ཁ་དར་ཡོད་པ་དེ་བཤད་པ་རེད།
- ས་འོན་བུ་སྤུར་མི་ཁོག་གི་ཞ་ཟེར་དུས།
- ཞིང་ལས་ཀྱི་ཆ་དེ་བཤད་པ་རེད།
- ཞིང་ལས་ཀྱི་ཆ་ཅི་ལྟར་རེད་ཟེར་ན།
- རང་བྱུང་གི་གནོད་འཚེ་ལ་སོགས་པ་ཐོན་ནས་དཔེ་འཇོག་རྒྱུ་ན།
- ས་ཞིང་ལ་གནོད་པ་བྱས་ནས།
- དེང་སང་ཡང་རང་བྱུང་གི་གནོད་འཚེ་མང་པོ་ཡོད་པ།
- དེ་ལས་རང་བྱུང་གི་གནོད་འཚེ་ཐེབས་པ།
- ཉམས་རྒུད་དུ་འགྲོ་བ་དེ་འདྲའི་རྣམ་པ་མ་ཡིན་པ་དེའི་དོན་ཡིན་ཞེས་བཤད་འདུག
- མིག་སྔར་དེ་ལྟ་བུ་ཞིག་ཡིན་ན་འགྲིག་ཁ་རེད།
- ཞིང་ཕྱུགས་གཉིས་ཀ་དར་བའི་དུས་ཚོད་ཀྱི་སྟེང་ནས་བཤད་ནའང་།
- བར་སྐབས་དེར་ཞིང་ཕྱུགས་གཉིས་ཀ་དར་ཡོད་རྒྱུ་རེད།
- དེ་བས་བྱང་གི་ཕྱོགས་དང་ལྷོ་ཡི་ཕྱོགས།
- དབུས་གཙང་ནས་བཤད་ན་དེ་རེད།
- བྱང་ཟེར་དུས་གཙོ་བོ་འབྲོག་བཤད་པ་རེད།
- ལྷོ་ཟེར་དུས་རོང་གི་ས་ཆ་སྟེ་ཞིང་ལས་འདེབ་བའི་ས་ཆ་རེད།
- གྲོང་དང་རྔ་བ་ཞང་ཚང་མ་དེའི་ཕྱོགས་ན་ཡོད་པ་རེད།
- དེའི་ངོས་ཐད་ནས་བཤད་པ་རེད།
- གང་ལྟར་ཀྱང་དེ་རེད།
- ཡུལ་ཏེ་མཁར་བྱིང་བ་སྟག་རྩེ་འདི་དཀྱིལ་སྙིང་ལ་བཟུང་ནས་རྒྱལ་བོའི་མངའ་ཁོངས་ཤིག་ཡོད་ཀི།
- མངའ་ཁོངས་མཐའ་དག་ལ་མི་ཕྱུགས་ཐམས་ཅད་དར་ཡོད་པ།
- ལོ་ལེགས་བྱུང་ཡོད་པ།
- དེ་འདྲའི་རྣམ་པ་དེ་བྲིས་པ་ཡིན་ཟེར།
- དེ་ཨེ་བདེན་ནམ་འདོད་པ་ཞིག་རེད།
- དེའི་ཚིག་རེ་རེ་ལ་བྱེ་བྲག་གིས་འགྲེལ་བརྒྱབ་ན་ཧ་ཅང་དཀའ་མོ་ཞིག་རེད།
- བོད་སྐད་ཡིག་གི་ནང་དུ་དེ་འདྲའི་འགྲེལ་རྒྱག་མི་ཐུབ་པ་ཤིན་ཏུ་མང་པོ་ཡོད་ཀི།
- མང་པོ་ཞིག་གིས་གཅན་གཟན་ཞིག་རེད་ཅེས།
- གཅན་གཟན་ཞིག་ཡིན་མིན་ཡང་མི་ཤེས།
- དེ་ལྟར་འགྲེལ་རྒྱག་བཞིན་འདུག
- དཀའ་མོ་རེད།
- ཁོ་འགྲོ་དུས་ཁོས་བྱིས་པ་ཞིག་བཙལ་ནས།
- ཁོ་རང་བཙལ་དུ་འགྲོ་དུས་བུན་མེད་ཅིག་གིས་ཞིང་ནང་དུ་ཡུར་མ་ཡུར་ནས་བསྡད་འདུག
- དེའི་ཨ་མ་དེ་ཡིས་ཁོ་ལ་མནའ་ཞིག་བསྐྱལ་དུ་བཅུག་ནས།
- ཤི་སོང་ན་མིའི་གདོང་ལ་རི་མོ་འབྲི་དགོས་པ།
- དེའི་སྐོར་དེའི་ཧ་མི་གོ།
- དེར་ཡང་འགྲེལ་རྒྱག་སྟངས་སྣ་མ་སྣ་ཚོགས་ཡོད་ཀི།
- གཅིག་ནི་ངོ་ལ་ཚ་བསྐུས་ནས།
- སྤྱིར་བཏང་གི་བུད་མེད་ཡིན་ན།
- ལས་ཀ་ལས་མཁན་ཞིག་ཡིན་ན་རྒྱན་དང་ཡག་བཏོད་དེ།
- དེང་སང་ཡིན་ནའང་དེ་རེད།
