06 May 2013
31 min 10 sec
Video Overview
Creators:
Gangri Pumo, Drangchar
This is the second part of a lecture by Professor Dongrub Tsering at the First Young Tibetan Women's Literature Training in Trika, Qinghai Province. Professor Dongrub Tsering teaches at Qinghai Normal University.
- དེ་ཡིན་ན་དང་པོ་གང་ཡིན་ཟེར་ན།
- སྙན་ངག་གསར་རྩོམ་གྱི་ཁམས་དང་ལམ་ཟེར་བ།
- འདི་ནས་འགོ་བཙུགས་ཏེ་བཤད་ན།
- འདི་ཡིན་པ་ངས་ཁ་བྱང་ཅུང་ཙམ་ཞིག་བརྗེ་བ་ཡིན།
- ཡིན་པ་འདི་གང་རེད་ཟེར་ན།
- ཉིས་སྟོང་བརྒྱ་མེད་བཅུ་མེད་དྲུག་གིས་དེབ་གཉིས་པ།
- སྦྲང་ཆར་དེབ་གཉིས་པ་ཡི་སྟེང་ལ་བཀོད་དུས།
- ཅི་ཟེར་བ་རེད།
- དཔྱད་རྩོམ་ཡང་མ་རེད།
- འདི་ཅི་ཟེར་བ་རེད།
- དེང་སང་བཤད་ན་ཐོབ་རྩོམ་ཟེར་བ་རེད་ལ་ཐོབ་རྩོམ་ལྟ་བུ།
- དཔྱད་བརྗོད་ཟེར་ན་ཡང་མི་ཆོག་པ་མེད་གི
- དེ་འདྲའི་རྣམ་པའི་སྒོ་ནས་བྲིས་པ་ཞིག་ཡིན།
- འདི་དང་འབྲེལ་ནས་བཤད་ན།
- དང་པོ་ཡིན་ན།
- ཡིན་པ་འདིའི་ནང་ལ་ཅི་ལྟར་བྲིས་ཡོད་ཟེར་ན།
- སྙན་ངག་གསར་རྩོམ་གྱི་ཁམས་དང་ལམ་དེ་ལྟར་བཤད་ཡོད་ལ།
- ངས་རྗེས་ནས་འདང་རྒྱབ་ན།
- ང་ཚོའི་ད་ལྟ་བཤད་བཞིན་པ་ནི་རྩོམ་རིག་དང་སེམས་ཁམས་རེད།
- དེ་ཡིན་ན་ངས་ཁ་བྱང་ཅུང་ཙམ་ཞིག་བརྗེ་ནས།
- རྩོམ་རིག་གསར་རྩོམ་གྱི་ཁམས་དང་ལམ་ཟེར་ནས།
- ཕལ་ཆེར་རྩོམ་རིག་དེ་ང་ཚོའི་བཤད་ན།
- དེ་ཡིན་ན་འདིའི་ནང་ནས་སྤྱིར་བཤད་རྒྱུ་ནི།
- ཚན་པ་ཞིག་ཡོད་ནི་རེད།
- ཚན་པ་ཆུང་ཆུང་ཡིན་ན་ཆོག་གི
- ཕྱོགས་ལྔ་ནས་རང་གིས་ཉམས་མྱོང་ཟེར་ན་ཆོག་གི།
- དཔེ་གཅིག་དྲངས་ནས་འདི་ལྟར་བཤད་ན།
- དང་པོ་གང་ཡིན་ཟེར་ན།
- གཙོ་བོ་ངས་ཡིན་ན་དཔེ་བལྟ་ས་སྒྲོམ་འདི་གཙོ་བོ།
- འདི་སྦྲང་ཆར་གྱི་སྟེང་གི་ཅི་ཟེར་བ་རེད།
- དཔྱད་བརྗོད་འདི་ངས་སྒྲོམ་གཞི་བྱས་ནས།
- དེ་ཡི་སྟེང་ནས་འཕྲོས་བཤད་བྱས་ནས་སོང་ན།
- ཅི་འདྲ་ཞིག་ཡིན་པ་ངས་དེ་མར་ལ་བཤད་ན།
- ད་དང་པོ་གང་རེད་ཟེར་ན།
- ངས་འདིའི་ནང་ནས་སྐད་ཆ་འདི་འདྲ་ཞིག་བཤད་ཡོད།
- ང་ཚོ་སུ་ལ་ཡང་ཟས་སླད་ཀྱིས་དོར་ཅིང་
- དྭངས་གཙང་གིས་བཟུང་ཞུ་བ་དང་ཆུང་དུས་ཀྱི་འཚོ་བ་ཞིག་ཡོད་མྱོང་།
- ངས་བཤད་འདོད་པ་ནི་གང་རེད་ཟེར་ན།
- ང་ཚོ་རྩོམ་ཡིག་འབྲི་མཁན་ཞིག
- ང་མཚོན་ན་ཡང་དེ་རེད།
- ངས་རང་གིས་འདི་ལྟར་བྲིས་པའི་གསར་རྩོམ་གྱི་ནང་ནས།
- ལྷག་པར་དུ་ཁ་སང་དེ་རིང་འདི་ལྟར་བལྟས་ནས་སོང་ན།
- རང་གིས་ཆུང་དུས་ཀྱི་འཚོ་བ།
- བྱིས་པ་དང་ཆུང་དུས་ཀྱི་འཚོ་བ།
- ཧ་ཅང་གིས་མི་ཚེ་གཅིག་གི་ནང་ནས།
- ཅུང་ཙམ་དྲན་འོས་པ།
- ཡང་གཅིག་བཤད་ན།
- འགྱུར་མེད་ཀྱི་བརྗོད་བྱ།
- འགྱུར་བ་མེད་པའི་བརྗོད་བྱ།
- དྲན་འོས་པ་དེ་འདྲ་ཞིག་རེད།
- མི་རེ་རེ་ཡི་འཚོ་བའི་ཉམས་མྱོང་དང་བརྒྱུད་རིམ་མི་འདྲ་བ་རེ་རེ་རེད།
- རེད་ལ་གང་ལྟར་ཀྱང་བྱིས་པའི་འཚོ་བ་དེ་ཧ་ཅང་དོན་སྙིང་ཡོད་ནས།
- དྲན་འོས་བ།
- ཡང་གཅིག་བཤད་ན་ང་ཚོའི་རྩོམ་གྱི་ནང་ལ།
- འདིའི་སྐོར་གྱི་འཚོ་བ་འདི་ཅུང་ཙམ་མང་བའི་སྣང་ཚུལ་དེ་ཅུང་ཙམ་མང་བ།
- ང་རང་ཉིད་ལ་མཚོན་ན་ཟེར་རྒྱུ་རེད།
- དེ་དག་མང་ཆེ་ཤོས་ཀྱི་རྒྱུ་མཚན་དེ་ཅི་ཞིག་རེད་ཟེར་ན།
- རྨི་ལམ་དང་མཚར་སྣང་དང་དོག་འདྲི་དང་རེ་སྒུག་གི་དབང་གི་འཚོ་བ་ཞིག་རེད།
- བྱིས་པ་དང་ཆུང་དུས་ཀྱི་འཚོ་བ་དེ་ཅི་འདྲ་ཞིག་རེད་ཟེར་ན།
- ངས་རང་གིས་བལྟས་ན།
- རྨི་ལམ་མང་བ།
- མཚར་སྣང་ཡོད་པ།
- དོག་འདྲི་དང་རེ་སྒུག་གིས་ཁེངས་ཡོད་པའི་འཚོ་བ་ཞིག་རེད།
- ལྷག་པར་དུ་གང་རེད་ཟེར་ན།
- ང་རང་ཉིད་ལ་མཚོན་ན།
- ང་ཚོའི་འཚོ་བའི་བརྒྱུད་རིམ་ཡང་ཅུང་ཙམ་འདྲ་རྒྱུ་མ་རེད།
- ང་ཚོ་ཚང་མ་ཕལ་ཆེར་བརྒྱད་ཅུ་ཐམ་པའི་རྗེས་ཀྱི།
- བདུན་ཅུ་ཐམ་པའི་རྗེས་སུ་སྐྱེས་པ་ཉུང་ཉུང་ཡིན་རྒྱུ་རེད།
- མང་ཆེ་བ་བརྒྱད་ཅུ་ཐམ་པ་ཡི་རྗེས་སུ་སྐྱེས་པ་ཡིན་རྒྱུ་རེད།
- དེ་ཡིན་པའི་རྐྱེན་གྱིས་ང་ཚོའི་བར་ན་ཡང་།
- ལོ་ཡི་ཁྱད་པར་ཡོད་པའི་རྐྱེན་གྱིས།
- ཆུང་དུས་ང་གང་རེད་ཟེར་ན།
- ཧ་ཅང་གིས་རང་ཉིད་ལོ་ཆུང་དུས་སྐབས་ལ་སློབ་གྲྭ་འགྲིམ་མ་ཐུབ་པ་རེད།
- དེ་ཡིན་པའི་རྐྱེན་གྱིས་གང་རེད་ཟེར་ན།
- རྫ་ལུང་རི་ལུང་ནས་གང་རེད་ཟེར་ན།
- ཕྱུགས་འཚོ་བ།
- ཕྱུགས་འཚོ་བའི་འཚོ་བ་ཡི་བརྒྱུད་རིམ་དེར་ང་ཧ་ཅང་དགའ།
- དེ་ཡིན་པའི་རྐྱེན་གྱིས་ཁ་སང་དེ་རིང་གང་རེད་ཟེར་ན།
- རང་གི་ཕ་ཡུལ་ལ་སོང་ན།
- རང་གི་ཆུང་དུས་ཀྱི་ཕྱུགས་འཚོ་བའི་རྣམ་པ་དང་བརྒྱུད་རིམ།
- ས་ཆ་དང་རི་ལུང་རྫ་ལུང་དེ་ཚང་མ་ཧ་ཅང་གིས་དྲན་པ།
- ཐ་ན་གང་རེད་ཟེར་ན།
- ད་གང་རེད་ཟེར་ན།།
- ལྷ་སར་སོང་བའི་རྗེས་སུ་གང་རེད་ཟེར་ན།
