Skip to main content Skip to search
31 Jan 2012
4 min 57 sec
Video Overview
Creators: 
Georges Dreyfus

A general tour of Drepung narrated by Georges Dreyfus highlighting its geographical location and its various monastic colleges.

Transcript search
No results found for this search
0 of 0
  • འདི་ནི་ལྷ་སའི་ཉེ་འཁོར་དུ་ཡོད་པའི་འབྲས་སྤུངས་དགོན་པའི་ནུབ་ཕྱོགས་ནས་མཐོང་ཐུབ་པའི་ལྷ་སའི་ཡུལ་གྱི་བཀོད་པ་རེད།
  • ཁྱེད་ཀྱིས་གསལ་པོར་གཟིགས་པ་ཐུབ་པ་འདི་ནི། དབུས་སུ་ཕོ་བྲང་པོ་ཏ་ལ་དང་ཕོ་བྲང་ནས་ལྷ་སའི་ནུབ་ཕྱོགས་སུ་ཡོད་པའི་འབྲས་སྤུངས་དགོན་པའི་བར་གྱི་འཁོར་ལམ་དེ་རེད།
  • ད་ལྟ་ཁྱེད་ཀྱིས་གཟིགས་ཐུབ་པ་འདི་ནི་དགོན་པ་ཆུང་གྲས་ཡིན་པ་གནས་ཆུང་དགོན་པ་རེད། འབྲས་སྤུངས་དགོན་པ་ནི་འདིའི་ཐོད་དུ་ཆགས་ཡོད་པ་དང་འདི་དགེ་འཕེལ་རི་བོའི་ངོས་སུ་ཡོད། འདི་རྒྱ་མཚོའི་ངོས་ནས་ཕྷི་ཊི་༡༧,༠༠༠ཙམ་ལ་གནས་ཡོད།
  • ༡༩༥༩ སྔོན་ལ། འབྲས་སྤུངས་དགོན་པ་ནི་བོད་ཀྱི་དགོན་སྡེ་ཆེ་ཤོས་གྲས་ཤིག་ཡིན་པ་དང་། སྐབས་དེ་དུས་དགེ་འདུན་གྱི་གྲངས་འབོར་༡༣༠༠༠ཙམ་ཡོད།
  • ཁྱེད་ཀྱི་གཟིགས་ཐུབ་པ་བཞིན་དགོན་པ་འདི་ནི་གཞི་རྒྱ་ཆེ་ཞིང་། ལྷ་ཁང་ཆེ་ཁག་འགའ་ཤས་དང་དགེ་འདུན་གྱི་གྲྭ་ཤག་ཧ་ཅང་མང་པོ་ཡོད།
  • འདི་ནི་འབྲས་སྤུངས་དགོན་པའི་རྒྱལ་སྒོ་རེད། གནས་འདི་ནི་ལྷ་སའི་ཉེ་འཁོར་དུ་ཡོད་པའི་དད་ལྡན་སྐྱ་བོ་ཆོས་ཞུ་བ་ཚོས་ཆོས་མཇལ་ཞུ་ཡུལ་གྱི་གནས་གཙོ་བོ་ཞིག་རེད། ལྷག་པར་དུ་དུས་ཆེན་སྐབས་ལ་མི་ཕོན་ཆེན་པོ་ཆོས་འཇལ་དུ་སླེབས་ཀྱི་ཡོད།
  • བྱིས་པ་འདི་ཚོ་ནི་གནས་སྐོར་བ་ལོ་ན་ཆུང་ཤོས་གྲས་ཤིག་རེད།