- དེ་བས་ངོ་ལ་ཚ་བསྐུས་པ་དང་རྒྱན་ཆ་སོགས་ཀྱིས་ཡག་པོར་བྱས་ནས།
- དེ་ནི་ཁོམ་པ་ཡོད་པ་དང་ཐོབ་ཐང་ཡོད་པ།
- རྒྱལ་བོའི་བཙུན་མོ་ཡིན་ན་དེའི་ལྟ་བུའི་གོ་སྐབས་ཡོད་རྒྱུ་རེད།
- དེ་ནས་བཤད་རྒྱུ་དེ་རེད།
- བྱིས་པ་དེ་ལས་ཡོན་ལ་བྱིན་པ་ཡིན་ན་དེ་འདྲའི་གོ་སྐབས་ཡོད་མེད།
- དོན་ལ་མོར་སྟེར་རྒྱུ་ཡང་མ་རེད།
- མ་འོངས་པར་ཐོབ་ཐང་དེ་འདྲ་སྟེར་རྒྱུ་ཡང་མ་རེད།
- སྐད་དང་ཡི་གེ་ཡི་བརྡ་སྤྲོད་ངེས་ཅན་ཞིག་དགོས།
- དེ་བས་བརྡ་སྤྲོད་ཀྱི་ངོས་ཐད་ནས་འདང་བརྒྱབ་ན།
- ངག་རྒྱུན་ཞེས་བཤད་འདུག
- དེ་ནས་མར་ཡོང་ན་རྩོམ་རིག་གི་ནང་དུ་ཤིན་ཏུ་གལ་ཆེ་བ་ཞིག་ཡོད་པ་ནི།
- དངོས་ཡོད་ཀྱི་འཚོ་བ་རེད།
- དཔེ་འཇོག་རྒྱུ་ན་ཆོས་ལུགས་གཅིག་རེད།
- བོད་ཀྱི་རིག་གནས་འདི་བགར་དུས།
- རིག་གནས་བྱེ་བྲག་པ་བགར་དུས།
- མི་ཆོས་ཀྱི་རིག་གནས་ཤིག་དང་ལྷ་ཆོས་ཀྱི་རིག་གནས་ཤིག
- འདི་ལྟར་བཀར་ན་ངས་བལྟས་ན་ཆོག་གི།
- སྐབས་མང་པོ་ཞིག་ནས་ངས་དེ་བཤད་ཀྱང་མྱོང་།
- གཞན་གྱིས་ཀྱང་དེ་བཤད་བཞིན་ཡོད་ཁ་རེད།
- དེ་ཅི་ལྟར་བཀར་བ་ཡིན་ཟེར་ན།
- ངས་དེ་ལྟར་ཀུ་རེ་རྩེ་ནས་བཤད་པ་ཡིན།
- ལྷ་ཆོས་རིང་ལུགས་ཀྱི་ཁུངས་གཏུག་ས་སྟེ།
- མགོ་ཁུངས་ལ་གཏུག་ནས་འགྲོ་བ་ཡིན་ན་གང་རེད་ཟེར་ན།
- ང་ཚོས་ཁུངས་ཤིག་བཙལ་བ་ཡིན་ན་དེ་ནི་བཀའ་འགྱུར་དང་བསྟན་འགྱུར་རེད།
- ང་ཚོ་བོད་ཀྱི་མི་ཆོས་རིང་ལུགས་ཀྱི་སྙིང་བོ་ངོ་མ་དེ་གང་ནས་ལེན་རྒྱུ་ཟེར་ན།
- གེ་སར་སྒྲུང་གི་ནང་ནས་ལེན་དགོས་ཞེས་ངས་དེ་ལྟར་བཤད་པ་ཡིན།
- མི་ཆོས་རིག་གནས་ཏེ་གལ་ཏེ་བོད་ལ་མི་ཆོས་རིག་གནས་ཡོད་ན།
- ཡོད་གཞིར་བཞག་ཡིན་ཏེ་ཡོད་ན་ཟེར་རྒྱུ་མེད།
- དེ་ཚང་མས་ཁས་བླངས་ན་དེ་ནི་གང་ནས་ཡོང་དགོས་ཟེར་ན།
- གེ་སར་རྒྱལ་བོའི་སྒྲུང་གི་ནང་ནས་ཡོང་དགོས།
- སྲོང་བཙན་སྒམ་པོའི་སྐོར་ནི་ལྷ་ཆོས་རིག་གནས་ལ་གོ་བ་བླངས་ན།
- ང་ཚོ་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་འཚོ་བའི་ནང་དུ།
- ང་ཚོས་སྔོན་ཆད་འདི་ལྟར་བཤད་པ་རེད།
- སྙན་ངག་མེ་ལོང་ལྟར་དུ་སོང་ན་བརྗོད་བྱ་ཡིན་ན་བརྗོད་བྱ་སྡེབ་བཞི་རེད།
- དེ་ལྟར་དུ་སོང་ནའང་དེ་རེད།
- ཆོས་དང་ཐར་བ་འདི་གཉིས་ཀ་ཆོས་ལུགས་དང་འབྲེལ་བ་ཡོད།
