29 May 2019
11 min 35 sec
Video Overview
Creators:
Tsering Gyel, Tibetan and Himalayan Library
The process of determining a Lama's reincarnation.
སྤྲུལ་སྐུའི་སྐུ་ཐུགས་ཐག་གཅོད་པའི་རིམ་པ་བསྟན་ཡོད།
སྤྲུལ་སྐུ་ནི་བོད་མི་རིགས་གཅིག་པུར་མ་གཏོགས་མི་རིགས་གཞན་ལ་མེད་པའི་ལམ་ལུགས་ཁྱད་པར་བ་ཞིག་ཡིན། འདིར་ང་ཚོས་གསེར་ཁྲིའི་སྟེང་གི་སྤྲུལ་སྐུ་དེ་ཇི་ལྟར་ཁྲི་ལ་བཞུགས་པའི་གོ་རིམ་ལས་སྤྲུལ་སྐུ་འཚོལ་བར་ཐོག་མར་གང་ནས་མགོ་བརྩམས་པ་དང་ཅི་ལྟར་འཚོལ་བ། ད་དུང་ཅི་ལྟར་ཐུགས་ཐག་གཅོད་པ་སོགས་ལ་བལྟ་ཐུབ།
认证转世灵童的过程
活佛转世制度是藏族独有的一种传统,于此介绍了寻找转世灵童的缘起,寻找经历,以及最后的认证过程。
- བཤད་མཁན་དང་པོ།རི་བོ་གངས་ཅན་གྱི་ལྗོངས་འདིར།
- སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞི།
- སྨད་མདོ་ཁམས་སྒང་དྲུག་སྟེ་གསུམ་དུ་དབྱེ་ནས།
- མདོ་ཁམས་སྒང་དྲུག་གི་ནང་ཚན།
- གནམ་ལ་ཆོས་བཙུན་ཉི་ཟླའི་དཀྱིལ་འཁོར་ཡོངས་སུ་རྫོགས་ཤིང་།
- ས་ལ་བཀྲ་ཤིས་མཚན་མ་གཡང་དུ་འཁྱིལ་བའི་ཡུལ་ལྗོངས་ཏེ།
- རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ཡིན།
- རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་འདི།
- རེབ་གོང་སྟོད་སྨད་བར་གསུམ་སྟེ་སྒྲ་རོག་རོག་ཅན་ལ་ཁྲི་སྡེ་དང་།
- གུར་དཀར་པོ་ཅན་ལ་ཁྲི་སྡེ།
- འཁོར་སྐྱ་ལེབ་ཅན་ལ་ཁྲི་སྡེ་སྟེ།
- ཁྲི་སྡེ་གསུམ་གྱིས་
- རོང་འབྲོག་ཆེ་འབྲིང་ཆུང་གསུམ་གྱི་དུད་ཁྱིམ་ཁྲི་མ་འབུམ་གྱིས་ཡོངས་སུ་བསྐོར་བའི་
- ཆོས་སྡེ་ཆེན་པོ་རོང་བོ་དཔལ་གྱི་དགོན་ཆེན་
- བདེ་ཆེན་ཆོས་འཁོར་གླིང་གིས་མཚོན་པའི་བསྡུ་སྡེ་བཅོ་བརྒྱད་དང་།
- དགོན་མ་ལག་སུམ་ཅུ་སོ་ལྔ།
- རེབ་གོང་ཤོག་ཁ་བཅུ་གཉིས་གཙོ་བྱས་པའི་
- གདུལ་བྱའི་གཙུག་གི་ཅོད་པན་དུ་གྱུར་བ་
