Skip to main content Skip to search
31 Jan 2012
4 min 14 sec
Video Overview
Creators: 
Georges Dreyfus

A tour of the Chapel of the Buddhas of the Three Times, narrated by Georges Dreyfus

Transcript search
No results found for this search
0 of 0
  • : ང་ཚོ་ལ་ལྟ་འབྲས་སྤུངས་ཚོགས་ཆེན་གྱི་ཕྱི་ལ་ཡོད། འབྲས་སྤུངས་མགོན་ནི་སྔར་བོད་ནང་གི་དགོན་སྡེ་ཆེ་ཤོས་གྲས་ཤིག་ཡིན་པ་དང་། དགེ་འདུན་པ་ཁྲི་གཅིག་དང་གསུམ་སྟོང་ཙམ་ཡོད།
  • : ས་ཆ་འདི་ནི་དགེ་འདུན་པ་ཚོས་ཞོགས་པ་ཉིན་ལྟར་ཆོས་ཀྱི་བྱེད་སྒོ་ཁག་གི་ཆེད་དུ་འདུ་འཛོམས་བྱེད་ས་རེད།
  • : དེང་སང་འབྲས་སྤུངས་དགོན་དུ་དགེ་འདུན་པ་དྲུག་བརྒྱ་ཙམ་ལས་མེད།
  • : འདི་ནི་སྐབས་འགར་ཆོས་ཀྱི་ཆོ་གའི་ཉམས་ལེན་ཆེད་དུ་འདུ་འཛོམས་བྱེད་ས་རེད།
  • : དེ་རིང་ང་ཚོས་ཚོགས་ཆེན་ནང་དུ་ཡོད་པའི་ལྷ་ཁང་ངེས་ཅན་ཞིག་ལ་གཙོ་བོ་བཞག་གི་ཡིན། དེ་ནི་དུས་གསུམ་སངས་རྒྱས་ལྷ་ཁང་རེད།
  • : འདི་ནི་འབྲས་སྤུངས་སུ་ཡོད་པའི་ལྷ་ཁང་ཁག་གི་ནང་ནས་གལ་གནད་ཆེ་བ་ཞིག་རེད།
  • : གདུགས་དེའི་རྒྱབ་ལོགས་སུ་ཡོད་པ་འདི་ནི་ལྷ་ཁང་འདི་རེད།
  • : ལྷ་ཁང་དེར་ཆོས་ཞུ་བ་མང་པོ་སླེབས་པ་དང་། དེའི་ནང་དུ་སྐུ་འདྲ་རྙིང་པ་གལ་ཆེའི་རིགས་མང་པོ་ཡོད་པ་ཙམ་མ་ཟད། སྐུ་འདྲ་གསར་པ་དཔེར་ན་མཁན་རབ་གླིང་པ་ལྟ་བུ་རེད། ཁོང་གི་སྐོར་རྗེས་ལ་འགྲེལ་བརྗོད་ཅུང་རྒྱས་པ་བྱ་རྒྱུ་ཡིན།
  • : ལྷ་ཁང་དེ་གཙོ་བོ་དུས་གསུམ་སངས་རྒྱས་དང་ཐུགས་སྲས་བྱང་ཆུབ་སེམས་དཔའ་བརྒྱདརྟེན་གཙོ་བྱས་པ་ཞིག་རེད།
  • : ལྷ་ཁང་གི་དབུས་སུ་ཡོད་པ་འདི་ནི་ད་ལྟའི་སངས་རྒྱས་ཤཱཀྱ་མུ་ནེའི་སྐུ་འདྲ་རེད།
  • : ཁོང་གི་ཉེ་འཁོར་དུ་ཡོད་པ་དེ་ནི་འདས་པའི་སངས་རྒྱས་མར་མེ་མཛད།
  • : འདི་ནི་མ་འོངས་པའི་སངས་རྒྱས་རྒྱལ་བ་བྱམས་པ་རེད། དེ་གསུམ་པོ་ནི་དུས་གསུམ་སངས་རྒྱས་རེད།
