21 May 2013
31 min 59 sec
Video Overview
Creators:
Gangri Pumo, Drangchar
This is the eleventh part of a lecture on literature by Professor Dülhagyel at the First Young Tibetan Women's Literature Training in Trika, Qinghai Province. Professor Dülhagyel teaches at Northwest University for Nationalities. This segment contains comments from those in attendance.
- Triga
- དགེ་རྒན་ང་འདྲི་རྒྱུ་ཞིག་ཡོད་ཀི
- གོང་ནས་དགེ་རྒན་གྱིས་ལྷ་བྱམས་རྒྱལ་གྱི།
- ལྷ་བྱམས་རྒྱལ་གྱི་བརྩམས་སྒྲུང་རིང་ཐུང་གི་འདྲི་གཞི།
- རེད་ལ་དེ་དགེ་རྒན་གྱིས་བཤད་ཚར།
- འདི་ཡིན་རྒྱུ་ན་སྤྱི་ཚོགས་ཀྱི་གནད་དོན་དེ་ཅི་ལྟར།
- དེ་རྩོམ་རིག་གི་རང་བཞིན་གྱི་སྟེང་ནས་ཅི་ལྟར་ཡོད་པ།
- དེ་ཡི་ནང་དེ་བཤད་པ་རེད།
- རེད་་་དེ་ཡིན་ན་ང་ཡིན་རྒྱུ་ན་ཡང་དེར་དགའ་གི
- དེ་ཡིན་ན་ཚན་པ་འགའ་རེར་དགར་ཡོད་འདུག
- དེ་ཡི་ནང་ནས་ཁོ་ཡི་སློབ་གྲོགས།
- སློབ་གྲོགས་སོང་ནས་རྩྭ་ས་རྩོད་གླེང་བྱས་ནས་ཤི་སོང་།
- ཕྱིར་ཡོང་ནས་ཆུང་མས་སྡུག་མྱངས་བ།
- རེད་་་དེ་ངོ་མས་སེམས་མི་སྐྱིད་པ་ཞིག་རེད།
- ཧ་ཅང་ཧ་ཅང་ང་རང་ཉིད་ངོ་མས་དགའ་བ་ལ།
- དེ་འདྲ་ཞིག་རེད།
- དེ་ཡིན་ན་དགེ་རྒན་གྱིས་བཤད་ན།
- དེ་ཡིན་རྒྱུ་ན་རྩོམ་རིག་གི་རང་བཞིན་གི་ལྟ་བ་དེ་ཡོད་ཟེར།
- དེ་རེད་ལ།
- དེ་དགེ་རྒན་གྱིས་ལྷ་བྱམས་རྒྱལ་གྱིས་བརྩམས་སྒྲུང་གཞན་པ།
- ལམ་གྱི་ཉི་འོད་ཟེར་བ་དེ།
- ལམ་གྱི་ཉི་འོད་ཟེར་བ་འདི་དེ་འདྲ་ཞིག་མ་རེད་ཟེར།
- འདི་ཡི་ནང་ནས་ང་རང་ཉིད་ལ་མཚོན་རྒྱུ་ན།
- ཧ་ཅང་ཧ་ཅང་དགའ་བའི་བརྩམས་སྒྲུང་ཞིག་ཡིན།
- ལྷ་བྱམས་རྒྱལ་གྱི་བརྩམས་སྒྲུང་།
- ང་རང་གི་ཧ་མ་གོ་བ་མིན་ན།
- ངོ་མ་ལམ་གྱི་ཉི་འོད་དེ་ངས་ངོ་མས་སེམས་ན་བཟུང་མྱོང་།
- སེམས་ལ་ངོ་མས་བཟུང་མྱོང་།
- དེ་ལྷག་པར་དུ་དེ་ཡི་ནང་གི་མི་སྣ་གཉིས་ཀ
- ཁོ་གཉིས་གྲལ་གཅིག་ལ།
- ངོ་མ་ཁོ་གཉིས་བར་ལ་རབ་རིབ་ཀྱི་བརྩེ་དུང་བྱུང་ནས།
- ང་རང་གི་བསམ་ན་དེ་བརྩེ་དུང་གི་གཏམ་རྒྱུད་ཅིག་རེད།
- ཡང་ན་མཇུག་འབྲས་མེད་པའི་བརྩེ་དུང་གི་གཏམ་རྒྱུད་ཅིག་རེད།
- ངས་སྣང་བ་ལ་ལྷ་མཛེས་དེ་ད་བར་གྱི་སྐབས་ཀྱི་ང་ཡིན་པ་འདྲ།
- ངོ་མ་ང་རང་ཉིད།
- མ་རེད་ངོ་མ་བཤད་ནས།
- མོ་རང་དེར་མཐུན་ནས་暗恋བྱས་ནས།
- དེ་ཡི་བར་ན་འགན་ཅི་འདྲ་ཞིག་ཡོད་ཀི
- ཅི་འདྲའི་སྡུག་ཅིག་མྱངས་ཡོད་ཀི
- དེ་ཡི་ཆེད་ལ་མོ་ཡིས་ཞྭ་མོ་དམར་པོ་དེ་ཉོས་ནས།
- མོ་ཡིས་ཅི་འདྲའི་སྡུག་ཅིག་མྱངས་ཀི
- ཉིན་གང་བོར་ཉིན་འགའ་རེ་ཡི་གླ་ཕོགས་ཅི་རེད་ཟེར་ན།
- སེར་སྣ་མེད་པར་སོང་ནས་ཞྭ་མོ་དེ་ཉོས་ནས་ཡོང་བ་རེད།
- དོན་ངོ་མ་ཅི་རེད་ཟེར་ན།
- བུ་དེ་ལ་སྔོན་ཆད།
- བུ་དེ་ལ་ཚོར་བ་མེད་པར།
- དེ་ཡི་སྡུག་བསྔལ་དེ་ཅི་འདྲ་ཞིག་ཡིན་རྒྱུ་རེད།
- ངོ་མ་དེ་རེད།
- སྒོར་མོ་མེད་པར་དེ་འདྲའི་སྡུག་ལ་ཐུག་གི
- ང་ཚོ་ཡང་དེ་རེད།
- སློབ་གྲྭ་ནས་ཕྱིར་ཡོང་ན་ཡུལ་ལ་སྒོར་མོ་སློང་རོག་མི་ཆོད་ཀི
- དེར་རང་ཉིད་ལ་བསྟེན་དགོས།
- འོ་ན་བསྟེན་དགོས་ན།
- སྐབས་དེར་ང་ལ་ཡང་དཔལ་འབྱོར་གྱི་གྱོང་གུད་ངོ་མས་ཐེབས་མྱོང་།
- ངོ་མ་དཀའ་ངལ་ཆེ་གི
- དེ་ཡིན་པས་ངས་བཤད་པ་ལྟར་ང་རང་ཉིད་དང་འདྲ་བ་རེད།
- དེ་ན་དགེ་རྒན་གྱིས་དེ་དང་གོང་ནས་བཤད་པ་གཉིས་གང་ནས་མ་འདྲ་བ།
- རེད་ལ་་་དེར་དེ་འདྲའི་རྩོམ་རིག་གི་རང་བཞིན་ཡོད་ན།
- དེ་ལ་ཅི་ལྟར་མེད་པ་ཡིན།
- གདེང་འཇོག་བྱེད་དུས།
- བརྩམས་སྒྲུང་སྔོན་མའི་ནང་གི
- ལྷ་བྱམས་རྒྱལ་གྱི་བརྩམས་སྒྲུང་སྔོན་མ་ཡི་ནང་གི
- དེ་ཡི་ཁོ་ཡི་གྲུབ་འབྲས་དང་གདེང་འཇོག་ལ།
- གྲུབ་འབྲས་ཀྱི་ཆ་དེར་རོགས་རམ་ཅུང་ཙམ་བྱས་ཡོད་གི
- འོ་ན་འདི་ཡིས་ཅི་ཞིག་ལ་བྱེད་མ་ཐུབ་ཐལ།
- དེ་ང་དགེ་རྒན་གྱིས་བཤད་ན།
- ཐོག་མར་གྲིབ་གཟུགས་ཁྲོད་ཀྱི་ལམ་གྱི་ཉི་འོད་ལ་མཚོན་རྒྱུ་ན།
- ཁོ་ཡི་བཟང་ཆ་དེ་བསམ་བློ་ཡི་ཆ་ན་ཡོད་པ་དེ་སྨྲས་མ་དགོས་པ་ཞིག་རེད།
- བསམ་བློ་ཡང་གསར་བ་རེད།
- ང་ཚོ་ཡིན་རྒྱུ་ན་དེ་རྩོམ་ཞིག་ལ་གདེང་འཇོག་བྱེད་དུས།
- བསམ་བློ་ཡི་ཚད་ཐིག་བཟུང་ནས་བཤད་རྒྱུ་ན།
- ལམ་གྱི་ཉི་འོད་ལ་བཤད་རྒྱུ་མེད་ཀི
- བོད་ཀྱི་བརྩེ་དུང་མཚོན་པའི་བརྩམས་སྒྲུང་ལ།
- ཐོལ་བརྒལ་ཆེན་པོ་བཟོས་ཡོད་པ་ཡང་ལམ་གྱི་ཉི་འོད་རེད།
- སྔོན་ལ་ཡིན་རྒྱུ་ན་བརྩེ་དུང་གི་བཀག་དེ་ཕ་མ་ལ་སོགས་པ།
- མི་རབས་རྒན་པ་ཡི་བསམ་བློ་རྙིང་བ་རེད།
- འོ་ན་ད་ཐེངས་ཀྱི་ལམ་གྱི་ཉི་འོད་མཚོན་དུས།
- བརྩེ་དུང་གི་བཀག་དེ་ཅི་རེད་ཟེར་ན།
- དེ་འདྲ་ཡིན་རྒྱུ་ན་གཞན་མ་རེད།
- རང་སྟེང་གི་དཔལ་འབྱོར།
- འདི་དཔལ་འབྱོར་གྱི་ཆ་རྐྱེན་འདི་ཡིན་རྒྱུ་ན་བརྩེ་དུང་གི་བཀག་རེད།
- དེའི་བར་དེ་ནས་ཡིན་རྒྱུ་ན་རྩོམ་གྱི་བསམ་བློའི་རང་བཞིན་གྱི་ཆ་དེ་ནས།
- བཟང་ཆ་ཅི་འདྲ་བཤད་ན་མང་པོ་བཤད་ན་ཆོག་གི
- དེ་བདེན་པ་རེད།
- འོ་ན་ང་ཚོ་དེ་རྩོམ་རིག་གི་སྟེང་ལ་བབས་ན།
- ང་མཚོན་རྒྱུ་ན་ལམ་གྱི་ཉི་འོད་ལ་མཚོན་རྒྱུ་ན།
- ཞན་ཆ་གཙོ་བོ་གང་ན་ཡོད་ཟེར་ན།
- ལམ་གྱི་ཉི་འོད་ཀྱི་འདེགས་འཇོག་མགྱོགས་སོང་བ་དེ་རེད།
- མགྱོགས་སོང་བ་རེད།
- ཁོ་ཡིན་རྒྱུ་ན་གོང་ནས་བཤད་པའི་གཏམ་རྒྱུད་དེ་ཅི་ཟེར་བ་རེད།
- ཡར་ལ་འཁོར་བྱུང་ཡིན་ན།
- གཏམ་རྒྱུད་དེ་ངོ་མས་མི་སེམས་འགུལ་བ་ཞིག་རེད།
- ཁྱོད་ཀྱིས་གོང་ནས་བཤད་པའི་ཕར་ལ་ཞྭ་མོ་བྱིན་ན་ཡང་།
- བུ་དེ་ལ་ཚོར་སྣང་མེད་པ་རེད།
- དེའི་གནས་སྐབས་དེ་ནས་ཡིན་རྒྱུ་ན།
- ཅི་འདྲའི་སེམས་སྡུག་ཅིག་ཡོད་རྒྱུ་རེད་ཟེར་བ་ལ།
- ཡོད་ཀྱི་རེད་ཟེར་བ་དེ་ཁྱོད་ཀྱིས་ཡོད་རྒྱུ་རེད་ཟེར་བ་ལ།
- རྩོམ་གྱི་ནང་ན་སེམས་སྡུག་དེ་བྲིས་ཡོད་དམ་མེད་ཀི
- དེ་གནད་དོན་གཅིག་རེད།
