06 May 2013
32 min 17 sec
Video Overview
Creators:
Gangri Pumo, Drangchar
This is the fourth part of a lecture by Professor Dongrub Tsering at the First Young Tibetan Women's Literature Training in Trika, Qinghai Province. Professor Dongrub Tsering teaches at Qinghai Normal University.
- དེའི་ནང་ནས་བགར་དུས།
- བོད་ཀྱི་དེང་རབས་རྩོམ་རིག་ཅེས་བགར་དུས།
- གནད་དོན་ཧ་ཅང་དཀའ་མོ་ཞིག་ལ།
- འདིའི་སྔོན་ལ་ཆོས་སྐྱོང་དང་ང་ཚོས་ཀྱང་ཁ་བརྡ་བྱས་པ་ཡིན།
- དཔེ་འཇོག་རྒྱུ་ན་པདྨ་ཚེ་བརྟན་གྱི་བརྩམས་ཆོས་ལྟ་བུ་རེད།
- ཧ་ཅང་དཀའ་མོ་རེད།
- ཅི་ཞིག་རེད་ཟེར་ན་ཁོས་བོད་ཡིག་གི་སྟེང་ནས་འབྲི་བ་དང་རྒྱ་ཡིག་གི་སྟེང་ནས་ཀྱང་འབྲི།
- ང་ཚོས་དེང་རབས་རྩོམ་རིག་བཤད་དུས།
- ཡང་ན་ལོ་རྒྱུས་ཤིག་འབྲི་རྒྱུ་ཟེར་ན།
- དེང་རབས་རྩོམ་རིག་འབྲི་དུས།
- པདྨ་ཚེ་བརྟན་གྱིས་བོད་ཡིག་གི་བྲིས་པ་ཚང་མ་ནང་དུ་བཞག་ནས།
- རྒྱ་ཡིག་གིས་བྲིས་པ་ཚང་མ་ཕར་ལ་གཡུག་ན།
- དེ་ཅི་ཞིག་ཡིན་པ་བཤད་རྒྱུ་དཀའ་མོ་རེད།
- རྩོམ་རིག་སྒྲོག་བརྙན་གྱི་ངོས་ཐད་ནས་བཤད་ན།
- ཁོས་གློག་བརྙན་བསྒྱུར་བ་དང་ཕབ་སྐྲུན་བྱས་པ།
- ད་ལྟ་རིག་ཐུབ་པ་མང་ཆེ་ཤོས་ཕལ་ཆེར་བོད་སྐད་རྐྱང་རྐྱང་གི་སྟེང་ནས་བཤད་བཞིན་པ་རེད།
- དེ་བཤད་ས་འགྲོ་མོད་གསར་རྩོམ་གྱི་སྟེང་ནས་བཤད་ན་སྐོར་ཞིག་བཤད་ས་མི་འགྲོ།
- དེ་འདྲ་ལ་ཐུག་སྲིད་པ་རེད།
- གནད་དོན་ཐག་གིས་གཅོད་མི་ཐུབ་པ་ཡིན་མོད།
- གང་ལྟར་ཀྱང་བརྩམས་ཆོས་སྣ་ཚོགས་རྒྱུ་ཆའི་ཁུངས་ཤིག་རེད་བསམ།
- དེའི་འཕྲོ་ནས་རོལ་མྱོང་དང་དཔྱད་བརྗོད་ཀྱི་སྐོར་འདི་ཤིན་ཏུ་མང་པོ་ཡོད།
- དཔྱད་བརྗོད་ང་ཚོར་ཧ་ཅང་མང་བ་མ་རེད།
- དཔྱད་བརྗོད་རྩ་བ་ནས་གསར་རྩོམ་གྱི་རྗེས་ལ་ཆོད་མེད།
- དོན་དངོས་ཀྱི་སྟེང་ནས་བཤད་ན་ང་རང་དཔྱད་བརྗོད་ལ་ཅུང་ཙམ་དགའ་བ་དང་།
- ཅུང་ཙམ་དང་ཐུང་ངུ་རེ་འབྲི་བ་དེ་འདྲ་ཞིག་ཡིན་མོད།
- དོན་དངོས་ཀྱི་སྟེང་ནས་བཤད་ན་ང་རང་ཉིད་གཅིག་པུ་མིན་པར།
- སྤྱིར་བོད་ཀྱི་དཔྱད་བརྗོད་ཀྱི་ངོས་ཐད་ནས་བཤད་ན།
- གསར་རྩོམ་གྱི་རྗེས་ཆོད་ཀྱིན་མེད།
- དེ་ནི་དོན་དངོས་རེད།
- ཡིན་ཡང་ང་ཚོས་སྔོན་ནས་ད་བར་དུ་བྲིས་པ་རྣམས་ཕྱོགས་བསྡོམས་བྱས་ན།
- དེར་སྣ་མ་སྣ་ཚོགས་ཤིག་ཡོད་པ་རེད།
- དཔེ་འཇོག་རྒྱུ་ན་རྩོམ་རིག་བྱེ་བྲག་པ་བཤད་ན།
- བརྩམས་སྒྲུང་བརྩམས་སྒྲུང་ས་ནས་ཡོད་པ་དང་སྙན་ངག་སྙན་ངག་ས་ནས་ཡོད།
- ལྷུག་རྩོམ་ལྷུག་རྩོམ་ས་ནས་ཡོད་ཀི།
- ཐ་ན་ཟློས་གར་ཟློས་གར་ས་ནས་ཡོད་པ།
- དེ་ལྟར་ཤད་ཅིག་བརྒྱབ་ན་ཕྱོགས་སོ་སོ་ན་རྩ་བ་ནས་མེད་པ་ཞིག་མ་རེད།
- རྩོམ་རིག་གཞུང་ལུགས་ཡིན་ན་དེང་རབས་ཀྱི་རྩོམ་རིག་བཤད་བཞིན་ཡོད་ནའང་།
- སྔར་བཞིན་དུ་སྲོལ་རྒྱུན་གྱི་དེ་ཡང་དགོས།
- དཔེ་འཇོག་རྒྱུ་ན་སྙན་ངག་མེ་ལོང་མ་ལྟ་བུ།
- དེང་རབས་ཀྱི་རྩོམ་རིག་ལ་སྙན་ངག་མེ་ལོང་མ་རྩ་བ་ནས་མི་དགོས་ཟེར་ན་དེ་མ་རེད།
- ངས་སྔོན་ལ་ཁྱོད་ཚོར་བཤད་པ་བཞིན་ཁྱོད་ཚོའི་ནང་དུ་གསར་རྩོམ་བྱེད་དུས་སུའང་།
- ནང་དོན་དང་བསམ་བློའི་ཆ་ནས་བཤད་ན།
- ཐ་ན་སྐད་ཆའི་ངོས་ཐད་ནས་བཤད་ནའང་།
- ཅུང་ཙམ་དེང་རབས་ཀྱི་ཁྱད་ཆོས་ཡོད་པའི་དབང་དུ་བཏང་ནའང་།
- ལུས་ཀྱི་ཆ་ནས་བཤད་ན།
- སྔར་བཞིན་དུ་སྲོལ་རྒྱུན་དང་ད་དུང་ཁ་བྲལ་ཐབས་མེད་པ།
- འདི་འདྲའི་བརྩམས་ཆོས་ཤིན་ཏུ་མང་པོ་ཡོད་པ་རེད།
- འདི་ལྟ་བུ་བཤད་དུས།
- སྲོལ་རྒྱུན་གྱི་སྙན་ངག་མེ་ལོང་མ་ལྟ་བུ་ནང་དུ་མ་དྲངས་ས་མི་འགྲོ།
- དེ་ནི་ང་ཚོའི་རྒྱུ་ཆ་རེད།
- དེའི་འཕྲོ་ནས་གསར་བ་རེད།
- གསར་བ་བཤད་དུས་ངས་སྔོན་ལ་བཤད་པ།
- དཔེ་འཇོག་རྒྱུ་ན་འཇུ་སྐལ་བཟང་གིས་བྲིས་པའི་སྙན་ངག་རྣམ་བཤད་ལྟ་བུ།
- དེ་འདྲ་ཤིན་ཏུ་མང་པོ་ཡོད།
- བར་སྐབས་དེར་སྙན་ངག་མེ་ལོང་གི་རྨང་གཞིའི་སྟེང་ནས་བྲིས་པ་མང་པོ་ཞིག་ཡོད་པ་དེ་ལྟ་བུ།
- དགེ་རྒན་བཀྲ་བྷོ་ཡིས་བྲིས་པའི་བོད་ཀྱི་གནའ་རབས་རྩོམ་རིག་གི་རིགས་དང་ལུས་ཟེར་བ།
- གནའ་རབས་ཤིག་བཤད་ཀྱིན་ཡོད་མོད།
- ངས་བལྟས་ན་འདི་ནི་དེང་རབས་ལ་འགྲོ་བའི།
- གོ་རིམ་གྱི་ཁྲོད་ནས་ངེས་པར་དུ་དགོས་པའི།
- རྩོམ་སྒྲིག་གི་གཞུང་ལུགས་ཤིག་རེད་བསམ།
- དེ་བཞིན་དུ་ཨ་ལགས་དོར་ཞི་ཚང་གིས་བྲིས་ཡོད་པའི་སྐོར།
- འཇུ་སྐལ་བཟང་གིས་རང་མོས་སྙན་ངག་གི་སྐོར་ལ་བྲིས་ཡོད་པ་འདྲ།
- དེ་བཞིན་དུ་བདུད་ལྷ་རྒྱལ་གྱིས་བྲིས་ཡོད་པའི་སྐོར།