- རང་གི་ཕ་ཡུལ་ལ་དྲང་མོར་བཤད་ན་དེ་རེད།
- དབྱར་གནང་ལ་ཡོང་རྒྱུའི་དུས་ཚོད་ཧ་ཅང་ཉུང་གི
- དགུན་གནང་གི་དུས་ཚོད་ཅུང་མང་ན་ཡང་།
- ཡིན་ན་ཡང་རྫ་ལུང་རི་ལུང་ལ་སོང་ནས།
- དེ་ལ་བལྟ་རྒྱུའི་དུས་ཚིགས།
- གནམ་གཤིས་ཀྱིས་དཀའ་ལས་ཆེ་བ་རེད།
- དེ་ཡིན་པའི་རྐྱེན་གྱིས་ད་ཐེངས་ཕ་ཡུལ་ལ་ཡོངས།
- ཡིན་ཡང་སྔོན་ན་རང་གིས་ཟོག་འཚོས་མྱོང་ས་དང་གླུ་བླངས་མྱོང་ས།
- རྫ་འགོ་རི་འགོ་དེར་བལྟས་ན་འདོད་ཀྱང་ཡིན་ན་ཡང་།
- དུས་ཚོད་ཧ་ཅང་གིས་མེད་གི
- དེ་ཡིན་པའི་རྐྱེན་གྱིས་ཧ་ཅང་གིས་དེ་འདྲ་ཞིག་རེད།
- དེ་གལ་ཆེ།
- དེ་གང་རེད་ཟེར་ན།
- ང་ཚོ་སུ་ལའང་བྱིས་པ་དང་ཆུང་དུས་ཀྱི་འཚོ་བ་དེ།
- ཕྱིར་དྲན་བྱས་དང་བྱེད་བཞིན་པའི་མྱོང་གོམས་ཤིག་ཡོད།
- ཚང་མ་ཡིན་ན།
- དེ་ཡིན་པའི་རྐྱེན་གྱིས་གང་རེད་ཟེར་ན།
- གསར་རྩོམ་ལ་ཐོག་མར་གཞོན་མཁན་གྱི་ལས་དང་པོ་ཞིག་ལ་མཚོན་ན།
- མྱོང་གོམས་དེ་རང་རྒྱུད་ལ་འདྲེས་ཐུབ་པ་བྱ་རྒྱུ་དེ་
- ཧ་ཅང་གིས་གལ་ཆེ་བ་རེད།
- རང་གིས་མྱོང་བ།
- འཚོ་བའི་བརྒྱུད་རིམ་གྱི་སྟེང་གི་གང་རེད་ཟེར་ན།
- དྲན་འོས་བ་དང་འགྱུར་མེད་ཀྱི་བརྗོད་བྱ།
- འདི་ཚང་མ་གང་རེད་ཟེར་ན།
- རང་གི་སེམས་ཀྱི་རྒྱུད་འདི་ལ་འདྲེས་བར་འཇུག་རྒྱུ་དེ།
- གོམས་པར་འཇུག་རྒྱུ་ཟེར་བ་རེད་ལ།
- དེ་ཧ་ཅང་གལ་ཆེ་བ་རེད།
- ཨོ་ལེད་་་འོ་ན་འདི་ང་ཚོ་ཚང་མས་ཧ་གོ་བ་རེད།
- དེ་གང་རེད་ཟེར་ན།
- འཛམ་པོ་གླིང་གི་རྩོམ་པ་པོ་གྲགས་ཅན་ཚང་མས་ཀྱང་བརྗེད་ཐོ།
- མི་ཚེ་ཡི་བརྗེད་ཐོ་ཟེར་ན་ཆོག་གི
- མི་ཚེ་ཡི་ཐོ་ཡིག་ཟེར་ན་ཆོག་གི
- འདི་འབྲི་བ་ཚང་མས་གང་རེད་ཟེར་ན།
- ཚེ་མཇུག་ལ་ཐོན་ན།
- རྩོམ་པ་པོ་ཞིག་ཡིན་ན།
- ཁོ་ཚེ་མཇུག་ལ་ཐོན་ན་གང་རེད་ཟེར་ན།
- ཆུང་དུས་ཀྱི་འཚོ་བ་དེ་ཚང་མ་དྲན་གསོ་བྱས་ནས།
- ཨོ་ལེད་་་་སློབ་གྲྭ་མ་འགྲིམ་པའི་ཡར་སྔོན་གྱི་འཚོ་བ།
- སློབ་གྲྭ་འགྲིམ་པའི་འཚོ་བ།
- སློབ་གྲྭ་ཡི་ནང་ནས་ཀྱང་།
- སློབ་ཆུང་གི་སྐབས་དང་སློབ་འབྲིང་གི་སྐབས་ཀྱི་འཚོ་བ།
- སློབ་གྲྭ་ཆེན་མོའི་སྐོར་གྱི་འཚོ་བ།
- དེ་ཡི་རྗེས་སུ་གང་རེད་ཟེར་ན།
- སྤྱི་ཚོགས་ལ་ཞུགས་པའི་སྐབས་ཀྱི་འཚོ་བ་འདི་ཚང་མ་འབྲི་དགོས་པ་རེད།
- དེ་ཡིས་ནང་གི་གང་རེད་ཟེར་ན།
- ཡོད་ཚད་བྲིས་ན་མི་ཡོང་བར།
- དེ་ཡིན་པའི་རྐྱེན་གྱིས་གང་རེད་ཟེར་ན།
- དེ་ཡི་ནང་གིས་དམིགས་བསལ་གྱི་ཆ།
- དྲན་འོས་པའི་ཆ།
- འགྱུར་མེད་ཀྱི་ཆ།
- འདི་ཚང་མ་གང་རེད་ཟེར་ན།
- དེ་ཡིན་པའི་རྐྱེན་གྱིས་གང་རེད་ཟེར་ན།
- ང་ཚོ་ཚང་མ་མཚོན་ན་ཡང་དེ་རེད།
- ཨོ་ལེད་་རང་གིས་མྱངས་ཟིན་པ།
- རང་གིས་དང་རང་ཉིད་བརྒྱུད་ཟིན་པའི་འཚོ་བ་དེ།
- རང་གིས་རྒྱུད་ལ་འདྲིས་བར་འཇུག་རྒྱུ།
- གོམས་འདྲིས་ཀྱི་འདྲིས་ཡིན།
- ཨོ་ལེད་་་འདི་ཧ་ཅང་གིས་གལ་ཆེ།
- དེའི་རྒྱུ་མཚན་གང་ཡིན་ཟེར་ན།
- དེ་ཡིས་ནག་ནོག་དང་རབ་རིབ་ཀྱིས་གོས་པའི་བསམ་པ་དེ་ལག་ལ་བླངས་ནས།
- ཕྱི་དོར་བྱེད་བཞིན་ཡོད་པ་མཚོན།
- ང་ཚོའི་ནང་བ་སངས་རྒྱས་ཀྱི་ནང་ན་བཤད་ཡོད་པ་རེད།
- སེམས་ཀྱི་སྟེང་ལ་དྲི་མས་གོས་ཡོད་པ་རེད།
- ཉོན་མོངས་དུག་གསུམ་ཞེས་ནང་བ་སངས་རྒྱས་ཀྱི་བཤད་ཚུལ་ཡོད་ལ།
- ཉོན་མོངས་དུག་གསུམ་ལ་སོགས་པ་འདི།
- ནག་ནོག་དང་རབ་རིབ་ཀྱིས་གོས་བའི་སེམས་དེ།
- བྱིས་པའི་འཚོ་བ་དེ་དེ་ཡིས་གོས་མེད་ཟེར་བ་རེད།
- ནག་ནོག་དང་རབ་རིབ་ཀྱིས་མ་གོས་བའི་བསམ་པ་ཞིག་ཡིན།
- དེ་ཡིས་རྐྱེན་གྱིས་གང་རེད་ཟེར་ན།
- བྱིས་པའི་འཚོ་བ་དེ་ང་ཚོས་ང་ཚོས་དྲན་དགོས་པའི་རྒྱུ་མཚན་དེ་རེད།
- ང་ཚོ་ཚང་མ་ཡང་དེ་རེད།
- ལོ་མ་འདྲ་བ།
- འཚོ་བའི་བརྒྱུད་རིམ་མ་འདྲ་བ་ལ་བརྟེན་ནས།
- མི་དེ་རེ་རེ་སྤྱི་ཚོགས་དང་རང་གི་ཁྱིམ་ཚང་དང་།
- རང་གི་ཁོར་ཡུག་གི་རྐྱེན་གྱིས་སེམས་ཀྱི་སྡུག་བསྔལ་ཞིག་དང་།
- སེམས་ཀྱི་ཁུར་བོ་དང་ཡང་ན་རང་གི་དགའ་སྐྱོ་དེ་ནམ་ཡིན་ཡང་ཡོད་པ་རེད།
- ནམ་ཡིན་ཡང་ཡོད་པ་རེད།
- ང་ཚོ་ད་སེམས་བྱུང་ང་གཅིག་གི་ནང་ན་ཚོར་བ་ཟེར་བ་ཞིག་ཡོད་པ།
- ངས་གོང་ནས་བཤད་པ་འཁོར།
- གཙོ་བོ་སེམས་དང་འཁོར་སེམས་བྱུང་ང་གཅིག
- ལྔ་བཅུ་ང་གཅིག་གི་ནང་ན་ཚོར་བ་ཟེར་བ་ཞིག་ཡོད་ལ།
- ཚོར་བ་དེ་ལ་ཚོར་བ་བདེ་བ།
- ཚོར་བ་སྡུག་བསྔལ།
- ཚོར་བ་བཏང་སྙོམས་བཅས་གསུམ་ཡོད་ལ།
- ང་ཚོ་དེ་ལས་མ་འདས་བ་རེད།
- ཚོར་བ་ཡིན་དུས།
- བདེ་སྡུག་བཏང་སྙོམས་ཟེར་བ།
- སིམ་གདུང་བར་མ་ཟེར་བ།
- ཨོ་ལེད་་་འདི་ལས་མ་འདས་བ་རེད།
- དེ་ཡིན་པའི་རྐྱེན་གྱིས་གང་རེད་ཟེར་ན།
- བྱིས་དུས་ཀྱི་འཚོ་བ་དེ་གང་རེད་ཟེར་ན།
- ཧ་ཅང་གིས་ཨོ་ལེད་་་དྭངས་གཙང་ཟེར་བ།
- ལྷད་མེད་ཟེར་བ།
- དྲི་མེད་ཟེར་བ།