- དེའི་འཕྲོ་ནས་ལྷ་མཛེས་ལ་མཚོན་རྒྱུ་ན་ཡང་དེ་རེད།
- ཕར་ལ་ནང་མ་ཁང་གི་ནང་ལ་ཞབས་འདེགས་སུ་འགྲོ་བ་དང་།
- ཕྱིར་ཡོང་བ་དེའི་བར་དེ་ན་ཅི་ཟེར་བ་རེད།
- མགྱོགས་སོང་ནས།
- མི་སྣ་ཡི་སེམས་ཀྱི་ཆ་དེ་ནང་ན་ཇེ་ཆེར་ཡོང་དུ་བཅུག་མེད་པ།
- མཁའ་དབུགས་ཀྱི་སྟེང་ན་ཡིན་རྒྱུ་ན་ཞན་ཡོད་པ་དེ་རེད།
- མདོར་བསྡུས་ན་ཅི་རེད་ཟེར་ན།
- མགྱོགས་སོང་ནས་རྐང་རྗེས་གསལ་བོ་ཞིག་མར་ལ་འབབ་ཐུབ་མེད་པ།
- དེ་སྤྱིར་བརྩམས་སྒྲུང་གཞན་པ་ཡང་དེ་ལྟ་བུའི་གནད་དོན་དེ་ཡོད་ཀི
- བོད་ཀྱི་རྩོམ་དེ་ཡིན་རྒྱུ་ན་མགྱོགས་ཀི
- འདེགས་འཇོག་མགྱོགས་སོང་།
- འགྲོས་མགྱོགས་སོང་།
- འགྲོས་མགྱོགས་སོང་ན་མི་སྣ་ཡི་སེམས་ཁམས་དེ་ཅི་འདྲ་ཞིག་ཡིན་པ།
- དེའི་སྟེང་ནས་འདུག་མ་ཐུབ་པ་རེད།
- དེ་ན་གཏམ་རྒྱུད་མང་པོ་མང་པོ་ཞིག་བྲིས་མོད།
- མི་ཡི་སེམས་དེ་ཅི་འདྲ་ཞིག་ཡིན་རྒྱུ་རེད་ཟེར་ན།
- ཁྱོད་ཀྱིས་གོང་ནས་བཤད་པ་དེ་རེད།
- འདང་ཞིག་རྒྱབ་ན་འདིའི་གནས་སྐབས་འདི་ན།
- ངོ་མས་སྡུག་ཡོད་རྒྱུ་རེད་ང་ཚོས་དེ་འདོད་ཀྱང་།
- རྩོམ་པ་པོ་ཡིས་བྲིས་མེད་པ་རེད།
- དེ་མེད་ན་ཁོ་ཡི་སྐྱོན་རེད།
- དེ་ཡིན་རྒྱུ་ན་གནད་གཙོ་བོ་རེད།
- གོང་ནས་ང་ཚོས་བཤད་པའི་མི་བུ།
- མི་བུ་ཡི་ནང་གི་ཡང་དེ་མྱོང་རྟོག
- ཚེ་སྲོག་གི་མྱོང་རྟོག
- དེའི་གནས་སྐབས་དེ་ནས་ཅི་རེད་ཟེར་ན།
- སེམས་ཀྱི་ཚོར་བ།
- གནས་སྐབས་ཀྱི་གནས་སུ་སེམས་ཀྱི་ཚོར་བ་དེ་ཅི་འདྲ་ཞིག་རེད།
- དེ་ཅུང་ཙམ་རྒྱས་བར་འབྲི་དགོས་པ།
- མང་པོ་འབྲི་དགོས་པ།
- དེ་བྲིས་ན་ཅི་རེད་ཟེར་ན།
- རྩོམ་རིག་གི་རང་བཞིན་དེ་ཡོང་རྒྱུ་རེད།
- དེ་མིན་ན་གཏམ་རྒྱུད་མང་པོ་བཤད་པ་རེད།
- དོན་དག་ཡང་མང་པོ་བྱུང་བ་རེད།
- མགྱོགས་སོང་དུས།
- མི་ཡི་སེམས་ཁམས་ཀྱི་སྟེང་ལ་འགྲོ་ཐུབ་པ་མ་རེད།
- ང་ཚོ་མི་འདྲ་བོ་རེད།
- གོམ་པ་མགྱོགས་མོ་བྱས་ནས་སྤོས་ན།
- རྐང་རྗེ་དེ་ཡིན་རྒྱུ་ན་གསལ་བོ་ཞིག་འབབ་རྒྱུ་མ་རེད།
- འོ་ན་རྩོམ་རིག་ལ་མཚོན་རྒྱུ་ན་ཅི་རེད་ཟེར་ན།
- གཅིག་གཉིས་གསུམ་བཞི་ཞེས་སོང་ན།
- གཅིག་གཉིས་གསུམ་བཞི་ཞེས་སོང་ན་མི་འགྲིག་གི
- དཔེ་ཡི་ཐོག་ནས་བཤད་ན་དེ་རེད།
- དོན་གྲུབ་རྒྱལ་གྱི་རྩོམ་གྱི་གནད་དོན་ཡང་དེ་རེད།
- གཅིག་ལ་གཅིག་ཡིན་པ་རེད།
- མིའི་རིགས་པ་ཡིས་བལྟས་ནས་སོང་ན་གསལ་བོ་རེད།
- ཨོ་ལེད་་མིའི་རིགས་པ་ཡིན་དུས་མི་བུ་ཡི་སྟེང་ལ་མ་བབས་པ་རེད།
- དེ་མིན་ན་ཡིན་རྒྱུ་ན་རྩོམ་རིག་ཅིག་གིས་བཤད་ན།
- སྤྱི་ཚོགས་ཀྱི་དོན་དག་བཤད་ན།
- སྤྱི་ཚོགས་ཀྱི་དོན་དག་བཤད་ན་ཡང་།
- ཁོ་ཡི་རྩོམ་གྱི་ནང་ན་ཡོད་པའི་མི་དེ།
- ཅི་འདྲ་ཞིག་ཡིན་རྒྱུ་རེད་ཟེར་ན་བགས་ཆགས་གསལ་བོ་ཞིག་མེད་དུས།
- མི་བུ་ཡི་སྟེང་ལ་མ་ཡོང་བ་རེད།
- དེ་ཡིན་རྒྱུ་ན་ཚོགས་པ་ཡི་ཚོགས་སྤྱི་ཡི་དོན་དག་བཤད་པ་རེད།
- འོན་ཀྱང་དེ་མི་བུ་ཡི་ཡར་ལ་ཡིན་རྒྱུ་ན་支撑བྱེད་མ་ཐུབ་པ་རེད།
- ངས་ཧ་གོ་བ་རེད།
- ངས་མོ་ལ་དེ་འདྲའི་སྡུག་བསྔལ་ཡོད་པ་ཤེས་ཀི
- མ་བྲིས་ན་ཡང་ཆོག་གི་ཟེར་ན།
- ཡང་བསམ་བློ་ཡི་ཕྱོགས་ཟེར་བ་ཨེ་རེད།
- དེ་རེད་དེ་རེད།
- བསམ་བློ་ཡི་ཕྱོགས།
- དེའི་བར་དེ་ནས་བསམ་བློ་ཡི་ཕྱོགས་ཟེར་རྒྱུ་མ་རེད།
- རྩོམ་པ་པོ་ལ་མཚོན་རྒྱུ་ན།
- མི་སྣ་ཡི་སེམས་ཁམས་ཁོ་ཡིས་འབྲི་མ་ཐུབ་པ་རེད།
- གནས་སྐབས་དེ་ནས་ཡིན་རྒྱུ་ན།
- མི་སྣ་ཡི་མྱོང་ཚོར་དང་མི་སྣ་ཡི་སེམས་པ་དེ་རྩོམ་པ་པོ་ཡིས་འབྲི་དགོས།
- འབྲི་དགོས་པ་རེད་ལ།
- མོ་ཡིས་མ་བྲིས་པ་རེད།
- དཔེ་འཇོག་རྒྱུ་ན་རྩོམ་པ་པོ་ཡིས་མ་བྲིས་པ་རེད།
- འོ་ན་ཁྱོད་ཀྱིས་འདང་རྒྱབ་ན་དེ་ཚོར་ཐུབ་ཀི་ཟེར་བ་རེད།
- འོ་ན་ཚོར་ཐུབ་པའི་ཆ་དེ་ཡིན་རྒྱུ་ན་རྩོམ་པ་པོ་ཡིས་འབྲི་དགོས།
- ཨོ་ལེད་་འབྲི་དགོས།
- འབྲི་དགོས་པ་མ་ཟད།
- རྩོམ་པ་པོ་ཡིས་བྲིས་དུས།
- ཁྱོད་ཀྱིས་སེམས་ན་དྲན་པ་དེ་ལས་ད་རུང་ཡིན་རྒྱུ་ན།
- ཚད་ཐིག་མཐོ་ས་ཞིག་ཏུ་འགྲོ་དགོས།
- རྩོམ་པ་པོ་ཞིག་གིས་བྲིས་པ་རེད་ལ།
- སྤྱིར་བཏང་གི་མི་ཞིག་གིས་འདི་འདྲ་ཞིག་ཚོར་ཐུབ་ཀི
- ཁྱོད་རྩོམ་པ་པོ་རེད་ལ།
- དེར་བལྟས་ན་ངེས་པར་དུ།
- མ་བསམ་ས་ཞིག་དང་མ་ཤེས་ས།
- མ་དྲན་ས་ཞིག་རྩོམ་པ་པོ་ཡི་ཡིད་ལ་བཟུང་ན།
- ཉུང་ཙམ་ཞིག་འབྲི་དགོས་རྒྱུ་རེད།
- དེ་མིན་ན་སྤྱིར་བཏང་གི་མི་དང་།
- རྩོམ་པ་པོ་གཉིས་འདྲ་འདྲ་རུ་ལོག་པ་རེད།
- དེ་ཡིན་པའི་སྟབས་ཀྱིས་སྤྱིར་གོང་ནས་བཤད་པའི།
- སྐབས་ཐོག་དེ་ནས་ཡིན་རྒྱུ་ན།
- ཁྱོད་ཀྱིས་བལྟ་རྒྱུ་ན་སེམས་ཁམས་དེ་གལ་ཆེན་ཞིག་རེད།
- འབྲི་དགོ་ས་ཞིག་རེད།
- འབྲི་དགོས་པ་རེད།
- འོ་ན་འབྲི་དགོས་ན་འབྲི་དགོས་བ་མ་ཟད་ཅི་རེད་ཟེར་ན།
- སྤྱིར་བཏང་གི་མི་ཞིག་གིས་ཡིན་རྒྱུ་ན།
- སེམས་ན་མ་དྲན་པའི་ཆ་དེ་རྩོམ་པ་པོ་ཡིས་འབྲི་ཐུབ་དགོས།
- དེ་ཡིན་ན་བཟང་རྒྱུ་རེད།
- རེད་རེད་དེ་གནད་དོན་ཇེ་ཆེ་རུ་བུད་འགྲོ།
- དེ་ཕར་ལ་སོང་ན།
- གོང་ནས་ང་ཚོས་བཤད་པ་དེ་ཚང་མ་ངོ་མས་བཤད་རྒྱུ་ན།
- སྒྲུང་རིང་དང་སྒྲུང་འབྲིང་གི་ངོས་ནས་བཤད་རྒྱུ་ན་ལྷག་པར་དུ་འཕྲོད་པ་རེད།
- སྒྲུང་ཐུང་ལ་སྐོར་ན་ངོ་མ་བཤད་ན།
- མི་སྣ་ཡི་མི་བུའི་སེམས་ཁམས་ཞིབ་འབྲི་བྱེད་རྒྱུ།
- ཅུང་ཙམ་ཞིག་ཡིན་རྒྱུ་ན་དཀའ་བ་རེད།
- དེ་ཡིན་པའི་སྟབས་ཀྱིས་ཡིན་རྒྱུ་ན་དེ་དབྱིན་ཇི་ཡི་རྩོམ་པ་མོ་ཞིག་རེད།
- ཨོ་ཡ་་དེ་ཡང་དེ་ཟེར་བ་རེད།
- ཁོས་ཅི་ལྟར་འདང་རྒྱབ་ཀྱང་།
- སྒྲུང་ཐུང་དེ་བརྩམས་སྒྲུང་གི་གྲལ་ལ་བཞག་པ་དེ།
- ཁོས་ཡིན་རྒྱུ་ན་འདོད་ཐོག་ལ་མི་ཆུད་ཀི་དེ་ཟེར་བ་རེད།
- དེ་ཡིན་རྒྱུ་ན་བམ་མིན་ཟེར་བ་དེ་ཡིས་ཀྱང་བདེན་གི་ཞེས་བཤད་འདུག
- ཁོ་ཡི་སྐད་ཆ་དེ་བམ་མིན་གྱིས་བཤད་པ་ཞིག་རེད།
- དེ་ཡིན་པའི་སྟབས་ཀྱིས་སྤྱིར་དེ་རེད།
- སྒྲུང་ཐུང་དེ་ཡིན་རྒྱུ་ན་གཏམ་རྒྱུད་ཀྱི་རང་བཞིན་ཡོད་དགོས་པ་རེད།
