Skip to main content Skip to search
31 Jan 2012
3 min 8 sec
Video Overview
Creators: 
Georges Dreyfus

A tour of Gomang Monastery's assembly hall and its Tibetan Buddhist religious art located in the Akshobhya chapel in the rear of the assembly hall. Narrated by Georges Dreyfus.

Transcript search
No results found for this search
0 of 0
  • : འབྲས་སྤུངས་དགོན་པར་གྲྭ་ཚང་ཆེ་ཁག་འགའ་ཤས་ཡོད་པ་དེ་དག་མཉམ་དུ་གནས་ཡོད། དེ་དག་གི་ནང་ནས་ཆེ་ཤོས་ནི་འབྲས་སྤུངས་སྒོ་མང་དང་བློ་གསལ་གླིང་གཉིས་རེད།
  • : ད་ལྟ་ང་ཚོས་མཐོང་བཞིན་པ་དེ་ནི་སྒོ་མང་གྲྭ་ཚང་གི་ཚོགས་ཆེན་རེད། དེའི་ནང་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་གྱི་དཔེ་མཚོན་སྤུས་ལེགས་མང་པོ་ཡོད།
  • : འདི་ནི་སངས་རྒྱས་མི་བསྐྱོད་པའི་སྐུ་འདྲ་རེད། འདི་ནི་མི་བསྐྱོད་ལྷ་ཁང་གི་རྟེན་གཙོ་གཙོ་བོ་ཞིག་ཡིན་པ་དང་། འབྲས་སྤུངས་སྒོ་མང་གི་ཚོགས་ཆེན་ནང་དུ་ཡོད་པའི་སྒྱུ་རྩལ་དཔེ་མཚོན་གྱི་ཆ་ནས་ཕྱུག་ཤོས་ཀྱི་ལྷ་ཁང་ཞིག་རེད།
  • : འདིར་ཡོད་པ་དེ་དག་ནི་དགྲ་བཅོམ་པ་བཅུ་དྲུག་རེད། ནང་པའི་བསྟན་པ་སྲུང་སྐྱོབ་ཀྱི་ཆེད་དུ་ཁོང་ཚོས་དམིགས་བསལ་གྱི་ཁས་ལེན་དམ་བཅའ་བཞག་ཡོད།
  • : འདི་དག་ནི་རྒྱལ་ཆེན་རིགས་བཞིའི་ནང་གི་འགའ་ཤས་རེད། ཁྱེད་ཀྱིས་གཟིགས་ཐུབ་པ་བཞིན་དེ་དག་གི་སྒྱུ་རྩལ་གྱི་བཟོ་བཀོད་ལེགས་ཤིང་། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་སྒྱུ་རྩལ་གྱི་བརྩམས་བྱའི་དཔེ་མཚོན་བཟང་པོ་འགའ་ཤས་རེད།
  • : འདིར་ཡོད་པ་དེ་ནི་འདྲ་བཅོམ་པ་བཅུ་དྲུག་གི་ནང་ནས་གཅིག་རེད།
  • : འདི་ནི་དགེ་ལུགས་པའི་བསྟན་པའི་སྲོལ་གཏོད་པ་པོ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་འདྲ་སྐུ་རེད། ཚེ་རིང་གི་ཡི་དམ་དུ་ངོས་འཛིན་པའི་ཆ་ནས་དེ་ལ་ཚེ་སྲུངས་མཁན་གྱི་ཙོང་ཁ་པ་ཟེར།
  • : འདི་ནི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་འདྲ་རེད། དེའི་གཡས་ཕྱོགས་སུ་ཡོད་པ་དེ་ནི་སྤྱན་རས་གཟིགས་ཀྱི་སྐུ་རེད། དེའི་འགྲམ་དུ་ཡོད་པ་དེ་ནི་རྒྱལ་བ་ཚེ་དཔག་མེད་ཀྱི་སྐུ་རེད། ཡང་དེའི་མཐའ་སྐོར་དུ་ཡོད་པ་དེ་ནི་སྤྱན་རས་གཟིགས་ཀྱི་སྐུ་རེད།
  • : ཚེ་དཔག་མེད་ཀྱི་སྐུའི་མདུན་དུ་ཡོད་པ་དེ་ནི་སངས་རྒྱས་ཀྱི་ཐུགས་སྲས་གཙོ་བོ་ཤཱ་རིའི་བུ་རེད།
  • : འདི་ནི་རྒྱ་མི་བོད་དུ་མ་སླེབས་གོང་བོད་སྐྱོང་མཁན་གྱི་སྡེ་སྲིད་ཅིག་གི་སྐུ་འདྲ་རེད།
  • : འདི་ནི་རྗེ་ཙོང་ཁ་པ་ལོ་བརྒྱད་ཀྱི་རྣམ་པའི་སྐུ་འདྲ་རེད། བཤད་སྲོལ་ལ་རྒྱ་ནག་གུང་ཁྲན་གྱིས་༡༩༥༠ནང་བོད་ལ་དབང་སྒྱུར་བྱས་རྗེས་སྐུ་འདྲས་དེས་སྤྱན་ཆབ་བསིལ་ཡོད་པའི་བཤད་སྲོལ་ཡོད། དེ་འདྲ་སོང་ཙང་སྐུ་འདྲ་འདི་ཧ་ཅང་གིས་རྩ་ཆེན་པོར་ངོས་འཛིན་བྱེད་ཀྱི་ཡོད།
  • : འདི་ནི་རྒྱན་གྱིས་བཀླུབས་པའི་ཇོ་བོ་ཤཱཀྱ་མུ་ནིའི་སྐུ་འདྲ་རེད།
  • : འདི་ནི་རྒྱལ་བ་བྱམས་པའི་སྐུ་བརྙན་རྣམ་པ་མི་འདྲ་བ་ཞིག་རེད། འདིའི་མཐའ་ཁོར་དུ་ཡོད་པ་དེ་ནི་སྤྱན་རས་གཟིགས་ཀྱི་སྐུ་འདྲ་རེད།
  • : མཐའ་མ་དེར་འདི་ནི་འཇམ་དབྱངས་བཞད་པའི་སྐུ་འདྲ་རེད། ཁོང་ནི་སྒོ་མང་གྲྭ་ཚང་གི་ཆོས་ཀྱི་དཔེ་ཆ་ལྗགས་རྩོམ་གནང་མཁན་གཙོ་བོ་དེ་རེད།