- འདིའི་སྐོར་གྱི་ཞིབ་འཇུག་གི་སྐོར་ཟེར་བ་འདྲ།
- གནམ་སྲས་ཀྱིས་བྲིས་ཡོད་པ་འདྲ།
- ཆབ་འགག་རྟ་འགྲིན་གྱིས་བྲིས་ཡོད་པ་འདྲ།
- འདི་འདྲ་ཤིན་ཏུ་མང་པོ་ཞིག་ཡོད་པ་རེད།
- དེའི་སྐོར་དང་ད་དུང་རྒྱུ་ཆ་གཞན་དག་ཅིག་ཡོད་པ་ནི།
- འདིའི་སྔོན་ལ་གོང་ནས་བཤད་པ་སྟེ་བསམ་བློའི་ངོས་ཐད་ནས་བཤད་ན་ཤིན་ཏུ་མང་པོ་ཡོད།
- འདིའི་ནང་ནས་ད་དུང་བཤད་རྒྱུ་གཅིག
- དཔེ་འཇོག་རྒྱུ་ན་རྩོམ་པ་པོ་བྱེ་བྲག་གི་ངོས་ཐད་ནས་བཤད་ན་ཞིབ་འཇུག་བྱེད་རྒྱུའི་མགོ་བརྩམས་པ།
- དེང་སང་ཚེ་རིང་དོན་གྲུབ་ལ་ཞིབ་འཇུག་ཟེར་བ་འདྲ།
- དགེ་འདུན་ཆོས་འཕེལ་ལ་ཞིབ་འཇུག་ཟེར་བ་འདྲ།
- རང་གྲོལ་ཞིབ་འཇུག་ཟེར་རྒྱུ་ཡོད་ཀི།
- འདི་དག་སོ་སོ་རིག་ཚན་འཛུགས་སྐྲུན་གྱི་ངོས་ཐད་ནས་བཤད་ན།
- ཧ་ཅང་དོན་སྙིང་ཡོད་པ་ཞིག་རེད།
- འདི་དག་ཚང་མ་ང་ཚོའི་རྒྱུ་ཆ་ཡིན་དགོས་བསམ།
- དེའི་ཕན་ཆད་ནས་འདིའི་སྔོན་ལ་བཤད་པ།
- དེའི་ནང་དུ་ད་དུང་ཤིན་ཏུ་གལ་ཆེ་བ་ཞིག་ལ་ཕྱི་ནས་བྲིས་པ།
- དཔེ་འཇོག་རྒྱུ་ན་དོན་གྲུབ་རྒྱལ་གྱི་མེ་ཚེ་ཟེར་བ་འདྲ།
- མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་ཟེར་བ་བན་མ་འབུམ་གྱིས་བྲིས་པ།
- འདི་འདྲའི་སྐོར་དང་ད་དུང་ཚེ་བཀྲ་ཡིས་བྲིས་ཡོད་པ།
- སོ་ལྟ་དང་གཟབ་ནན་ཟེར་བ་འདྲ།
- ཐ་ན་རྒྱ་ཡིག་གིས་བྲིས་ཡོད་པ་དཔེ་འཇོག་རྒྱུ་ན་བདེ་སྐྱིད་མཚོ་ཡིས་བྲིས་ཡོད་པ་འདི་ལྟ་བུ།
- ད་དུང་རྟ་འགྲིན་མཚོ་ཟེར་བ་ཞིག་གིས་ཀྱང་བྲིས་འདུག
- རྟ་འགྲིན་མཚོ་ཟེར་བ་དེ་ཡང་བུད་མེད་རེད།
- བདེ་སྐྱིད་མཚོ་ཡང་བུད་མེད་རེད།
- འདི་དག་སོ་སོས་བྲིས་ཡོད་པ་དང་བོད་ཀྱི་དེང་རབས་ཀྱི་རྩོམ་པ་པོ།
- རྟ་འགྲིན་མཚོ་ཡི་འདི་གཙོ་བོ་རྒྱ་ཡིག་གིས་འབྲི་བཞིན་ཡོད་མོད།
- སྣང་ཚུལ་ཞིག་ཡིན་པའི་ཆ་ནས་འདི་ཡང་རྒྱུ་ཆ་རུ་གྱུར་ན་ཆོག་པ་ལྟ་བུ།
- དེའི་ཕན་ཆད་ནས་ངས་སྔོན་ལ་བཤད་པ་བདག་དཔེ་ཚོགས་དང་བླ་དཔེ་ཚོགས་ལྟ་བུ།
- ཚང་མ་ང་ཚོར་ངེས་པར་དུ་མཁོ་བ་རེད།
- དེའི་ཕན་ཆད་འདི་ནས་མང་པོ་མི་བཤད།
- རྩོམ་རིག་ལོ་རྒྱུས་ཀྱི་ངོས་ཐད་ནས་བཤད་ན།
- ཀིན་གཞོ་ཧྥང་ནས་རིམ་པ་ཞིག་བྲིས་ཡོད་ཀི།
- དེ་རྣམས་ང་ཚོས་མི་བཤད།
- དེའི་ཕན་ཆད་ནས་རྩོམ་རིག་གི་སྒྲོག་བརྙན་རེད།
- སྒྲོག་བརྙན་ཟེར་དུས་ང་རང་གི་གོ་བ་ལེན་སྟངས་ཡིན་ན།
- སྒྲོག་བརྙན་ཟེར་བ་དཔེ་འཇོག་རྒྱུ་ན་གློག་བརྙན་ཡིན་ན་སྒྲོག་བརྙན་རེད།
- དཔེ་འཇོག་རྒྱུ་ན་ཟློས་གར་ཡིན་ན་སྒྲོག་བརྙན་རེད།
- རྩོམ་རིག་ལོ་རྒྱུས་ཀྱི་སྐབས་སུ་བཤད་དུས།
- བོད་ཀྱི་ཟློས་གར་ཆེན་པོ་བརྒྱད་ཅེས།
- སྔོན་ཆད་ནས་ད་བར་དུ་དེ་ལྟར་བྲིས་ནས་ཡོང་བ་རེད།
- ངོ་མ་བཤད་ན་ད་ལྟ་རྒྱ་ཡི་རྩོམ་རིག་གཞུང་ལུགས་ཀྱི་སྟེང་ལ་བལྟས་ན་དེ་ལྟར་བཤད་ཡོད་པ་མ་རེད།
- སྔོན་ཆད་四分法བགར་དུས་སུའང་།
- 小说 散文 诗歌 戏剧ཞེས་བཤད་པ་རེད།
- ད་ལྟ་戏剧ཞེས་བཤད་པ་མ་རེད།
- 剧本ཞེས་བཤད་པ་རེད།
- ཁྱོད་ཚོས་མཉམ་བཞག་ཡོད་རྒྱུ་རེད།
- 剧本ཞེས་བཤད་པ་རེད།
- དེར་ང་ཚོས་འདང་བརྒྱབ་ནའང་ཤེས་པ་རེད།
- སྔོན་ལ་རྩོམ་རིག་བཤད་དུས་དང་རྩོམ་རིག་གི་རིགས་བགར་དུས།
- ཟློས་གར་དེ་རྩོམ་རིག་གི་ནང་དུ་འགྲོ་བ་མ་རེད།
- ཟློས་གར་ནི་སྣ་འཛོམས་རང་བཞིན་གྱི་སྒྱུ་རྩལ་ཞིག་རེད།
- དེའི་ནང་ན་གླུ་དབྱངས་ཀྱི་སྐོར་ཡོད་པ་དང་རི་མོའི་སྐོར་ཡང་ཡོད་རྒྱུ་རེད།
- འཁྲབ་པའི་གར་གྱི་སྐོར་ཡང་ཡོད་རྒྱུ་རེད།
- སྣ་མ་སྣ་ཚོགས་ཡོད་པ་རེད།
- རྩོམ་རིག་ཀྱང་ཡོད་རྒྱུ་རེད།
- རྩོམ་རིག་གང་རེད་ཟེར་ན་剧本རེད།
- འཁྲབ་གཞུང་དེ་རེད།
- དེའི་རྒྱུ་མཚན་གྱིས་འཁྲབ་གཞུང་ཁོ་རང་རྩོམ་རིག་རེད།
- ཟློས་གར་ཅི་རེད་ཟེར་ན་སྒྲོག་བརྙན་རེད།
- གློག་བརྙན་སྒྲོག་བརྙན་རེད།
- བརྙན་འཕྲིན་ཡིན་ནའང་བརྙན་འཕྲིན་སྒྲོག་བརྙན་རེད།
- ཐ་ན་དྲ་ཚིགས་ཀྱི་སྟེང་ནས་རྩོམ་རིག་བཤད་པའི་དྲ་ཚིགས་ཀྱང་ངས་བལྟས་ན་སྒྲོག་བརྙན་རེད།
- དེ་ཡིན་ན་སྒྲོག་བརྙན་གྱི་སྐོར་འདི་ཚང་མ།
- དེང་རབས་རྩོམ་རིག་གླེང་དུས་རྒྱུ་ཆ་དང་ཐོན་ཁུངས་ཡིན་དགོས།
- འདི་ཚང་མ་གཞིར་བཟུང་ནས་དེང་རབས་རྩོམ་རིག་བཤད་ན་འགྲིག་རྒྱུ་རེད་བསམ།
- ཁྱོད་ཚོས་དེང་རབས་རྩོམ་རིག་གི་ལོ་རྒྱུས་འབྲི་རྒྱུ་ཟེར་བཞིན་མེད།
- དེང་རབས་རྩོམ་རིག་གི་གཞུང་ལུགས་བཤད་རྒྱུ་ཟེར་བཞིན་མེད།
- འོན་ཀྱང་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་འདིའི་སྐོར་འདི་ཤེས་ན་ཅུང་ཙམ་ཕན་ཐོགས་རྒྱུ་རེད་བསམ་ནས།
- ང་རང་གིས་འདང་བརྒྱབ་པ་རྣམས་ཁྱོད་ཚོར་བཤད་པ་རེད།