- ཁོ་ཡིས་ཡིན་རྒྱུ་ན་རྩོམ་པ་པོ་ཡིས་བཤད་རྒྱུ་དེ་རེད།
- སྒྲུང་ཐུང་དེ་ཡིན་རྒྱུ་ན་གཏམ་རྒྱུད་ཀྱི་ཁོངས་སུ་གཏོགས་དགོས་པ་རེད།
- དེ་མ་གཏོགས་ཡིན་རྒྱུ་ན་སྒྲུང་འབྲིང་དང་སྒྲུང་རིང་དེ་ཅི་རེད།
- བརྩམས་སྒྲུང་གི་ཁོངས་སུ་གཏོགས་དགོས་པ་རེད།
- དེ་འདྲའི་སྐད་ཆ་བཤད་ཡོད་པ་རེད།
- དེར་ཡིན་རྒྱུ་ན་གནས་ལུགས་འདྲ་བོ་ཡོད་པ་རེད།
- སྤྱིར་ཁོ་ཡི་ཁྱད་ཆོས་ཀྱིས་སོང་ན་དེ་རེད།
- དེ་སྒྲུང་རིང་ཡིན་དུས་ངོ་མས་མི་སྣ་མང་རྒྱུ་རེད།
- ལྷག་པར་དུ་ཡིན་རྒྱུ་ན་དེ།
- མི་སྣ་མང་བ་མ་ཟད།
- རྩོམ་ཀྱི་ནང་གི་ཡིན་རྒྱུ་ན།
- མི་སྣ་གཙོ་བོ་གསུམ་དང་བཞི་ལྟ་བུ་ཞིག་ཅི་རེད་ཟེར་ན།
- གསོན་ཉམས་དང་ལྡན་པ།
- ཁོ་ཡི་གཤིས་ཀ་དེ་ཡིན་རྒྱུ་ན།
- རྒྱས་བར་འབྲི་དགོས་བ་དེ་འདྲ་ཞིག་ཡིན་རྒྱུ་རེད།
- དེ་དོན་མེད་དུ་རྩོམ་གྱི་ནང་ལ་མི་སྣ་ཞིག་ཐོན་པས་མི་ཆོག་གི
- མི་སྣ་ཡི་དེ་བྲིས་ནས་བསྡད་དེ།
- མི་སྣ་ཡི་སེམས་ཁམས་དེ་ཡིན་རྒྱུ་ན།
- གཏིང་ཟབ་མོ་ཞིག་བྲིས་ནས་དེ་ཡིན་ན་ཅི་རེད་ཟེར་ན།
- སྒྲུང་རིང་གི་ཁྱད་ཆོས་དེ་ཐོན་པ་རེད།
- སྒྲུང་རིང་དེ་ལ་སྤྱིར་ན་ཅི་ཟེར་ཅེ་ན།
- སྤྱི་ཚོགས་འཚོ་བ་མཚོན་དུས་全景式的反映ཟེར་བ་རེད།
- ཁོ་ཡིས་ཡིན་རྒྱུ་ན་བལྟས་ན་འདི་ལྟར་ཚང་མ་བལྟས་བ་ཡིན།
- དེ་ཡིན་པའི་སྟབས་ཀྱིས་ཡིན་རྒྱུ་ན།
- སྒྲུང་རིང་གི་ནང་ན་ཡོད་པའི།
- སྤྱི་ཚོགས་འཚོ་བ་དེ་ཁྱབ་རྒྱ་ཤིན་ཏུ་ཆེན་པོ་ཞིག་ཡིན་པ་རེད།
- དེ་ཡིན་པས་黑格尔ཡིས་བཤད་རྒྱུ་ཡིན་རྒྱུ་ན།
- དུས་རབས་ཀྱི་མེ་ལོང་ཡིན་ཟེར་བ་རེད།
- དུས་རབས་ཤིག་མཚོན་པ་རེད།
- བོད་ལ་མཚོན་རྒྱུ་ན་ད་ལྟ་སྒྲུང་རིང་གི་དུས་རབས་ཡིན་པ་རེད།
- ཁྱོད་ཚོས་ལྟོས་ལ་ཡིན་རྒྱུ་ན།
- སྤྱི་ཚོགས་འདི་འདྲའི་འགྱུར་ལྡོག་གི་གནས་སྐབས་ཤིག་ན།
- མི་སེམས་ཀྱི་སྟེང་ན་འགལ་འདུ་མང་པོ་ཞིག་ཡོད་པ།
- འདི་ལ་སོགས་པ་འདི་འདྲ་ཞིག་གི་སྒོ་ནས་འབྲི་ཐུབ་དུས།
- སྒྲུང་རིང་ཡག་པོ་ཞིག་ཡོང་རྒྱུ་རེད།
- དེ་ཡིན་པའི་སྟབས་ཀྱིས་སྤྱིར་བཏང་གིས་ཅུང་ཙམ་རེ་བ་མཐོ་བ་རེད།
- དེ་སྤྱི་ཚོགས་ཀྱི་འཚོ་བ་ཁྱབ་ཆེན་པོ་བྱས་ནས་མཚོན་དགོས་ཟེར་བ་དེ་དང་།
- ང་ཚོ་དེ་རིང་སང་ཉིན་གྱི་རྩོམ་འབྲི་དུས།
- བོད་ཀྱི་གོམས་གཤིས་འབྲི་བ་འདྲ།
- གོམས་གཤིས་ཤིག་ཉམས་པ་འབྲི་བ་འདྲ།
- དེ་འདྲ་ཞིག་མ་རེད།
- དུས་རབས་ཀྱི་ཁྱད་ཆོས་ཟེར་བ་དེ།
- དོན་གྱིས་གང་གི་སྟེང་ལ་འབབ་དགོས་ཟེར་ན།
- མི་སེམས་ཀྱི་སྟེང་ལ་འབབ་དགོས་པ་རེད།
- མི་ཡི་སེམས་དེ་ཅི་འདྲ་ཞིག་གི་ནང་ན་ཡོད་ཀི
- སྔོན་ན་འདི་འདྲ་ཞིག་རེད།
- ད་ལྟ་ཁོ་ལ་ཡིན་རྒྱུ་ན་ཅི་ཞིག་གི་ན་ཟུག་ཐོབ་ཡོད་ཀི
- ཁོ་ཡི་སེམས་ཁམས་དེ།
- ཅི་འདྲ་ཞིག་གི་འགལ་འདུ་ཞིག་གི་ནང་ན་ཡོད་ཀི
- མི་སེམས་ཀྱི་འགལ་འདུ་འདི་བརྒྱུད་ནས།
- དུས་རབས་ཤིག་གི་ཁྱད་ཆོས་མཚོན་ཐུབ་པ།
- མཚོན་ཐུབ་རྒྱུ་རེད།
- དེ་ཡིན་ན་ཅི་རེད་ཟེར་ན།
- གོང་ནས་བཤད་པའི་དུས་རབས་ཀྱི་མེ་ལོང་ཡིན་ཟེར་བའི།
- རྣམ་པ་དེ་ཡིན་རྒྱུ་ན་ཡོང་ཐུབ་པ་རེད།
- དེ་ཡིན་པས་སྒྲུང་རིང་ལ་མཚོན་རྒྱུ་ན།
- ཁོ་ཡི་ཁྱད་ཆོས་དང་པོ་ཅི་རེད་ཟེར་ན།
- སྤྱི་ཚོགས་འཚོ་བ་དེ་ཡིན་རྒྱུ་ན་ཁྱབ་ཆེན་པོར་མཚོན་པ།
- འཚོ་བ་ཡི་འདུ་ཚད་ཆེ་བ།
- དེ་འདྲ་ཞིག་ཡིན་དགོས་པ།
- དེའི་འཕྲོ་ནས་ཡིན་རྒྱུ་ན་གོང་ནས་བཤད་པ་དེ་རེད།
- འཚོ་བ་དེ་མཚོན་དུས་དོན་མེད་དུ་དོན་དག་འདི་འདྲ་ཞིག་བྱུང་བ་དང་།
- འདི་འདྲ་ཞིག་བྱུང་བ།
- དོན་དག་འབྲི་རྒྱུ་ཞིག་མ་རེད།
- མི་སྣ་ཡི་སེམས་ཁམས་ཀྱི་སྟེང་ན་འགལ་འདུ་ཅི་ཞིག་ཡོད་ཀི
- མི་སྣ་ཡི་ཡིན་རྒྱུ་ན་དེ་精神
- དེ་ཡིན་རྒྱུ་ན་མཚོན་དགོས་པ་དེ་འདྲ་ཞིག་རེད།
- འོ་ན་དེ་ལྟ་བུའི་སྤྱི་ཚོགས་ཀྱི་འཚོ་བ་ཆེན་པོ་དེ་མཚོན་དུས།
- དེ་ངེས་པར་དུ་བརྩམས་སྒྲུང་གི་ཁྱད་ཆོས་བཞིན་དུ།
- མི་བུ་ཞིག་གི་སེམས་ཁམས་དེ་མཚོན་དགོས་པ་རེད།
- མི་བུ་ཞིག་གི་གཤིས་ཀ་དང་མི་བུ་ཞིག་གི་མི་གཞི་དང་།
- ཡང་ན་ཡིན་རྒྱུ་ན་མི་བུ་ཡི་སེམས་ཀྱི་འཇིག་རྟེན།
- འདི་འདྲ་ཞིག་གི་སྟེང་ནས་ངེས་པར་དུ་མཚོན་དགོས་པ་རེད།
- དེ་ན་མཚོན་ན་ཡང་དེ་རེད།
- ཁོ་ཡི་ནང་ན་ཡིན་རྒྱུ་ན་སྒྲུང་རིང་ཟེར་དུས།
- མི་སྣ་མང་རྒྱུ་རེད་ལ།
- མ་མཐའ་ཡིན་ན་ཡང་།
- ཁྱོད་ཀྱིས་མི་སྣ་གཙོ་བོ་གསུམ་དང་བཞི་ཅི་རེད་ཟེར་ན།
- ཞིབ་རྒྱས་སུ་འབྲི་བ་དེ་འདྲ་ཞིག་ཡིན་དགོས་པ་རེད།
- དེ་ཡིན་པས་སྤྱིར་ཡིན་རྒྱུ་ན་ངས་བལྟ་ཚུལ་ཅི་རེད་ཟེར་ན།
- བོད་ཀྱི་བརྩམས་སྒྲུང་གི་ངོས་ནས་བཤད་རྒྱུ་ན།
- སྒྲུང་རིང་གི་ཡིན་རྒྱུ་ན་ཆུ་ཚད་ཤིན་ཏུ་དམའ་བ་དེ་རེད།
- སྒྲུང་རིང་གི་ཆུ་ཚད་ཤིན་ཏུ་དམའ་བ་རེད།
- བོད་ཀྱི་སྒྲུང་རིང་ཞིག་གི་ནང་ན་ཡིན་རྒྱུ་ན།
- སྒྲུང་རིང་ཚད་ཉིད་པ་ཞིག་བཤད་དཀའ།
- བོད་ཀྱི་རྩོམ་རིག་གི་གྲུབ་འབྲས་བླངས་ཡོད་པ།
- གང་གིས་བླངས་ཡོད་ཟེར་ན།
- སྒྲུང་འབྲིང་གིས་བླངས་ཡོད།
- བོད་ཀྱི་སྒྲུང་ཐུང་ཡང་མི་བཟང་གི
- སྒྲུང་རིང་ཡང་མི་བཟང་གི
- སྒྲུང་འབྲིང་ཚད་རེད།
- དེར་རྒྱུ་མཚན་ཞིག་ཡོད་པ་རེད།
- དེའི་རྒྱུ་མཚན་ཅི་རེད་ཟེར་ན།
- ཁྱོད་ཚོས་ལྟོས་ལ།
- བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་རྩོམ་རིག་གི་བལྟ་བ་ཅི་རེད་ཟེར་ན།
- ཨོ་་་ད་ཡིན་རྒྱུ་ན་ཞིབ་འབྲི་བྱེད་དགོས།
- དེ་ཟེར་རྒྱུ་རེད།
- སྤྱི་ཚོགས་ཀྱི་འཚོ་བ་མཚོན་དགོས་ཟེར་བ་རེད།
- དེ་རྩོམ་རིག་གི་གཞུང་ལུགས་ཀྱི་ཤེས་བྱ་ཞིག་ཡིན་པ་རེད།
- དེ་གང་ལ་འཕྲོད་པ་རེད་ཟེར་ན་སྒྲུང་རིང་ལ་འཕྲོད་པ་རེད།
- འོ་ན་སྒྲུང་ཐུང་ཞིག་ལ་མཚོན་རྒྱུ་ན།
- ཁྱོད་ཚོས་ལྟོས་ལ་དེའི་ནང་དེ་ན་ཡིན་རྒྱུ་ན།
- ཞིབ་འབྲི་མང་པོ་བྱེད་ས་མི་འགྲོ་བ་རེད།
- བྱེད་ས་འགྲོ་བ་མ་རེད།