- ནོར་དང་འདོད་པ་ལྟ་བུ་ཡིན་ན་མི་ཆོས་རིག་གནས་དང་འབྲེལ་བ་ཡོད།
- དཔེ་འཇོག་རྒྱུ་ན་ནོར་དང་འདོད་པ་ལྟ་བུ་ཡིན་ན།
- རྩོམ་རིག་གི་བརྗོད་བྱ་ཤིན་ཏུ་གལ་ཆེན་ཞིག་རེད།
- སྔོན་ཆད་ཀྱང་དེ་རེད་ད་ལྟ་ཡང་དེ་རེད།
- ལྷག་པར་དུ་དུས་སྐབས་གསར་བའི་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས།
- ཆོས་ཀྱི་ནང་དོན་ཡོད་ན་ཆོག་གི།
- བསམ་བློའི་སྙིང་བོ་འདྲ་བོ་དེ་ཡིན་ན་ཆོག་གི།
- ནང་དོན་ངོ་མ་བཤད་ན་འདིའི་སྔོན་ལ་སྟག་འབུམ་རྒྱལ་གྱིས་བཤད་པ་བཞིན།
- འཚོ་བ་ཡི་བདེན་པ་ཞིག་དང་ངོ་མ་ཞིག་བཤད་ཐུབ་མིན་དེ་གཙོ་བོ་རེད།
- དེ་ལྟར་བཤད་པ་བཞིན་དུ།
- ཕ་མའི་དཔེ་འཇོག་རྒྱུ་ན།
- འདི་ན་བཤད་ཡོད་པའི་ཕྱག་ལེན་ལྟ་བུ་ཡིན་ན།
- མི་ཆོས་རིག་གནས་ལྟ་བུ་ལ་གོ་ན་ཆོག་གམ་མི་ཆོག
- ཉན་ཁ་རེད།
- དེ་ལྟར་འདང་བརྒྱབ་ན་རྩོམ་རིག་རྩོམ་པ་ཡང་མི་ཆོག་རྒྱུ་མེད་ཀི།
- ཡིན་ཡང་ངས་ཉན་ཁ་རེད་ཟེར་དོན་ནི་ང་ཚོ་ད་དུང་དེའི་ཐོག་ལ་ཁེལ་ཨེ་ཡོད་བསམ།
- རྩོམ་པ་པོ་གལ་ཏེ་འདི་ན་ཡོད་ན།
- ང་ཚོས་འདི་ནས་ཁ་བརྡ་བྱས་རྗེས་སྒོ་ཕྱི་ལ་སོང་ནས།
- ཁྱོད་ཀྱིས་འདི་འདྲ་ཞིག་དྲན་ནས་བྲིས་པ་ཨེ་ཡིན་ཟེར་ན།
- ཁ་གདང་ནས་མིག་ཅེར་ནའང་ཐང་།
- དེ་འདང་རྒྱག་ཕྱོགས་རེད།
- ད་དུང་ཡོད་དམ།
- དེའི་ཚོར་བ་དེ་ཡོད་ཀི།
- ངོ་མས་དོན་དག་ཆུང་ཆུང་ཞིག་གི་སྟེང་ནས།
- དེ་ནི་ལོ་རབས་དགུ་བཅུ་བའི་མཇུག་གི།
- རྒྱ་ཡི་བུད་མེད་རྩོམ་པ་པོའི་གསར་རྩོམ་གྱི་ཁྱད་ཆོས་གཅིག་དེ་རེད།
- ད་དུང་གསང་བ་ཡི་སྐོར།
- རྒྱུན་དུ་མཐོང་བའི་སྐོར་དང་ཚང་མར་ཁ་ལོབས་མིག་ལོབས་ལ་སོང་ཡོད་པའི་སྐོར་འདི།
- དེ་འདྲ་སྣང་དོག་བྱེད་ཀྱིན་མེད།
- རྩོམ་རིག་རྣམས་ཅུང་ཙམ་གསང་བ་འདྲ།
- ཅུང་ཙམ་ལྐོག་གྱུར་ཡིན་པ་དེ་འདྲའི་སྐོར་།
- ཚང་མས་མ་རིག་པ་དང་ཟབ་ས་ན་ཡོད་པ་དེ་འདྲའི་སྐོར་འབྲི་བར་དགའ་བ།
- དེ་འདྲའི་སྐོར་ཡོད་ཀི་ཟེར་བ་དེར་ཡང་ཁྲིག་ཁྲིག་མེད་ཀི།
- ང་ཚོས་རྒྱུན་དུ་མཐོང་བཞིན་ཡོད་ནའང་དོན་དག་ངོ་མ་དེ་མ་རིག་པ་དེའི་སྐོར།
- དེ་འདྲ་འབྲི་བའི་ཁྱད་ཆོས་ཡོད་ཀི་ཟེར།
- དེར་ཡང་ཁྲིག་ཁྲིག་མེད་ན་ཐང་།
- དེ་བས་ཡིན་ན་མིན་ན་མི་རིགས་གཞན་ཞིག་གི་བུད་མེད་རྩོམ་པ་པོ་ཡི།