  • འབྲས་སྤུངས་དགོན་པར་གྲྭ་ཚང་འགའ་ཤས་ཡོད། འདི་ནི་འབྲས་སྤུངས་སྒོ་མང་གྲྭ་ཚང་རེད། འདི་ནི་ཆོས་ཀྱི་སློབ་གཉེར་ཁང་ཆེ་ཤོས་གཉིས་པ་དེ་རེད།
  • བདེ་ཡངས་གྲྭ་ཚང་། དེ་ནི་གྲྭ་ཚང་ཆུང་ཤོས་དེ་རེད། དེའི་འགྲམ་དུ་ཡོད་པ་དེ་ནི་འབྲས་སྤུངས་བློ་གསལ་གླིང་། དེ་ནི་དགོན་པའི་གྲྭ་ཚང་ནང་ནས་ཆེ་ཤོས་དེ་རེད། ༡༩༥༩ སྔོན་ལ་དགེ་འདུན་གྱི་གྲངས་འབོར་༦༠༠༠ནས་༧༠༠༠བར་ཡོད།
  • འདི་ནི་འབྲས་སྤུངས་དགོན་པའི་ལྷ་ཁང་གཙོ་བོ་དང་ཚོགས་ཆེན་འདུ་ཁང་གནས་ཡུལ་དེ་རེད། འདི་ནི་བོད་ཀྱི་ཤར་ཕྱོགས་ནས་ཕེབས་པའི་དགེ་འདུན་པ་གནས་སྡོད་བྱེད་ས་རེད།
  • ཚོགས་ཆེན་འདུ་ཁང་ནི་དགེ་འདུན་པ་ཚོས་ཉིན་ལྟར་ཞོགས་པ་འདུ་འཛོམས་བྱས་ནས་ཉིན་རེའི་ཁ་འདོན་ལ་སོགས་པའི་ཆོས་ཀྱི་བྱེད་སྒོ་འགོ་འཛུགས་བྱ་ཡུལ་དེ་རེད།
  • འདུ་ཁང་དང་ཁྱམས་ར་གཉིས་ཀའི་ནང་དུ་དགེ་འདུན་པས་ཁེངས་ནས་ཡོད་པ་ཁྱེད་ཀྱིས་ཚོད་དཔག་གནང་ཐུབ།
  • འདི་ནི་ཚོགས་ཆེན་འདུ་ཁང་ནང་དུ་ཡོད་པའི་རྟེན་གཙོ་གཙོ་བོ་དེ་རེད། སྐུ་འདྲ་འདི་ནི་འཇམ་དཔལ་དབྱངས་ཀྱི་སྐུ་འདྲ་རེད། འཇམ་དཔལ་དབྱངས་ནི་ཤེས་རབ་ཀྱི་ལྷ་ཡིན་པས་གལ་གནད་ཆེ་ཤོས་ཤིག་རེད།
  • འདི་ནི་རྒྱལ་བ་བྱམས་པའི་སྐུ་རེད། ཁྱེད་ཀྱིས་གཟིགས་ཐུབ་པ་བཞིན་ཆོས་ཞུ་ཚོས་བང་སྒྲིག་ནས་ཆོས་འཇལ་ཞུ་བཞིན་ཡོད།
  • འབྲས་སྤུངས་དགོན་པ་ནི་ཡང་སྤྱི་ལོའི་དུས་བཅུ་བདུན་པའི་ནང་ཏཱ་ལའི་བླ་མས་བོད་ཀྱི་བསྟན་སྲིད་ཀྱིས་ཐུགས་འགན་མ་བཞེས་སྔོན་གྱི་རྟེན་གཞི་གནང་ཡུལ་གཙོ་བོ་དེ་རེད།
  • འདི་ནི་ཏཱ་ལའི་བླ་མའི་ཕོ་བྲང་ཡིན་པ་དང་། འདི་ལ་དགའ་ལྡན་ཕོ་བྲང་ཟེར།
  • ཕོ་བྲང་ནང་ལོགས་སུ་ཕོ་བྲང་པོ་ཏ་ལར་གནས་སྤོས་མ་གནང་གོང་གི་ཏཱ་ལའི་བླ་མའི་གཟིམ་ཤག་ཡོད།