- དེ་ཡིན་པའི་རྐྱེན་གྱིས་འདི་ཚང་མ་གཅིག་རེད།
- དེ་ཡིན་པའི་རྐྱེན་གྱིས་དེ་ང་ཚོས་ཧ་གོ་བ་རེད།
- གང་རེད་ཟེར་ན།
- དུས་ཚིགས་ཤིག་ལ་མཚོན་ན་ཡང་དེ་རེད།
- དཔྱིད་དབྱར་སྟོན་དགུན་དེ་ཡིན་ན།
- དཔྱིད་ཀའི་དུས་ཚིགས་དེ་ཧ་ཅང་གིས་རེ་སྨོན་ཡོད་པ།
- རེ་བ་ཡིས་ཁེངས་ཡོད་པ་དེ་འདྲ་ཞིག་རེད།
- ང་ཚོ་མི་ཞིག་ལ་མཚོན་ན་ཡང་དེ་རེད།
- འདི་ང་ཚོ་འཛམ་གླིང་གི་རྩོམ་པ་པོ་ཚང་མ་ཡིས་
- གསར་རྩོམ་གྱི་ནང་ལ་བལྟས་ནས་སོང་ན་ཡང་།
- དུས་ཚིགས་བཞི་འདི་མི་ཞིག་གི་མི་ཚེ་ལ་སྦྱོར་བ་དེ་ཅུང་ཙམ་ཞིག་མང་བ་རེད།
- དཔྱིད་ཀ་དེ་གང་རེད་ཟེར་ན།
- བྱིས་པའི་དུས་ཚིགས།
- བྱིས་པའི་དུས་ཚིགས་དེར་སྦྱོར་མཁན་མང་བ་རེད།
- ཨོ་ལེད་་་དེ་ནས་ཡིན་ན་སུའུ་ལན་ཀྱི།
- སུའུ་ལན་ཀྱི་རྩོམ་པ་པོ་གོ་འར་ཅུས་གང་རེད་ཟེར་ན།
- བྱིས་དུས་ཟེར་བའམ་童年་ཟེར་བ་ཞིག་བྲིས་ཡོད་པ།
- 童年ཟེར་བ།
- དེ་ཁོའི་མི་ཚེ་ཡི།
- རྩོམ་ཡིག་གྲགས་ཅན་གསུམ་གྱི་ནང་གི་གཅིག་ལ་འདེམས་ཡོད།
- མི་ཚེ་ཞེས་པ།
- གོ་འར་ཅུས་ཀྱིས་བརྩམས་པའི་མི་ཚེ་ཞེས་པ།
- མི་ཚེ་མ་རེད།
- བྱིས་པའི་འཚོ་བ།
- བྱིས་དུས་ཟེར་བ་དེ།
- བསྒྱུར་སྟངས་རྣམ་པ་སྣ་ཚོགས་ཡོད་མོད།
- དེ་ཡིས་ཀྱང་དེ་རེད།
- ཁྱོད་ཚོས་རྗེས་མ་ལྟོས་དང་།
- གོ་འར་ཅུས་ཀྱིས་བརྩམས་པའི།
- འདི་ངས་དེ་རིང་བཤད་ན་འདོད་པའི་ཚན་པ།
- རྩོམ་རིག་གསར་རྩོམ་གྱི་ཁམས་དང་ལམ།
- ཁམས་ཞེས་པ་དེ་གང་རེད་ཟེར་ན།
- གསར་རྩོམ་གྱི་ཁྱབ་ཁོངས་ཟེར་རྒྱུ་རེད།
- ད་གཅིག་བཤད་ན།
- ཁོར་ཡུག་དང་གསར་རྩོམ་གྱི་དེ་ལྟར་ཟེར་རྒྱུ་རེད།
- རྒྱ་ཁྱོན་ཟེར་ན་འདྲ།
- ཁྱོན་དེ་བཤད་པ་རེད།
- ལམ་དེར་ཅི་ལྟར་འགྲོ་བ་རེད།
- དེ་ལྟར་བཤད་པ་ཁ་བྱང་གི་སྟེང་ནས་ཀྱང།
- ཁམས་དང་ལམ་ཞེས་པ།
- མཚམས་གཉིས་པ་ངས་འདི་ནས་ཡུན་རིང་གི་གྱེས་བྲལ།
- དྲན་གདུང་ཟེར་བ།
- ཡུན་ཐུང་གི་གྱེས་བྲལ།
- དྲན་གདུང་ཟེར་བ།
- དེ་འདྲ་ཞིག་བྲིས་ཡོད་པ་རེད།
- ང་ཚོ་མི་ཞིག་ཡིན་ན་གྱེས་བྲལ་ཟེར་བ་འམ་ཁ་བྲལ་བ།
- རང་གི་ཕ་མ་སྤུན་མཆེད།
- རང་གི་དགེ་རྒན།
- བླ་མ་བཤེས་གཉེན།
- འདི་ཡིན་ན་ང་ཚོ་ཡང་དེ་རེད།
- འཚོ་བའི་ནང་དུ་རྒྱུན་དུ་རང་གི་ཕ་མ་དང་།
- སྤུན་མཆེད་དང་མཉམ་དུ་འཚོ་བ་རོལ་མཁན་ཞིག་ལ།
- ལྷག་པར་དུ་ང་ཚོ་གང་རེད་ཟེར་ན།
- ཤེས་པ་ཚོར་བའི་མི་ཞིག་ལ་མཚོན་ན།
- རིག་པ་ཚོར་མཁན་གྱི་མི་ཞིག་ལ་མཚོན་ན།
- དྲང་མོར་བཤད་ན་མང་པོ་ཞིག་བློས་གཏོང་ཐུབ་པ།
- མང་པོ་ཞིག་བློས་གཏོང་ཐུབ་པ།
- ཨོ་ལེད་་་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གང་རེད་ཟེར་ན།
- སྐད་ཆ་དེ་འདྲ་ཞིག
- དེ་ང་ཧ་ཅང་གིས་སེམས་འགུལ་ཐེབས་པའི་སྐད་ཆ་ཞིག་རེད།
- རི་བོ་སྒང་དྲུག་ལྗོངས་ནས་རི་དྭགས་བཞིན་འཁྱམ་དེ།
- རི་བོ་སྒང་དྲུག་ལྗོངས་ནས་རི་དྭགས་བཞིན་འཁྱམ་དེ།
- སྐད་ཆ་དེ་འདྲ་ཞིག་ཡོད་པ་རེད།
- ཁྱོད་ཀྱིས་བསམ་བློ་ཞིག་ཐོངས་དང།
- སྨད་འདོ་ཁམས་སྒང་དྲུག
- སྒང་དྲུག་གི་སྟེང་ནས་ཁོ་རི་དྭགས་ལྟ་བུ་བཞིན་དུ་འཁྱམ་ནས་འགྲོ་དུས།
- མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།
- མཁས་དབང་དགེ་འདུན་ཆོས་འཕེལ་ལ་ཕ་མ་མེད་པ་ཨེ་རེད།
- སྤུན་མཆེད་མེད་པ་ཨེ་རེད།
- དགེ་བའི་བཤེས་གཉེན་མེད་སོང་བ་ཨེ་རེད་ཟེར་ན་མ་རེད།
- འོ་ན་ཅི་ཞིག་གི་དོན་དུ་རི་དྭགས་བཞིན་འཁྱམ་ནས་འགྲོ་དགོས་བ་རེད།
- དགོང་ལོ་སུམ་བཅུ་སོ་གཉིས།
- མཁས་དབང་དགེ་འདུན་ཆོས་འཕེལ་དགོང་ལོ་སུམ་བཅུ་སོ་གཉིས་ལ་སླེབས་དུས།
- ཐོག་དང་པོར་རྒྱ་གར་གངྒཱ།
- གངྒཱའི་ཆུ་བོ་དགུན་ཟླ་ར་བ་ལ་གང་རེད་ཟེར་ན།
- ཐོག་དང་པོར་རྒྱ་གར་ས་ཆ་ལ་ཐོན་པ་རེད།
- དགོང་ལོ་སུམ་བཅུ་སོ་གཉིས་ལོར་ཐོག་དང་པོར།
- ཁོ་རང་ལན་གཉིས་རེད་དམ་ལན་གསུམ་རེད།
- རྒྱ་གར་ལ་སོང་བ་རེད་མོད།
- དེ་ཡི་ནང་ནས་ཐོག་དང་པོར་འགྲོ་དུས།
- དགོང་ལོ་སུམ་བཅུ་སོ་གཉིས་རེད།
- དེ་རྒྱལ་ཁམས་རིག་པས་བསྐོར་བའི་གསེར་གྱི་ཐང་མའི་ནང་ན་ཡོད་པ་རེད།
- དགོང་ལོ་སུམ་བཅུ་སོ་གཉིས་ཀྱི་སྐབས་ལ་གང་རེད་ཟེར་ན།
- ཐོག་དང་པོར་དགུན་ཟླ་ར་བ།
- ངོ་མས་གྲང་ངར་ཆེ་བའི་སྐབས་རེད།
- ང་ཚོར་མཚོན་ན།
- ད་ཐོག་དང་པོར་རྒྱ་གར་བྱེ་མའི།
- བྱེ་མའི་ལམ་ལ་སོགས་པ་བརྒྱུད་ནས།
- ལ་ལུང་བརྒྱུད་ནས།
- གངས་རི་བརྒྱུད་ནས་གང་རེད་ཟེར་ན།
- རྒྱ་གར་ས་ཆ་ཐོན་ནས།
- ཐོག་དང་པོར་གངྒཱའི་ཆུ་བོ།
- ཆུ་འཐུང་བ་ཡིན།
- གངྒཱའི་ཆུ།
- ང་ཚོས་ཆུ་བོ་གངྒཱའི་ཟེར་ན།
- ང་ཚོ་བོད་ཅིག་ཡིན་ན་ཆུ་བོ་གངྒཱ་ཟེར་ན།
- ཧ་ཅང་གིས་ལྷ་ཡི་ཆུ་བོ།
- ངོ་མས་སེམས་ནས་དད་པ་ཡོད་པའི་ཆུ་བོ་ཞིག་རེད།
- ཆུ་བོ་གངྒཱ་ཟེར་བ་ལ།
- དེ་ནས་སྐད་ཆ་དེ་འདྲ་ཞིག་བྱུང་བ་རེད།