- དེ་བས་རྒྱ་ཡིག་གི་སྟེང་ནས་བྲིས་ཡོད་པ་མཐའ་རྔ་མ་མཇུག་གི་དེ་ཡང་དེ་ཡིན།
- ད་ལྟ་ང་ཚོས་འདི་འདྲ་ཟིང་ཟིང་ལང་ལོང་གི་ཁྲོད་ནས་བལྟས་ཡོང་ན།
- བོད་ཀྱི་ཕ་སྐད་རྩོམ་རིག་ཅེས་ཐ་སྙད་འདི་བཀོལ་སྤྱོད་བྱས་པ་རེད།
- རྒྱ་ཡིག་གི་སྟེང་མིན་ན་ཐ་སྙད་འདི་བཀོལ་ན་འོས་འཚམས་ཤིག་མིན་མོད།
- འདི་བཀོལ་བ་རེད།
- ངས་འདི་ནས་བཤད་པ་གཤོག་པ་ལ་སོགས་སྐྱེས་རྒྱུ་རྣམས་སྐྱེས་པ་དང་།
- ཆགས་རྒྱུ་རྣམས་ཆགས་ནས།
- འཕག་ན་ཆོག་པ་ཞིག་ཆགས་ཡོད་ཟེར་བའི་རྒྱུ་མཚན་དེ་རེད།
- གཞུང་ལུགས་ཀྱི་ངོས་ཐད་ནས་བཤད་པ་དང་སྒྲོག་བརྙན་གྱི་ངོས་ཐད་ནས་བཤད་ན།
- དཔྱད་བརྗོད་ཀྱི་ངོས་ཐད་ནས་བཤད་ན།
- རོལ་མྱོང་གི་ངོས་ཐད་ནས་བཤད་ན།
- རོལ་མྱོང་བྱེད་མཁན་གྱི་ཀློག་པ་པོ་སྔོན་དང་བསྡུར་ན་ལྡབ་འགྱུར་གྱིས་ནར་སོན་ཡོད་པ་རེད།
- དེང་སང་རོལ་མྱོང་གི་ཆུ་ཚད་ཧ་ཅང་མཐོན་པོར་ཐོན་འདུག
- ཕྱི་དྲོ་ང་ཚོས་བགྲོ་གླེང་བྱས་ན།
- ཁྱོད་ཚོས་བདེ་སྐྱིད་སྒྲོལ་མ་ཡི་བརྩམས་ཆོས་འདིར་རོལ་མྱོང་བྱེད་དུས།
- ངས་འདང་བརྒྱབ་ན་ཁྱོར་ཚོར་ཟུར་མི་འདྲ་བའི་སྒོ་ནས་གླེང་རྒྱུ་ཡོད་ངེས་རེད་བསམ།
- དེ་གཅིག་པུའི་སྟེང་ནས་བཤད་ན་ཅི་རེད་ཟེར་ན།
- རོལ་མྱོང་དང་ཀློག་པ་པོའི་ངོས་ཐད་ནས་བཤད་ན།
- སྔོན་མའི་ཆུ་ཚད་དང་རྩ་བ་ནས་འདྲ་བ་མ་རེད།
- སྔོན་ཆད་ང་ཚོས་དཔྱད་བརྗོད་ཅུང་ཙམ་འབྲི་ཁ་བྱས་ན་ཀློག་པ་པོར་འདང་བརྒྱབ།
- འདི་རྣམས་ངས་གོ་མོད་གཞན་གྱིས་གོ་ཨེ་ཐུབ་འདོད་དེ།
- དེར་འདང་བརྒྱབ་ནས་དཔྱད་བརྗོད་བྱེད་པ་དེ་འདྲའི་ཚད་ཅིག་རེད།
- ད་སྐབས་དེར་ཕལ་ཆེར་འདང་རྒྱག་མི་དགོས།
- ཀློག་པ་པོ་ཡིས་གོ་མོ་གོ་དེར་ཕལ་ཆེར་འདང་རྒྱག་མི་དགོས།
- ཁྱོད་རང་གིས་གོ་བ་ལོན་མི་ལོན་དེ་གཙོ་བོར་བཟུང་ནས་འབྲི་བ།
- ཁྱོད་ཀྱིས་མཐོང་བའི་ཟུར་ཡ་མཚན་པོ་གང་རེད།
- དེ་གཙོ་བོར་བཟུང་བ་དེ་འདྲ་ཞིག་གི་ཚད་ལ་ཐོན་ཡོད།
- ཡིན་ཡང་གང་ལྟར་ཀྱང་།
- འདི་དག་ཚང་མ་ཕུན་སུམ་ཚོགས་པ།
- ཤིན་ཏུ་རྒྱས་པ་དེ་འདྲ་ཞིག་མིན་རུང་།
- ང་ཚོར་ཕལ་ཆེར་ཚང་འདུག
- སྒྲོག་བརྙན་སྔོན་ཆད་མང་པོ་ཞིག་མེད་ན་ད་སྐབས་སྒྲོག་བརྙན་ཕུན་སུམ་ཚོགས་པ་ཡོད།
- དེ་བས་གཞུང་ལུགས་དང་རོལ་མྱོང་གང་གི་ཆ་ནས་བཤད་ན།
- ཕུན་སུམ་ཚོགས་པ་ཞིག་ཆགས་འདུག
- དེ་བས་མ་འོངས་པར།
- བྱ་འདི་ལ་གཤོག་པ་རྒྱས་ཡོད་པ་རེད།
- དེ་བས་འདི་ནས་ངས་བཤད་དུས་མཚོ་སྔོན་དང་འབྲེལ་ནས་བཤད་པ་རེད།
- མཚོ་སྔོན་འདི་དཔེ་འཇོག་རྒྱུ་ན་རི་བོ་ཆེན་པོ་ཞིག་ཡིན་ན།
- བྲག་དང་རི་བོ་མཐོན་པོ་དེ་འདྲ་ཞིག་ཡིན་ན།
- དེ་ནས་བྱ་འདི་འཕུར་ཐུབ་བམ་མི་ཐུབ།
- དེ་ན་ང་ཚོ་བོད་ཀྱི་རྩོམ་རིག་འདི་འཕུར་ཐུབ་བམ་མི་ཐུབ་པ་དེ།
- དེ་ནི་མཚོ་སྔོན་ལ་རག་ལས་དང་ཨ་མདོ་ལ་རག་ལས་ཞེས་པའི་དོན་མ་རེད།
- མིན་མོད་དཔེ་འཇོག་རྒྱུ་ན་བསམ་བློའི་ངོས་ཐད་ནས་འདང་བརྒྱབ་ན།
- ང་ཚོས་སྔོན་ལ་བཤད་པའི་སྲོལ་རྒྱུན་དང་དེང་རབས།
- མི་སྒེར་དང་ཐུན་མོང་།
- དེའི་འཕྲོ་ནས་མི་ཆོས་དང་ལྷ་ཆོས།
- འདིའི་སྐབས་ཀྱི་མི་ཆོས་དང་ལྷ་ཆོས་འདི་དང་།
- བོད་ཀྱི་སྲོལ་རྒྱུན་གྱི་མི་ཆོས་དང་ལྷ་ཆོས་གཉིས་ཅུང་ཙམ་མི་འདྲ།
- 人文主义精神ཟེར་དུས་ནང་དོན་ཁྱོད་ཚོས་ཤེས་པ་རེད།
- ནང་དོན་ཅུང་ཙམ་རྒྱ་ཆེན་པོ་ཡོད་པ་ཁྱོད་ཚོས་ཤེས་པ་རེད།
- ཡིན་ཡང་ཐ་སྙད་རང་སྟེང་ནས་མི་ཆོས་དང་ལྷ་ཆོས་ཞེས་བཀོལ་ན་མི་ཆོག་པ་མེད།
- འདི་ཚང་མའི་རྩོད་གཞི་འདི་གཞི་འཛིན་ས།
- ངས་བལྟས་ན་གང་རེད་ཟེར་ན་ཨ་མདོ་ས་ཆ་འདི་རེད།
- གཞན་ན་མེད་ཀི་ཟེར་བ་མིན།
- སྔོན་ལ་བཤད་པའི་བུད་མེད་ཟེར་བ་དང་འཇམ་དབྱངས་སྐྱིད་ཟེར་བ་འདྲ།
- འདི་དག་ཚང་མ་ང་ཚོ་མཚོ་སྔོན་ས་ཆ་འདི་ན་ཡོད་ཀི།
- བཟང་ཞིག་ཡིན་ན་ངན་ཞིག་ཡིན་ན།
- གང་ལྟར་ཀྱང་བསམ་བློའི་རྩོད་གཞི་འདི་ཚང་མ་ང་ཚོའི་ས་ཆ་འདི་ན་ཡོད།
- དེའི་རྒྱུ་མཚན་གྱིས་སྤྱིར་བོད་ཀྱི་རྩོམ་རིག་གི་ངོས་ཐད་ནས་འདང་བརྒྱབ་ན།
- འདི་ནས་འཕུར་ཐུབ་རྒྱུ་ཨེ་རེད་ཅེས་དྲི་བ་འཕང་བ་ཡིན།
- དེར་ང་རང་གིས་ཀྱང་ལན་འདེབ་མི་ཐུབ།
- གཤོག་པ་རྒྱས་ཡོད་པ་འདྲ་བས་འདི་ནས་འཕུར་ཐུབ་བམ་མི་ཐུབ།
- དེ་བས་འདི་ནས་བཤད་པ་དང་གཤོག་པ་ལ་ཆག་འཇོག་དོན་དེ་ཡིན།
- རོལ་མྱོང་། དཔྱད་བརྗོད། སྒྲོག་བརྙན། གཞུང་ལུགས། གསར་རྩོམ།
- འདི་དག་གང་གི་ཆ་ནས་བཤད་ནའང་ཅུང་ཙམ་ཕུན་སུམ་ཚོགས་པ་ཞིག་ཆགས་འདུག
- དེའི་རྒྱུ་མཚན་གྱིས་འཕུར་ཐུབ་རྒྱུ་རེད་བསམ།
- འཕུར་རྒྱུ་རེད་ཅེས་པ་དེ་ཡིན།