- ལྷག་པར་དུ་ཡིན་རྒྱུ་ན།
- དེའི་ཡུལ་ལྗོངས་ཞིབ་འབྲི་མང་པོ་བྱེད་ས་འགྲོ་རྒྱུ་མ་རེད།
- ཡ་་དེའི་འཕྲོ་ནས་སྤྱི་ཚོགས་འཚོ་བ་མཚོན་དགོས་ཟེར་ན་ཡང་།
- སྒྲུང་ཐུང་གི་སྤྱི་ཚོགས་འཚོ་བ་མཚོན་ས་གང་རེད་ཟེར་ན།
- དེ་མའོ་ཏུང་གི་བཤད་པའི་གཏིབས་ངོས་རེད།
- ཚང་མ་ཚང་མ་ཡུན་རིང་འབྲི་རྒྱུ་མ་རེད།
- དཔེ་འཇོག་རྒྱུ་ན་སྡོང་བོ་ཞིག་ཡིན་ན།
- དཀྱིལ་ནས་གཏིབས་ན་གཏིབས་ངོས་དེ་ཁོ་ན་ལ་ཟེར་བ་རེད།
- དཔེ་འཇོག་རྒྱུ་ན་སྒྲུང་ཐུང་གི་འཚོ་བ་མཚོན་ས་དེ།
- ཅི་འདྲ་ཞིག་ཡིན་དགོས་ཟེར་ན།
- མང་ན་ཉི་མ་གཅིག
- ཡང་ན་དུས་ཚོད་གཅིག
- དེ་ཡིན་དུས་ཁྱོད་ཚོས་ལྟོས་དང་འགྲིག་པ་རེད།
- དེ་ཡིན་ན་ང་ཚོས་སྒྲུང་རིང་ཐུང་གི་ཁྱད་པར་གྱི་ངོས་ནས་བཤད་རྒྱུ་ན།
- གཙོ་བོ་སྤྱི་ཚོགས་འཚོ་བ་མཚོན་པའི་ངོས་ཀྱི་ཆེ་ཆུང་།
- འདི་ཡིན་པ་རེད།
- རེད་ལ་འདི་བརྩམས་ཆོས་བྱེ་བྲག་པ་ཡི་སྟེང་ལ་བབས་ན།
- ཅུང་ཙམ་ཞིག་བཤད་དཀའ་རྒྱུ་རེད།
- ང་མཚོན་རྒྱུ་ན་གོང་ནས་བཤད་པ་དེ་རེད།
- སྤྱིར་བཤད་ན་བོད་ཀྱི་སྒྲུང་རིང་གི་ནང་ན།
- སྒྲུང་རིང་མཚན་ཉིད་པ་ཞེས་བཤད་དཀའ།
- ལ་ལ་ཞིག་གིས་ཚེ་རིང་དོན་གྲུབ་ཀྱི་སྨུག་པ་ལྟ་བུ།
- སྒྲུང་རིང་གི་གྲལ་ལ་བཞག་ཡོད་པ་རེད།
- ང་ཡིན་རྒྱུ་ན་དེ་སྒྲུང་འབྲིང་ཡིན་ན་འགྲིག་གི
- མི་སྣ་ཡི་སེམས་ཁམས་དང་མི་སྣ་ཡི་གཤིས་ཀ
- གང་ལྟར་ཀྱང་མི་ཞིག་འབྲི་བའི་ཚད་དེའི་ངོས་ནས་བཤད་རྒྱུ་ན།
- ཁོ་ཡིན་རྒྱུ་ན་སྒྲུང་འབྲིང་ཞིག་གི་ཚད་རེད།
- དེ་མ་གཏོགས་ཁོ་ཡིན་རྒྱུ་ན།
- དུས་རབས་ཀྱི་ཁྱད་ཆོས་དེ་ཆེན་པོ་ཆེན་པོ་མཚོན་ཐུབ་པ།
- དེ་འདྲ་ཞིག་ཏུ་ད་རུང་སོང་མེད་ཁ་རེད།
- དེ་ན་དགེ་རྒན་རླུང་དམར་འུར་འུར་ལྟ་བུ་ཡིན་ན།
- རླུང་དམར་འུར་འུར་དེ་ང་ཡིན་རྒྱུ་ན།
- སྤྱིར་ན་བརྩམས་སྒྲུང་ཞིག་གི་ངོས་ནས་བཤད་ན་མི་འགྲིག་གི་བསམ་གི
- ཁོ་ཡིན་རྒྱུ་ན་ཅི་ཟེར་བ་རེད།
- དངོས་འབྲིས་རྩོམ་རིག་ཟེར་བ་རེད་ལ།
- 纪实文学
- དེ་འདྲ་ཞིག་གིས་བལྟས་ན་འགྲིག་གི
- ངས་རླུང་དམར་འུར་འུར་ལ་བལྟས་ནས་སོང་ན།
- ངས་རྒྱ་ཡི་སྟེང་ནས་བཤད་ན་感觉ཆེན་པོ་མེད་པ་དེ་རེད།
- དེ་ཡི་ནང་ན་བཤད་པ་ནི།
- བོད་ཀྱི་ལོ་རྒྱུས་ཀྱི་དོན་སྐྱེན་ཞིག་རེད་མ་གཏོགས།
- རྩོམ་རིག་གི་རང་བཞིན་གྱི་ངོས་དེ་ནས།
- མཛེས་རྟོག་གི་རིན་ཐང་ཡོད་པ་ཞིག
- ང་དེའི་ཚོར་སྣང་དེ་གཏན་ནས་མ་བྱིན་ཐལ།
- དེ་ཡིན་པའི་སྟབས་ཀྱིས།
- གསར་འགྱུར་ཀྱི་ངོས་འདི་ན་བཤད་པའི།
- དེ་དངོས་འབྲི་ཟེར་བ་ཞིག་ཡོད་པ།
- དེ་ཅི་ཟེར་བ་རེད།
- རྩོམ་རིག་གི་རྟོག་བཟོ་虚构གི་ཆ་དེ་ཉུང་ནས།
- ཡང་ན་ཡིན་རྒྱུ་ན་文学性དེ་ཉུང་བར་བྱས་ནས།
- ཁོ་ཅི་རེད་ཟེར་ན།
- ལོ་རྒྱུས་ཀྱི་རྣམ་པ་དེ་ཇི་བཞིན་དུ་འབྲི་རྒྱུ།
- ལོ་རྒྱུས་ཀྱི་རང་བཞིན་ཅན་གྱི་རྩོམ་ཞིག་རེད་མ་གཏོགས།
- བརྩམས་སྒྲུང་རང་བཞིན་ཅན་གྱི་རྩོམ་ཞིག་རེད་དེ་མི་བསམ་གི
- དེ་ཡིན་པས་སྤྱིར་བཏང་གིས་ངས་རྩོམ་རིག་བཤད་དུས།
- རླུང་དམར་འུར་འུར་བཤད་ན་མི་འདོད་ཀི
- དེ་རེད་བཤད་རྒྱུ་མ་རེད།
- ད་རུང་གཞན་པ་ཐོན་མི་སམ་བྷོ་ཊ་ཟེར་བ་ཞིག་ཡོད་ལ།
- ཙོང་ཁའི་རྒྱལ་བོ་ཅན་པོ།
- ད་རུང་གཞན་ཞིག་ཡོད་པ་དེ་ཅི་རེད།
- དབུས་ཡུལ་ལ་སྤྲིང་བའི་འཕྲིན་ཡིག་ཟེར་བ་རེད་ལ།
- ས་པན་གྱི་སྐོར་བྲིས་ཡོད་པ།
- དེ་ཚང་མ་ང་ཡིན་རྒྱུ་ན།
- བརྩམས་སྒྲུང་གི་གྲལ་ལ་བཞག་ན་མི་རུང་གི་བསམ།
- ལོ་རྒྱུས་ཀྱི་ཆ་དེ་ཤས་ཆེ་སོང་།
- རྩོམ་རིག་རང་བཞིན་དེ་ཤས་ཆུང་གི་དེ་རེད།
- མོས་པོ་དེར་བལྟ་ཚུལ་ཅི་ཞིག་ཡོད་ཀི
- མོས་པོ་ཡིན་རྒྱུ་ན་ཡང་སྒྲུང་འབྲིང་ཡིན་པ་རེད།
- དེ་བཞིན་དུ་ཡ་ང་བའི་སྐྱ་རེངས་ཡིན་ན་ཡང་དེ་རེད།
- རེད་དེ་ཚང་མ་སྔོན་ཞིག་ནས་སྒྲུང་རིང་གི་གྲལ་ལ་འཇོག་བཞིན་འདུག
- གཙོ་བོ་ཡིན་རྒྱུ་ན་གནད་དོན་གང་ནས་བྱུང་ཟེར་ན།
- མོས་པོ་དང་སྨག་པ་གཉིས།
- མང་པོ་ཞིག་གིས་སྒྲུང་རིང་ཡིན་ཟེར་བཞིན་ཡོད།
- རྩོམ་པ་པོ་རང་གིས་ཀྱང་སྒྲུང་རིང་ཡིན་ཟེར་བ་རེད།
- ང་ཡིན་རྒྱུ་ན་རྩོམ་རིག་གི་རང་གི་ཆོས་ཉིད་ཀྱི་ངོས་ནས་བཤད་རྒྱུ་ན།
- སྒྲུང་འབྲིང་ཞིག་གི་ངོས་ནས་བཤད་ན་ངོ་མས་འགྲིག་གི
- མོས་པོ་ཡིན་ཟེར་བའི་མོས་པོ་དེ།
- མཚམས་རེར་མོས་པོ་དངོས་ཡོད་རིང་ལུགས་ཡིན་པ་འདྲ།
- མཚམས་རེད་དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཡིན་པ་འདྲ།
- རེད་་དེ་ཁོ་ཡི་འབྲི་ཐབས་ཀྱི་སོང་ན།
- དངོས་ཡོད་རིང་ལུགས་ལྟར་བྲིས་པ་ཞིག་མ་རེད།
- ནང་ལ་དངོས་ཡོད་སྒྱུ་འཕྲུལ་ཟེར་བ་འདྲ།
- གང་ལྟར་ཀྱང་དངོས་ཡོད་མ་ཡིན་པའི་འབྲི་ཐབས་དེ་ནང་ལ་བསྲེས་བ།
- རྨི་ལམ་འདྲ་བ།
- རྨི་ལམ་ཡིན་པ་འདྲ།
- ངོ་མ་ཡིན་པ་འདྲ་བ་དེའི་ཆ་དེ་ཡོད་ཀི
- ཁོ་ཡིས་འབྲི་ཐབས་གསར་བ་ནང་ལ་བསྲེས་བ་རེད།
- དངོས་ཡོད་རིང་ལུགས་ལྟར་དུ་གོ་བ་བླངས་ས་མི་འགྲོ་གི
- སེམས་ཁམས་ལ་མ་མོག་མི་སྟེར་གི་ཨེ་རེད།
- དེའི་ནང་གི་བཤད་བཞིན་པའི།
- གོང་ནས་དེ་ལྟར་བཤད་པ་རེད་ལ།
- གསར་འགྱུར་རང་བཞིན་ཟེར་བ་རེད་ལ།
- ལོ་རྒྱུས་རང་བཞིན་དེ་ལྟར་བུད་སོང་ན།
- གཙོ་བོ་དམིགས་ས་མི་ཡི་སེམས་ཁམས་མ་རེད་ལ།
- དེ་ལྟར་བཤད་པ་རེད་ལ།
- རེད་་་དོན་སྐྱེན་གཙོ་བོ་རེད།
- མི་བུ་གཙོ་བོ་མ་རེད།
- དེ་རེད།
- རྒྱ་ཁྲི་རྩོམ་རིག་ཕ་རོལ་ན།
- འདི་འབྲི་རྒྱུ་ན་བོད་ཀྱི་གདོད་མའི་རྩོམ་རིག་ཟེར་བ་རེད་ལ།
- རེད་་དེའི་རིགས་བཞག་ན་འགྲིག་པ་ཨེ་རེད།
- དེ་ན་ནིང་ང་ཞིབ་འཇུག་སློབ་མ་ཞིག་གིས་དེ་ཟེར་བ་རེད།
- མོས་བོད་ཀྱི་གདོད་མའི་རྩོམ་རིག་སྐོར་ལ་རགས་ཙམ་དཔྱད་པ་ཞེས་པའི།
- མཐར་ཕྱིན་དཔྱད་རྩོམ་དེ་འདྲ་ཞིག་འབྲི་བཞིན་ཡོད།
- ང་དྲིས་བྱུང།
- རྒྱ་ཁྲི་རྩོམ་རིག་ཕ་རོལ་ན་ཅན་པོ་དེ།
- བོད་ཀྱི་གདོད་མའི་རྩོམ་རིག་གི་ཁོངས་སུ་བཞག་ན་འགྲིག་པ་ཨེ་རེད་ཟེར།