- སྲིན་འབུ་མཚོ་དཀྱིལ་དུ་ལྷུང་བ་ལྟ་བུའི་སྐྱོ་ཉམས་དང་བཅས་ཏེ།
- སྲིན་འབུ་ཕྲ་མོ།
- སྲིན་འབུ་ཕྲ་མོ་ཞིག་མཚོ་ཡི་དཀྱིལ་དུ་ལྷུང་སོང་ན།
- ཅི་འདྲའི་སྐྱོ་ཉམས་དང་སྡུག་བསྔལ་ཞིག་ཡོད་རྒྱུ་རེད།
- མཚོ་ཆེན་པོ་རྒྱ་ཆེན་པོ་དེ་ལས་ཐར་བའི།
- རེ་བ་ཞིག་གཏན་ནས་ཡོད་རྒྱུ་མ་རེད་ལ།
- དེ་ཡིན་པའི་རྐྱེན་གྱིས་གང་རེད་ཟེར་ན།
- ང་ཚོ་དེ་རིང་སང་ཉིན།
- མཁས་དབང་དགེ་འདུན་ཆོས་འཕེལ་སྐུ་གཤེགས་ནས།
- ལོ་འཁོར་ཕལ་ཆེར་དུས་རབས་ཕྱེད་ཀ་ཞིག་འགོར་སོང་མོད།
- ཁོ་ཚང་གིས་ང་ཚོར་བསྐྱུར་བའི་བརྩམས་ཆོས་རྣམས་ལ།
- ང་ཚོ་དེ་རིང་གི་ན་གཞོན་དང་དེ་རིང་གི་ཀློག་པ་པོ་ཚང་མས་བལྟ་དུས།
- ཧ་ཅང་གིས་ཁོར་རྣམ་དཔྱོད་ཡོད་པ་ཕར་ཞོག
- ཧ་ཅང་གིས་སྤྲོ་སྣང་ལྡན་པ།
- འདི་ངོ་མས་འཚོ་བ་དེ་ཁོ་རང་གི་བརྒྱུད་རིམ་གྱི་འཚོ་བ་དེ།
- ཧ་ཅང་གིས་སྐྱིད་པོ་ཞིག་རེད་བསམ་མོད།
- སྐབས་དེའི་ཁོའི་འཚོ་བའི་བརྒྱུད་རིམ་དེ་ཅི་འདྲ་ཞིག་ཡིན་རྒྱུ་རེད།
- སྲིན་འབུ་མཚོ་དཀྱིལ་དུ་ལྷུང་བ་ལྟ་བུའི་སྐྱོ་ཉམས།
- སྐད་ཆ་དེ་འདྲ་ཞིག་ཡོད་པ་རེད།
- ཨོ་ལེད་་་ཟ་རྒྱུ་མེད་པར།
- ཁ་ལ་ཟ་རྒྱུ་མེད་པར།
- རྒྱབ་ལ་གོན་རྒྱུ་མེད་པར།
- རིག་པ་དང་མཁས་བ་གཙོ་བོའི་ཆེད་དུ།
- རྣམ་དཔྱོད་རྒྱས་བའི་ཆེད་དུ།
- དེ་རིང་སང་ཉིན་ཁྲིད་ནས་ཅི་འདྲ་ཡིན་པ།
- ཨོ་ལེད་་་སྐུ་གཤེགས་དུས་དགོང་ལོ་ཆེན་པོ་ཞིག་མ་རེད།
- ཧ་ཅང་དགོང་ལོ་ཆུང་ཆུང་ཞིག་རེད།
- དེ་དཔེ་མང་པོ་མང་པོ་འདྲེན་མི་དགོས་པ་རེད།
- དེ་ཡིན་པའི་རྐྱེན་གྱིས་ངས་འདི་ཡི་སྟེང་ནས་གཅིག་གང་རེད་ཟེར་ན།
- ཡུན་རིང་གི་གྱེས་བྲལ་ཞིགདང་ཡུན་ཐུང་གི་གྱེས་བྲལ་གཉིས།
- ཡུན་རིང་གི་གྱེས་བྲལ་ཡིན་ན་འདྲ།
- ཡུན་ཐུང་གི་གྱེས་བྲལ་ཡིན་ན་འདྲ།
- གཉིས་ཀར་དྲན་གདུང་ཞིག་ཡོད་ཀི
- དཔེ་བཞག་ན་ཡུན་རིང་གི་གྱེས་བྲལ་དེ་ནི་ཅི་འདྲ་ཞིག་རེད་ཟེར་ན།
- གསར་རྩོམ་གྱི་ཆུ་མིག་སྔོ་ཞིང་དྭངས་བ་ཞིག་རེད།
- ཡུན་རིང་གི་གྱེས་བྲལ།
- ད་ཡུན་རིང་གི་གྱེས་བྲལ་ཟེར་དོན།
- རང་གི་ཕ་མ་མི་ཚེ་གཅིག་ལ་ཁ་མི་ཐུག་པའམ་ཁ་མི་འཕྲད་པ།
- དེང་སང་དེ་ཡི་སྡུག་བསྔལ་ཡོད་རྒྱུ་མ་རེད།
- དེང་མ་ཡིན་རྒྱུ་ན་རྗེ་རིན་པོ་ཆེ་དགོང་ལོ་བཅུ་དྲུག་གི་སྟེང་།
- བཅོ་ལྔ་དང་བཅུ་དྲུག་གི་སྟེང་ལ་རྗེ་རིན་པོ་ཆེ་རང་གི་མ་བསྐྱུར་ནས།
- དྲིན་ཆེན་ཨ་མ་དེ་བསྐྱུར་ནས།
- སྐབས་དེར་ཅི་འདྲའི་དཀའ་ལས་ཤིག་མྱང་ཡོད་རྒྱུ་རེད།
- ལོ་བཞི་བརྒྱ་གཡས་གཡོན་ཅིག་གི་སྔོན་གྱི་དོན་དག་ཅིག་རེད་ལ།
- རླངས་འཁོར་མེད།
- ལམ་མེད།
- ལམ་ལ་ལམ་བཅོས་བྱས་བ་ཉུང་།
- གཅན་གཟན་དང་ཆར་ཆུ།
- རང་བྱུང་གི་འཇིག་པ་ལ་སོགས་པ་འདི་འདྲ་ཞིག་རེད།
- དགོང་ལོ་བཅུ་དྲུག་ཡིན་ན་ཅི་འདྲ་ཞིག་རེད།
- ད་ངའི་བུ་ཆེ་བ་ལོ་བཅུ་གསུམ་རེད།
- ད་རུང་གར་འགྲོ་འདི་འགྲོ་མི་ཤེས་བ་དེ་འདྲ་ཞིག་རེད་ལ།
- ལོ་བཅུ་དྲུག་ཅན་གྱི་བྱིས་པ་ཞིག
- རང་གི་མ་བསྐྱུར་ནས་མི་ཚེ་གཅིག་ལ་ཐུག་ཐུབ་མ་བྱུང་།
- མཇལ་མ་ཐུབ་པ་རེད།
- རང་གི་ཕ་མ་གཉིས་ལ་ངོ་མ་ཕྲད་པ་རེད།
- དེ་ལྟ་བུ་ནི་ཡུན་རིང་གི་གྱེས་བྲལ་ལ་འཇོག་དགོས་རྒྱུ་རེད།
- ཡུན་ཐུང་གི་གྱེས་བྲལ་ནི་ང་ཚོ་འདྲ་བོ་རེད།
- ཟླ་བ་གཅིག་ལ་རང་གི་ཕ་མ་དང་སྤུན་ཟླ་ལ་ངོ་མི་ཐུག་པ།
- ཟླ་བ་གཉིས་ལ་མི་ཐུག་པ་འདྲ་འདྲ།
- ཡང་ན་ལོ་ཕྱེད་ལ་མི་ཐུག་པ་འདྲ་འདྲ།
- འདི་ལྟ་བུ་ནི་ཡུན་ཐུང་གི་གྱེས་བྲལ་རེད།
- འདི་ཚང་མ་དེ་རེད།
- ཡུན་ཐུང་གི་གྱེས་བྲལ་དེ་དཔེ་བཞག་ན།
- གསར་རྩོམ་གྱི་ས་བོན་མདངས་ལེགས་པ་ཞིག་རེད།
- དེ་ཡིན་པའི་རྐྱེན་གྱིས་ངས་འདི་ལྟར་བལྟས་ནས་སོང་ན།
- དེང་སང་སྦྲང་ཆར་ཡིན་ན་ཆོག་གི
- ཟླ་ཟེར་ཡིན་ན་ཆོག་གི
- བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཡིན་ན་ཆོག་གི
- གངས་རྒྱན་མེ་ཏོག་ཡིན་ན་ཆོག་གི
- འདི་ལྟར་རྩོམ་གྱི་ནང་ལ་བལྟས་ནས་སོང་ན་གང་རེད་ཟེར་ན།
- ཚང་མས་འབྲི་བ་ནི་རང་གི་ཕ་མའི་ཕྱོགས་ནས་འབྲི་བ་མང་གི
- ཕ་མའི་ཕྱོགས་ཀྱི་དྲིན་ལན་འབྲི་བ་ཡང་ཡོད་ཀི
- ཕ་མར་ཁ་བྲལ་བ་ལ་སོགས་པ་འབྲི་བ་ཡང་མང་གི
- དེ་ཡིན་པའི་རྐྱེན་གྱིས།
- གཅིག་གསར་རྩོམ་གྱི་ཆུ་མིག་སྔོ་ཞིང་དྭངས་བ་ཞིག་རེད།
- གཅིག་གསར་རྩོམ་གྱི་ས་བོན་མདངས་ལེགས་པ་ཞིག་རེད།
- དེ་འདྲའི་དཔེ་ཞིག་དྲངས་ཡོད།
- ཡུན་རིང་ཐུང་གི་གྱེས་བྲལ་དེ་དག་རྐྱེན་བྱས་ཏེ།
- ཡུན་རིང་ན་འདྲ་ཡུན་ཐུང་ན་འདྲ།
- དེ་དག་གི་རྐྱེན་བྱས་ནས།
- རྒྱ་གར་གྱི་ནག་མོ་ཁོལ་གྱི་བརྩམས་པའི་སྤྲིན་གྱི་ཕོ་ཉ་བརྩམས།
- སྤྲིན་གྱི་ཕོ་ཉ་ཟེར་བ་ཞིག་བརྩམས་པ་རེད།
- སྤྲིན་གྱི་ཕོ་ཉ་དེ་ཅི་ལྟར་བརྩམས་ཟེར་ན།