- དེ་ནི་རང་གི་སེམས་འདུན་ལྟ་བུ་ཞིག་རེད།
- དེའི་འཕྲོ་ནས་ང་ཚོས་བྱེ་བྲག་གིས་བུད་མེད་ཀྱི་རྩོམ་རིག་གི་ཆ་ནས་བཤད་ན།
- མང་པོ་བཤད་རྒྱུ་མེད།
- མེད་མོད་ང་རང་གིས་སྤྱིའི་ཆ་ནས་འདང་བརྒྱབ་ན།
- བུད་མེད་ཀྱི་རྩོམ་རིག་ཅེས་གལ་ཏེ་ཐ་སྙད་འདི་སྦྱར་རུང་ན།
- བུད་མེད་ཀྱི་རྩོམ་རིག་འདི་སྔར་ལས་འཕེལ་རྒྱས་ཆེན་པོར་འགྲོ་རྒྱུ་རེད་བསམ།
- དེ་འབྱུང་རྒྱུ་ཡིན་པའི་རྒྱུ་མཚན་ད་རེས་ཀྱི་ཚོགས་འདུ་འདི་ཡང་གཅིག་ལ་བགྲང་ན་ཆོག་ལ།
- འདི་ནི་དེའི་ནང་གི་རྒྱུ་རྐྱེན་ཆུང་ཆུང་ཞིག་ཡིན་རྒྱུ་རེད།
- དེ་ལས་རྒྱུ་རྐྱེན་ཆེན་པོ་ཞིག་ཡོད་པ་ནི།
- ང་ཚོ་རིག་གནས་པ་དང་སློབ་སྦྱོང་བྱེད་མཁན།
- བོད་ཀྱི་རིག་གནས་རྒྱུད་འཛིན་བྱེད་མཁན་གྱི་ཁྲོད་ནས་བལྟས་ན།
- གྲངས་ཀའི་ངོས་ཐད་ནས་བཤད་ན།
- ད་སྐབས་བུད་མེད་མང་བ་ལས་སྐྱེས་པ་མི་མང་།
- དེ་འདྲའི་ཚད་ལ་ཐོན་ཡོད།
- དེའི་རྒྱུ་མཚན་གྱིས་སྔོན་མ་དང་རྩ་བ་ནས་མི་འདྲ།
- འཕེལ་ན་འཕེལ་ཆོག་ཆོག་རེད།
- དེ་བས་ངས་ཉོག་བཤད་དེ་འདྲ་ཞིག་བྱེད།
- གཤམ་དུ་ད་དུང་དུས་ཚོད་ཕྱེད་ཀ་ཙམ་ཡོད།
- དེ་བས་སྤྱིར་ཁྱོད་ཚོར་རྩ་འཛུགས་བྱེད་མཁན་གྱི་བསམ་བློ་ཡིན་ན།
- ངའི་གསར་རྩོམ་གྱི་མྱོང་བ་བཤད་ན་ཟེར།
- ང་ལ་གསར་རྩོམ་ཆེན་པོ་ཞིག་མེད།
- དོན་དངོས་ཀྱི་སྟེང་ནས་བཤད་ན་མང་པོ་ཞིག་མེད།
- སྙན་ངག་ཆ་ལ་འཆོལ་ལེ་ཞིག་འབྲི་ཁ་བྱས།
- དེར་མང་པོ་ཞིག་གླེང་རྒྱུ་མེད་ཀི།
- དུས་ཚོད་ཕྱེད་ཀ་འདིའི་ནང་དུ་གོང་ནས་བཤད་པ་དང་འབྲེལ་ན་ཆོག་གི།
- གཞན་པ་དང་འབྲེལ་ནའང་ཆོག་གི།
- དྲི་བ་ཡོད་ན་ངས་ཤེས་པ་རྣམས་ཁྱོད་ཚོར་ལན་བཏབ།
- ཡང་ན་ང་ཚོས་ཁ་བརྡ་བྱེད།
- ཨེ་ཆོག
- ངས་ཉོག་བཤད་དེ་འདྲ་ཞིག་བྱེད།
- དྲི་བ་ཡོད་ན་དྲིས།
- བརྒྱ་ཆའི་དགུ་བཅུ་ཡིས་དྲང་མོར་བཤད་པ་རེད།
- བཅུ་ཐམ་པ།
- བརྒྱ་ཆའི་བརྒྱ་ཟེར་བ་དེ་མི་བདེན།
- སྙན་ངག་པ་ངོ་མ་ཞིག་ཡིན་ན་བརྒྱ་ཆའི་བརྒྱ་བཤད་པ་རེད།
- ངས་ཅི་ལྟར་འདང་བརྒྱབ་ན་སྙན་ངག་པ་ངོ་མ་ཞིག་མ་རེད།
- བུད་མེད་ཀྱི་རྩོམ་པ་པོའི་གྲངས་ཀ་ཇེ་མང་དུ་སོང་འདུག
- སློབ་མའི་ནང་དུའང་སྐབས་ཤིག་ལ་སྐྱེས་པ་ལས་བུད་མེད་མང་གི།
- ཧ་ཅང་ཇེ་མང་དུ་འགྲོ་བཞིན་འདུག
- དེ་འདྲའི་ཁོར་ཡུག་དང་ཆ་རྐྱེན་གྱི་འོག་ཏུ་རྩོམ་པ་པོ་མང་པོ་བྱུང་ན་ཆོག
- མ་གཞི་དུས་རབས་ཀྱི་ཆ་ནས་བཤད་ན་རྩོམ་པ་པོ་ཇེ་ཉུང་དུ་འགྲོ་བའི་དུས་སྐབས་ཤིག་རེད།
- ད་སྐབས་སྙན་ངག་འབྲི་བ་ཅུང་ཙམ་ཀླ་ས་ཀློའུ་སེ་ལ་བརྩི་བཞིན་འདུག
- མིའི་གྲངས་ཀའི་ངོས་ཐད་ནས་བཤད་ན་འཕེལ་རྒྱས་སུ་སོང་ན་ཆོག་ཆོག་རེད།
- དྲི་བ་ཡོད་དམ།
- དྲི་བ་ཡོད་ན་གང་གི་སྐོར་ཡིན་ན་ཡིན།
- ངས་ཤེས་པ་རྣམས་བཤད།
- བརྒྱ་ཆའི་དགུ་བཅུ་དྲང་མོར་ཡོད།
- བཤད་རྒྱུན་ལ་དེ་ལྟར་བཤད་ཀྱིན་འདུག
- མཁས་དབང་དགེ་ཆོས་ཀྱི་རང་མོས་སྙན་ངག་ཅེས།
- རང་མོས་སྙན་ངག་དེ་དབྱིན་ཇི་ལམ་ནས་བྲིས་ཡོད།
- མཁས་དབང་དགེ་ཆོས་ཀྱི་སྙན་ངག་གཉིས་ཡོད་ཀི།
- དབྱིན་ཇིའི་ལམ་ནས་བརྩམས་པའི་སྙན་ངག་གཉིས་ཡོད་ཀི།
- གཉིས་ཀ་ཚིགས་བཅད་རེད།
- རང་མོས་ཀྱིས་བྲིས་པ་ངས་རིག་མ་མྱོང་།
- ངས་རིག་མྱོང་།
- གང་གི་སྟེང་ན་ཡོད།
- བློ་བཟང་ཡོད་ཏན་ཞེས་དྲ་ཐོག་ན་འདི་འདྲ་ཞིག་འདུག
- དབྱིན་ཡིག་ལ་བཟང་བ་ཞིག་རེད།
- ཁོས་བཤད་པ་ཡིན་ན་དགེ་ཆོས་ཀྱི་དབྱིན་ཡིག་གི་ཆུ་ཚད་སློབ་འབྲིང་གི་རིམ་པ་དེར་ཐོན་མེད་ཟེར།
- དབྱིན་ཡིག་གི་སྙན་ངག་བྲིས་ཡོད་ཟེར་ན་ངས་རིག་མ་མྱོང་།
- སྐད་འཕྲིན་ནང་ན།
- དེའི་ནང་ན་གཉིས་ཡོད་ཀི།
- ཧད་ཏ་ཡིས་བྲིས་པའི་དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར།
- ཨ་མདོ་ཐོའུ་པོད་གསུམ་སྟེ་ཨ་མདོ་པ་མགོ
- ཨ་མདོ་པ་མགོ་ཡི་ནང་ན་ཚན་པ་གཉིས་ཡོད་ཀི།
- གཅིག་གི་མིང་ལ་མ་ན་ས་རོ་བ་ཟེར།
- གཅིག་གི་མིང་ལ་མི་ལ་རས་པའི་སྒོ་གླུ་ཟེར།
- དེར་ང་ཅུང་ཙམ་ཆ་རྒྱུས་ཡོད་པ་རེད།
- སྔོན་ལ་ངས་དབྱིན་ཡིག་མི་ཤེས་མོད།
- དབྱིན་ཡིག་ལ་ཆ་རྒྱུས་ཡོད་པ་མིན་མོད།
- ང་ཚོའི་ནང་གི་དགེ་རྒན་ཞིག་དབྱིན་ཡིག་ལ་ཧ་ཅང་བཟང་བ་ཞིག་ཡིན།
- ཁོ་ཕྱི་རྒྱལ་ལ་སོང་སྟེ་དབྱིན་ཡིག་གི་ལམ་ནས།
- མ་གཞི་ཧྥ་རན་སིའི་སྐད་ཀྱིས་བྲིས་པ་ཨེ་རེད།
- ཧྥ་རན་སི་རེད་དམ།
- ཨོ་ལེད་་་དེ་ནས་དབྱིན་ཡིག་ལ་བསྒྱུར་ཡོད་པའི་དཔེ་ཆ་ཁྱེར་ཡོང་ནས།
- ཁྱེར་ཡོང་བས་རྗེས་ནས་དགེ་འདུན་ཆོས་འཕེལ་གྱི་སྙན་ངག་ཚན་པ་གཉིས་བྲིས་འདུག་ཅེས།
- ངས་ཁོ་ལ་ཁྱོད་ཀྱིས་འདིའི་ནང་དོན་ང་ལ་ཤོད་ཅེས་བཤད་པས།