- རྩོམ་སྲོལ་དང་ཁྱད་ཆོས་དེ་དཔེ་བྱས་ནས།
- བོད་ཀྱི་བུད་མེད་ཀྱང་དེ་འདྲ་ཞིག་རེད་ཅེས་བཤད་པ་མིན་མོད།
- ཡང་བུད་མེད་ཡིན་པའི་ཆ་ནས།
- ཡང་ན་དུས་སྐབས་ཤིག་གི་རིག་གནས་ཀྱི་ཤན་ཤུགས་ཅུང་ཙམ་འདྲ་བའི་ཆ་ནས།
- ངས་ད་ནངས་བཤད་པ་དཔེ་འཇོག་རྒྱུ་ན།
- མི་ཆོས་རིག་གནས་ཟེར་བ་འདིའི་གླེང་གཞི།
- 人文精神ལ་སོགས་པའི་སྐོར་གྱི་གླེང་གཞི།
- རྒྱ་ནང་ལ་ཐོན་མ་ཐག་ཏུ་ང་ཚོ་བོད་ལ་ཡང་ཐོན་འདུག
- 大众文学ཡང་དེ་རྩོད་གཞི་བྱས་ནས་ཅང་མ་འགོར་བར།
- ང་ཚོ་བོད་ཀྱིས་ཀྱང་大众文学ཞེས།
- དེར་ངས་མི་སེར་གྱི་རྩོམ་རིག་ཅེས་བཤད་ཡོད།
- དེའི་ཐ་སྙད་དེ་འགྲིག་མིན་མི་ཤེས།
- དེ་ལྟ་བུ་ཡིན་ན་ཐ་སྙད་དེ་གླེང་བཞིན་མེད་མོད།
- ཐ་སྙད་དེ་གླེང་གིན་མེད་མོད་ལག་ལེན་གྱི་སྟེང་ནས།
- མཚམས་རེར་དེ་འདྲ་སྟོན་རྒྱུ་ཡོད་ཀི།
- དེའི་ཤན་ཤུགས།
- དགེ་རྒན་བརྗེ་ན་དེའི་ཤན་ཤུགས་རེ་མ་ཐོན་པ་དེ་འདྲ་རེད།
- དེ་ཅི་ཡིན་རུང་།
- དེ་འདྲའི་དྲན་ཚུལ་ཞིག་རེད།
- ད་དུང་སུ་ལ་དྲི་བ་ཡོད།
- ངས་འདི་ནས་དྲི་བ་གཅིག་འདྲི།
- ལྔ་བཅུ་ལྔ་ལྔའི་སྟེང་ན།
- བྱུང་རིམ་གྱི་ངོས་ཐད་ནས་བཤད་ན།
- འདི་བརྩམས་སྒྲུང་དང་ལྷུག་རྩོམ་གང་ཞིག་ཡིན་ན་ཆོག་གི།
- སྐབས་རེ་འགར་ཡིད་ཆེས་འཕེལ་རུང་མི་རུང་གི་དོན་དག་ཅུང་ཙམ་ཡོད།
- འདི་ལ་བལྟས་ན་ངོ་མས་འདི་འདྲ་ཞིག་རེད་བསམ་པ།
- སྐབས་རེ་འགར་འདི་ནི་འདི་འདྲ་ཞིག་ཨེ་ཡིན་ནམ་བསམ་པ།
- དེ་བས་ངས་བདེ་སྐྱིད་སྒྲོལ་མ་ཡི་འདིའི་ནང་གི་ཅུང་ཙམ་ཞིག
- ངས་རང་ཁྱིམ་ན་ད་དུང་རྫི་འཕྲོ་བྱས་ནས་བསྐྱུར་ཡོད་པའི་རྩམ་པ་དེ་ཡིད་ལ་དྲན་ནས།
- གསོལ་སྟོན་དེ་ལས་མྱུར་དུ་ཐར་ཐུབ་པའི་རེ་བ་བཅིང་ཡོད་ཟེར།
- ངོ་མས་འཚོ་བ་ནང་ན་འདི་འདྲ་ཡོད་པ་རེད།
- ཡོད་རྒྱུ་རེད།
- ངས་རང་གི་རྩམ་པ་ཟ་འཕྲོ་བཞག་ནས་གསོལ་སྟོན་ལ་སོང་རྗེས།
- ཕྱིར་རྩམ་པ་རྫི་འཕྲོ་བཞག་ཡོད་པ་དེ་དྲན་པ།
- འཚོ་བའི་ནང་ན་དེ་ཡོད་རྒྱུ་རེད།
- འདི་ནི་རྩོམ་གྱི་དགོས་དབང་གིས་འདི་ལྟ་བུའི་སྐད་ཆ་ཐོན་པ་རེད་དམ།
- འཚོ་བ་ནང་ན་ངོ་མས་འདི་འདྲ་ཡོད་པ་རེད།
- ངས་དེར་འདང་ཞིག་བརྒྱབ་པ་ཡིན།
- རྩམ་པ་རྫི་བའི་སྐབས་སུ།
- མ་གཞི་མགོ་ནས་བཤད་པ་ནི་དོན་དག་ཅི་འདྲ་གལ་ཆེན་ཞིག་ལ་ཐུག་རུང་།