- སྤྲིན་གྱི་ཕོ་ཉ་དེ་གང་རེད་ཟེར་ན།
- ནམ་མཁའི་སྤྲིན་ཞིག་ལ།
- རང་གི་ཆུང་མ་དང་ཁ་བྲལ་ཏེ།
- རང་གི་ཆུང་མ་དང་ཁ་བྲལ་ནས།
- ནམ་མཁའི་སྤྲིན་ཞིག་ལ།
- རང་གིས་སེམས་གཏམ་བཤད་པ་རེད།
- ངས་བཤད་པ་འདི།
- ངའི་སྐད་ཆ་དེ་སེམས་གཞས་རེད།
- དེ་སྔོན་རྒྱལ་བོ་ཡི་བཀའ་དང་འགལ་ནས་བསྡད་དེ།
- ལྷོ་ཕྱོགས་ར་མའི་རི་བོ་གཅིག
- མཐའ་གཅིག་ཡིན་པའི་འདོད་ལྡན་གྱི་སྐྱེས་བོ་དེས་ཆུ་འཛིན་ལ།
- ཀ་ཡེ་ཞེས་སེམས་ལྡན་གྱིས་ཚུལ་དུ་བོས་ནས།
- བྱང་ཕྱོགས་ལྕང་ལོ་ཅན་ན་འདོད་ལྡན་རང་གི་ཆུང་མ་ཡོད་པ་དང་།
- དེའི་ཕོ་ཉའི་ཚུལ་དུ་འགྲོ་བར་ལམ་རྗེས་བསུ་བྱེད་ཀྱི་གཏམ་ལ་མཉན་པར་མཛོད་ཅེས།
- སྤྲིན་གྱི་ཕོ་ཉ་དེ་རྒྱ་གར་ནག་མོ་ཁོལ་གྱིས་བརྩམས་པ་རེད།
- དེ་ཡིན་པའི་རྐྱེན་གྱིས་གང་རེད་ཟེར་ན་འདི་ཧ་ཅང་གིས།
- འཛམ་གླིང་གི་གྲགས་རྩོམ་ནང་དུ་འགྲོ་བ་རེད།
- འདི་སྐད་ཆ་ཡི་སྟེང་ནས་གྲགས་རྩོམ་དང་ལེགས་རྩོམ་ཟེར་བ་འདི་ལ།
- ཁྱད་པར་ཅུང་ཙམ་ཞིག་ཕྱེ་རྒྱུ་ཡོད་པ་རེད།
- ལེགས་རྩོམ་ཡིན་པ་ཐམས་ཅད་གྲགས་རྩོམ་ཡིན་པའི་ངེས་བ་མེད།
- དེ་འདྲ་ཞིག་ཨེ་རེད་ཁྱོད་ཚོས་བལྟས་ན།
- ལེགས་རྩོམ་ཡིན་ཡང་གྲགས་རྩོམ་ཡིན་པའི་ངེས་བ་མེད་ཀི།
- གྲགས་རྩོམ་ཟེར་བ་ངས་བལྟས་ནས་སོང་ན་རྒྱ་སྐད་ཀྱིས་བཤད་ན།
- 名著ཟེར་བ་དེར་བཞག་ན་འགྲིག་གི
- ལེགས་རྩོམ་ཟེར་བ་དེ་ངས་བལྟས་ན་精品ཟེར་བ་འདྲ།
- 佳作ཟེར་བ་འདྲ།
- ཡང་ན་རྒྱ་སྐད་ཀྱིས་བཤད་ན་དེ་འདྲའི་བཤད་ཕྱོགས་ཤིག་ཡོད་པ་རེད།
- ཁོ་རང་གྲགས་རྩོམ་གྱི་ནང་ལ་འདུས་པ་རེད།
- འདི་ལ་ཧ་ཅང་མི་དགའ་བའི་མི་ཉུང་བ་རེད།
- སྤྲིན་གྱི་ཕོ་ཉ་ལ་མི་དགའ་བའི་མི་ཧ་ལམ་མེད་གི
- འདི་འདྲ་ཞིག་བརྩམས་པ་རེད།
- དྲན་གདུང་ལྕི་བའི་མི་ལ་ཡུན་རིང་མི་བརྗེད་གཏན་ཏུ་བཞེངས།
- རྗེ་དགེ་འདུན་གྲུབ་པས་གང་རེད་ཟེར་ན།
- ཤར་གངས་རི་མ་ཟེར་བ་ཞིག
- ཤར་གངས་རི་དཀར་པོའི་རྩེ་མོ་ནས།
- སྤྲིན་དཀར་པོ་གནམ་ལ་བསྙེགས་འདྲ་བ།
- དེ་མཐོང་བའི་མོད་ལ་བླ་མ་དྲན་ཟེར་ནས།
- རང་གི་བླ་མ་དྲན་པའི་སྙན་ངག་འདི།
- འཕྲོས་རྟོག་ཟེར་བ།
- དེ་ལ་བརྟེན་ནས་གདོང་ཡངས་སུ་འཛད་པ།
- གདོང་ཡངས་སུ་འཛད་པ།
- དཔེ་བཞག་ན་ངས་འདི་ནས་རྩོམ་པ་པོ་ཡིས་གང་རེད་ཟེར་ན།
- རྗེ་དགེ་འདུན་གྲུབ་པ་ཡིས་རང་གི་བླ་མ།
- ཤར་གངས་རི་མ་དེ་ཧ་ཅང་གོ་རྒྱུ་ཡོད་པ་རེད།
- ཤར་གངས་རི་མ་དེ་ཁྱོད་ཚོ་ཡིས།
- སློབ་གྲྭ་ཆེན་མོ་ཡི་ནང་དུ་སློབ་ཚད་ཁྲིད་མྱོང་ཡོད་རྒྱུ་རེད།
- དེ་དཔེ་བཞག་ན་ངས་འདི་འདྲའི་གསལ་བཤད་ཅིག་བྱེད།
- རྩོམ་པ་པོ་ཡིས་སྤྲིན་པ་ཞིག
- སྤྲིན་པ་དཀར་པོ་ཞིག
- སྤྲིན་ཞིག་རེད།
- སྤྲིན་གྱི་ནང་ནས་སྤྲིན་དཀར་ནག་གཉིས་ཡོད་ཀི
- དེ་ཡི་ནང་གི་སྤྲིན་དཀར་པོ་ཞིག་རེད།
- སྤྲིན་དཀར་པོ་ཞིག་ཡིན་པ་མ་ཟད།
- སྤྲིན་དེ་གནད་ལ་བསྙེགས་འདྲ་བ་ཞིག་རྗེ་དགེ་འདུན་གྲུབ་པས་མཐོང་བ་རེད།
- དེ་ཡང་གང་རེད་ཟེར་ན།
- རི་ཡི་རྩེ་མོ་ན་ཡོད་པའི་སྤྲིན་པ་དཀར་བོ་ཞིག་རེད།
- རི་དེ་གང་རེད་ཟེར་ན་གངས་རི་དཀར་པོ་ཞིག་རེད།
- གངས་དཀར་དེ་ནི་གང་རེད་ཟེར་ན།
- རང་ཉིད་སྡོད་སའི་ཤར་ཕྱོགས་ན་ཡོད་པ་ཞིག་རེད།
- ནུབ་ཕྱོགས་ཀྱང་མ་རེད་བྱང་ཕྱོགས་ཀྱང་མ་རེད།
- ཤར་ཕྱོགས་ན་ཡོད་པའི་རི་ཞིག་རེད།
- དེ་སྒྲུབ་མ་ཐག་ཏུ་གང་རེད་ཟེར་ན།
- རང་གི་ཡིད་ལ་རང་གི་བླ་མ་དྲན་པ་རེད།
- ཡིད་ལ་འཁོར་དགོས་པའི་རྒྱུ་མཚན་གང་རེད་ཟེར་ན།
- ཁོང་གིས་མུ་མཐུད་དུ་སྤྲིན་དཀར་པོ་ལྡིང་བའི་ཤར་གྱི་ཕྱོགས་དེ་ན།
- འབྲོག་དགེ་ལྡན་རྣམ་པར་རྒྱས་བའི་གླིང་ཞིག་ཡོད་ཀི
- དེང་སང་གི་དགའ་ལྡན་དགོན་པ་ཆགས་ཡོད་རྒྱུ་རེད།
- རྗེ་རིན་པོ་ཆེ་ཕལ་ཆེར་དེར་བཞུགས་ཡོད་ཀི
- ཁོ་ཕལ་ཆེར་གང་ཞིག་ན་ཡོད་ན།
- གང་ལྟར་ཁོ་རང་གིས་བལྟས་ན་ཤར་ཕྱོགས་ན་ཡོད་རྒྱུ་རེད།
- དེ་ན་མཚམས་གཅོད་པར་དཀའ་བའི་དྲིན་པོ་ཆེ་བཞུགས།
- དྲིན་པོ་ཆེ་དེ་སུ་ཡིན་ཟེར་ན།
- རང་གི་བླ་མ་སྟེ་ཕ་བློ་བཟང་གྲགས་པ་ཡིན་ཞེས་སོང་ནས།
- སྐབས་སུ་དུས་སྐབས་དེ་ལ་ཤར་ཕྱོགས་མིན་པ་དང་།
- རྩེ་གངས་རི་དཀར་པོའི་རྩེ་མོ་མིན་པ།
- སྤྲིན་གནམ་ལ་བསྙེགས་འདྲའི་སྤྲིན་དཀར་པོ་བཅས་མིན་པ་མེད་པའི་དབང་དུ་བཏང་ན།
- རྗེ་དགེ་འདུན་གྲུབ་པ་ཡིས་ཤར་གངས་རི་མ་ཟེར་བའི།
- སྙན་ངག་འདི་བརྩམས་ཡོད་མེད་དེ་ལའང་དོགས་པ་སྐྱེས་དགོས་བ་ཞིག་རེད།
- དེ་ཡིན་པའི་རྐྱེན་གྱིས་གང་རེད་ཟེར་ན།
- འདི་ཡི་ནང་ནས་གང་རེད་ཟེར་ན།
- རང་གི་བླ་མ་དྲན་པའི་སེམས་ཁམས་ཤིག་གསལ་བོར་བཤད་ཡོད་པ་རེད།
- རང་གི་བླ་མ་དྲན་པའི་སེམས་ཁམས།
- དེ་དཔེ་འདྲ་བོ་དྲངས་བ་ཡིན།
- དེ་ནས་ཚང་དབྱངས་རྒྱ་མཚོའི་མགུར་གླུ་ཡི་ནང་ན་ཡང་།
- ཚང་དབྱངས་རྒྱ་མཚོའི་མགུར་གླུ་ཡིན་རྒྱུ་ན།