- ངས་མི་ཤེས་ཞེས་བཤད་པ་ཡིན།
- རེད་་དེ་གཙོ་བོ་ཅི་ལྟར་བཤད་ན་འགྲིག་གི་ཟེར་ན།
- ཁོ་ཡི་སྐད་ཆ་དེ་ཕ་བུ་གཉིས་ཀྱིས་བཤད་པ་དེ་ཡིན་རྒྱུ་ན།
- ཁོ་ཡི་གནས་སྐབས་ཀྱི།
- དོན་སྐྱེན་དེའི་འོག་ནས།
- སྐད་ཆ་དེ་འདྲ་ཞིག་ཡོང་བ་རེད།
- དེ་ན་ཁོས་ལོ་རྒྱུས་ཀྱི་སྟེང་གི་དོན་དག་ངོ་མ་ཞིག་རེད།
- འོ་ན་རྩོམ་རིག་ཡིན་དུས་མཛེས་རྟོག་གི་ཅི་ཟེར་བ་རེད།
- ཚོར་བསྙེག་追求
- འདི་གཉིས་ཀྱི་བར་ནས་འདང་རྒྱབ་ན།
- རྩོམ་རིག་མཚན་ཉིད་པ་ཞིག་མ་རེད།
- དེ་དཔེ་འཇོག་རྒྱུ་ན་འདི་ནས་ང་ཚོས་ཁ་བརྡ་བྱེད་རྒྱུ་རེད།
- ཁ་བརྡ་བྱེད་དུས་འདིའི་ཡིན་རྒྱུ་ན་ཁ་བརྡ།
- སྐད་ཆ་ཡག་པོ་ཡག་པོ་ཞིག་བཤད་བཏང་ན།
- ཁོ་ཡིས་རྩོམ་རིག་གི་རང་བཞིན་ཡོད་གི་ཟེར་རྒྱུ་རེད་མ་གཏོགས།
- ཁོ་ཡིས་རྩོམ་རིག་གི་ཆ་དེ་ན།
- རྩོམ་རིག་གི་ཆ་དེ་མ་གཞི་ནས་ཅི་ཡིན་དགོས་ཟེར་ན།
- གོང་ནས་ཡང་བཤད་པ་དེ་རེད།
- དེ་ཟེར་བ་རེད།
- 神秘意识性རྒྱ་ཡིག་གིས་དེ་རེད།
- 神秘意识性དེ་རེད།
- དེ་མཛེས་རྟོག་ཅན་གྱི་འདུ་ཤེས་འཛིན་སྟངས།
- དེ་ཡིན་ན་གོང་ནས་བཤད་པ་དེ།
- འ་བ་ཉིལ་ཉིལ་བའི་ཉི་ཅན་པོ་དེའི་སྟེང་དེ་ན་མཛེས་བ་ཡོད་ཀི
- ཡང་ན་ཡིན་རྒྱུ་ན་ཆབ་ཆ་ན་ཕ་རོལ་ན་ཅན་པོར་མཚོན་རྒྱུ་ན།
- སྐད་ཆའི་སྒྱུ་རྩལ་ལ་སོགས་པའི་མཛེས་བ་དེ་ཡོད་ཀི
- རེད་ལ་་ཁོ་ཡི་སྟེང་ན་ཡིན་རྒྱུ་ན།
- འདུ་ཤེས་འཛིན་སྟངས་ཀྱི་ཆ་དེ་ཡོད་དམ་མེད་ཀི
- དེའི་ཆ་དེ་ཡོད་པ་མ་རེད།
- འདུ་ཤེས་འཛིན་སྟངས་ཀྱི་ཆ་ཟེར་བ་དེ།
- ངས་ཡིན་རྒྱུ་ན་ལྟ་བ་འདི་འདྲ་ཞིག་བཤད་ན་འདོད་པ།
- ང་འདི་འདྲའི་མི་ཚེ་ཡི་ཕུགས་བསམ་ཞིག་ཡོད་པ།
- རེད་ལ་་ཁྱོད་ཚོས་ལྟོས་ལ་རྩོམ་པ་པོ།
- ང་ཚོས་སྔོན་ན་ཡང་བཤད་པ་དེ་རེད།
- རྩོམ་པ་པོ་སུ་དང་སུ་ཞིག་མཚོན་ན་ཡང་།
- རང་གི་བཤད་ན་འདོད་པ་ཞིག་དང་།
- བོད་ཀྱི་སྤྱི་ཚོགས་ལ་བལྟས་ན་ང་རང་ཉིད་ལ་སེམས་ན་ན་ཟུག་ཡོད་པ།
- དེ་བཤད་དགོས་པ་རེད།
- དེ་ཅི་རེད་ཟེར་ན།
- ཡོངས་ཁྱབ་ཀྱི་དོན་སྙིང་དེ་ཡོད་པ་རེད།
- ཡོངས་ལ་ཁྱབ་པར་འཇུག་རྒྱུ།
- ཡོངས་ལ་ཁྱབ་ན་དེའི་མི་གཞན་ཐམས་ཅད་ལ་ཤན་ཤུགས་ཤིག་བཟོ་རྒྱུ།
- དེ་ཡིན་ན་འདུ་ཤེས་འཛིན་སྟངས་ཅན་ཟེར་བ་དེ།
- མི་གཞན་གྱི་བསམ་བློ་དེ་ལ་བསྒྱུར་བཀོད་ཐོབ་པ།
- བསྒྱུར་བཀོད་ཐོབ་ས་ཡིས་སོང་ན།
- ཁྱབ་བསྒྲགས་ཀྱི་བསྒྱུར་བཀོད་ཐོབ་ས་ཡིན་རྒྱུ་མ་རེད།
- དེ་རྩོམ་རིག་གིས་སོང་ན་潜移默化ཟེར་བ་དེའི།
- བསྒྱུར་བཅོས་ཐོབ་ཚུལ་ཞིག་ཡིན་པ་རེད།
- གང་ལྟར་ཀྱང་ཁོ་ཡིན་རྒྱུ་ན་རྩོམ་རིག་གི་སྐབས་དེ་ན།
- ཐོག་མར་ང་ཚོས་བཤད་པའི།
- འདུ་ཤེས་འཛིན་སྟངས་ཤིག་ཡིན་དགོས་པ་རེད།
- འོ་ན་དེ་ཅི་རེད་ཟེར་ན།
- དོན་དག་བྱེ་བྲག་པ་ཞིག་གི་འོག་གི
- སྐད་ཆ་ཞིག་བཤད་པ་དེ་མཛེས་བའི་ཆ་ཡོད་ཀྱང་།
- དེ་ཡིན་རྒྱུ་ན་འདུ་ཤེས་འཛིན་སྟངས་ཀྱི་ཆ་དེ་མེད་ཀི
- ངས་སྐད་ཆ་ཞིག་བཤད་པ་དེ་ཡིན་རྒྱུ་ན།
- གནས་བབས་དེའི་འོག་དེ་ནས།
- དེ་ལ་ཡ་ལེན་སྤྲད་པའི་སྐད་ཆ་ཞིག་རེད་མ་གཏོགས།
- ངས་འདི་ཡིན་རྒྱུ་ན་བོད་ཁམས་ཡོངས་སུ་རྫོགས་པ་ལ་ཁྱབ་པར་བཅུག་ན།
- ང་འདི་ལྟ་བུའི་ཕུགས་བསམ་ཞིག་ཡོད།
- ཕུགས་བསམ་དེ་ཚང་མར་བཤད་ན་དེའི་ཁྱད་ཆོས་དེ་ཡོད་པ་མ་རེད།
- དེའི་སྐོར་དེ་ནས་ཡིན་རྒྱུ་ན།
- གཞུང་ལུགས་ཀྱི་དཔེ་ཆ་ཡིས་སོང་ན།
- ང་བློ་བསྐྱེད་ཐོབ་ས་ཞིག་ཡོད་པ་ནི།
- དེ་黑格尔བཤད་པ་དེ་རེད།
- རྩོམ་རིག་ཟེར་བ་དེ་ངེས་པར་དུ་ཅི་ཟེར་བ་རེད།
- 历史精神དེ་དགོས་པ་རེད།
- མི་རིགས་ཀྱི་འཕེལ་རྒྱས་ཟེར་ན་ཆོག་གི
- ལོ་རྒྱུས་ཀྱི་འཕེལ་རྒྱས་ཀྱི་ཆ་དེར་དམིགས་ནས།
- ངས་སྤྱི་ཡི་བསམ་བློ་ཞིག་བཤད་པ་ཡིན།
- 理念བཤད་པ་ཡིན།
- དེ་ཡིན་པའི་སྟབས་ཀྱིས་རྩོམ་རིག་རང་ལ།
- སྤྱིར་བཤད་ན་ཡོངས་སུ་རྫོགས་པ་བཤད་ན་འདོད་པའི།
- དེ་འདྲའི་མཛེས་རྟོག་གི་ཕུགས་བསམ་ཞིག་ཡོད་དགོས་པ་རེད།
- དེ་ཡིན་ན་འདུ་ཤེས་འཛིན་སྟངས་ཅན་ཟེར་བ་དེ་འདྲའི་དོན་ཡིན་དགོས་པ་རེད།
- འོ་ན་གོང་གི་བོད་བཙན་པོའི་སྐབས་ཀྱི་མགུར་གླུ་དེ་ཐམས་ཅད་ཅི་རེད་ཟེར་ན།
- གནས་བབས་དེའི་འོག་དེ་ནས།
- རྒྱལ་བོ་ཡིས་བློན་པོ་ལ་གླུ་འདི་བླངས་ན།
- བློན་པོ་ཡིས་ཕྱིར་མགུར་ཞིག་ལེན་རྒྱུ་རེད་ལ།
- དེ་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཟེར་བ་འདྲ།
- བོད་མི་དམངས་ཡོངས་སུ་རྫོགས་པ་ལ།
- འདི་ལྟ་བུའི་བསམ་བློ་དང་འདི་ལྟ་བུའི་བལྟ་བ་དེ་དགོས་པ་ཟེར་བའི།
- དེ་འདྲའི་འདུ་ཤེས་འཛིན་སྟངས་ཅན་གྱི་བསམ་བློ་ཞིག་མ་རེད།
- ཁོ་ཡིན་རྒྱུ་ན་གནས་བབས་བྱེ་བྲག་པ་ཡོང་བ་ཞིག་རེད།
- ཁོ་ལ་བལྟ་རྒྱུ་ན་ཅི་རེད།
- ལོ་རྒྱུས་ཀྱི་སྐབས་དེ་ནས་སྐད་ཆ་དེ་འདྲ་ཞིག་བཤད་པ་རེད།
- དེ་ཡིན་པའི་སྟབས་ཀྱིས་ཨོ་ཡ་་ང་མཚོན་ན་ཡང་དེ་རེད།
- ཁོ་ཡིན་རྒྱུ་ན་བོད་ཀྱི་རྩོམ་རིག་མཚན་ཉིད་པ་དེ་ནམ་ཞིག་ལ་བྱུང་ཟེར་ན།
- བསྟན་པ་ཕྱི་དར་གྱི་སྐབས་སུ་བྱུང་ཟེར་བའི་རྒྱུ་མཚན་ཡང་དེ་ཡིན།
- ཨོ་ཡ་་བཙན་པོ་ཡི་སྐབས་ཀྱི་དེ་ཚང་མ་ཅི་རེད་ཟེར་ན།
- རྩོམ་རིག་གི་རང་བཞིན་དེ་ཡོད་ཀི
- སྐད་ཆ་བཤད་ན་སྐད་ཆ་ཡི་སྟེང་ན་སྒྱུ་རྩལ་ཡོད་ཀི
- འོན་ཀྱང་ཁོ་ཡི་རྩོམ་དེའི་བསམ་བློ་ཡི་ཆ་ནས་བཤད་ན།
- དེ་འདུ་ཤེས་འཛིན་སྟངས་ཀྱི་བསམ་བློ་ཞིག་མ་རེད།
- མཛེས་རྟོག་གི་ཚོར་བསྙེག་ཅིག་ཀྱང་མ་རེད།
- རེད་ལ་་མི་ཚེ་ཡི་ཕུགས་བསམ་ཞིག་ཀྱང་མ་རེད།
- མི་ཚེ་ཡི་བལྟ་བ་ཞིག་ཀྱང་མ་རེད།
- གནས་སྐབས་ཀྱི་འོག་གི་སྐད་ཆ་བཤད་པ་རེད།
- ཨ་ཡེ་གཉིས་འཛིང་རེ་བྱེད་རྒྱུ་ན་འཛིང་རེ་བྱས་པ་ཡ་མཚན་པ་ཡིན་པ་རེད་མོད།
- ཡ་མཚན་པར་འཇུག་པ་རེད་མོད།
- དེ་ད་རུང་རྩོམ་རིག་མ་རེད།
- རྩོམ་རིག་རང་བཞིན་ཡོད་མོད་རྩོམ་རིག་མ་རེད།
- དེ་འདྲ་ཞིག་རེད།
- གོང་ནས་དགེ་རྒན་གྱིས་བཤད་པའི།
- སྲོལ་རྒྱུན་སྙན་ངག་དང་རྩོམ་རིག་གསར་བ་གཉིས་ཀྱི་ཁྱད་པར་འདི་བཤད་དུས།
