29 May 2019
17 min 14 sec
Video Overview
Creators:
Tsering Gyel, Tibetan and Himalayan Library
Local residents make offerings.
དམངས་ཚོགས་སྤྲུལ་སྐུ་ལ་མཇལ་བ།
ཉེ་འཁོར་གྱི་ལྷ་སྡེ་སོ་སོས་སྤྲུལ་སྐུ་ལ་ཁབཏགས་འབུལ་བ་དང་དེ་ནས་གླུ་བ་གླུ་མ་རྣམས་ཀྱིས་གླུ་ལེན་གར་རྩེད་བྱས་ནས་རྟེན་འབྲེལ་ཞུ་བ།
信众拜见转世灵童
当地信众拜见灵童,奉上哈达,并开始欢歌笑语,进行盛大庆祝。
- བཤད་མཁན་དང་པོ།ཡ་་་བཀའ་དྲིན་ཆེ།
- བཤད་མཁན་གཉིས་པ།བཀའ་དྲིན་ཆེ།
- དེ་ལྟར་བྱོས་་་ད་བུད་ལ་འགྲོ།
- བཤད་མཁན་གསུམ་པ།ཡ་ཡ།
- བཤད་མཁན་བཞི་བ།ཁ་གྲངས་བརྒྱ་དང་བརྒྱད་ཡོད་ཀི།
- བཤད་མཁན་ལྔ་བ།བར་དེར་ཞོག་དང་།
- ལེན་མཁན་དང་པོ།ཡེ་་་ཞང་ང་ལེན་དགོ།
- སེར་པོ་གསེར་གྱི་ཁྲི་ཐོག་ན།
- ཡོན་ཏན་ཅན་གྱི་བླ་མ་བཞུགས།
- འདི་ཡང་ཡང་བཞུགས་པའི་སྨོན་ལམ་འདེབས།
- ཡེ་་་ཞང་ང་ལེན་དགོ།
- གོམ་པ་ཅན་གྱི་རྟ་ཐོག་ན།
- བདེན་ལེགས་ཅན་གྱི་བུ་ཚ་སྐྱིད།
- འདི་ཡང་ཡང་སྐྱིད་པའི་སྨོན་ལམ་འདེབས།
- ལེན་མཁན་གཉིས་པ།ཡེ་་་་་་ཡེ་རེ་་་་འགྲོ་བ་ཡ་རེ་ལེན་དགོ།
- རྩེ་གོང་མ་བར་མ་ཞོལ་མ་གསུམ།
- རྩེ་གོང་མའི་མགོ་ནས་ཉི་མ་ཤར།
- འདི་ཉི་མ་མ་རེད་བླ་མ་ཡིན།
- འདི་བླ་མ་ཉི་མ་ཤར་འདྲ་རེད།
- འདི་ཡང་ཡང་ཤར་བའི་སྨོན་ལམ་འདེབས།
- ཡེ་་་་་་ཡེ་རེ་་་་འགྲོ་བ་ཡ་རེ་ལེན་དགོ།
- སྟོད་དབུས་གཙང་ཡུལ་ལ་ཆོས་ཤིག་དར།
- ཡེ་་་་་་ཡེ་རེ་་་་འགྲོ་བ་ཡ་རེ་ལེན་དགོ།
- གླུ་བར་མ་བཀྲ་ཤིས་དབྱིངས་ནས་འཇོག
- བོད་ཁ་བ་ཅན་ལ་ཆང་ཞིག་དྲངས།
- ཆང་བདུད་རྩི་མང་གི་རྣམ་འདྲེན་རེད།
- ཡེ་་་་ཡ་རེ་ལེན་ཡ་་་ཡང་ཆུང་ན་ཟླ་ཚོ།
- དགུང་སྔོན་པོ་འཁོར་ལོ་རྩིབས་བརྒྱད་རེད།
- ལེན་མཁན་གསུམ་པ།རྩེ་གོང་མ་བར་མ་ཞོལ་མ་གསུམ།
- རྩེ་གོང་མའི་མགོ་ནས་ཉི་མ་ཤར།
- འདི་ཉི་མ་མ་རེད་བླ་མ་རེད།
- འདི་བླ་མ་ཉི་མ་ཤར་འདྲ་རེད།
- ལེན་མཁན་བཞི་བ།ན་ཟླ་ལོ་ལོ་གླུ་ཞིག་ལེན།
- [གསལ་བོ་མིན་པ།]