- སྦས་དོན་གཞན་ཡོད་ཅེས།
- ལ་ལས་བཤད་ན་ནང་དོན་གཞན་པ་བཤད་ཡོད་ཀི
- དེ་ནི་ཕོ་མོའི་བར་གྱི་མཛའ་གླུ་ཙམ་ཞིག་མ་རེད།
- དེར་སྦས་དོན་གཞན་པ་བཤད་རྒྱུ།
- ནང་དོན་གཞན་པ་ཡོད་ཀི་ཞེས་བཤད་ཚུལ་ཡོད་མོད།
- ང་ཚོས་དེར་བལྟས་མ་ཐག་ནས་གང་རེད་ཟེར་ན།
- འཚོ་བ་ཡི་བྲོ་བ་ཆེ་བ།
- སྐྱོ་བ་དང་དྲན་གདུང་གི་ཡིད་སྙམ་དེ་ང་ཚོ་ཚང་མས་བརྗེད་མི་ཐུབ་པ་རེད།
- དཔེ་ཞིག་བཞག་ན།
- ངང་བ་འདམ་ལ་ཆགས་ནས་རེ་ཞིག་སྡོད་དགོས་བསམ་ཡང་།
- མཚོ་མོ་དར་ཁ་བསྒྲིགས་ནས་རང་སེམས་ཁོ་ཐག་ཆོད་སོང་ལྟ་བུ།
- ཧ་ཅང་ཡིད་སྙམ་ཟེར་བ་ལ།
- སྙན་ངག་ཅིག་ཡིན་ན་ང་ཚོ་ཚང་མར་ཉམས་མྱོང་དེ་ཡོད།
- 意向ཡིད་སྙམ་ཟེར་བ་རེད་ལ་རྒྱ་སྐད་ཀྱིས།
- ཨོ་ལེད་་་ཡིད་སྙམ་ཟེར་བ།
- ཡིད་གཟུགས་ཞེས་ཀྱང་བཤད་པ་རེད།
- ཡིད་སྙམ་ཟེར་བ་རེད།
- ངང་བ་འདམ་ལ་ཆགས་ནས་རེ་ཞིག་སྡོད་དགོས་བསམ་ཡང་།
- མཚོ་མོ་དར་ཁ་བསྒྲིགས་ནས་རང་སེམས་ཁོ་ཐག་ཆོད་སོང་།
- མཚོ་ཡི་སྟེང་ལ་འདང་རྒྱབ་ན།
- བྱ་ངང་བ་ཞིག་མཚོ་དང་མཚེའུ་དར་ཁ་ཆགས་ནས།
- སྐབས་དེའི་རྣམ་པ་ཅི་འདྲ་ཞིག་རེད།
- མཚོ་མོ་དར་ཁ་བསྒྲིགས་ནས་རང་སེམས་ཁོ་ཐག་ཆོད་སོང་བ་ལྟ་བུ།
- དེ་ནས་རྒྱ་གར་ཤར་གྱི་རྨ་བྱ།
- ཀོང་ཡུལ་མཐྱིལ་གྱི་ནེ་ཙོ།
- འདི་ལྟ་བུའི་གྱེས་བྲལ།
- ངས་དེ་རིང་གཙོ་བོ་བཤད་པ་གྱེས་བྲལ་གྱི་ནང་དོན་བཤད་པ་ཡིན།
- བྱ་ངང་བ་ཡིན་ན་ཡང་དེ་རེད།
- བྱ་ངང་བ་ཡིན་ན་ཡང་དེ་རེད།
- དང་པོ་གང་རེད་ཟེར་ན།
- ཁོ་གཉིས་མཉམ་དུ་འཛོམས་པའི་སྨོན་ལམ་རྒྱག་བཞིན་ཡོད་མོད།
- མཚོ་མོ་དར་ཁ་བསྒྲིགས་ནས་རང་སེམས་ཁོ་ཐག་ཆོད་ཐལ།
- གྱེས་བྲལ་གྱི་རྣམ་པ་དེ་བཤད་བཞིན་ཡོད་པ་རེད།
- ཤར་གངས་རི་མ་ཡི་ནང་ནས་ཡང་གྱེས་བྲལ་གྱི་རྣམ་པ་དེ་བཤད་བཞིན་ཡོད།
- རང་གི་བླ་མ་དང་རང་གི་ཡིད་སྲས་གཉིས།
- ཡིད་སྲས་གཉིས་ཁ་བྲལ་བའི་རྣམ་པ།
- ཤར་གངས་རི་མ་དེ་མཐོང་ནས་རང་གི་བླ་མ་དྲན་གི
- ཕལ་ཆེར་ཁོ་གཉིས་མཉམ་གཅིག་ཏུ་བསྡད་ཡོད་རྒྱུ་མ་རེད།
- ཤར་གངས་རི་མ་རྩོམ་དུས་རྗེ་དགེ་འདུན་གྲུབ་པ་དང་།
- རྗེ་རིན་པོ་ཆེ་གཉིས་ཕལ་ཆེར་ཁ་ཁ་ཡིན་རྒྱུ་རེད།།
- གཅིག་ཤར་དང་གཅིག་ནུབ་ན་ཡོད་རྒྱུ་རེད།
- གྱེས་བྲལ་གྱི་ནང་ན་བཤད་བཞིན་ཡོད།
- ཡུན་ཐུང་གི་གྱེས་བྲལ་ཡིན་ན་ཡུན་རིང་གི་གྱེས་བྲལ་ཡིན་ན།
- གང་ལྟར་ཀྱང་གྱེས་བྲལ་གྱི་ནང་ན་བཤད་བཞིན་ཡོད།
- སྤྲིན་གྱི་ཕོ་ཉ་ཡིན་ན་ཡང་དེ་རེད།
- འདོད་ལྡན་དང་རང་གི་ཆུང་མ་གཉིས།
- ཨོ་ལེད་་ཁ་བྲལ་བའི་རྣམ་པ་དེ་བཤད་བཞིན་ཡོད།
- གོང་གི་བྱ་ངང་བ་ཡང་དེ་རེད།
- ཁ་བྲལ་བའི་རྣམ་པ་དེ་བཤད་བཞིན་ཡོད།
- རྒྱ་གར་ཡུལ་གྱི་རྨ་བྱ་ཀོང་ཡུལ་མཐྱིལ་གྱི་ནེ་ཙོ།
- གཅིག་རྒྱ་གར་ན་ཡོད་པའི་རྨ་བྱ་ཞིག་རེད།
- གཅིག་ཀོང་པོ་ས་ཆ།
- ལྷ་སའི་ཀོང་པོ་ཡུལ་ན་ཡོད་པའི་ནེ་ཙོ་ཞིག་རེད།
- དེ་གཉིས་ཡུལ་ལུང་མི་གཅིག་གི
- ཡང་དེ་ཡི་སྟེང་ནས་ཀྱང་དྲང་མོར་བཤད་ན་གྱེས་བྲལ་གྱི་རྣམ་པ།
- དེ་ཚང་མ་གང་རེད་ཟེར་ན་དྲན་གདུང་རེད།
- དེ་སྤྱིར་ཚང་མས་ཤེས་པ་རེད།
- ལོ་རབས་ལྔ་བཅུ་དང་དྲུག་བཅུ་ཡི་ནང་ལ་སྐྱེས་བའི་གཞོན་ནུ།
- མདོ་སྨད་ཀྱི་ན་གཞོན་ཞིག་ཡིན་ན་སྤྱིར་བཏང་གིས་ཤེས་པ་རེད།
- ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ་ཟེར་བ།
- དེང་སང་བཤད་ན་རོགས་མཐུན་ཟེར་བ་རེད།
- འདི་ཡི་སྐོར་ནས་གང་རེད་ཟེར་ན།
- དེ་ཡི་ནང་ནས་གང་རེད་ཟེར་ན།
- དེ་ཡི་ནང་ནས་ཀྱང་ཁོ་གཉིས་བར་གྱི།
- ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ་གཉིས་ཀྱི་བར་གྱི།
- སྡུག་བསྔལ་དང་གྱེས་བྲལ་གྱི་རྣམ་པ།
- དྲན་གདུང་དེ་བཤད་བཞིན་ཡོད་པ་རེད།
- འོ་་་སྲོལ་རྒྱུན་གྱི་འདུ་ཤེས་ཡིན་ན་འདྲ།
- འོ་་་ཁོ་གཉིས་གང་རེད་ཟེར་ན།
- རང་གི་བསམ་དོན་དེ་མ་འགྲུབ་པ།
- རང་ཉིད་ལམ་དོན་གཅིག་ལ་འགྲོ་བའི།
- སྨོན་ལམ་དེ་མ་འགྲུབ་པའི་སྡུག་བསྔལ་བརྗོད་བཞིན་པ།
- ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ་ཟེར་བ།
- མི་སྣ་གཉིས་ཏེ་འཚོ་བའི་ནང་གི་མི་སྣ།
- ཕལ་ཆེར་འདི་གཉིས།
- གལ་ཏེ་འཚོ་བའི་ནང་དུ་དངོས་སུ་བྱུང་བའི་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་རྒྱུ་རེད།
- ཕལ་ཆེར་ཡིན་རྒྱུ་རེད།
- དེ་གཉིས་བར་གྱི་སྡུག་བསྔལ་དེ།
- ལོ་རབས་ལྔ་བཅུ་དང་དྲུག་བཅུ་ཡི་མི་ཞིག་ཡིན་ན།
- འདི་མི་ཤེས་པའམ་ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ་ཟེར་བ།
- འདི་དམངས་ཁྲོད་ཀྱི་སྒྲུང་འདི་མི་ཤེས་བ་ཡོད་རྒྱུ་མ་རེད།
- ཚེ་སྐལ་བ་དང་རོགས་ཟེར་བ་དེ་ཅི་འདྲ་ཞིག་ཡིན་པ་དེ་མ་དཔེ་རེད།
- 原形རེད།