- ཡིན་ཡང་འདི་ནས་རྩམ་པ་རྫི་དུས།
- དོན་དག་གལ་ཆེན་ཞིག་ཡིན་རྒྱུ་རེད།
- དེ་བཤད་ཡོད་དེ་གལ་ཆེན་རེད་ཟེར།
- དེ་ནས་རྫི་འཕྲོ་བཞག་ནས་ཡང་ཅིག་ལ་བུད་སོང་།
- དེ་བས་གལ་ཆེན་ལ་བརྩི་བཞིན་མེད་པ།
- འཚོ་བའི་ནང་ནས་འདང་རྒྱོབ་དང་།
- ང་དེར་ཅུང་ཙམ་ཐོགས་ནས།
- འདི་ཤ་ར་ར་འདོན་པ་དང་འདང་བརྒྱབ་ན་ཤ་ར་ར་འགྲོ་བ་ཞིག་རེད།
- ཡིན་ཡང་དེ་ལ་འདི་འདྲ་ཞིག་ཡོད་ཐལ།
- དེ་གཅིག་རེད།
- ཁ་བྱང་འདི་ལ་གཅིག་བལྟས་མ་ཐག་ཏུ།
- འདིའི་ནང་དུ་རྩམ་པ་ཅི་ལྟར་བརྫི་བ།
- ཅི་ལྟར་བྱུང་བ་ཡིན་པ།
- རྩམ་པའི་སྐོར་དེ་འདྲ་ཞིག་ཡིན་རྒྱུ་རེད་བསམ།
- ཐོག་མར་ཁ་བྱང་ཁོ་ན་ལ་བལྟས་དུས་དེ་འདྲ་ཞིག་བྱིན།
- ཡིན་ནའང་དངོས་གཞི་ལ་བལྟས་ནས་སོང་སྟེ་ཐེངས་འགའ་ལ་བལྟས་རྗེས།
- རང་གིས་འདི་ལ་གོ་བ་ལེན་སྟངས་ཅི་འདྲ་ཞིག་རེད་ཟེར་ན།
- རྩམ་པ་རྫི་སྟངས་བཤད་པ་དེ་ཙམ་ཞིག་མ་རེད།
- འདིའི་ནང་དུ་བཤད་པ་ནི་སྤྱིར་བཏང་གིས་ང་ཚོ་བོད་མི་ཞིག་ཡིན་པའི་ཆ་ནས།
- རང་གི་སྐད་དང་ཡི་གེ་དེ་འདོར་མི་རུང་བ།
- འདོར་ཐབས་ཀྱང་མེད་པ།
- ས་གནས་གང་དུ་སོང་བ་དང་ཁོར་ཡུག་ཅི་འདྲ་ཞིག་ཡིན་ན།
- ཐག་རིང་ཅི་འདྲ་ཞིག་ལ་བུད་སོང་ནའང་།
- རང་ཉིད་ཕྱིའི་རྒྱུ་རྐྱེན་ཅི་འདྲ་ཞིག་ལ་འཕྲད་ནའང་།
- རང་གི་སྐད་དང་ཡི་གེ་དེ་འདོར་མི་རུང་བ།
- གཙོ་བོ་བྱེད་དགོས་པ་དང་འདོར་ཐབས་ཀྱང་མེད་པ།
- རང་གི་རྒྱུད་ན་གྲུབ་ཡོད་པ།
- རང་གི་ཤ་དང་རུས་པའི་སྟེང་ལ་འཐིམ་ཡོད་པ།
- རང་གི་སྐད་དང་ཡི་གེ་དེ་རང་ཉིད་ལ་ཚོན་ན་བླ་སྲོག་ལྟ་བུ་ཞིག་ལ་གྱུར་ཡོད་པས།
- གཡུག་མི་རུང་བ་དེ་འདྲ་ཞིག་བཤད་བཞིན་པ་འདྲ།
- ང་རང་གི་བལྟ་ཚུལ་ཡིན་ན།
- རང་གིས་གོ་བ་དེ་འདྲ་ཞིག་མ་གཏོགས་མི་ལོན་གི།
- འདིའི་སྐོར་གྱི་ལྷུག་རྩོམ་ཡང་ཡོད་ཀི།
- དེང་སང་རྒྱ་མི་རིགས་ཀྱི་བཀར་སྟངས།
- སྤྱིར་ལྷུག་རྩོམ་འདི་གསར་དར་གྱི་ནང་གི་ཡང་གསར་དར་ཞིག་རེད།
- རང་མོས་སྙན་ངག་ཀྱང་གསར་དར་རེད།
- ལྷུག་རྩོམ་ཡང་ང་ཚོ་བོད་ལ་མཚོན་ན་གསར་དར་རེད།
- སྤྱིར་བཏང་གིས་བཅད་ལྷུག་སྤེལ་མ་གསུམ་ཞེས་ལྷུག་པ་ཡོད་མོད།
- རྒྱ་ཡི་ལྷུག་རྩོམ་ཏེ་散文ཡང་སྔོན་ཆད་ཆེན་པོ་དར་མེད།
- རྒྱ་ཡི་རིག་ལམ་ལྟར་དུ་སོང་ན་抒情དང་叙事