- སྲོལ་རྒྱུན་སྙན་ངག་ཡིན་ན་ཐད་ཀར་བརྗོད་དགོས་ཟེར་བ་རེད་ལ།
- ཐད་ཀར་བརྗོད་དགོས།
- ཕྱི་ཡི་བརྡ་འཕྲིན་དང་ནང་གི་བརྡ་འཕྲིན་གྱི་བར་ཐག་གི་ལམ་ནས།
- དེ་ནས་རྩོམ་རིག་གསར་བ་དེ་བར་ཐག་རིང་གི་ཟེར་བ་རེད་ལ།
- འོ་ན་སྲོལ་རྒྱུན་སྙན་ངག་གི་ནང་ནས་ཟློས་སྦྱོར་སྙན་ངག་ཅན་ཡིན་རྒྱུ་ན།
- དེ་ཕྱི་ཡི་བརྡ་འཕྲིན་དང་ནང་གི་བརྡ་འཕྲིན་གྱི་བར་ཐག
- དཔེ་འཇོག་རྒྱུ་ན་རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན་ཡིན་རྒྱུ་ན།
- རེད་་དེ་འགྲིག་གི
- ཨོ་ལེད་་་དེ་འགྲིག་པ་རེད།
- རེད་ལ་་དེ་ན་གནད་དོན་གཅིག་ཡོད་པ་གང་རེད་ཟེར་ན།
- ཟློས་སྦྱོར་གྱི་རྒྱན་དེ།
- བོད་ཀྱི་སྤྱིར་སྙན་ངག་འབྲི་ཚུལ་གྱི།
- སྙན་ངག་གསར་རྩོམ་གྱི་སྟེང་ལ་དར་ཁྱབ་མི་ཆེ་བ་རེད།
- རེད་ལ་དེ་ན་ང་ཚོས་གཞུང་ལུགས་ཀྱི་སྟེང་ནས་བཤད་རྒྱུ་ན།
- ཟློས་སྦྱོར་སྙན་ངག་དེ་སྙན་ངག་གསར་བ་དང་འདྲ་ས་ཡོད་ཀི
- དེ་ལྟར་བཤད་ན་འགྲིག་པ་རེད།
- འོན་ཀྱང་བོད་ཀྱི་ཡིན་རྒྱུ་ན་དེ།
- དུས་རབས་རིམ་བྱོན་གྱི་རྩོམ་རིག་ལ་བལྟས་ནས་སོང་ན།
- ཟློས་སྦྱོར་སྙན་ངག་གི་སྒོ་ནས་བྲིས་པ་ཡོད་པ་མ་རེད།
- དེ་ཡིན་པའི་སྟབས་ཀྱིས་ཁོ་ཡིན་རྒྱུ་ན་དེ།
- བོད་ཀྱི་སྙན་ངག་གསར་རྩོམ་གྱི་ཕྱོགས་དེ་ན་དར་ཁྱབ་མི་ཆེ་བ་རེད།
- གཞུང་ལུགས་ཀྱི་སྟེང་ནས་ང་ཚོས་དེ་ན་སྔོག་འདོན་བྱེད་རྒྱུ་ཡོད་ཀི
- འོན་ཀྱང་དེ་དར་ཁྱབ་མ་ཆེ་བ་རེད།
- དེ་གནད་དོན་གཅིག་རེད།
- དེ་ལས་ཀྱང་གལ་ཆེ་བའི་གནད་དོན་ཞིག་ཡོད་པ་ཅི་རེད་ཟེར་ན།
- ཟློས་སྦྱོར་སྙན་ངག་ལྟ་བུ་ཞིག་ལ་མཚོན་རྒྱུ་ན།
- ཕྱིའི་བརྡ་འཕྲིན་དང་ནང་གི་བརྡ་འཕྲིན་གི་བར་ཐག་དེ་ངོ་མས་རིང་གི
- འོན་ཀྱང་ང་ཚོས་ད་བར་གྱི་སྙན་ངག་གསར་བ་ལྟར་བཤད་རྒྱུ་ན།
- ཟློས་སྦྱོར་སྙན་ངག་གི་ཡིད་སྙམ་ལ་མཚོན་རྒྱུ་ན།
- ཡིད་སྙམ་རང་སྟེང་ན་མཛེས་བ་དེ་མེད་ཀི
- རེད་ལ་དཔེ་འཇོག་རྒྱུ་ན།
- རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན།
- མཚན་མོ་མཁའ་ལ་རྒྱུ་བ་མ་མཐོང་བས།
- དྭངས་བའི་མཚོ་ནང་འདི་ན་ཟླ་བ་ཞེས།
- གཟུགས་བསྙན་ཟླ་བར་འཛིན་པ་ཞེས་པའི་བློ་དེ་ཟེར་དུས།
- སྙན་ངག་དེ་ཡིན་རྒྱུ་ན་མཐར་ཐུག་གི་ནུས་པ་དེ་གང་ན་ཡོད་ཟེར་ན།
- ཁོ་ཡི་བསྟན་དོན་དེ་ནང་དོན་དེ།
- ང་ནམ་མཁའི་ཟླ་བ་ལྟ་བུ་ཡིན་པ་རེད།
- བོད་ཀྱི་མཁས་བ་དེ་ཡིན་རྒྱུ་ན་མཚོ་ནང་གི་ཟླ་བ་ལྟ་བུ་ཡིན་པ་རེད།
- བོད་རྨོངས་སོང་བའི་མཚོ་ནང་གི་ཟླ་བ་ལ།
- ནམ་མཁའི་ཟླ་བའི་འདུ་ཤེས་དེ་བཟུང་བ་རེད།
- དེ་ལྟར་བཤད་ན་ཅི་རེད་ཟེར་ན།
- བསྟན་དོན་གཙོ་བོ་གོང་ནས་བཤད་པའི་ནང་དོན་གྱི་ཆ་ན་ཡོད་པ་རེད།
- འོ་ན་དཔེ་འཇོག་རྒྱུ་ན་ཡིད་སྙམ་རང་སྟེང་ན།
- རྩོམ་རིག་གི་མཛེས་བ་མེད་གི་ཟེར་བའི་རྒྱུ་མཚན།
- རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན།
- མཚན་མོ་མཁའ་ལ་རྒྱུ་བ་དེ་ལྟར་བཤད་ན།
- ཁྱོད་ཚོས་སེམས་ལ་གོང་ནས་བཤད་པའི།
- ཡིད་སྙམ་དེ་འཆར་རམ་མི་འཆར།
- སྙན་ངག་གི་ཡིད་གཟུགས་དེ་འཆར་རམ་མི་འཆར།
- ཟླ་བ་ཞིག་གི་ངོས་ནས་བལྟས་ན།
- ཤར་ཕྱོགས་རི་བོའི་རྩེ་ནས་དཀར་གསལ་ཟླ་བ་ཤར་བྱུང་ཟེར་བ་དེ་དང་།
- རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན།
- མཚན་མོ་མཁའ་ལ་རྒྱུ་བ་དེ་གཉིས་འདྲ་འམ་མི་འདྲ།
- དེ་འདྲ་རྒྱུ་མ་རེད།
- དེ་གནད་དོན་གཙོ་བོ་རེད།
- ཡིད་སྙམ་ཡིན་དུས་ཡིད་སྙམ་རང་སྟེང་ན་མཛེས་བ་ཞིག་ཡོད་པ་རེད།
- སྔོ་ཞིང་བསངས་བའི་ནམ་མཁའ་ཟེར་ན།
- ཁྱོད་ཅི་ཞིག་གི་ཚོར་བ་སྟེར་གི་ཟེར་ན།
- རྒྱ་ཡངས་བ་ཞིག་གི་མཛེས་བ་དེ་སྟེར་གི
- འོན་ཀྱང་རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན།
- མཚན་མོ་མཁའ་ལ་རྒྱུ་བ་རེད་ཟེར་ན།
- དེར་གོ་རྒྱུ་ཆེན་པོ་མེད་ཀི
- འདི་ཡིན་རྒྱུ་ན་གནད་གཙོ་བོ་རེད།
- དེ་ཡིན་ན་ང་ཚོ་བོད་ལ་མཚོན་རྒྱུ་ན་དེ་རེད།
- གོང་ནས་བཤད་པ་ཡིན་རྒྱུ་ན་དེ།
- བསྟན་དོན་ཐད་ཀར་དུ་བརྗོད་པ་ཟེར་བ་རེད་ལ།
- བསྟན་དོན་ཐད་ཀར་དུ་བརྗོད་པ་ཁོ་ན་ཞིག་ཡིན་པ་མ་རེད།
- གོང་ནས་བཤད་པའི་སྣ་མང་དམ་པའི་དཔྱད་ཀྱི་བུམ་བཟང་ཟེར་བ་རེད་ལ།
- བུམ་བཟང་དེ་ལྟར་བཤད་ན་ཅུང་ཙམ་ཞིག་རྒྱང་ཐག་རིང་བ་རེད་ལ།
- འོན་ཀྱང་བུམ་བཟང་ཟེར་བའི་བུམ་པ་ཡི་སྟེང་ན།
- ཁྱོད་ཚོས་ལྟོས་ལ་མཛེས་བ་ཡོད་དམ་མེད་གི
- ཡོད་རྒྱུ་མ་རེད།
- འོ་ན་སྙན་ངག་གསར་བ་ལ་མཚོན་རྒྱུ་ན་ཅི་རེད་ཟེར་ན།
- ཁོ་ཡི་དེ་ཡིད་སྙམ་ཞིག་དྲངས་ཡོང་དུས།
- བུམ་པ་ཟེར་དུས་དེའི་ནང་དེ་ན་མཛེས་བ་ཞིག་ཡོད་དགོས་པ་རེད།
- ངེས་པར་དུ་ཡོད་དགོས་པ་རེད།
- དཔེ་འཇོག་རྒྱུ་ན་དར་ལྕོག་ལྷབ་ལྷུབ་དུ་གཡོ་བ་ཟེར་དུས།
- ཁོས་ངེས་པར་དུ་སྙན་ངག་ཧྲིལ་བོར།
- 语境དེའི་ནང་ལ་བཞག་ན།
- དར་ལྕོག་གི་སྟེང་ན་མཛེས་བ་ཞིག་ཡོད་རྒྱུ་རེད།
- ང་ཚོས་གོང་ནས་བཤད་པའི།
- དེ་ཐ་མག་རྐང་གཅིག་ལ་མེ་སྒྲོན་རྗེས།
- ངས་དེ་ལྟར་བསམ་ཟེར་བ་རེད་ལ།
- ཁྱོད་ཚོས་ལྟོས་ལ་སྤྱིར་བཏང་གིས།
- ཐ་མག་རྐང་གཅིག་ལ་མེ་སྒྲོན་པ་ཟེར་ན།
- དེ་ཡིན་རྒྱུ་ན་སྤྱིར་བཏང་བ་ཞིག་རེད།
- དཀྱུས་མ་ཞིག་རེད།
- དེའི་ནང་ན་ནང་དོན་གྱི་ཆ་མང་པོ་མང་པོ་ཞིག་ཡོད་པ་མ་རེད།
- འོན་ཀྱང་ཆུང་མ་ནས་སུ་ངས་སྙན་ངག་འབྲི་བཞིན་ཡོད།
- སྙན་ངག་དེའི་语境
- སྙན་ངག་ཡོངས་སུ་རྫོགས་པ་ནང་ལ་བཞག་ན།
- ཐ་མག་རྐང་གཅིག་ལ་མེ་སྒྲོན་ཟེར་ན་གོ་རྒྱུ་ཞིག་ཡོད་ཀི
- དེ་ཅི་ཞིག་མཚོན་བཞིན་ཡོད་ཟེར་ན།
- གོང་ནས་ང་ཚོས་བཤད་པའི་སེམས་ཁྲལ་གྱི་ཆ་དེ་མཚོན་ཐུབ།
- ཐ་མག་རྐང་གཅིག་ལ་མེ་སྒྲོན།
- དེ་ང་ཚོས་བལྟས་ན་ཡང་།
- དེ་འདྲའི་བུ་ཚ་ཞིག་ངོ་གནར་ནས།
- འདང་རྒྱབ་ནས།
- ཐོད་པ་གཉེར་མ་ཡིས་བཀང་ནས་འདང་རྒྱབ་ཏེ།
- དེ་འདྲ་ཞིག་སེམས་ན་ཤར་ནས་ཡོང་བ་རེད།