- དྲང་མོར་བཤད་ན་འདི་གཉིས་འཚོ་བའི་ནང་ལ་བཙལ་ན་བཙལ་བའི།
- མ་དཔེ་དེ་ཕལ་ཆེར་འདི་ཡོད་རྒྱུ་རེད།
- འདི་འདྲའི་གང་རེད་ཟེར་ན་དྲན་གདུང་དེ་ཡོད་པ་རེད།
- ཨོ་ལེད་་་དེའི་རྗེས་སུ་གང་རེད་དཔེ་བཞག་ན།
- ཤེལ་དཀར་མི་འགྱུར་གླིང་བ་ཡིས་བརྩམས་པའི་ལྷ་ས་དྲན་གླུ་ལྟ་བུ་རེད།
- ལྷ་ས་དྲན་གླུ་འདི་རེད།
- ལྷ་ས་དྲན་གླུ་ཟེར་བ་དེ་ཡང་དྲན་གདུང་གི་སྒོ་ནས།
- གྱེས་བྲལ་གྱི་སྒོ་ནས།
- དེ་འདྲའི་ཁོར་ཡུག་ཅིག་ནས་བྲིས་པ་ཞིག་རེད།
- རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ།
- སྐབས་དེར་རྒྱ་གར་ན་བཞུགས་པའི་སྐབས་དེར།
- ཁོ་ཚང་གི་བཀའ་ཀྲུང་རེད།
- ཀྲུང་ཡིག་རེད།
- ཀྲུང་ཡིག་ཁྱོད་རང་གིས་འདི་འདྲ་ཞིག་རྩོམ་དགོས་ཞེས།
- ལྷ་ས་དྲན་གླུ།
- འདི་ནི་གང་རེད་ཟེར་ན།
- འགྲོས་དང་ཚིག་སྦྱོར་གྱི་ཞན་ཆ་མ་གཏོགས་པའི།
- གསར་རྩོམ་གྱི་སྒུལ་ཤུགས་དང་།
- རྩོམ་སྣང་མཛད་སྐབས་ཀྱི་མྱོང་སྣང་།
- བརྩམས་རྗེས་ཀྱི་དགའ་སྣང་དེ་དག་ནི།
- གསར་རྩོམ་གནད་མ་ཞིག་ལ་ཚང་འོས་བའི་གོ་རིམ་དང་།
- གཙུགས་མིན་ཡིན་པར་མཁས་ཆེ་བར་བཞུགས་སོ།
- དྲང་མོར་བཤད་ན་ལྷ་ས་དྲན་གླུ་དེ།
- ཡང་གཅིག་གིས་ལྷ་ས་དྲན།
- ཡང་གཅིག་གིས་ལྷ་ས་དྲན།
- སྤྱིར་བཏང་གིས་བལྟས་ན་དེ་འདྲ་ཞིག་རེད་མོད།
- ཤས་ཆེ་བའི་ཚིག་སྦྱོར་ལ་སོགས་པར་བལྟས་ན་སྤྱིར་བཏང་ཞིག་རེད་མོད།
- ཡིན་ན་ཡང་དེ་ཤེལ་གྲོང་མི་འགྱུར་གླིང་བ་ཡིས་རྩོམ་པའི་སྐབས་ལ།
- གསར་རྩོམ་གྱི་སྒུལ་ཤུགས་ཆེན་པོ་ཞིག་ཡོད་རྒྱུ་རེད།
- རྩོམ་སྣང་མཛད་པའི་སྐབས་ཀྱི་མྱོང་སྣང་ཞིག་ཡོད་རྒྱུ་རེད།
- བརྩམས་ཚར་བའི་རྗེས་ཀྱི་དགའ་སྣང་ཞིག་ཡོད་རྒྱུ་རེད།
- དེ་གང་རེད་ཟེར་ན།
- གསར་རྩོམ་གནད་མ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་ཡིན་རྒྱུ་རེད།
- ལྷ་ས་དྲན་གླུ།
- ཨོ་ལེད་་་ལ་སོགས་པ།
- དཔེ་བཞག་ན་རང་ཉིད་ལ།
- རང་གིས་དཔེ་བཞག་ན།
- པེ་ཅིན་སློབ་གྲྭ་ཆེན་མོ་ནས་ལོ་གཅིག་གི་སློབ་སྦྱོང་།
- ན་ནིང་གི་ལོ་གཅིག་གི་སློབ་སྦྱོང་དེའི་སྐབས་སུ།
- བྱང་གི་སྨག་མེད་མཚོ་ངོགས་ནས་ཨ་མ་དྲན་པ་ཟེར་བ།
- ངས་ཁ་བྱང་དེ་འདྲ་ཞིག་བྲིས་པ་ཡིན།
- ཕལ་ཆེར་གངས་ཅན་མེ་ཏོག་སློབ་དེབ་གསུམ་པ་ཡིན་ནམ།
- གཉིས་པ་ཡིན་ནམ་ཕལ་ཆེར་བཞག་ཡོད་ཟེར་བ་གོ་ཐལ།
- དེ་ཨང་གཉིས་བ་རེད།
- ངས་ད་དུང་མ་རིག་ཐལ།
- དེ་ཡི་ནང་ལ་ངས་ཀྱང་དེ་རེད།
- བྱང་གི་སྨག་མེད་མཚོ་ངོགས་ནས།
- བྱང་གི་སྨག་མེད་མཚོ་ངོགས་ནས་ཨ་མ་དྲན་པ།
- དེའི་ནང་དུ་ཡུན་ཐུང་གི་གྱེས་བྲལ་ཡིན་མོད།
- དེའི་ནང་ནས་ཀྱང་རང་གི་སྐབས་དེའི།
- རང་ཉིད་ཀྱི་ཨ་མ་ཞིག
- ཨ་མ་རྒན་མོ་ཞིག
- མགོ་སྐྲ་དཀར་པོ་སྐྱེས་པའི་ཨ་མ་རྒན་མོ་ཞིག་དྲན་པའི་རྣམ་པ་དེ།
- དེ་ཡི་ཚོར་འདུ་ཟེར་ན་འདྲ།
- རང་གི་སེམས་ཁམས་དེ་དེའི་ནང་དུ་བྲིས་ཡོད་རྒྱུ་རེད།
- ད་རུང་སྙན་ངག་ཁ་ཤས་བྲིས་ཡོད།
- འདི་འདྲ་ཁ་ཤས་བྲིས་ཡོད་རྒྱུ་རེད།
- མདང་ནུབ་ངས་ཁྱོད་ཕྱོགས་སུ་ཡང་ཡང་བལྟས་ཟེར་བའི་ཁ་བྱང་།
- དེ་འདྲའི་སྙན་ངག་ཀྱང་གཅིག་གཉིས་རེ་བྲིས་ཡོད་པ་རེད།
- མདང་ནུབ་ངས་ཁྱོད་ཕྱོགས་སུ་ཡང་ཡང་བལྟས་ཟེར་བ།
- དཔེ་བཞག་ན་ཁ་བྱང་དེ།
- འདི་ཚང་མ་གང་རེད་ཟེར་ན།
- ང་རང་ཉིད་ལ་མཚོན་ན་ཟེར་བ་རེད།
- ཡུན་ཐུང་གི་གྱེས་བྲལ་ཡིན་ན་འདྲ།
- ཡུན་རིང་གི་གྱེས་བྲལ་ཡིན་ན་འདྲ།
- འདི་གང་རེད་ཟེར་ན།
- ང་རང་ཉིད་ལ་མཚོན་ན་ཡང་གསར་རྩོམ་གྱི་ས་བོན་ཞིག་རེད།
- གནས་སྐབས་དེར་ཁྱོད་དང་ང་སུ་ཞིག་ཡིན་རུང་།
- སེམས་གཏིང་དེ་ལ་ལག་སྙོར་བྱེད་པ།
- དམིགས་བསལ་གྱི་གྱེས་བྲལ་དང་གྱེས་བའི་གནས་སྐབས་དེ་ལ་གང་རེད་ཟེར་ན།
- སེམས་ཁམས་དེ་ཧ་ཅང་གིས་སྙོམ་པ་རེད།
- ལྗིད་ཏིག་ཏིག་གི་བསམ་པ་ལྡོག་པོ་དེ་འཛིན་སླ་བ་རེད།
- གནས་སྐབས་དེ་ལ་ཅི་ཟེར་ཞེ་ན།
- མིག་ཆུ་ཡི་གནས་སྐབས་ཟེར།
- སྐར་ཆེན་མེད་པའི་གནས་སྐབས་རེད།
- སྐྱེལ་མ།
- དམིགས་བསལ་གྱི་སྐྱེལ་མ་དང་དམིགས་བསལ་གྱི་གྱེས་བྲལ།
- དཔེ་ཞིག་བཞག་ན་མི་ལ་རས་པའི་རྣམ་མགུར་གྱི་ནང་ན།
- འདི་འདྲའི་སྐད་ཆ་ཞིག་ཡོད།
- མི་ལ་རས་པའི་རྣམ་མགུར་གྱི་ནང་དུ།
- མི་ལ་རས་པ་དེ་སྐབས་དེའི་ཐོས་བ་དགའ་རེད།
- ཐོས་བ་དགའ་ཟེར་བ་རེད།
- མི་ལ་རས་པ་ཟེར་རྒྱུ་མ་རེད།
- ལོ་ཆུང་དུས་སྐབས་ལ།
- ཐོས་བ་དགའ་དང་ཡུམ་མྱང་ཚ་དཀར་རྒྱན་གཉིས་ཁ་བྲལ་བའི་རྣམ་པ།
- དེ་ཡང་སྐད་ཆ་ཅི་འདྲ་ཞིག་བཤད་ཡོད་ཟེར་ན།
- ང་ཨ་མ་ལ་སེམས་འཁྲེང་དྲག་སྟེ།
- སེམས་འཁྲེང་དེར་གོ་རྒྱུ་ཞིག་ཡོད་ཀི
- སེམས་འཁྲེང་བ་ཟེར་བ།
- ཞེ་ཆགས་པའི་ནང་དོན་དེ་འདྲ་ཞིག་ཡོད་ཀི
- ཁ་བྲལ་མི་ཐུབ་པའི་རྣམ་པ་ཞིག་ཡོད་ཀི
- སྤྱིར་བཏང་གིས་ཁ་བྲལ་ཟེར་བའི་ཚིག་དེ་ལས།