- 议论ལྟ་བུར་བགར་བ་རེད།
- བརྗོད་བྱའི་སྟེང་ནས་ང་ཚོས་དེ་ལྟར་བཤད་པ།
- གཞན་ད་དུང་ཚིག་སྦྱོར་དང་སྒྲིག་གཞིའི་སྟེང་ནས་ཁ་བརྡ་མི་བྱེད།
- རྗེས་མར་ཁ་སྣོན་བྱས་ན་ཆོག
- ངས་འདང་ཞིག་རྒྱག
- ད་དུང་སུས་བཤད་བསམ།
- རྩོམ་འདིའི་ནང་དུ།
- རྩོམ་པ་པོ་མོའི་བརྩེ་དུང་གི་ཚོར་འདུ་དྲག་པོ་ཞིག་ཡོད་པ།
- རང་ལ་མྱོང་ཚོར་ཞིག་སྐྱེས་བྱུང་བསམ།
- དཔེ་བླངས་ནས་བཤད་ན།
- ཚན་པ་གཉིས་པའི་འདི་ན་རང་ཉིད་སྒམ་ཆུང་འདི་ལ་བཞག་ནས།
- རྩམ་པ་བརྫི་མཁན་ཞིག་ཡིན་པ་ནམ་ཡིན་ཡང་བརྗེད་མི་རུང་ཞེས་བཤད་ཡོད་པའི་སྐད་ཆ་འདི་དང་།
- ཡང་སྦྲང་དཀར་རྩམ་པའི་དྲི་བསུང་མ་ཡལ་བའི་ལག་པ་འདི།
- སྣོམ་ཤེས་སྣ་ལ་གཏོད་ཕྱིར།
- སེམས་འདུན་མཛད་པ་ཡིན་ཞེས་བཤད་ཡོད་པའི་སྐད་ཆ་འདི་གཉིས་ཀ།
- འདིའི་ཚན་པ་འདིའི་ནང་དུ་ཅི་ཞིག་བཤད་འདུག་ཟེར་ན།
- རང་གི་སེམས་ཀྱི་མྱོང་ཚོར།
- མོ་རང་མི་རིགས་ལ་དུང་སེམས་ཆེ་བ།
- ཨ་གསར་གྱི་རྗེས་སུ་མི་བསྙེག་པར།
- རང་ཚུགས་བརྟན་པོ་ཞིག་ཡོད་རྒྱུ་འདི།
- རང་ཤུགས་ཀྱི་གསལ་བོ་ཞིག་མཚོན་ཐུབ་བསམ།
- ཚིག་འདི་གཙོ་བོར་བཟུང་བ་དང་སྤྱིར་དོན་ཚན་འདིའི་ནང་དུ།
- དེ་ནས་དོན་ཚན་རེ་རེའི་ནང་དུ་མི་རིགས་ཀྱི་རིག་གནས།
- མི་རིགས་ཀྱི་སྐད་དང་ཡི་གེ།
- འདི་དག་ལ་ཧ་ཅང་བྱང་ཆ་ལྡན་པ་ཞིག
- ལྷག་ཏུ་དེ་ལས་ཀྱང་དཀོན་པ་དང་དཀའ་བ་མཚོན་པ་ཞིག་རེད་བསམ།
- འདི་དཀའ་བའི་རྒྱུ་མཚན་ཡང་མོས་གོང་ན་བཤད་འདུག
- མར་ཆུ་རྩམ་གསུམ་གྱི་ཚིག་རྐང་བཅད་ལྷུག་རན་པའི་སྡེབ་སྦྱོར་གྱི་མཐུན་རྐྱེན་གང་ལེགས་མ་སྐྲུན་ན།
- རྩམ་པའི་འདྲེས་འབྱོར་ཚུལ་མཐུན་ཞིག་ཡོང་ག་ལ་ནུས་ཟེར་བ་འདི།
- འདི་ནི་ཅི་རེད་ཟེར་ན།
- སྤྱི་ཚོགས་ཀྱིས་ང་ཚོའི་རིག་གཞུང་འདི་ལ་མཐུན་རྐྱེན་མི་སྒྲུབ་པ།
- མ་སྒྲུབ་ན་དུས་རབས་གསར་བ་འདིའི་ནང་དུ།
- བོད་ཀྱི་རིག་གཞུང་ལ་ནང་བྱན་ཆུད་ཡོད་པ།
- འདི་འདྲ་དཀའ་རྒྱུ་རེད་བསམ་པ།
- དེ་འདྲའི་སྐད་ཆ་ཞིག་ཕུག་ཏུ་ཐོན་ཡོད་པའི་ཚོར་བ་རང་ལ་ཡོད།
- དེ་ནས་དོན་ཚན་བཞི་བའི་ནང་དུ་གང་ཡོད་ཟེར་ན།
- ཚིག་དང་སྡེབ་སྦྱོར་སོགས་ཧ་ཅང་གི་འགྲིག་མོད།
- ངས་འདི་ནས་ཚིག་ཅིག་ལ་བརྟག་བརྒྱབ་ཡོད།
- ལུས་ཡོངས་སུ་རྩམ་པའི་དྲི་ཞིམ་ཁྱབ་ཅིང་།