- ངས་དེའི་ནང་དོན་བོད་ཡིག་ལ་ཕབ་ཨེ་ཐུབ་བལྟ་ཞེས་བཤད།
- ངེད་གཉིས་ཀྱིས་དེ་ཚོད་ལྟ་བྱས་མྱོང་།
- ཚོད་ལྟ་བྱས་རྗེས་མཐའ་རྔ་མར་མ་ན་ས་རོ་བ་ཟེར་བ་དེ་བསྒྱུར་ཚར་དུས།
- འདི་ངས་ཅིག་ནས་རིག་མྱོང་བ་འདྲ།
- ནང་དོན་དང་གོ་རིམ་ལ་བལྟས་ན་ཅིག་ནས་རིག་མྱོང་བ་འདྲ།
- དེར་རྗེས་ནས་བལྟས་དུས་གང་གི་ནང་ན་ཡོད་ཟེར་ན་མི་ལ་རས་པའི་གངས་མགུར།
- གངས་མགུར་ཁྱོད་ཚོས་ཨེ་ཤེས།
- ཁ་བ་ཉིན་ཞག་བཅོ་བརྒྱད་ལ་བབས་པ་དེ་འདྲ་ཞིག་བྲིས་ཡོད་པ།
- དེ་དག་ཚང་མ་བྲིས་ཡོད་པ་དེ་རེད།
- གངས་མགུར་རེད།
- གངས་མགུར་དེ་ཁ་ཚང་བོར་མིན་མོད།
- དེའི་ནང་གི་ནང་དོན་གཙོ་བོ་རྣམས་ཕར་ལ་བསྒྱུར་བ་དེ་རེད།
- མི་ལ་རས་པ་ཡི་སྒོ་གླུ་ཡིན་ནའང་དེ་རེད།
- མི་ལ་རས་པའི་མགུར་གྱི་ནང་གི་ཉམས་དང་བཅས་པ་ཕར་བསྒྱུར་བ།
- དེ་ནས་ཁོས་དབྱིན་ཡིག་ལས་ང་ལ་བཤད་པ་ནི་ཚིགས་བཅད་ཡིན་པ་མ་ཟད།
- ད་དུང་押韵རེད།
- དེར་ང་ཚོས་ཅི་ལྟར་བཤད་ན་འགྲིག
- ལྡེབ་སྦྱོར་གྱི་ཆ་ནས་བཤད་ན་སྒྲ་རྒྱན་འདྲ་ཞིག་རེད།
- ང་ཚོ་བོད་ཀྱི་སྒྲ་རྒྱན་དང་押韵གཉིས་མི་གཅིག་མོད།
- རྗེས་ནས་ཚིག་གི་མཇུག་ཏུ་ཡོང་བ།
- རྒྱ་ཡིག་ཡིན་ནའང་མཇུག་ཏུ་ཡོང་བ།
- 韵母གཅིག་བྱེད་པ་དེ་ལྟ་བུ།
- དེ་ལྟར་ཐོན་དུ་བཅུག་པ་རེད།
- དེའི་རྒྱུ་མཚན་གྱིས་ཁོས་བཤད་པ་ནི།
- ངོ་མས་སྙན་ངག་ཚིགས་བཅད་ཡིན་པ་དང་押韵ཡང་ཐོན་ཡོད་པ།
- ངོ་མས་ཡག་པོ་རེད་ཅེས་བཤད།
- དེ་བས་དེའི་སྐབས་ཐོག་དེར་སྙན་ངག་བྲིས་ཡོད་པ་ནི།
- ཧད་ཏ་ཡི་དེའི་ནང་ན་ཚན་པ་གཉིས་ཡོད་ཀི།
- དེ་གཉིས་ཀ་རང་མོས་སྙན་ངག་མ་རེད།
- དེ་མ་གཏོགས་པའི་གཞན་ཞིག་ཡོད་ན་ངས་རིག་མ་མྱོང་།
- མ་མྱོང་མོད་ཡོད་ན་དེ་ཐོག་མ་ལ་བརྩི་དགོས་ན་ཐང་།
- མིག་སྔར་ང་རང་གིས་མ་རིག་པའི་གནས་ཚུལ་གྱི་མངའ་འོག་ནས།
- ལང་ཚོའི་རྦབ་ཆུ་དང་པོ་རེད་ཟེར་དགོས་རྒྱུ་རེད།
- རང་མོས་སྙང་ངག་ཟེར་བའི་ཐ་སྙད་དེ་གསར་བ་ཡིན་པ་དང་དེའི་ངོས་ཐད་ནས་བཤད་པ་ཡིན།
- དེ་མ་གཏོགས་བྲོ་བའི་རྣམ་པ་ཅན་གྱིསྙན་ངག་གི་ངོས་ཐད་ནས་བཤད་ན།
- ནོར་རྫས་ཀྱི་འཕེལ་རིམ་གྱི་སྟེང་ནས་བཤད་ན།
- 波浪式前进的ཟེར་བ་བཞིན།
- རྦབ་རླབས་ཀྱི་རྣམ་པ་དེ་གཅིག་འཕེལ་ནས་གཅིག་འཇགས་པ་དེ་རེད།
- ཚིགས་བཅད་དང་བྲོ་བའི་རྣམ་པ་ཅན་གྱི་སྙན་ངག་གཉིས་ཀྱང་འདི་ལྟར་ཡོང་བ་རེད།
- རྦབ་རླབས་ཀྱི་རྣམ་པ་ལྟར།
- བཙན་པོའི་དུས་སྐབས་ཀྱི་མགུར་གླུ་ནས།
- འ་བ་ཉི་ཉེ་པ་ཉིད་ལྟ་བུ་ནི་བྲོ་བའི་རྣམ་པ་ཅན་རེད།
- ཚིགས་བཅད་ཀྱི་རྣམ་པ་རེད།
- དེ་ད་བར་དུ་འདི་ལྟར་ཡོང་བ་རེད།
- མི་ལ་རས་པའི་དུས་སྐབས་ལ་ཐོན་དུས་ཚང་མར་གསལ་ཆ་ཡོད་པ་རེད།
- དེ་ནི་ཆོས་ཉིད་ཅིག་རེད།
- ཆོས་ཉིད་ཀྱི་ངོས་ཐད་ནས་འདང་བརྒྱབ་ན།
- 自由诗ཞིག་བྱུང་བས་ཡ་མཚན་ཞིག་མ་རེད།
- རང་མོས་སྙན་ངག་ཅིག་བྱུང་བ་ཡ་མཚན་ཞིག་མ་རེད།
- ཨེ་རེད།
- དེ་ཡོད་ན་ཐང་།
- གང་གི་སྟེན་ན་ཡོད་པ་ངས་གསལ་བོ་ཞིག་མ་ཤེས།
- ཕྱི་རྒྱལ་གྱི་མི་དེ་འདྲ་ཅུང་ཤེས་མཁན་ཞིག་ཡོད་པ་དེས།
- ཨ་མེ་རི་ཁའི།
- ང་ཚོའི་སྙན་རྩོམ་གཅེས་བཏུས་འདྲ་བོ་ཡོད་པ།
- དེ་འདྲ་ཞིག་གི་ནང་དུ་དགེ་ཆོས་ཀྱི་སྙན་ངག་ཡོད་ཀི་ཞེས།
- ཚིགས་བཅད་དང་རང་མོས་གང་ཡིན་མིན་མི་ཤེས་མོད།
- དགེ་ཆོས་ཀྱི་སྙན་ངག་ཡོད་པ་དང་གཅིག་ནི་མ་ཕམ་གཡུ་མཚོའི་སྐོར་རེད་ཟེར།
- རེད་ཡ་་་མ་ཕམ་གཡུ་མཚོ་རེད།
- དེ་ན་དེ་རེད།
- དེ་པར་བླངས་ནས་སྐུར་འདུག
- དེ་གཉིས་ནི་རང་མོས་སྙན་ངག་ཕལ་ཆེར་མ་རེད།
- ཡིན་ན་ཐང་།
- གལ་ཏེ་དེ་འདྲ་རྙེད་ན་རེ་མ་ང་ལ་སྐུར་རོགས།
- ངོ་མས་བཤད་པ་ཡིན།
- ཁྱོད་ཚོ་སུ་ཡིན་ན་ངས་ཁྱོད་ཚོར་བཅོལ་གདམས་ཤིག་བྱས་པ་ཡིན།
- ཅིའི་ཕྱིར་ཞེས་ན་ངས་ད་ལོའི་སློབ་སྐབས་སྔོན་མ་འདི་ལ།
- སློབ་མ་སྐོར་ཞིག་ལ་དགེ་འདུན་ཆོས་འཕེལ་གྱི་ཞིབ་འཇུག་ཅེས།
- དེ་ཁྱོད་ཚོར་དཀའ་མོ་ཞིག་རེད་མོད།
- དེའི་ནང་དུ་གཙོ་བོ་རྩོམ་རིག་གཞིར་བཟུང་ནས་ངས་ཁོ་ཚོར་ཁྲིད་ཁ་བྱས།
- དེའི་སྐབས་དེར་ཁོ་ཚོར་འགན་ཁུར་ཞིག་བཞག་ནས།
- ང་ཚོས་དགེ་འདུན་ཆོས་འཕེལ་གྱི་སྙན་ངག་གི་དེབ་ཅིག་སྒྲིག་པ་ཡིན།
- དེབ་དེ་སྒྲིག་དོན་ནི་སྔོན་མར་དགེ་ཆོས་ཀྱི་སྙན་ངག་རྣམས་ཕྱོགས་སོ་སོ་ན་ཡོད་མོད།
- དེབ་ཐེར་དཀར་པོ་ལྟ་བུ།
- གསེར་གྱི་ཐང་མ་ལྟ་བུ།
- སོ་སོའི་ནང་ནས་ཁོས་མཛད་པའི་ཚིགས་བཅད་ཀྱི་རྣམ་པ་དང་།
- སྙན་ངག་གི་ཉམས་ཅན་ཚང་མ།
- སྙན་ངག་གི་དེབ་རྐྱང་རྐྱང་ཞིག་སྤེལ་བ་དེའི་ནང་དུ་དབྱིན་ཡིག་གི་སྙན་ངག་དེ་གཉིས་ཀྱང་སྤེལ་ཡོད།