- སེམས་འཁྲེང་ཟེར་བ་དེ་ལ་ཚིག་གི་ལྗིད་ཤུགས་མི་འདྲ་བ་ཞིག་ཡོད།
- ང་ཨ་མ་ལ་སེམས་འཁྲེང་དྲག་སྟེ།
- ཧ་ཅང་མང་ཐལ།
- ཞེ་ཆགས་རྒྱུ་མང་བ་ཚད་ལས་བརྒལ་བ་རེད།
- དེ་མི་ལ་རས་པའི་རྣམ་ཐར་ནང་གི་ཚིག་ཇི་མ་ཇི་བཞིན་རེད།
- ཡང་ཡང་ཕྱིར་མིག་བལྟ་བ་དང་མཆི་མ་མང་པོ་ཤོར།
- ཡང་ཡང་ཕྱིར་མིག་བལྟ་བ་དང་མཆི་མའམ་མིག་ཆུ་མང་པོ་ཤོར།
- ཨ་མ་ཡང་ང་བུ་གཅིག་པུ་ལ་སེམས་འཁྲེང་བས།
- ངེད་རྣམས་ཐུང་ཐུང་གི་བར་དུ་ང་ལ་མིག་ཅེར་ནས་ངུ་བཞིན་བསྡད་འདུག
- མིག་ཐུང་ཐུང་གི་བར་དུ།
- སྐྱེལ་མ།
- མ་བུ་གཉིས་ཀ་ཁ་བྲལ་ནས།
- དམིགས་བསལ་གྱི་གྱེས་བྲལ་དང་དམིགས་བསལ་གྱི་སྐྱེལ་མ།
- འདི་ལྟ་བུ་ཞིག་ལ་དམིགས་བསལ་གྱི་སྐྱེལ་མ་དང་དམིགས་བསལ་གྱི་གྱེས་བྲལ།
- དམིགས་བསལ་ཞེས་པའི་སྐད་ཆ་དེ་འདྲ་ཞིག
- མིག་ཅེར་ནས་ཐུང་ཐུང་གི་བར་ལ་མིག་གིས་སྐྱེལ་མ་བྱས།
- ཁོ་རང་གིས་ཕྱིར་མིག་ཡང་ཡང་བལྟ་བ་དང་མིག་ཆུ་ཡང་ཡང་ཤོར།
- ]ཚིག་དུམ་བུ་དེ་ཡིས་གང་རེད་ཟེར་ན།
- དམིགས་བསལ་གྱི་གྱེས་བྲལ་དང་སྐྱེལ་མའི་གནས་སྐབས་དེ།
- ཡང་དག་པར་གསལ་བཤད་བྱས་ཡོད་ཅེས་ངས་དེ་ལྟར་བྲིས་ཡོད།
- དེའི་མི་ཚད་པར་གང་རེད་ཟེར་ན།
- དེ་ཡིན་པའི་རྒྱུ་མཚན།
- སེམས་འཁྲེང་དྲག་པའི་རྒྱུ་མཚན་དེ་ཅི་རེད་ཟེར་ན།
- ཡུམ་མྱང་ཚ་དཀར་རྒྱན་ལ་མཚོན་ན།
- ཚེ་གཅིག་བཟའ་ཟླ་ཕྱི་མར་གཤེགས་ཚར་བ།
- མྱང་ཚ་དཀར་རྒྱན།
- ང་ཚོ་བོད་ཀྱི་མཛངས་མ་ལོ་རྒྱུས་སྟེང་གི་མི་སྣ་གསོན་པོ།
- མཛངས་མ་ཡི་ནང་གི་དཔེ་མཚོན་ཞིག་རེད།
- རང་གི་བཟའ་ཟླ་ཚེ་ཕྱི་མ་ལ་བཤེགས་ཚར་སོང་།
- སྙིང་གི་བུ་ཆུང་ཐག་རིང་ལ་མཐུ་སློབ་ཏུ་འགྲོ་དགོས་བའི་ཚེ།
- ཁོ་མོའི་སེམས་ཀྱི་སྐྱོ་གདུང་སུས་ཀྱང་ཚོར་དཀའ།
- ཨོ་ལེད་་་བུ་ལོ་ཆུང་ཆུང་གི་སྐབས་ལ་མཐུ་སློབ་ཏུ་ས་ཐག་རིང་ལ་འགྲོ་དགོས།
- བླ་མ་བཙལ་དགོས།
- བླ་མ་ཞིག་བཙལ་ནས་རྙེད་མི་རྙེད་ཀྱི་སྡུག་བསྔལ།
- བླ་མ་ཞིག་བཙལ་ནས་རྙེད་ཀྱང་།
- བླ་མ་དེས་དང་དུ་ལེན་མི་ལེན་པའི་སྡུག་བསྔལ།
- སུས་ཀྱང་བཤད་དཀའ།
- བུ་ཐོས་བ་དགའ་ལ་མཚོན་ན།
- དྲིན་ཆེན་གྱི་ཨ་མ་ཡུལ་དུ་བསྐྱུར།
- མ་ཡུམ་ལ་ཨ་ཁུ་དང་ཨ་ནེ་ཡིས་མུ་མཐུད་དུ་ཐུབ་ཚོད་གཏོང་ངེས་བ་སེམས་ཀྱིས་ཚོར།
- ཨ་ཁུ་དང་ཨ་ནེས་མུ་མཐུད་དུ་གང་རེད་ཟེར་ན།
- རང་གི་ཨ་མ་ལ་བརྙས་བཅོས་དང་ཐུབ་ཚོད་བྱེད་པ་དེ།
- ཐོས་བ་དགའ་ཁོས་སེམས་ཀྱིས་ཀྱང་ཤེས་ཡོད།
- མཐུ་སློབ་སའི་དགེ་རྒན་ཞིག་དང་འཕྲད་མི་འཕྲད་ཀྱི་སེམས་ཁུར་ཡང་ཆེ།
- འདིའི་སྐབས་སུ་ཁོའི་སེམས་ཁམས་ཀྱང་རྙོག་དྲ་ཆེ་ཞིང་།
- འགལ་འདུ་ཕུང་བོ་ཞིག་ཡིན་པ་ང་ཚོས་ཅུང་ཟད་བཤད་པས་རྟོག་ནུས་སོ།
- ང་ཚོས་ཅུང་ཙམ་འདང་རྒྱབ་ན་ཡང་ཧ་གོ་བ་རེད།
- དེ་ཡིན་པའི་རྐྱེན་གྱིས་མི་ལ་རུས་པའི་སྐད་ཆ་དེ།
- སྐད་ཆ་དེ་ཅི་འདྲ་ཞིག་བཤད་པ་རེད་ཟེར་ན།
- ང་ཨོ་ལེད་་་དེ་ལྟར་བཤད་ཡོད་ལ།
- ང་ཨ་མ་ལ་སེམས་འཁྲེང་དྲག་སྟེ།
- ཨོ་ལེད་་ཡང་ཡང་ཕྱིར་མིག་བལྟ་བ་དང་།
- མཆི་མ་མང་པོ་ཤོར་སོང་ཟེར་བའི་རྒྱུ་མཚན་དེ་རེད།
- དེ་འདྲའི་རྒྱབ་ལྗོངས་དང་དེ་འདྲའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་རེད།
- རང་གི་ཨ་མ་དེ་ལ་བཟའ་ཚང་མེད་ཀི།
- བརྟེན་ས་དང་སྐྱབས་བཅོལ་ས་མེད་ཀི།
- ཨ་ཁུ་དང་ཨ་ནེས་མུ་མཐུད་དུ་ཐུབ་ཚོད་བྱེད་རྒྱུ་རེད།
- དེ་ལ་རང་གི་རེ་བ་ཉག་གཅིག་བཅོལ་ས་ནི།
- རང་གི་བུ་ཐོས་བ་དགའ་དེ་རེད།
- ལོ་ཆུང་ཆུང་ཞིག་རེད།
- མཐུ་སློབ་དུ་འགྲོ་དགོས་ན།
- མ་བུ་གཉིས་ཀྱི་སྡུག་བསྔལ་དེ།
- དེའི་སྐབས་ཀྱི་གྱེས་བྲལ་དེ།
- དམིགས་བསལ་གྱི་གྱེས་བྲལ་དང་དམིགས་བསལ་གྱི་སྐྱེལ་མ་རེད།
- འོ་་མིག་ཆུ་མེད་པའི་གནས་སྐབས།
- སྐད་ཆ་མེད་པའི་གནས་སྐབས།
- གནས་སྐབས་དེ་ཅི་འདྲ་ཞིག་གི་གནས་སྐབས་རེད་ཟེར་ན།
- མིག་ཆུ་མེད་པའམ་མཆི་མ་མེད་པ།
- སྐད་ཆ་མེད་པའམ་སྐད་ཆ་བཤད་རྒྱུ་མེད་པ།
- སྐད་ཆ་བཤད་རྒྱུ་མེད་པ།
- སེམས་འཁྲེང་ཟེར་བ་དེ་ཕལ་ཆེར་དེ་འདྲ་ཞིག་ལ་གོ་བ་བླངས་ན་འགྲིག་གི
- ཨོ་ལེད་་ང་ཚོའི་སྙན་ངག་ནང་ན་སེམས་འཁྲེང་ཟེར་བ་དེ་མང་པོ་ཡོད་ཀི
- དེའི་ཞོར་ལ་ངའི་སློབ་མ་ཞིག་ལ།
- བོད་ལྗོངས་སློབ་གྲྭ་ཆེན་མོ་ནང་ནས།
- མཐར་ཕྱིན་པའི་སློབ་མ་ཞིག་ལ་བསོད་སྟོན་ཟེར་བ་ཞིག་ཡོད།
- དེའི་སྙན་ངག་ཁ་ཤས་འབྲི་བཞིན་ཡོད་ལ།
- ད་བར་ཞིབ་འཇུག་སློབ་མར་་རྒྱུགས་འཕྲོད་ཡོད་ལ།
- བསོད་སྟོན་ཟེར་བ་རེད།
- ལྷ་སའི་སློབ་འབྲིང་གི་དགེ་རྒན་ཏེ་མཐོ་འབྲིང་གི་དགེ་རྒན་ཞིག་རེད།
- བསོད་སྟོན་གྱིས་གྲོགས་པོ་བདེ་མོ་ཟེར་བའི།
- རྩོམ་གྲོགས་ཁ་ཤས་སློབ་མཐར་ཕྱིན་པའི་ཕར་སྐྱེལ་དུ་ཟེར་བའི།
- ཁ་བྱང་ལ་དེ་འདྲའི་རྩོམ་ཞིག་བྲིས་ཡོད།