29 May 2019
12 min 17 sec
Video Overview
Creators:
Tsering Gyel, Tibetan and Himalayan Library
Local leaders meet the reincarnated Lama.
ཉེ་འཁོར་གྱི་མགོ་བ་རྣམས་སྤྲུལ་སྐུ་ལ་མཇལ་བ།
སྤྲུལ་སྐུ་དགོན་པར་བསུ་བའི་བརྒྱུད་རིམ་དང་དེ་ནས་ཉེ་འཁོར་གྱི་ཁ་མགོ་བ་རྣམས་ཀྱིས་སྤྲུལ་སྐུ་ལ་ཁ་བཏགས་གཏོང་ཚུལ་བསྟན།
当地领导前来接见转世灵童
转世灵童被迎接至寺院后,当地政府领导前来接见,献上哈达。
- བཤད་མཁན་དང་པོ།ཆོས་ཀྱི་མེ་ཏོག་སླར་ཡང་གནས་འདིར་བཞད་པ་ནི།
- བདག་ཅག་གྲུབ་རྩ་ཡོན་བདག་བོན་སྐོར་དང་བཅས་པ་ཐམས་ཅད།
- དགའ་དད་སྤྲོ་གསུམ་སྨྲ་མི་ཤེས་པའི་གནས་སུ་མཆིས་པ་འདི་ལེགས་ལ།
- [གསལ་བོ་མིན་པ།]
- བདག་ཅག་ཉམ་ཐག་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་དང་།
- [གསལ་བོ་མིན་པ།]
- ཐེག་པ་ཆེན་པོ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་དང་ལྡན་པའི་
- [གསལ་བོ་མིན་པ།]
- མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་
- མཁས་པའི་བྱ་བའི་གནས་མཐའ་དག་ལ་
- ཕྱིན་ཐར་ཆོད་པ་སྦྱངས་པས།
- མཁས་པའི་གཙུག་རྒྱན་དུ་གྱུར་བ་དང་།
- དབང་ལུང་མན་ངག་གི་རྒྱུན་ཡོད་ཚད་
- བུམ་པ་བཀང་བཤོ་ཡི་ཚུལ་དུ་གསན་པས།
- སྙན་རྒྱུ་ལྡན་པའི་བང་མཛོད་དུ་འགྱུར་བ་དང་།
- འཆད་རྩོད་རྩོམ་གསུམ།
- མཁས་བཙུན་བཟང་གསུམ།
- བལྟ་གདམ་སྤྱོད་གསུམ།
- གང་ཐད་ནས་བསྟན་པ་ཡོངས་ཀྱི་བདག་པོ་
- མཁའ་འགྲོ་ཀུན་གྱི་དེད་དཔོན།
- འགྲོ་བ་ཡོངས་ཀྱི་སྐྱབས་གནས་ཉག་གཅིག་ཏུ་གྱུར་ཏེ།
- ཡབ་རྗེ་བླ་མ་མཆོག་གི་འཕྲིན་ལས་ཀྱི་རྒྱུན་བཟང་ཕྱོགས་ཐར་སྤེལ་བ་ལ།
- འགྲན་པའི་ཟླ་དང་བྲལ་ཞིང་།
- [གསལ་བོ་མིན་པ།]
- ལས་སྔོན་གྱིས་འབྲེལ་བའི་བདག་ཅག་བུ་སློབ།
- སྐྱ་སེར་ཕོ་མོ་ཐམས་ཅད་ཀྱིས།
- དུས་དང་རྣམ་པ་ཀུན་ཏུ་
- [གསལ་བོ་མིན་པ།]
- ཐམས་ཅད་ཀྱིས་ཐུགས་ལ་འཛིན་རྒྱུ་དང་།
- མདོར་ན་ཇི་སྐད་དུ།
- ཞབས་པད་མི་འགྱུར་་་
- འཕྲིན་ལས་ལུང་རྟོགས་སྐྱེ་དགུའི་དབུས་ན་མཐོ།
- ཆོས་ཀྱི་དུང་འབུད་ཆོས་ཀྱི་རྔ་ཡང་རྡུང་།
- ཆོས་ཀྱི་རྒྱལ་མཚན་ཕྱོགས་བཅུར་འཛུགས་པར་མཛོད།
- ཅེས་གསུངས་པ་ལྟར།
- སྐུ་ཚེ་ཞབས་པད་བརྟན་ཅིང་།
- ལུང་རྟོགས་སྐུ་བོན་རྒྱས་པ།
- ཟབ་རྒྱས་ཆོས་འཁོར་བསྐོར་བའི་མཛད་འཕྲིན་སྤེལ་བ།
- [གསལ་བོ་མིན་པ།]
- ཐལ་མོ་སྙིང་ཁར་སྦྱར་ནས་གསོལ་བ་འདེབས་པ་ལགས་ན།
- ཐབས་ཅད་ཀྱིས་ཐུགས་ལ་འཛིན་པར་ཞུ་ཞུ།
- རིམ་པ་ལྟར་ཁ་བཏགས་འབུལ་རྒྱུ།
- རིམ་པ་ལྟར་ཁ་བཏགས་འབུལ་རྒྱུ།
- དང་པོ་ཤར་བླ་བྲང་གི་སྐུ་ཚབ་ཀྱིས་ཁ་བཏགས་གཏོང་རྒྱུ།
- གཉིས་པ་དར་བཞེངས་དགོན་པ་དང་ཧྲི་ཏ་སྡེ་བ་གསུམ་གྱི་བོན་རྒྱ།
- འདོ་བ་རོང་འབྲོག་གཉིས་ཀྱི་བོན་རྒྱ།
- ཧྲི་ཏ་རོང་འབྲོག་གཉིས་ཀྱི་བོན་རྒྱ།
- [གསལ་བོ་མིན་པ།]
- འདི་ནས་ཁོང་རྣམས་པས་ཁ་བཏགས་འབུལ་བའི་རྗེས་ནས།
- ཁ་མགོ་བ་རྣམས་་་
- ཁོང་རྣམས་པས་ཁ་བཏགས་གཏོང་།
- ཁོང་རྣམས་པས་ཁ་བཏགས་གཏོང་།
- ད་ཁ་མགོ་བ་རྣམས་པས་ཁ་བཏགས་འབུལ་རྒྱུ།
- གཞན་ནས་ཡོང་བའི་ཁ་མགོ་བ་རྣམས་པས་ཁ་བཏགས་གཏོང་རྒྱུ་རེད།
- གཞན་པ་ནང་དུ་མ་འཚང་།
- ལམ་ཕྱེ།
- ཁོང་རྣམས་པ་དང་ཁ་མགོ་བ་རྣམས་ལ་ལམ་ཕྱེ།
- ཁ་བཏགས་གཏོང་མཁན་རྣམས་ལ་ལམ་ཕྱེ།
- ལམ་ཕྱེ་ལམ་ཕྱེ།
- ཁ་བཏགས་འབུལ་མཁན་རྣམས་ལ་ལམ་ཕྱེ།