- སྤྱན་རས་གཟིགས་དབང་རྣམ་འདྲེན་བླ་མ་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་སྲས་ཀྱི་ཐུ་བོ་
- བདེ་ལྡན་ཞིང་གི་མགོན་པོ་སངས་རྒྱས་སྣང་བ་མཐའ་ཡས།
- རྒྱལ་བུ་ཆོས་ཀྱི་འབྱུང་གནས་མཁན་ཆེན་སྐུ་ཕྲེང་དང་པོ།
- རྗེ་གཡུ་རྔོག་མ་ཎི་བ་བསམ་བརྟན་རྒྱ་མཚོའི་སྐུ་མཆེད།
- གཡུ་རྔོག་སྐུ་ཕྲེང་དང་པོ།
- དར་བཞེངས་བླ་མ་དགེ་ལེགས་རྒྱ་མཚོ་ནས།
- སྐུ་ཕྲེང་གཉིས་པ་སངས་རྒྱས་རྒྱ་མཚོ།
- སྐུ་ཕྲེང་གསུམ་པ་དགེ་འདུན་མཁས་གྲུབ།
- སྐུ་ཕྲེང་བཞི་བ་ཆོས་རྗེ་དགེ་འདུན་ཡོན་ཏན་རྒྱ་མཚོ།
- སྐུ་ཕྲེང་ལྔ་བ་ཆོས་རྗེ་དཀོན་མཆོག་རྒྱལ་མཚན།
- སྐུ་ཕྲེང་དྲུག་པ་བློ་བཟང་བསྟན་འཛིན་རྒྱ་མཚོ།
- སྐུ་ཕྲེང་བདུན་པ་གཡུ་རྔོག་བློ་བཟང་རྒྱལ་མཚོའི་སྐུ་ཕྲེང་རིམ་བྱོན་གྱི་
- མཛད་པ་བར་མ་ཆད་པར་བྱོན་ཏེ།
- བསྟན་འབྲས་དོན་དུ་མཛད་རྗེས་བླ་མེད་བཞག་ནའང་།
- སྤྱི་ལོ་༢༠༠༦ལོའི་ཟླ་༦་པའི་ཚེ་༡༨་ཉིན།
- སྐྱེས་འགྲོའི་བསོད་ནམས་ཀྱི་འཐུས་མ་ཐེག་པར།
- རེ་ཞིག་གཟུགས་པོའི་དགོངས་པ་ཆོས་དབྱིངས་སུ་བསྡུས།
- དེ་ཡང་ཡབ་རྗེ་བླ་མ་ཤར་སྐལ་ལྡན་བརྒྱད་པ་ཆེན་པོ་
- རྗེ་བསྟན་འཛིན་འཇིགས་མེད་སྐལ་ལྡན་མཆོག་གི་ཐུགས་ཀྱི་སྨོན་ལམ་དང་།
- དཔལ་ཆོས་མཁན་ཆེན་བློ་བཟང་ཡོན་ཏན་དཔལ་བཟང་བོའི་ཐུགས་ཀྱི་བཀོད་པ་ལྟར་
- དར་བཞེངས་དགོན་པ་དང་ཆུ་ཁོག་ཤོག་བཞིའི་རོང་འབྲོག
- གསུམ་མཐའ་སྡེ་གསུམ་དེའི་
- སྤྱི་ལོ་༢༠༠༩་ལོའི་ཟླ་༡་པོའི་ཚེས་བཅུ་གསུམ་ཉིན།
- མཁན་ཆེན་ཚང་དབུ་བཞུགས་དུས།
- གཡུ་རྔོག་ཡང་སྲིད་འཚོལ་བའི་གྲོས་མོལ་བརྒྱུད་ནས།
- ཆུ་ཁོག་དགོན་གྲོང་གཉིས་ནས་བྱ་བའི་རྐང་འཛིན་གྱི་མི་དགུ་ལ་
- ཁོང་གིས་བཀའ་གསུང་གནང་སྟེ།
- རིམ་བཞིན་ཤར་སྐལ་ལྡན་བརྒྱད་པ་མཆོག་ལ་དགོངས་འགྲེལ་ཞུས་པ་དང་།
- རྫོང་དང་ཁུལ།
- ཞིང་ཆེན་རིམ་པའི་མཆོག་མཆན་ཐེངས་གསུམ་གྱི་