- དེ་ཡི་ནུས་པ་དེ་ཡོད་པ་རེད།
- འོན་ཀྱང་ང་ཚོའི་ཟློས་སྦྱོར་གྱི་ངོས་ནས་སོང་ན།
- གོང་ནས་བཤད་པ་དེ་རེད།
- དྭངས་བའི་མཚོ་ནང་ཞིག་ན།
- མཚོ་དེ་ཡང་ཁྱོད་ཚོས་ལྟོས་ལ།
- ལྷིང་འཇགས་ཀྱི་མཚོ་ཞིག་རེད་ལ།
- ཡང་ན་ཡིན་རྒྱུ་ན་དྲག་ཏུ་བསྐྱོན་པའི་མཚོ་ཞིག་རེད་ལ།
- དེ་ཅི་ཡང་ཡོད་པ་མ་རེད།
- དེ་ཚང་མ་གཙོ་བོ་མ་རེད།
- ཁོ་ཅི་རེད་ཟེར་ན་ང་ཚོས་སྔོན་ན་བཤད་པའི་符号རེད།
- བརྡ་རྟགས་ཀྱིས་གྱུར་སོང་བ་རེད།
- རི་མོ་ཡི་མ་གྱུར་བ་རེད།
- འོ་ན་སྙན་ངག་གསར་བ་ལ་མཚོན་རྒྱུ་ན།
- ཁོ་ཡི་ནང་ལ་དྲངས་ཡོད་པའི་ཡིད་སྙམ་དང་།
- ཡང་ན་ཁོ་ཡི་ནང་ལ་དྲངས་ཡོད་པའི་དཔེ་ཐམས་ཅད།
- ཅི་རེད་ཟེར་ན།
- ངེས་བར་དུ་རང་སྟེང་ན་ཅི་དགོས་ཟེར་ན་མཛེས་བ་དེ་དགོས།
- དཔེ་འཇོག་རྒྱུ་ན་དེ།
- དཔེ་ཞིག་བཞག་ན་དེ་རེད།
- སྤྱིར་བཏང་གི་ཡིན་རྒྱུ་ན་དེ་མཚོ་མོ་ཟེར་བ་དང་།
- དུས་རབས་སོ་བཞི་བ་ཡི་ནང་ན་ཅི་ཞིག་རེད།
- གནམ་ལུང་ཞུ་བ་བཞིན་ཟེར་བ་ཞིག་ཡོད་ལ།
- དེ་འདྲ་ཞིག་ཡོད་ལ།
- ཅི་ཞིག་གི་གནམ་ལུང་ཞུ་བ་རེད་ལ།
- སྐྱེ་རབས་སོ་བཞི་བ་ཡི་ནང་གི་དཔེ་བརྗོད་ཅིག་ཡོད་ལ།
- ང་ཚོ་དེ་སྙན་ངག་གི་བརྗོད་ཐམས་ཅད་ཀྱི་མགོ་ན་བཤད་དུས་དྲངས་ཡོད་ལ།
- དེར་མཚོན་རྒྱུ་ན་གཅིག་རེད།
- གཅིག་ལ་གཅིག་རེད།
- ཁོ་ཡིན་རྒྱུ་ན་གནམ་ལུང་ཞུ་བ་བཞིན་ཟེར་ན།
- དེ་ན་ཧ་གོ་རྒྱུ་ཞིག་ཡོད་ཀི
- དེར་མཛེས་བ་ཞིག་ཡོད་ཀི
- འོན་ཀྱང་ང་ཚོ་ཡིས་སྤྱིར་བཏང་གིས་ཡིན་རྒྱུ་ན།
- དེ་མཚོ་ཟེར་དུས་མཚོ་གཙོ་བོ་ཡིན་པ་མ་རེད།
- མཚོ་ཡི་སྟེང་ན་ཡིན་རྒྱུ་ན་དེ་རྦབ་རླབས་ཡོད་པ་དང་།
- མཚོ་ཡི་ནང་ན་ནོར་བུ་ཡོད་པ།
- དེའི་ཅི་ཞིག་བཤད་པ་རེད་ཟེར་ན།
- མཚོ་དང་རྦབ་རླབས་དང་ནོར་བུ།
- དེའི་ཚང་མ་ཡི་སྟེང་ན་མཛེས་བ་འབྱུང་རྒྱུ་མ་རེད།
- ཁོ་ཡི་ནུས་བ་གང་ན་ཡོད་ཟེར་ན།
- བསྟན་དོན་ལ་ཞབས་འདེགས་ཞུ་སྤྱད་རེད།
- ཁྱོད་རྒྱ་མཚོ་ལྟ་བུ་རེད།
- ཁྱོད་ཀྱི་ཡོན་ཏན་དེ་ནོར་བུ་ལྟ་བུ་རེད།
- ཁྱོད་ཀྱི་འཕྲིན་ལས་དེ་རྦབ་རླབས་ལྟ་བུ་རེད།
- དེ་ལྟར་བཤད་ན་ཅི་རེད་ཟེར་ན།
- དེ་རྒྱ་མཚོ་དང་རྦབ་རླབས་དང་ནོར་བུ།
- རྒྱ་མཚོ་ཡི་སྟེང་ན་ཡོད་པའི་ཁྱད་ཆོས་ཚང་མ་ཅི་རེད་ཟེར་ན།
- རང་སྟེང་ན་མཛེས་བ་ཡོད་པ་མ་རེད།
- རྒྱ་མཚོ་དེར་ངོ་མས་རྦབ་རླབས་ཆེ་ནས།
- ལང་ཚོ་རྦབ་ཆུ་ཡི་རྦབ་ཆུ་བཞིན་དུ་ཡིན་རྒྱུ་ན།
- དེ་སྟོབས་ཤུགས་དང་ལྡན་པ་ཟེར་བ་འདྲ།
- གཅིག་ལ་འདེད་རྒྱུ་ཡོད་པ་མ་རེད།
- བཤད་དགོས་པ་མ་རེད།
- གཙོ་བོ་ཅི་རེད་ཟེར་ན།
- ཕར་ལ་ཞབས་འདེགས་ཞུ་སྤྱད་ཀྱིས་ལོག་ཡོད་པ་རེད།
- དེ་ཡིན་པའི་སྟབས་ཀྱིས་བོད་ཀྱི་དཔེ་མང་པོ་ཡི་སྟེང་ན།
- དེ་མཛེས་རྟོག་གི་ཚོར་བ་དེ་སྟེང་ལ་བཞག་མེད་པའི་སྟབས་ཀྱིས།
- དེ་ཅི་རེད་ཟེར་ན།
- བརྡ་རྟགས་ཙམ་རེད།
- 符号རེད།
- བསྒྱུར་རྟགས་དྲི་རྟགས་ཙམ་རེད།
- རི་མོ་མ་རེད།
- དེ་ཡིན་པས་སྙན་ངག་གསར་བ་ལ་མཚོན་རྒྱུ་ན།
- ཡིད་སྙམ་ཟེར་བ་དེ་ཡིན་རྒྱུ་ན།
- སྤྱིར་བཏང་གི་དཔེ་རྐྱང་བ་གཙང་རྐྱང་ཞིག་ཡིན་དགོས་པ་མ་རེད།
- ཁོ་ངེས་པར་དུ་ཡིན་རྒྱུ་ན་དེ།
- སྙན་ངག་གི་བསྟན་དོན་དང་སྦྱར་ན་ཁོ་ཡི་ནང་དེ་ན།
- ཁྱོད་ལ་མཛེས་རྟོག་གི་ཚོར་བ་སྟེར་ཐུབ་ནས་དེ་འདྲ་ཞིག་ཡིན་དགོས།
- རེད་གོང་ནས་དེ་ཟེར་བ་རེད།
- ང་ཚོ་ཡི་སྙན་ངག་གསར་བ་དེ་ཐར་ཆགས་སུ་རིང་དགོས།
- མ་མཐའ་ཡང་ཤོག་གྲངས་གཉིས་དགོས།
- རིང་ན་དེར་བཟང་གི་ཟེར་བ་རེད།
- དེ་ངས་ཤེས་པ་རེད།
- ང་འདི་ན་རེ་འདུན་ཞིག་ཡོད་པ་ཅི་ཡིན་ཟེར་ན།
- ལ་ལ་ཞིག་གིས་དེ་ཟེར་བ་རེད།
- དེང་སང་ཡང་འདི་འདྲའི་སྙན་ངག་ཐུང་ཐུང་ཐུང་ངུ་།
- གན་ཟེར་རྒྱུ་འདྲ་འདྲ།
- ཞོར་བཀོད་ཚན་པ་གཅིག་གཉིས་ཟེར་རྒྱུ་འདྲ་འདྲ།
- ཧ་ཅང་གི་ཐུང་ཐུང་དེ་འདྲ་ཡོད་ཀི
- ངས་རིག་མྱོང་།
- དྲྭ་ཐོག་ཟེར་ན་ཆོག་གི
- རང་གི་ཉེ་འགྲམ་དུ་འབྲི་བའི་ནང་ན་ཟེར་བ་རེད་ལ།
- དེ་འདྲ་ཡོད་ཀི
- དེ་ན་འདི་འདྲའི་སྣང་ཚུལ་འདི་ཅི་ཞིག་རེད།
- སྣང་ཚུལ་འདི་མི་ལེགས་པ་ཞིག་རེད་ལ།
- འདི་བསྒྱུར་དགོས་བ་ཞིག་རེད་ལ།
- དེ་མིན་ན་འདི་འབྲི་དུས་ཁ་ཁུར་གྱིས་ཅི་ཟེར་བ་རེད་ཟེར་ན།
- རིང་ན་དེ་སྙིང་བོ་མེད་ཀི་ཉོག་སོང་བ་རེད།
- དེ་ཡིན་ན་སྙན་ངག་ཟེར་བ་དེ་ཅི་ཞིག་གི་རྣམ་པ་རེད།
- ཚིག་རེ་རེར་བསྟན་དོན་ཕུན་སུམ་ཚོགས་པ་ཡོད་ཀི
- ཡང་ན་ནུས་བ་ཕུན་སུམ་ཚོགས་པ་ཡོད་ཀི
- འདི་ལྟར་བྱས་ན་ཉུང་དགོས།
- ཉུང་ན་ཁྱད་ཆོས་ཤིག་ལ་བརྩི་བ།
- ད་བར་དེ་འདྲ་ཡོད་ཀི
- དེ་ཡིན་ན་དགེ་རྒན་གྱིས་རིང་དགོས་ཟེར་ན།
- དགེ་རྒན་གྱིས་འདི་ལ་གནས་ལུགས་ཡོད་ཀི
- བདེན་གི་འདོད་པ་ཞིག་རེད།
- ངས་འདྲི་ན་འདོད་པ་ནི་སྣང་ཚུལ་འདི་མི་ལེགས་པ་ཞིག་རེད་ལ།
- འདི་བསྒྱུར་དགོས་བ་ཞིག་རེད་ལ།
- ཡང་ན་དེ་ན་ཡང་དེ་ཚོར་གནས་ལུགས་ཡོད་པ་རེད་ལ།
- ཅི་ཞིག་རེད་ངས་དེ་རིང་འདི་ནས་གསལ་བོ་ཞིག་བྱས་ན་འདོད།
- དེ་རེད།
- ང་ཚོས་སྙན་ངག་གི་སྤྱིའི་ཆ་ནས་བཤད་རྒྱུ་ན་རིང་ཐུང་གཙོ་བོ་མ་རེད།
- རིང་ཐུང་བཤད་པ་གཙོ་བོ་མ་རེད།
- ངས་རིང་དགོས་ཟེར་བའི་རྒྱུ་མཚན་དེ།
- ངས་ཁྱོད་ཚོར་གོ་བདེ་བའི་ཚུལ་དུ་བཤད་པ་ཡིན།
- གཙོ་བོ་ཅི་རེད་ཟེར་ན།
- ཨོ་ལེད་བོད་ཀྱི་སྙན་ངག་ལ་མཚོན་ན།
- གོང་ནས་བཤད་པ་གཅིག་ལ་གཅིག་རེད།
- ང་གསོན་ན་གནས་ལྟ་བུ་ཞིག་ལ་མཚོན་རྒྱུ་ན།
- དེ་མཁོ་མི་སོད་ཀི
- ད་རུང་དེ་མར་ལ་བཀྲམ་ན་བཀྲམ་རྒྱུ་ཡོད་པ་རེད།
- དེ་འདྲ་ཞིག་ཡིན་དུས་རང་གི་མཁོ་མི་སོད་ཀི
- དེ་ཡིན་པའི་སྟབས་ཀྱིས་ཅི་རེད་ཟེར་ན།
- ཁྱོས་ཀྱིས་སྤྱིར་བཏང་གིས་ཅི་རེད།
- བསྟན་དོན་གང་དང་གང་ཞིག་ཡིན་ན།
- དེ་ཡིན་རྒྱུ་ན་ཅུང་ཙམ་རྒྱས་བར་བཤད་ནས།
- ཐར་ཆགས་ཤིག་བཤད་ནས།
- མཁོ་སོད་པ་ཞིག་བཤད་བཏང་ན།
- ད་ཡིན་རྒྱུ་ན་ལེགས་པ་རེད་བསམ།