- ཁོའི་རང་མོས་སྙན་ངག་ཅིག་ཡོད་ན་རབ་རེད།
- ད་སྐབས་དྲ་ཚིགས་ཀྱི་སྟེང་གི་དེར་ཡིད་ཆེས་རྒྱུ་མེད་ཀི།
- དཔེ་འཇོག་རྒྱུ་ན་དྲ་ཚིགས་ཀྱི་སྟེང་གི་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལྟ་བུ།
- ཨེ་རེད།
- ཁུངས་ཅུང་ཙམ་གཏུག་ས་ཡོད་ན་འགྲིག་འདུག
- དེར་མཚམས་སྦྱོར་ཞིག་མེད་དམ།
- སྔོན་མར་དགེ་འདུན་ཆོས་འཕེལ་བླ་བྲང་ན་ཡོད་དུས།
- དབྱངས་ཅན་མ་ལ་བསྟོད་པ་ཞེས་པ་ཞིག་བྲིས་ཡོད་ཟེར།
- དེ་དཔེ་ཆ་གཅིག་གི་སྟེང་ནའང་མེད་ཀི་ཟེར།
- ཨ་ཁུ་འཕྲིན་ལས་ཡོད་པ།
- ཨ་ཁུ་འཕྲིན་ལས་ལ་བློ་དྲིས་ཡོད།
- དེ་ཡིག་ཐོག་ཏུ་ཕབ་ན་ཅི་ལྟར་ཕབ་དགོས།
- དབྱངས་ཅན་མ་ཡི་བསྟོད་པ་ཞིག་རྡོ་རྗེ་རྒྱལ་གྱིས་བྲིས་པ་ཡིན་ནམ་གང་ཡིན།
- དུང་གི་ཟླ་བ་དཀར་པོ་ཡིན་ནམ།
- འཛམ་གླིང་དུང་ཟླ་དཀར་པོ།
- ཁ་ཚང་མིན་པའི་ཐུང་ཐུང་ཞིག་ཡོད་པ་རེད།
- དེར་ཅུང་ཙམ་ཡོད་ཀི།
- འགྲེལ་བརྒྱབ་ནས།
- ཕྱི་གླིང་ནས་གཅིག་གིས་ཅིག་སྒྲིག་འདུག
- དེ་ཅི་ལྟར་བསྒྲིགས་པ་མི་ཤེས།
- དགེ་འདུན་ཆོས་འཕེལ་གྱི་སྙན་ངག་ཁག་བརྒྱ་དང་བརྒྱད།
- ཁག་བརྒྱ་དང་བརྒྱད།
- ད་དུང་མིང་ལ་ཅི་ཞིག་བཞག་ཡོད་ཟེར་ན།
- དེ་ཚུར་ལ་བསྒྱུར་བ་རེད།
- བསྒྱུར་བ་ཡིན་མོད་ཕལ་ཆེར་མིང་འདོགས་ཕྱོགས་ནི།
- དེ་ཡིས་སྟེང་ནས་ཡོང་ཁ་རེད།
- དེ་ཡིས་སྟེང་ནས་མིང་དེ་བཏགས་པ་འདྲ།
- དབྱིན་ཡིག་གི་སྟེང་ནས་སྒྲིག་པའམ་ཅི་ཞིག་ཡིན་པ་མི་ཤེས།
- དཔེ་ཆ་འདི་ཕྱི་གླིང་ན་ཡོད་ཁ་རེད།
- དེའི་ནང་ན་ཁག་བརྒྱ་དང་བརྒྱད་ཅེས་བཤད་འདུག
- དེ་འདྲ་ཞིག་ངས་རིག
- དངོས་སུ་དཔར་སྐྲུན་བྱས་པ་ཞིག་མ་རེད།
- རང་བཞིན་གྱིས་དཔར་བ་མ་གཏོགས།
- དེའི་འཕྲོར་ཁ་མི་ཚང་།
- བུད་མེད་ཚོར་འདྲི་རྒྱུ་མེད་ན་སྐྱེས་པ་ཚོར་འདྲི་རྒྱུ་ཨེ་ཡོད།
- དགེ་རྒན་ང་ལ་དྲི་བ་ཞིག་ཡོད་ཀི།
- ད་བར་གྱི་སྐབས་འདིར།
- བུ་མོ་ཅུང་ཙམ་ཇེ་མང་དུ་སོང་འདུག་ཟེར་བ།
- ད་བར་སློབ་ཆེན་གྱི་ནང་དུ།
- སྐྱེས་པ་ཇེ་ཉུང་དུ་སོང་འདུག་ཟེར།
- སྐྱེས་པ་ཇེ་ཉུང་དུ་སོང་བ་ཅིའི་ཕྱིར་ཡིན་པ་ཨེ་ཤེས་ཞེས་པ་དེ་གཅིག་ཡིན།
- གནས་ཚུལ་ཅི་ཞིག་ཡིན་པ།
- ཅིའི་ཕྱིར་སྣང་ཚུལ་འདི་བྱུང་བ་རེད།
- འོ་ན་བུ་མོ་ཚོའི་གྲངས་ཀ་ཇེ་མང་དུ་སོང་ན།
- དགེ་རྒན་ཡིན་ན་ཅུང་ཙམ་སྔོན་ལ་སློབ་མ་བརྒྱུད་ནས་ཡོང་བ་རེད།
- དེ་དུས་ཀྱི་བུ་མོ་ཚོར་བསྡུར་ནས་ཡོང་ན།
- བསམ་བློ་དང་བོད་ཡིག་གི་ཆུ་ཚད་སོགས་ཕྱོགས་གང་ཐད་ནས།
- ཁྱོད་ཀྱིས་བལྟས་ན་གྲངས་ཀ་དང་སྤུས་ཚད་ཀྱི་ཐོག་ནས།
- གྲངས་ཀ་མང་མོད་སྤུས་ཚད་སྔོན་ཆད་འདྲ་ཞིག་ཨེ་རེད།
- དེ་གཅིག་རེད།
- ད་དུང་ད་བར་ཡིན་རྒྱུ་ན།
- བལྟས་ཚོད་ཀྱིས་བོད་ཀྱི་རྩོམ་རིག་གི་གཤོག་པ་ཅུང་སྲ་མོར་གྱུར་འདུག་བསམ།
- འདི་ལ་གོ་རྒྱུ་མང་པོ་ཞིག་ཡོད།
- ཁྱེད་ཀྱིས་བལྟས་ན་མ་འོངས་པར།
- འཕུར་ནས་གནམ་འཕང་གང་ཞིག་ལ་གཅོད་ཐུབ་རྒྱུ་རེད།
- འདི་ཁྱེད་རང་གི་བལྟ་ཚུལ་ཞིག་ང་ཚོར་བཤད་ན།
- ང་རང་གིས་ཤེས་ན་འདོད།
- ཁྱེད་རང་གི་བལྟ་ཚུལ།
- དྲི་བ་དང་པོ་འདི་མི་ཤེས་ལ་འདང་ཡང་བརྒྱབ་མ་མྱོང་།
- ངོ་མས་བཤད་པ་ཡིན།
- འདང་མ་བརྒྱབ་པར་རང་བཞིན་གྱིས་དེ་འདྲའི་སྣང་ཚུལ་ཞིག་ཡོད་ཀི་བསམ།
- ཞིབ་ཏུ་འདང་མ་བརྒྱབ་པ་རེད།
- དེ་མི་ཤེས།
- མི་ཤེས་མོད་བར་སྐབས་ཤིག་ལ་སློབ་གྲྭའི་ནང་དུའང་དེ་འདྲའི་སྣང་ཚུལ་ཞིག་ཡོད་ཀི།
- སྔོན་ཆད་འཛིན་གྲྭ་རྒན་པའི་སྐོར།
- འདི་ཚོ་ཅུང་ཙམ་ཆུང་བ་རེད།
- ང་ཚོའི་སྐོར་ཏེ་ཅུང་ཙམ་རྒན་པའི་སྐོར་དེར་ཚོར་བ་ཡོད་པ་རེད།
- འཛིན་གྲྭ་གཅིག་གི་ནང་དུ་བུ་མོ་གཉིས་རེ་གསུམ་རེ།
- བཞི་རེ་ལྔ་རེ་དང་མང་ནའང་དེ་འདྲ་མ་གཏོགས་ཡོད་པ་མ་རེད།
- ད་ལྟ་ཕྱེད་ཀ་དང་ཡང་ན་མང་ཤེས།
- བུ་མོ་ཡིན་པ་དེ་འདྲའི་འཛིན་གྲྭ་མང་པོ་ཡོད།
- དེ་རང་བཞིན་གྱིས་གློ་བུར་དུ་ཅི་ལྟར་བྱུང་བའང་མི་ཤེས།
- དེ་གཅིག་རེད།
- རྒྱུ་མཚན་མང་པོ་ཡོད་ན་ཐང་མོད་མི་ཤེས།
- གཉིས་ཏེ་ཆུ་ཚད་ཀྱི་སྟེང་ནས་ང་རང་གི་ཚོར་བ་ཡིན་ན་ཅུང་ཙམ་མི་འདྲ་མོད།
- ལོ་འདི་དག་གི་རིང་ལ་སྤྱིར་བཏང་གི་སློབ་མའི་སྟེང་ནས་བལྟས་ན།
- རྒྱ་ཡིག་གི་ཆུ་ཚད་ཇེ་བཟང་ཇེ་བཟང་ལ་འགྲོ་བཞིན་འདུག
- བོད་ཡིག་གི་ཆུ་ཚད་སྔོན་ཆད་དང་བསྡུར་ན་གྲངས་ཀ་མང་མོད་ཇེ་ཞན་དུ་འགྲོ་བཞིན་འདུག
- སྤྱི་ཆ་ནས་བལྟས་ན་ཇེ་ཞན་དུ་འགྲོ་བཞིན་འདུག
- དེ་འདྲའི་སྣང་ཚུལ་ཞིག་ཡོད་ཀི།
- རྩོམ་རིག་གསར་རྩོམ་གྱི་སྟེང་ནས་ལྷག་པར་དུ་དེ་རེད།
- བུ་མོའི་གྲངས་ཀ་མང་ནའང་དེ་ཚང་མ་རྩོམ་རིག་ལ་འཐམ་གྱིན་ཨེ་ཡོད་ཟེར་ན་འཐམ་གྱིན་མེད།