- བྱ་བའི་དཀའ་ཁག་གི་བརྒྱུད་རིམ་ཁྲོད་ནས།
- ལོ་ངོ་གསུམ་གྱི་དུས་འགྱངས་བྱས་ན་ཡང་།
- སྤྱི་ལོ་༢༠༡༡་ལོའི་ཟླ་༧་པར་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུ་འཚོལ་བའི་ངོས་འཛིན་ལྟར།
- ཡང་སྲིད་འཚོལ་བའི་མཆོག་མཆན་དངོས་སུ་གནང་སྟེ།
- རིན་པོ་ཆེ་དང་མཁན་ཆེན་རྣམ་གཉིས་ཀྱི་བཀའ་གསུང་ལྟར།
- སྐུའི་རིམ་གྲོ་ཆུ་ཁོག་དགོན་གྲོང་གཉིས་ནས་ཐེངས་མང་དུ་སྒྲུབ་རྗེས།
- བྱིས་པའི་མཚན་ཐོ་སུམ་བརྒྱ་སུམ་ཅུ་ལྷག་ཁོང་གི་ཕྱག་ཏུ་ཕུལ་ཏེ།
- མཚན་ཐོ་གསུམ་དུ་བཏང་བའི་སྐབས་དང་།
- ཐུགས་ཐག་གཅོད་པའི་སྐབས་སུ།
- དཔལ་ཆོས་མཁན་ཆེན་ཚང་དང་ཨ་ལགས་རོང་བོ་ཚང་།
- ཤེས་རབ་དོན་འགྲུབ་ཚང་།
- ཆོས་གྲགས་ཚང་།
- ལྷ་ལུང་ཚང་།
- རོང་བོ་གདན་ས་གསུམ་གྱི་ལས་སྣ།
- དར་བཞེངས་དགོན་པའི་ལས་སྣ།
- ཆུ་ཁོག་ཤོག་བཞིའི་རོང་འབྲོག་དགོན་གྲོང་དང་སུམ་མཐའ་སྡེ་གསུམ།
- རོང་བོ་བཅས་རི་གྲུ་འཛིན་འཇམ་དབྱངས་ལྷ་ཁང་དུ།
- སྤྲུལ་སྐུ་ངོས་འཛིན་གནང་སྟེ།
- ཁོང་གཉིས་ནས་མཚན་ཐོ་གསལ་བསྒྲགས་གནང་བ་དང་།
- སྤྱི་ལོ་༢༠༡༡་ལོའི་ཟླ་༡༠་པའི་ཚེ་༡༤་ཉིན་ནས་ཚེ་༡༨་ཉིན་བར།
- གཡུ་རྔོག་འཇམ་དབྱངས་བསམ་བརྟན་རྒྱ་མཚོ།
- གསེར་གྱི་ཁྲི་འཕང་ཡངས་པར་མངའ་གསོལ་བའི་
- ཁྲི་སྟོན་གྱི་མཛད་སྒོ་གཟབ་རྒྱས་ངང་སྤེལ་བར།
- དགེ་འདུན་པའི་སེར་ཕྲེང་གྱ་ནོམ་པ་དང་།
- ལྷ་སྡེ་སོ་སོའི་སྟག་ཤར་རྣམས་ཀྱིས་བཅིབ་བསུ་རྒྱ་ཆེན་མཛད་ནས།
- གཡུ་རྔོག་ནང་ཆེན་དུ་དད་ལྡན་དམངས་ཚོགས་རྣམས་ལ་མཇལ་ཁ་གནང་བ་དང་།
- གདུལ་བྱའི་བློ་ཁ་ཆོས་ལ་སྐུལ་བའི་སྐུལ་འདེད་དང་པོའི་དབུ་བརྩམས།
- [གསལ་པོ་མིན་པ།]
- གྲྭ་མང་།ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
- སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་བ།