- འོ་ན་དེ་འདྲ་ཞིག་ཡིན་ན།
- བོད་ཀྱི་སྙན་ངག་གི་སྣང་ཚུལ་ལ་བལྟས་ནས་སོང་ན།
- ཁོ་ཅི་འདྲ་ཞིག་ཏུ་ལོག་ཡོད་ཟེར་ན།
- བལྟས་ན་ཡང་བོད་ཀྱི་སྙན་ངག་དེ་ཐུང་གི
- དེའི་འཕྲོ་ནས་སྙན་ངག་ལ་མཚོན་རྒྱུ་ན་ཡང་།
- ཁོ་ཡི་བཤད་བྱ་གང་དང་གང་ཞིག་ཡིན་ནའང།
- རྩོམ་གྱི་ནང་ལ་བཏོན་པ་ཙམ་མ་གཏོགས།
- དེ་ལ་ཡིན་རྒྱུ་ན་རྒྱས་འགྲེལ་བྱེད་མ་ཐུབ་པ།
- སྤྱིར་ན་ངས་བཤད་རྒྱུ་ངོ་མ་ཅི་རེད་ཟེར་ན།
- ཨོ་ཡ་་སྙན་ངག་གི་ནང་ལ་ཡིན་རྒྱུ་ན།
- ཁྱོད་ཀྱིས་གསེར་ལྟ་བུའི་བསམ་བློ་དེ་བཏོན་པ་ཙམ་གྱིས་མི་ཆོག་གི
- དེ་ད་རུང་ཡིན་རྒྱུ་ན་ཅུང་ཙམ་ཞིག་མར་ལ་རྒྱས་འགྲེལ་བྱས་ནས།
- རྒྱས་འགྲེལ་བྱེད་ཐུབ་དགོས།
- དེ་ངས་བཤད་རྒྱུ་ངོ་མ་དེ་རེད།
- འོ་ན་དེ་བོད་ཀྱི་སྙན་ངག་གི་སྣང་ཚུལ་གྱི་སྟེང་ནས་བཤད་རྒྱུ་ན།
- སྙན་ངག་དེ་ཅུང་ཙམ་ཇེ་རིང་དུ་བཏང་ན།
- དེ་ཅུང་ཙམ་ཞིག་རྒྱས་འགྲེལ་བྱེད་ཐུབ་རྒྱུ་རེད་ལ།
- དེ་ཟེར་བ་རེད།
- འོ་ན་དེ་མ་རེད།
- ཇེ་རིང་དུ་བཏང་བ་ཟེར་བ་དེ་ངོ་མས་ཡིན་རྒྱུ་ན།
- སྔོན་ན་འདི་འདྲ་ཞིག་ལས་མེད་ལ།
- དེ་འཐེན་ནས་ཇེ་རིང་དུ་བཏང་ན་གཏན་ནས་འགྲིག་ཡོད་པ་མ་རེད།
- འཐེན་ནས་ཇེ་རིང་དུ་གཏོང་དགོས་བ་མ་རེད།
- སྙན་ངག་གི་ནང་དོན་དེ་ལ་ཁ་གནོན་བྱས་ནས།
- སྙན་ངག་དེ་རྒྱ་ཇེ་ཆེར་གཏོང་དགོས་པ་དེ་རེད།
- དེ་མ་གཏོགས་ཡིན་རྒྱུ་ན་ད་དེ་རེད།
- གོང་ནས་བཤད་པའི་སྐད་ཆ།
- ངས་བཤད་པའི་སྙན་ངག་དེ་ཅུང་ཙམ་རིང་བ་ཞིག་འབྲི་དགོས་ཟེར་ན།
- ཚིག་ངོས་ལྟར་གོ་བ་བླངས་དུས་ངོ་མས་གོ་ལོག་འབྱུང་རྒྱུ་རེད།
- གོང་ནས་བཤད་པ་དེ་རེད།
- ང་ཚོས་དེ་སྙན་ངག་ཡིན་རྒྱུ་ན་དེ་རིང་དགོས་ཟེར་ནས།
- ཁ་གནོན་དང་ཁ་གནོན་བྱས་ནས་ཇེ་རིང་དུ་བཏང་བ་དེ།
- སྦྲུལ་ལ་རྐང་ལག་བྲིས་ནས་ཇེ་རིང་དུ་སོང་བ་དེ་རེད།
- བོད་ལ་མཚོན་རྒྱུ་ན་གནད་དོན་དེ་སྔོན་ལ་བྱུང་མྱོང་བ་རེད།
- བོད་ཀྱི་ཡིན་རྒྱུ་ན་དེ་བརྩམས་སྒྲུང་ལ་བལྟས་ནས་སོང་ན་དེ་རེད།
- དོན་གྱིས་བོད་ཀྱི་སྒྲུང་རིང་ཐམས་ཅད་ཡིན་རྒྱུ་ན།
- དེ་སྒྲུང་འབྲིང་གི་ཚད་དེ་འཐེན་ནས་ཇེ་རིང་དུ་བཏང་བ་ཡིན།
- འཐེན་ནས་ཇེ་རིང་དུ་གཏོང་དགོས་པ་མ་རེད།
- སྤྱིར་དེ་འདྲ་ཞིག་རེད།
- དེ་ཡིན་པའི་སྟབས་ཀྱིས་སྙན་ངག་རང་ངོས་ནས་བཤད་རྒྱུ་ན།
- དེ་རིང་ཐུང་གི་གནད་དོན་གཙོ་བོ་མ་རེད།
- ངོ་མས་སྙན་ངག་ཐུང་ཐུང་གི་ནང་ན་ཡག་པོ་མང་རྒྱུ་རེད།
- དཔེ་འཇོག་རྒྱུ་ན་དེ་མར་ཁུ་རྒྱལ་མཚན་ཟེར་བ་དེས་བཤད་བཏང་ན།
- ཚང་མ་མིག་ཆུ་རེད་ཟེར་བ་རེད་ལ།
- ངས་བལྟ་རྒྱུ་ན་བོད་ཀྱི་སྙན་ངག་ཨང་དང་པོ་རེད།
- འོན་ཀྱང་དེ་འདྲ་ཞིག་གིས་མཁོ་མི་སོད་ཀི
- སྙན་ངག་དེ་འདྲ་ཞིག་གིས་མི་ཆོག་གི
- དེ་ད་རུང་ཡིན་རྒྱུ་ན་ཐུབ་རྒྱུ་ན་མར་ལ་རྒྱས་འགྲེལ་བྱེད་རྒྱུ་ཡོད་པ་རེད།
- དེ་ཡིན་པའི་སྟབས་ཀྱིས་གཙོ་བོ་ཅི་རེད་ཟེར་ན།
- བོད་ཀྱི་སྙན་ངག་དེ་འཕེལ་རྒྱས་སུ་འགྲོ་བའི་ངོས་ནས་བཤད་རྒྱུ་ན།
- ཅི་རེད་ཟེར་ན།
- དེ་སྙན་ངག་ཐུང་སོང་ན།
- བསྟན་དོན་དེ་ཡིན་རྒྱུ་ན་རྒྱས་བར་འགྲེལ་ཐུབ་ཀྱིན་མེད་པ།
- འོ་ན་ཅི་རེད་ཟེར་ན།
- དེ་ཁྱོད་ཀྱིས་རྒྱས་བར་འགྲེལ་དགོས་ན།
- ཁོ་ཡིན་རྒྱུ་ན་སྙན་ངག་དེ།
- སྤྱིར་བཏང་གིས་འཐེན་ནས་ཇེ་རིང་དུ་བཏང་བ་མ་རེད།
- དེའི་ནང་དོན་གྱི་སྟེང་ལ་ད་རུང་ཁ་གནོན་བྱས་ནས།
- ནང་དོན་གྱི་སྟེང་ལ་ཡིན་རྒྱུ་ན་བསྣན་ནས།
- ཕུན་ཚོགས་སུ་གཏོང་རྒྱུ།
- འདི་གནད་གཙོ་བོ་རེད།
- དེ་ཡིན་པས་སྙན་ངག་རིང་བ་ཟེར་བ་དེ།
- ཐབས་སྡུག་ནས་སྐད་ཆ་གོ་བདེ་མོ་ཞིག་བཤད་པའི་དོན་རེད།
- ངོ་མ་བཤད་རྒྱུ་ན།
- ཨོ་ཡ་་ཁྱོད་ཀྱིས་བསམ་བློ་དེ་ངས་སྔོན་ན་བཤད་པ་དེ་རེད།
- བོད་ཀྱི་སྙན་ངག་གི་སྣང་ཚུལ་ལ་བལྟས་ནས་སོང་ན།
- ཁོ་ཡིན་རྒྱུ་ན་གསེར་ལྟ་བུའི་བསམ་བློ་དེ།
- སྙན་ངག་གི་ནང་ལ་བཏོན་པ་ཙམ་མ་གཏོགས།
- དེ་ཡིན་རྒྱུ་ན་རྒྱས་འགྲེལ་བྱེད་ས་མེད་ཀི
- དེ་ཡིན་ན་བོད་ཀྱི་སྙན་ངག་ལ་མཚོན་རྒྱུ་ན།
- ས་དང་གསེར་གཉིས་ད་རུང་ཡིན་རྒྱུ་ན་བསྲེས་ནས།
- དེ་ན་ཅི་རེད་ཟེར་ན།
- གསེར་དེ་ལ་བསྲེག་བཅད་བརྡར་གསུམ་བྱས་ནས།
- གསེར་གྱི་འོད་དེ་འཕྲོ་རུ་འཇུག་དགོས།
- དེ་ཅི་རེད་ཟེར་ན།
- སྙན་ངག་གི་ནང་དོན་གྱི་སྟེང་ལ་ད་རུང་ཡིན་རྒྱུ་ན་ཁ་གནོན་བྱེད་དགོས།
- དེ་ཡིན་ན་མི་ཞིག་ལ་མཚོན་ན་ཡང་དེ་རེད།
- ཁྱོས་སྙན་ངག་དེ་འབྲི་དུས་ཅུང་ཙམ་ཞིག་བློ་ཆུང་བ།
- ཁས་ཆུང་བ་དེ་འདྲ་ཞིག་གི་སྒོ་ནས་ཡིན་རྒྱུ་ན།
- སྙན་ངག་ཆུང་ཆུང་འབྲི་དུས།
- བོད་ཀྱི་སྙན་ངག་གི་འཕེལ་རྒྱས་ཆེན་པོ་དེ་ཡོད་རྒྱུ་མ་རེད།
- དེ་ཡིན་ན་ཅི་རེད་ཟེར་ན།
- བློ་རྒྱ་ཆེ་རུ་བཅུག་ནས།
- སྙན་ངག་གི་བསྟན་དོན་དེ་རྒྱ་ཆེ་ས་ཞིག་ཏུ་འདང་རྒྱབ་ནས།
- སྙན་ངག་དེ་ཆེན་པོར་འགྱུར་རྒྱུ།
- དེ་ཡིན་རྒྱུ་ན་ངའི་སེམས་ཁུངས་ཀྱི་རེ་བ་རེད།
- སྤྱིར་སྙན་ངག་ཐུང་བ་བྲིས་ན་ཡང་འགྲིག་པ་རེད།
- འོན་ཀྱང་བོད་ཀྱི་སྙན་ངག་གི་སྣང་ཚུལ་ལ་བལྟས་ནས་སོང་ན།
- ཅི་ཞིག་གིས་ལོག་ཡོད་ཟེར་ན།
- སྙན་ངག་ཐུང་ཐུང་།
- སྙན་ངག་དེ་ཅུང་ཙམ་ཞིག་ཁས་ཆུང་།
- དེ་ཡིན་རྒྱུ་ན།
- བོད་ཀྱི་སྙན་ངག་འཕེལ་རྒྱས་ཀྱི་ཆ་ནས་བཤད་རྒྱུ་ན་ཞན་ཆ་ཞིག་རེད།
- འོ་ན་འདི་ལ་ཡིན་རྒྱུ་ན་ཐོལ་བརྒལ་འབྱུང་དགོས་ན།
- སྐད་ཆ་གོ་བདེ་མོ་ཡིས་བཤད་ན།
- སྙན་ངག་ཅུང་ཙམ་ཞིག་རིང་བ་འབྲི་དགོས་པ་དེ་རེད།
- འོ་ན་སྙན་ངག་རིང་བ་འབྲི་དགོས་ཟེར་བ་དེ།
- ཚིག་དེ་འཐེན་ནས་རིང་བ་རུ་གྱུར་སོང་བ་མ་རེད།
- དེ་མི་དགོ་བ་ཞིག་གསལ་བཤད་བྱས་ནས་རིང་བ་ཟེར་བ་མ་རེད།
- ཡིན་པ་ཅི་རེད་ཟེར་ན།
- ཁྱོད་ཀྱིས་བསྟན་དོན་ཞིག་ཡོད་པ་དེའི་སྟེང་ལ།
- ད་རུང་ཡིན་རྒྱུ་ན་བསྟན་དོན་ཁ་གནོན་བྱས་ནས།
- ནང་དོན་ངོ་མ་དེ་ཡིན་རྒྱུ་ན་རྒྱ་ཇེ་ཆེ་རུ་འགྲོ་རྒྱུ་མ་གཏོགས།
- ཚིག་གིས་ཇེ་རིང་ལ་གཏོང་རྒྱུ་མ་རེད།