- ཐ་ན་རྩོམ་རིག་གི་ཆད་ལས་དེར་མི་འཐམ་གི
- ང་ཚོ་ལྟ་བུ་མཐར་ཕྱིན་དུས་མཐར་ཕྱིན་དཔྱད་རྩོམ་ཕྲིས་ཟེར་ན།
- མ་གཞི་ཆད་ལས་སྐད་ཡིག་དང་རྩོམ་རིག་རེད།
- ཡིན་ཡང་འབྲི་བ་ནི་ལོ་རྒྱུས་དང་དམངས་སྲོལ་སྐོར་རེད།
- ལོ་གསར་རོལ་སྟངས་དང་།
- འཆམ་རྟག་སྟངས་དང་།
- བྱ་ལ་གཡེང་སྟངས་སོགས་ཀྱི་སྐོར་འབྲི་བ་རེད།
- རྩོམ་རིག་གི་ངོས་ཐད་ནས་འབྲི་བ་དང་དཔྱད་པ་གཏོང་བ།
- བརྩམས་ཆོས་འདི་འདྲ་ལ་དཔྱད་པ་གཏོང་བ་དང་གན་འདྲ་ལ་དཔྱད་པ་གཏོང་བ།
- རྩོམ་རིག་གི་སྣང་ཚུལ་ལ་ཞིབ་འཇུག་བྱེད་པ།
- དེ་འདྲ་བྱེད་པ་ཤིན་ཏུ་ཉུང་ཉུང་རེད།
- ངས་ཁོ་ཚོར་དེ་ལྟར་བཤད་པ་ཡིན།
- ཁྱོད་ཚོའི་ཆད་ལས་འདི་རེད།
- ཆད་ལས་འབྲི་མ་ཤེས་ན་དམངས་སྲོལ་ཤེས་རྒྱུ་མ་རེད་པ།
- ཆད་ལས་འབྲི་མ་ཤེས་ན་ལོ་རྒྱུས་འབྲི་ཤེས་རྒྱུ་མ་རེད་པ།
- གང་ལྟར་ཀྱང་དེ་འདྲ་ཞིག་བདམ་བཞིན་འདུག
- རྒྱུ་མཚན་ཅི་ཡིན་མི་ཤེས།
- ད་དུང་མ་མོག་ཅིག་ཤེས་པ་དེ་འབྲི་སླ་བ་འདྲ།
- སྤྱིའི་ཆ་ནས་བལྟས་ན་ལོ་འདི་དག་གི་རིང་ལ་བོད་ཡིག་གི་ཆུ་ཚད་ཇེ་ཞན་ལ་འགྲོ་བཞིན་འདུག
- སྐྱེས་མ་གཅིག་པུ་མིན་པར།
- སྐྱེས་པ་ཡིན་ནའང་ཕལ་ཆེར་ཇེ་ཞན་དུ་འགྲོ་བཞིན་འདུག
- རྒྱ་ཡིག་ཡིན་ན་གློ་བུར་དུ་ཇེ་བཟང་ལ་འགྲོ་བ་ཡོད།
- དེ་རེད་་་དེ་ནས་དྲི་བ་གསུམ་པ་ནི།
- བྱ་དེ་ཡིན་པ་རེད།
- སྤྱིའི་ཆ་ནས་བཤད་ན།
- སྔོན་ལ་གོང་ནས་བཤད་པ་ལྷ་ཡི་དུས་རབས།
- དཔའ་བོའི་དུས་རབས་དང་མི་ཡི་དུས་རབས་ཟེར་བ།
- མི་བརྗོད་བྱར་བཟུང་ནས་འདིའི་ཕྱོགས་འདི་འབྲི་རྒྱུ་ཡིན་པ་ཁོ་ཐག་ཡིན་པ་རེད།
- གལ་ཏེ་འཕེལ་རྒྱས་བྱུང་རྒྱུ་ཡིན་ན་དེ་ཁོ་ཐག་ཡིན་ནི་རེད།
- མི་རབས་གསུམ་པ་ལ་སྡིག་རྒྱུ་མེད་ཀི།
- མི་རབས་གསུམ་པའི་ནང་གི་སྐོར་ཞིག་ལངས་ཕྱོགས་ཀྱི་སྐོར་ནས།
- ཤན་ཤུགས་ཐེབས་པ་དང་དཔེ་འཇོག་རྒྱུ་ན།
- བག་ཆགས་དོང་སྤྲུགས་ལ་སོགས་པ་འདི་འདྲ་མང་པོ་ཡིས།
- ཤན་ཤུགས་ཐེབས་ནས་བྱུང་བ་ཡིན་རུང་མིན་རུང་།
- གང་ལྟར་ཀྱང་མི་འདི་དཀྱིལ་སྙིང་ལ་བཟུང་ནས།
- 文学是人学ཟེར་བ་དེའི་ངོས་ཐད་ནས་འདང་བརྒྱབ་པ་རེད་བསམ།
- དེའི་ངོས་ཐད་ནས་འགྲོ་ཕྱོགས་འདྲ་བོ་ཆ་དེ་ནས་བཤད་ན་འགྲིག་འདུག
- དེ་རེད་་་དེ་ནས་ཕྱིར་འཁོར་ཏེ།
- མིག་སྔར་བལྟས་ནས་ཡོང་ན་སྤྱི་ཚོགས་ཀྱི་ལངས་ཕྱོགས་འདྲ།
- གང་ཡིན་མི་ཤེས་མོད་མང་ཆེ་ཤོས་ནི།
- སྤྱི་ཚོགས་ཀྱི་འགན་འཁྲི་མེད་ཟེར་མཁན་རྣམས་ཀྱང་།
- ཆ་གཅིག་ནས་བཤད་ན་མི་རབས་གསུམ་པའི་ནང་དུའང་།
- འགན་འཁྲི་དེ་བརྩམས་ཆོས་ཀྱི་ནང་དུ་དུས་དང་རྣམ་པ་ཀུན་ཏུ་ཐོན་གྱིན་འདུག
- དེ་འགྲིག་འདུག
- དེ་བས་སྤྱིར་མིའི་ཕྱོགས་སུ་འགྲོ་རྒྱུ་ཡིན་མོད།
- འགན་འཁྲི་ཅན་གྱི་མི་ལ་དོ་སྲིད་རྒྱུ་མ་རེད།
- མིའི་ཕྱོགས་སུ་སོང་ན་འགན་འཁྲི་མེད་ཀི་ཟེར་བ་མིན།
- ང་ཚོས་བཤད་པ་གཉིས་ལ་ཡང་ལྕི་དང་ཁྱད་པར་ཡོད་ཀི།
- དམིགས་ས་གཉིས་ཀ་ཅུང་ཙམ་མི་འདྲ་བ་རེད།
- དེ་བས་གཉིས་ཀ་ཕན་ཚན་ལ་ཁ་བྲལ་ཐུབ་རྒྱུ་མ་རེད།
- འགྲོ་ཕྱོགས་དེ་ཡིན་རྒྱུ་རེད་བསམ།
- དེའི་ཕྱོགས་དེར་འགྲོ་རྒྱུ་རེད་བསམ།
- ཅི་འདྲ་ཞིག་ལ་ཐོན་ངེས་ཡིན་པ་མི་ཤེས།
- སྤྱིར་བཏང་གིས་དཔེ་འཇོག་རྒྱུ་ན་དེ་ཉིན་ཚོགས་འདུའི་རྗེས་ནས།
- མི་རིགས་རྩོམ་རིག་གི་རྩོམ་སྒྲིག་པ།
- རྒྱ་ཡིག་གི་རྩོམ་སྒྲིག་པ་བུད་མེད་ཅིག་ཡོང་ཡོད་ཀི།
- མི་རིགས་侗族ཟེར་བ་དེ་རེད།
- དེ་ཡིས་སྟག་འབུམ་རྒྱལ་བཅར་འདྲི་ཞིག་བྱས་ཐལ།
- སྟག་འབུམ་རྒྱལ་ཚོགས་འདུ་ལ་ཞུགས་པ་དང་།
- དེའི་མི་ཚད་ད་རེས་བྱ་དགའ་བླངས་པ་རེད།
- སྟག་འབུམ་རྒྱལ་ལ་བཅར་འདྲི་བྱེད་དུས།
- ཁོར་ལོ་ཙ་ཞིག་བྱས་ཞེས།
- སྔོན་ལ་ལུང་རིན་ཆེན་གྱིས་ལོ་ཙ་བྱས།
- དེ་ནས་ངས་ལོ་ཙ་བྱས།
- དེ་བས་སོང་ནས་ཁ་བརྡ་བྱས།
- ཁྱོད་རང་གི་ངོས་ཐད་ནས་བཤད་ན།
- མོའི་དྲི་བ་དེ་རེད།
- ཁྱོད་རང་གི་ངོས་ཐད་ནས་བཤད་ན།
- ཁྱོད་ཀྱིས་བལྟས་ན་བོད་ཀྱི་རྩོམ་རིག་དང་དེང་རབས་རྩོམ་རིག་འདི།
- ཚད་ཅི་འདྲ་ཞིག་ལ་འཕེལ་རྒྱས་བྱུང་ཡོད་དམ་མེད།
- འཕེལ་རྒྱས་བྱུང་བའི་རིམ་པ་ཅི་འདྲ་ཞིག་རེད་ཅེས།
- ཁོས་ལན་འདེབ་བཞིན་འདུག
- དེ་ངས་བལྟས་ན་ཧ་ཅང་བཟང་གི་བསམ།
- གཅིག་ནི་ཅི་རེད་ཟེར་ན།
- སྔོན་ཆད་ཁོས་རྩོམ་འབྲི་དུས་དུས་དེབ་ཀྱི་སྟེང་ལ་བཀོད་ཐུབ་མི་ཐུབ་དེ་གཙོ་བོ་ཡིན་ཟེར།
- མགོ་མ་འབྲི་དུས།
- ཁོས་རྩོམ་ཞིག་བྲིས་ནའང་།
- འདི་དུས་དེབ་འདིའི་ནང་དུ་སྐུར་ན་སྤེལ་རྒྱུ་ཡིན་མིན་དེར་དམིགས་ནས་བྲིས་པ་ཡིན་ཟེར།