- སེམས་ཡོངས་ལ་རྩམ་པ་འདི་བརྫི་མཁན།
- ང་རང་ཉིད་ཡིན་ནོ་སྙམ་པའི་དགའ་སྤྲོའི་འདུ་ཤེས་ཀྱི་ཁེངས་ཤིག་ཅེས་པའི།
- འདིའི་སྐད་ཆ་འདིས་ཅི་ཞིག་མཚོན་ཟེར་ན།
- རང་གི་ནུས་ཚོད་ཀྱིས་མྱོང་རོལ་ཞིག་བྱས་ན།
- རང་གི་མི་རིགས་ཀྱི་རིག་གནས་ཕུན་སུམ་ཚོགས་པ་འདི།
- རྒྱུད་འཛིན་བྱེད་མཁན་དང་དར་སྤེལ་བྱེད་མཁན་ནི་རང་ཉིད་ཡིན་ལ།
- དེ་རྒྱུད་འཛིན་དང་དར་སྤེལ་གཏོང་རྒྱུ་འདི།
- རང་གི་ཁུར་བོ་ཞིག་ཏུ་མ་འདོད་པར།
- རང་ཉིད་ལ་སྤྲོ་དགའི་འདུ་ཤེས་ཤིག་གིས་ཁེངས་ཡོད་པ་འདི་ཅི་རེད་ཟེར་ན།
- དེའི་སྤྱི་ཚོགས་ཀྱི་གནས་བབ་འདིའི་འོག་ཏུ།
- རང་ཉིད་མི་རིགས་འདིའི་རིག་གནས་ཀྱི་བདག་པོ་ཡིན་པ།
- དཀའ་ཁག་ཅིག་རེད་མ་འདོད་པར་མོས་དགའ་སྤྲོ་ཞིག་གི་འདུ་ཤེས་བཟུང་ཡོད་པ།
- དེསྤོབས་པ་ལ་སོགས་པས་ཁེངས་ཡོད་པ་མཚོན་བསམ།
- ཚིག་འདིའི་སྟེང་དུ།
- དེ་ནས་དེའི་འོག་གི་དོན་ཚན་དྲུག་པ་ཡིན་ན།
- སྐད་ཆ་འདིའི་ཅི་ཞིག་མཚོན་ཟེར་ན།
- ཕ་མེས་ཡང་མེས་ཚོས་བཞག་པའི།
- རང་གི་རིག་གནས་དང་སྲོལ་རྒྱུན་གྱི་རིག་གནས།
- འདི་ནི་དྲིན་ཆེན་གྱི་ཨ་མ་ཞིག་གིས།
- རང་གི་བུ་ཕྲུག་ལ་བྱིན་པའི།
- ལག་ཟས་ཞིམ་པོ་ཞིག་ཡིན་པ་ཞིབ་བརྗོད་བྱས་ཡོད།
- གཞན་ཞིག་གིས་བཞག་པ་མིན་པར།
- རང་གི་དྲིན་ཆེན་གྱི་ཨ་མ་ཞིག་གིས།
- རང་གི་བུ་ཕྲུག་ལ་ལག་ཟས་ཤིག་བྱིན་པ།
- གཞན་ཞིག་གིས་ལག་ཟས་བྱིན་པ་གཉིས་ཀ་གཅིག་རྒྱུ་མ་རེད།
- དེ་བས་ཅི་རེད་ཟེར་ན།
- ཕ་མེས་ཡང་མེས་ཚོས་ང་ཚོར་བཞག་ཡོད་པའི་རིག་གནས།
- ང་ཚོར་བཞག་ཡོད་པའི་སྲོལ་རྒྱུན་གྱི་རིག་གནས་འདི་ཅི་རེད་ཟེར་ན།
- ཨ་མ་ཞིག་གིས་རང་གི་བུ་ཕྲུག་ལ་ཟ་རྒྱུ་བྱིན་པ་ལྟ་བུ།
- འདི་འདྲའི་ཚིག་ཅིག་ཕུག་ན་བསྟན་ཡོད་པའི་ཚོར་སྣང་སྟེར།
- དེ་ནི་དོན་ཚན་དྲུག་པ་རེད།
- དོན་ཚན་བདུན་པ་ནི།
- མོས་ནང་དུ་འདི་འདྲ་ཞིག་བཤད་འདུག
- ད་ལྟ་རྫི་བཞིན་པའི་དུང་སེམས་ཀྱི་རྩམ་པ་འདི་ཡང་།
- མོས་རྫི་བཞིན་པའི་རྩམ་པ་འདི་ཡིན་ན།
- རང་གི་སྐད་དང་རིག་གནས་ལ་གོ་བའི་དབང་དུ་བཏང་ན།
- དེ་མ་ཡིན་པའི་ང་ཚོའི་སྲོལ་རྒྱུན་གྱི་རིག་གནས་མང་པོ་དེ་ཡང་ཅི་རེད་ཟེར་ན།
- མོ་ལ་དུང་སེམས་དང་ལྡན་པ།
