Video Overview
The first time the reincarnated Lama is invited to the monastery throne.
- བཤད་མཁན་དང་པོ།མ་སེམས་ཅན་ཐམས་ཅད་ཀྱིས་བོད་ལྭ་གྱོན་ན་ཁྱོད་ཀྱིས་རྒྱ་ལྭ་གྱོན་ཡོད་དམ།
- བཤད་མཁན་གཉིས་པ།བསྒྱུར་བྱེད།
- བཤད་མཁན་གསུམ་པ།བསྒྱུར་བྱེད་དེ་མཆོག་གྲུབ་ཀྱི་ལག་ཏུ་བཞག་ཡོད།
- བཤད་མཁན་བཞི་བ།ཨ་རོགས་ཚོ་་་ཚང་མ་རྗེས་སུ་བསྣུར་དང་།
- ད་དུང་རྗེས་སུ་བསྣུར།
- བཤད་མཁན་ལྔ་བ།བཞི་བ་ནི་ཤར་བླ་བྲང་གིས་ཁ་བཏགས་གཏོང་རྒྱུ་རེད།
- ལྔ་བ་དར་བཞེངས་དགོན་པ།
- དཔྱི་ས་རོང་འབྲོག་གཉིས་ཀྱི་བན་རྒྱ་དང་ལ་སྔགས།
- ཧོར་ངག་སྐྱ་བོན་རོང་འབྲོག་གཉིས།
- བཤད་མཁན་དྲུག་པ།ས་གསུམ་འགྲོ་བའི་རེབ་གོང་དངོས་གྲུབ་དུ།
- ལེགས་ཤེས་འོད་སྟོང་འབྱེད་པའི་ཉིན་མོར་ཕྱེ།
- ཡོན་ཏན་ཆ་ཤས་ཀུན་རྫོགས་འོད་ལྟར་འཆར།
- དཔལ་ལྡན་བླ་མ་ལས་ཅན་གཙུག་ན་རྒྱན།
- བཅས་ངོ་མཚར་རྨད་དུ་བྱུང་བའི་
- བཀྲ་ཤིས་ཚིག་བཅས་ལེགས་ལམ་གསེར་གྱི་
- [གསལ་བོ་མིན་པ།]
- བཤད་མཁན་བདུན་པ།ཡོན་ཏན་འཕྲིན་ལས་རབ་རྒྱས་ཀྱི་དུས་སུ་ལུང་རྟོགས་ཡོན་ཏན་གྱི་
- དར་བཞེངས་བླ་མ་དགེ་ལེགས་རྒྱ་མཚོ།
- སྐུ་ཕྲེང་གཉིས་པ་གཞུང་ལུགས་རམ་འབྱམས་པ་མཁྱེན་གསལ་ཡངས་བ་སྤྲུལ་སྐུ་སངས་རྒྱས་རྒྱ་མཚོ།
- སྤྲུལ་སྐུ་གསུམ་པ་རོང་བོ་བརྒྱད་པའི་ཁྲི་བ་དགེ་འདུན་མཁས་གྲུབ།
- སྐུ་ཕྲེང་བཞི་བ་གཡུ་རྔོག་ཆོས་རྗེ་ཡོན་ཏན་དོན་ཡོད་རྒྱ་མཚོ།
- སྐུ་ཕྲེང་ལྔ་བ་རོང་བོ་གསེར་ཁྲི་རྗེ་དཀོན་མཆོག་རྒྱལ་མཚན།
- སྐུ་ཕྲེང་དྲུག་པ་གཡུ་རྔོག་ཆོས་རྗེ་བློ་བཟང་བསྟན་འཛིན་རྒྱ་མཚོ།
- སྐུ་ཕྲེང་བདུན་པ་གཡུ་རྔོག་བློ་བཟང་རྒྱ་མཚོ་དཔེ་བཟང་བོ་་་
- སྐྱབས་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ་རང་གི་རྟོགས་བརྗོད་ལས།
- མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་དང་།
- བསྟན་པའི་ཉིང་བོ་བཤད་སྒྲུབ་་་
- [གསལ་བོ་མིན་པ།]
- རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ།
- ཆུ་ཁོག་ཤོག་བཞིའི་རོང་འབྲོག་དགོན་སྡེ་དང་བཅས་པ།
- ཆོས་སྲིད་གཉིས་ནས་བསྐྱངས་བའི་བཀའ་དྲིན་མཐའ་དག
- རྣམ་ཐར་ཡི་གེ་ལས་འབྱུང་བ་ལྟར་ལེགས་པས་དེ་ཙམ་གྱིས་ཐོས་པར་བྱས་སོ།
- ཇི་སྐད་དུ།
- བཀྲ་ཤིས་གང་ཞིག་གནམ་ལ་བཟའ་སྐར་བཟང་།
- བཀྲ་ཤིས་གང་ཞིག་ས་ལ་བྱིན་ཡང་ཆགས།
- བཀྲ་ཤིས་གང་ཞིག་བར་དུ་དགའ་སྟོན་འཕེལ།
- བཀྲ་ཤིས་ཕུན་སུམ་ཚོགས་པའི་ཉི་མ་འདིར་ཞེས།
- དེ་རིང་མ་བཅོས་རང་འགྲིག་གི་རྟེན་འབྲེལ་མཐའ་དག་
- ལྷུན་གྱིས་གྲུབ་པའི་ཉིན་མོ་འདིར་
- འཇིག་མེད་སྤོབས་པ་སྟོབས་སུ་རྫོགས་
- ཐུགས་བྱམས་བརྩེ་ཆེན་པོས་དུས་ནམ་ཡང་མ་དོར་བ།
- སྐུ་གོང་མ་རིམ་བྱོན་གྱིས་
- [གསལ་བོ་མིན་པ།]
- རྒྱལ་བ་སྲས་བཅས་མཐའ་དག་གི་སྙིང་གི་ཐིག་ལེ།
- རང་ཅག་བལྟས་བཅོས་རྣམས་ཀྱི་མགོན་སྐྱོབས་སྤྱི་བོར་གྱུར་བ།
- [གསལ་བོ་མིན་པ།]
- ཡིད་བཞིན་དབང་གི་རྒྱལ་བོ་སོགས་ལ་ཇི་སྐད་དུ།
- [གསལ་བོ་མིན་པ།]
- ཡི་ཤེས་མཆོག་ནི་ཐོབ་པར་འགྱུར།
- ཞེས་དོན་འབྲས་སྨིན་པའི་
- གསུང་གི་རྟེན་དུ་བྱང་ཆུབ་ལམ་རིམ་ཆེན་མོ།
- ཐུགས་ཀྱི་རྟེན་དུ་བྱང་ཆུབ་མཆོད་རྟེན་ཆེན་མོ།
- འཇམ་དབྱངས་ཆོས་དགེ་དང་ན་བཟའ་ཆ་ཚང་།
- ཇ་ཆེན་དང་གོས་ཆེན།
- [གསལ་བོ་མིན་པ།]
- བཤད་མཁན་བརྒྱད་པ།འདི་ཅི་རེད།