- བར་སྐབས་ཤིག་ལ་ཐོན་དུས་ཁོས་རྩོམ་འདི་ཅི་ལྟར་བྲིས་ན་བཟང་གི།
- ཅི་ལྟར་མཚོན་ན་བཟང་གི།
- མཚོན་ཐབས་ཀྱི་སྐོར་ལ་ཧ་ཅང་དོ་སྣང་བྱས།
- 表现手法དེའི་ཕྱོགས་ལ་ཧ་ཅང་དོ་སྣང་བྱས།
- དེར་ངས་དཔེ་འཇོག་རྒྱུ་ན་ཁོའི་བརྩམས་སྒྲུང་གི་ནང་ནས་ཀྱང་སྐོར་ཞིག
- མཚོན་ཐབས་ཀྱི་སྟེང་ནས་ཅུང་ཙམ་ཁྱད་པར་བ་ཞིག་རེད།
- དེ་རྣམས་ལ་མངོན་སུམ་གྱི་ཤུལ་དེ་ཡོད་ཀི།
- དེའི་མི་ཚད་ང་ལྷ་ས་སོང་དུས་བཀྲ་ཤིས་དཔལ་ལྡན་གྱིས།
- ཕ་ཡུལ་ཁྱིམ་ཚང་གི་སྐྱིད་སྡུག་དེར་བལྟས་ནས།
- ཁོ་ལ་ཁ་བརྡ་བྱས་རྗེས་ངས་ཁོ་ལ།
- བཀྲ་ཤིས་དཔལ་ལྡན་ལ་དེ་ལྟར་བཤད།
- བཀྲ་ཤིས་དཔལ་ལྡན་ཁྱོད་ཀྱིས་སྟག་འབུམ་རྒྱལ་གྱི་རྩོམ་ལ་བལྟས་ན་ཡག
- སྟག་འབུམ་རྒྱལ་ལ་ཁྱོད་ཀྱིས་བཀྲ་ཤིས་དཔལ་ལྡན་གྱི་རྩོམ་ལ་བལྟས་ན་ཡག
- དེའི་རྒྱུ་མཚན་ཅི་ཞིག་ཡིན་ཟེར་ན།
- བཀྲ་ཤིས་དཔལ་ལྡན་གྱི་ཕ་ཡུལ་ཁྱིམ་ཚང་གི་སྐྱིད་སྡུག་གི་ནང་དུ།
- འཚོ་བ་ཧ་ཅང་གིས་ཡོད་པ།
- ཡིན་ཡང་མཚོན་ཐབས་ཀྱི་སྟེང་ནས་ཧ་ཅང་གྱིས་ལྷ་ལ་ལྷོད་ལེ་ཞིག་རེད།
- ཅུང་ཙམ་་སྒྱིད་ལུག་ཅིག་རེད།
- སྒྱིད་ལུག་ཡིན་པ་ལ་ཁོར་ཡང་གནས་ལུགས་བཤད་རྒྱུ་ཡོད་ཀི།
- བཀྲ་ཤིས་དཔལ་ལྡན་གྱིས་བསམ་བློ་བཏང་ན་བསམ་བློ་ཡོད་མཁན་ཞིག་རེད།
- དཔེ་འཇོག་རྒྱུ་ན་ངས་དེ་ལྟར་བཤད་པ་ཡིན།
- དེ་ཅུང་ཙམ་འཕྲོས་བཤད་རེད།
- འཕྲོས་བཤད་ཡིན་མོད།
- དཔེ་འཇོག་རྒྱུ་ན་ཁྱོད་ཀྱིས་དབུས་གཙང་སྐད་ཀྱིས་བྲིས་པ་རེད།
- ལྷག་པར་དུ་དེའི་ནང་ནས་ཀྱང་གཙང་གི་སྐད་ཆ་ཡིས་བྲིས་པ་རེད།
- ཀློག་པ་པོའི་ངོས་ཐད་ནས་བཤད་ན།
- ཨ་མདོའི་ཀློག་པ་པོ་ཡིས་འདི་དང་ལེན་བྱེད་རྒྱུའི་སྟེང་ནས།
- ཧ་ཅང་གིས་ཁག་པོ་ཡིན་རྒྱུ་རེད།
- ཀློག་པ་པོའི་ཁྱབ་ཆེ་ཆུང་གི་སྟེང་ནས་བཤད་ན་ཤན་ཤུགས་ཐེབས་རྒྱུ་རེད་ཅེས་བཤད།
- དེར་ཁོས་འདི་ཟེར།
- ང་ཚོར་ད་དུང་བོད་སྐད་སྤྱི་སྐད་ཆགས་མེད།
- ཆགས་མེད་པས་ཐ་སྙད་དང་མིག་ཚིག་མང་པོ་ཞིག
- ཁོ་རང་གི་རྩོམ་གྱི་ནང་དུ་ཇི་མ་ཇི་བཞིན་དུ་ཡུལ་སྐད་དེ་བཀོལ་སྤྱོད་བྱས་ན།
- ནམ་ཞིག་ལ་སྤྱི་སྐད་གཏན་འབེལ་བྱེད་དུས།
- ཁོའི་བརྩམས་ཆོས་ཀྱི་ནང་དུ་འདི་འདྲ་དང་གན་འདྲ་ལེན་རྒྱུ་ཡོད་ཀི་ཞེས་བཤད་ན།
- དེ་བཟང་བས་ཁོས་དེར་འདང་བརྒྱབ་པ་ཡིན་ཟེར།
- ངོ་མས་ཕལ་ཆེར་འདང་བརྒྱབ་ཡོད་ཁ་ཡིན་པ་དེ་གཅིག་རེད།
- དེའི་འཕྲོ་ནས་ངས་ཁྱོད་འཚོ་བའི་ནང་གི་སྐོར་ཞིག་ལ་ཞིབ་ཆ་ཆེ་རྒྱུ་མང་སོང་ཞེས་བཤད།
- བརྩམས་སྒྲུང་འདིའི་བྱུང་རིམ་དང་མི་སྣ།
- འདི་བཀོད་སྒྲིག་བྱས་པའི་སྟེང་ནས།
- འཚོ་བའི་ཞིབ་ཆ་ཧ་ཅང་ཆེ།
- དཔེ་འཇོག་རྒྱུ་ན་གཉེར་སྟོན་ཞིག་ཡིན་ན།
- གཉེར་སྟོན་དེའི་གོ་རིམ་ཁ་ཚང་དང་ཞིབ་མོ་ཞིག་བྲིས་འདུག
- དེ་ཚང་མ་དེ་ལྟར་ཞིབ་མོ་བྱས་ནས་འབྲི་མི་དགོས།
- བརྩམས་སྒྲུང་གི་བརྗོད་བྱའི་ངོས་ཐད་ནས་བཤད་ན།
- འདི་འདྲ་ཧ་ཅང་ཞིབ་མོ་ཞིག་དགོས་པ་མ་རེད་ཅེས་བཤད་པར།
- དེར་ཡང་ཁོས་ཕྱིར་ལན་བཏབ་པ་ཅི་རེད་ཟེར་ན།
- ཁོས་འདི་ཞིབ་མོ་བྱས་ནས་འབྲི་དོན་ཅི་ཡིན་ཟེར་ན།
- ཆ་གཅིག་ནས་བཤད་ན་ཁོའི་བརྩམས་ཆོས་འདི་ད་སྐབས་ཀྱི་མི་ལ་བྲིས་པ་ཡིན་ཟེར།
- ཆ་གཅིག་ནས་བཤད་ན་ཁོའི་བརྩམས་ཆོས་འདི།
- མ་འོངས་པའི་ཀློག་པ་པོ་རྣམས་ལ་བྲིས་པ་ཡིན་ཟེར།
- ལྷག་པར་དུ་བོད་ཀྱི་སྐད་ཡིག་ཉམས།
- བོད་ཀྱི་དམངས་སྲོལ་ཉམས།
- བོད་ཀྱི་འདི་ཚང་མ་ཉམས་རྒུད་དུ་འགྲོ་བའི་སྐབས་ཀྱི་ཀློག་པ་པོ་རྣམས་ལ་བྲིས་པ་ཡིན་ཟེར།
- དེའི་སྐབས་ཀྱི་ཀློག་པ་པོ་ཞིག་གིས་བལྟས་ན།
- བོད་ཀྱི་གཉེར་སྲོལ་འདྲི་འདྲ་ཞིག་ཡིན་པ་དང་གན་འདྲ་ཞིག་ཡིན་པ་རེད་ཅེས།
- ཕྱིར་འཁོར་ནས་ཁོའི་བརྩམས་ཆོས་ཀྱི་ནང་ནས་རིག་ན།
- དེ་དུས་ཁོའི་དམིགས་ཡུལ་དེ་འགྲུབ་སོང་བ་ཡིན་ཟེར།
- དེར་ཡང་ཁོས་དེ་ལྟར་ལན་བཏབ།
- གང་ལྟར་ཀྱང་བཀྲ་ཤིས་དཔལ་ལྡན་གྱི་བརྩམས་ཆོས་ལ་དེ་ལྟ་བུའི་ཁྱད་ཆོས་ཡོད་ཀི།
- འཚོ་བ་ཧ་ཅང་ཡོད་པ་དེ་འདྲ་ཞིག་རེད།
- དེའི་རྒྱུ་མཚན་གྱིས་ངས་སྟག་འབུམ་རྒྱལ་ལ་དེ་ལྟར་བཤད་པ་ཡིན།
- ཁྱོད་ཀྱིས་འདི་ལ་བལྟས་ན་འཚོ་བའི་སྟེང་ནས་ཧ་ཅང་གིས་ཞིབ་ཆ་ཡོད་པ།
- དེ་འདྲ་ཞིག་བྲིས་འདུག
- བཀྲ་ཤིས་དཔལ་ལྡན་ལ་སྟག་འབུམ་རྒྱལ་ལ་བལྟས་ཟེར་དོན་ཅི་ཡིན་ཟེར་ན།
- མཚོན་ཐབས་ཀྱི་སྟེང་ནས་ཧ་ཅང་གིས་ཟོར་ཡང་པོ་ཡིན་པ་རེད།
- དེ་བས་ཁྱོད་ཀྱིས་དེར་བལྟས་ན་བཟན་གི་ཞེས།
- གཉིས་ཀྱིས་བལྟས་ཡོད་མེད་མི་ཤེས་མོད།
- གང་ལྟར་ཀྱང་རང་གི་ཡིད་ལ་དྲན་ཚུལ་དེ་རེད།
- དེ་བས་གཉིས་ལ་ཁ་བརྡ་བྱས་མྱོང་།