  • འདི་ནི་ཏཱ་ལའི་བླ་མའི་གཟིམ་ཁང་རེད། འདི་སྟོང་པར་ལུས་ནས་ཡུན་རིང་སོང་ཡོད།
  • འདི་ནི་སྒོ་མང་གྲྭ་ཚང་གི་བཤད་གྲྭ་རེད། འདི་བཤད་གྲྭ་ཆེ་ཤོས་གཉིས་པ་དེ་རེད། དེའི་ནང་འབྲས་སྤུངས་ནང་ཉར་ཚགས་ཡག་ཤོས་བྱས་ཡོད་པའི་ཆོས་ཀྱི་སྒྱུ་རྩལ་གྱི་ལོ་རྒྱུས་ཡོད། དཔེར་ན་སངས་རྒྱས་མི་བསྐྱོད་པའི་སྐུ་འདི་ལྟ་བུ་རེད།
  • བཤད་གྲྭ་ཆེ་ཤོས་ནི་བློ་གསལ་གླིང་རེད། འདིར་དགེ་འདུན་ཕལ་ཆེར་༦༠༠༠ནས་༧༠༠༠བར་ཡོད། འདིའི་ནང་ཡོད་པའི་ནང་བསྟན་རྣམས་ཅུང་ཉར་ཚགས་ཆུང་བ་བྱས་ཡོད། འདི་ནི་དགོན་པའི་སྲུང་མ་གཙོ་བོ་གནས་ཆུང་ཆོས་རྒྱལ་རེད།
  • འགྲེལ་བརྗོད་བྱེད་ཡག་གི་བཤད་གྲྭ་མཐའ་མ་འདི་ནི་སྔགས་པ་གྲྭ་ཚང་རེད། འདི་ནི་འབྲས་སྤུངས་དགོན་པའི་ཆ་ཤད་དང་འདིར་གསང་སྔགས་ཀྱི་ཆོས་ཉམས་ལེན་གནང་གྱི་ཡོད།
  • འདི་ནི་འབྲས་སྤུངས་དགོན་གྱི་རྟེན་གཙོ་རྩ་ཆེ་ཤོས་ཀྱི་རྡོ་རྗེ་འཇིག་བྱེད་སྐུ་བརྙན་རེད། སྐུ་འདྲ་དངོས་དེ་སྤྱི་ལོའི་དུས་རབས་བཅུ་དགུའི་ནང་དུ་མེས་ཚིག་ཀྱང་གཅིག་མཚུངས་ཤིག་སླར་བཞེངས་གནང་།
  • འབྲས་སྤུངས་དགོན་པར་སྔར་དགེ་འདུན་པ་༡༣༠༠༠ཡོད་ཀྱང་། འོན་ཀྱང་ད་ཆ་༦༠༠༠ནས་༧༠༠༠ལས་ལྷག་པ་མི་ཆོག་པ་བཟོས་ཡོད།
  • དེ་འདྲ་སོང་ཙང་སྔར་དང་མི་འདྲ་ཡང་། ད་དུང་མུ་མཐུད་ནས་སྔར་བཞིན་ཆོས་ཀྱི་བྱེད་སྒོ་རྣམས་ལག་བསྟར་བྱེད་བཞིན་ཡོད།
  • ད་ལྟ་མཐོང་བཞིན་པ་འདི་ནི་འབྲས་སྤུངས་དགོན་པའི་གནས་བཤད་འདིའི་ནང་གི་པར་ལེན་མཐའ་མ་དེ་རེད། དགོན་པའི་ཐོད་དུ་བསྙེན་མཚམས་གནང་སའི་གནས་རི་ཡོད། འདི་ནི་ལྷ་སའི་ཡུལ་མི་ཚོས་ལྷག་པར་དུ་དབྱར་དུས་སྐབས་གནས་སྐོར་ལ་འགྲོ་ས་དང་ས་གནས་ཀྱི་ཡུལ་ལྷ་ཁག་ལ་གསོལ་མཆོད་བྱེད་ཡུལ་རེད།