  • : ལྷ་ཁང་འདིའི་ངོ་མཚར་ཆེ་བའི་ཁྱད་ཆོས་གཅིག་ནི་ཉེ་བའི་སྲས་ཆེན་བརྒྱད་ཀྱི་སྐུ་འདྲ་ཆ་གཉིས་ཡོད་པ་དེ་རེད།
  • : ཤར་ནུབ་ཀྱི་གྱང་ཕྱོགས་སུ་བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་སྐུ་འདྲ་བོད་ཀྱི་བཟོའི་རྣམ་པའི་ཐོག་ཏུ་ཡོད། དེ་ད་ལྟ་ང་ཚོས་མཐོང་བཞིན་པ་དེ་རེད།
  • : ལྷ་ཁང་འདིར་ཕྱག་ན་རྡོ་རྗེ་སྐུ་མདོག་ནག་པོ་དང་རྟ་མགྲིན་སྐུ་མདོག་དམར་པོ་སྐུ་དྲག་པོ་དེ་གཉིས་ཀྱིས་སྲུང་ནས་ཡོད།
  • : འདི་ནི་དགེ་ལུགས་པའི་དགོན་སྡེ་འདི་ཕྱག་བཏབ་མཁན་གྱི་སྐུ་འདྲ་རེད། གྱང་གི་ངོས་སུ་བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་སྐུ་འདྲ་རྒྱ་གར་གྱི་བཟོའི་རྣམ་པའི་ཐོག་ཏུ་ཡོད།
  • : དཀྱིལ་དུ་སླར་ཕྱིར་ལོག་བྱས་ན། དབུས་སུ་མཁྱེན་རབ་གླིང་པའི་སྐུ་འདྲ་དང་དེའི་གཡོན་ཕྱོགས་སུ་སྐུ་གདུང་བཞུགས་པའི་མཆོད་རྟེན་ཡོད།
  • : དམ་པ་ཁོང་ནི་རིག་གནས་གསར་བརྗེའི་སྐབས་ལ་གལ་ཆེ་མི་སྣ་ཞིག་ཆགས་ཡོད།
  • : དེའི་སྐབས་དགོན་སྡེ་ཁག་སྒོ་བརྒྱབ་ནས་མི་མང་སྤྱི་མང་བཟོས་རྗེས། ཁོང་ལ་ཟས་བཟའམ་ཡང་ན་ནང་ཆོས་ཉམས་ལེན་བྱེད་ཞེད་གདམ་ཀ་སྤྲད་སྐབས།
  • : རྒན་ལགས་ཀྱིས་དེའི་ལན་དུ། ང་སྒོམ་ཉམས་ལེན་བྱེད་ན་འགྲིག་གི་འདུག་ཞེས་ལན་འདེབས་གནང་།
  • : ཁོང་ཁྱེར་རྐྱང་བཞག་ཡོད་པས། ཁོང་གིས་དུས་ཚོད་རྣམས་སྒོམ་ཉམས་ལེན་གྱི་ཆེད་དུ་བཏང་གནང་མཛད་པ་དང་མཉམ་དུ་སྐུ་འདྲ་བསྡུ་རུབ་གནང་།
  • : ཕྱི་ལོ་༡༩༨༡ལོར་འབྲས་སྤུངས་དགོན་སླར་སྒོ་ཕྱེ་རྗེས་ཁོག་ཆོས་ཀྱི་དབུ་འཁྲིད་མི་སྣ་གལ་ཆེ་ཞིག་ཆགས་ཤིང་། ཁོང་གིས་ལོ་མང་རིང་དགེ་འདུན་པ་གཞོན་སྐྱེས་མང་པོར་ཆོས་ཀྱི་སློབ་འཁྲིད་གནང་།
  • : ཕྱི་ལོ་༡༩༩༧ཁོང་དགོངས་པ་ཆོས་དབྱིངས་སུ་མཐིམས། དེ་ནས་བཟུང་ཁོང་བོད་ཀྱི་ནང་ཆོས་ཀྱི་གསོན་ཤུགས་མཚོན་པའི་མཚོན་དོན་དུ་གྱུར།