- ཧ་ཅང་གིས་གཅེས་སྤྲས་བྱེད་དགོས་པ་དང་།
- འདི་འདྲའི་རིག་གནས་གལ་ཆེན་ཞིག་ཡིན་པ་འདི།
- ནམ་ཡིན་ཡང་མོའི་སེམས་ནས་ཉར་ཡོད་པ་དེ་མཚོན་འདུག་བསམ།
- དེ་ནས་བརྒྱད་པ་ཡིན་ན།
- མོས་རྩམ་པ་རྫི་བའི་གོ་རིམ་མང་པོ་ཞིག
- རྩམ་པ་ལ་སྦྱར་ནས་མོ་རང་མི་རིགས་ལ་དུང་སེམས་ཆེ་བ་དང།
- དུང་སེམས་ཀྱི་ཚོར་འདུ་གསོན་པོ་མང་པོ་ཞིག་བསྟན་འདུག
- དེ་ན་བརྒྱད་པ་འདིའི་རྗེས་ན་ཅི་ཞིག་ཡོད་ཟེར་ན།
- ཁ་སང་དེ་རིང་གི་སྲོལ་རྒྱུན་མི་དགོས་ཟེར་བ་དང་།
- དེང་རབས་ཀྱི་རྗེས་ཏག་ཏག་བསྙེག་དགོས་ཟེར་བ་དེ་ལ།
- འདི་ལ་ཅུང་ཙམ་དགག་པ་བརྒྱབ་ཨེ་ཡོད་བསམ།
- ང་རང་གི་ཚོར་སྣང་ལྟར་ན།
- ད་དུང་ཅི་རེད་ཟེར་ན་རང་གི་ཕ་མེས་ཡང་མེས་ཚོས་བཞག་ཡོད་པའི།
- སྲོལ་རྒྱུན་ཚང་མ་ལེན་དགོས་ཟེར་ནའང་མ་རེད་མོད།
- ཡོད་ཚད་དོར་དགོས་ཟེར་ནའང་མ་རེད།
- སྙིགས་དོར་བཅུད་ལེན་གྱི་ཆ་ཞིག
- མོ་རང་སྲོལ་རྒྱུན་ལ་དུང་སེམས་ཆེ་བ་དང་།
- བསམ་བློའི་འདུ་ཤེས་དེ་ཡོད་ཀི་བསམ།
- དེ་ནས་མདོར་བསྡུས་ནས་བཤད་ན།
- རྩོམ་པ་པོ་བུད་མེད་ཅིག་ཡིན་པའི་ཆ་ནས།
- སེམས་ཞིབ་ཚགས་ཡིན་པའི་ཁྱད་ཆོས་ལྡན་པ་མ་ཟད།
- ང་རང་གིས་རྩོམ་རིག་འདི་ལ་བལྟས་ན།
- མོས་རྩམ་པ་རྫི་སྲོལ་ཡང་བཤད་ཡོད་པ་དེ་ནི།
- བསམ་བློ་འདི་ཧ་ཅང་ཞིབ་ཚགས་ཡིན་པ་མཚོན།
- མི་རིགས་ལ་དུང་བའི་འདུ་ཤེས་གསོན་པོ་ཞིག
- ནམ་ཡང་མོའི་རུས་རྐང་ལ་འཐིམ་ཡོད་པའི་ཚོར་སྣང་སྟེར།
- དེ་ནས་སྤྱིར་ཡིན་ན།
- རྩོམ་པ་པོ་ཞིག་ཡིན་ཕྱིན།
- རང་ཉིད་མི་རིགས་དེར་དགའ་བའི་འདུ་ཤེས་ཤིག་ནམ་ཡང་དགོས་བསམ།
- མི་རིགས་གང་དང་གང་གི་རྩོམ་པ་པོ་ཞིག་ཡིན་ན།
- རང་གི་མི་རིགས་དེར་དགའ་བའི་འདུ་ཤེས་དེ་ནམ་ཡིན་ཡང་སེམས་ན་དགོས་བསམ།
- དེ་ལས་ལྷག་པར་ཅི་རེད་ཟེར་ན།
- བོད་པའི་བུ་མོ་རྩོམ་དགའ་བ་ཞིག་ཡིན་ཕྱིན།
- སྐྱེས་པ་ཚོ་དང་ལྷན་དུ་མི་རིགས་ཀྱི་བདེ་སྡུག་གླེང་མཁན་ཞིག་ཡིན་རྒྱུ་ནི།
- ཧ་ཅང་གལ་ཆེན་ཞིག་རེད་བསམ།
- རང་གི་བདེ་སྡུག་གླེང་དགོས་པ་དང་།
- ལྷག་པར་དུ་ཅི་རེད་ཟེར་ན།
- སྐྱེས་ཕོ་མོ་འདྲ་མཉམ་དང་མཐུན་སྒྲིལ་བྱས་ཏེ།
- མི་རིགས་ཀྱི་བདེ་སྡུག་འདི་གླེང་རྒྱུ་ནི།
- ཧ་ཅང་གལ་ཆེན་རེད་སྙམ་པའི་ཚོར་སྣང་སྟེར།
- དེ་མ་གཏོགས་མེད།