21 May 2013
29 min 9 sec
Video Overview
Creators:
Gangri Pumo, Drangchar
This is the second part of a lecture on literature by Professor Dülhagyel at the First Young Tibetan Women's Literature Training in Trika, Qinghai Province. Professor Dülhagyel teaches at Northwest University for Nationalities.
- Triga
- དེའི་རྗེས་ནས་ད་རུང་ཡིན་རྒྱུ་ན།
- སྐད་ཆ་འདིའི་རྗེས་ན་ད་རུང་གླེང་བྱ་ཞིག་ཡོད་པ་ཅི་རེད་ཟེར་རྒྱུ་ན།
- རྩོམ་རིག་ལ་མཚོན་རྒྱུ་ན།
- རྩོམ་རིག་གི་བསྟན་དོན་ཟེར་ན་འང་ཆོག་གི
- རྩོམ་རིག་གི་བརྗོད་བྱའི་སྙིང་བོ་འདིའི་ཕན་ཆད་ན།
- ད་རུང་ཡིན་རྒྱུ་ན།
- རྩོམ་རིག་རང་ལ།
- མཛེས་རྟོག་གི་རིན་ཐང་མང་པོ་ཞིག་ཡོད་པ་དེ་ཤེས་དགོས་པ་རེད།
- ང་ཚོས་ནམ་ཡིན་ནའང་།
- རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་དགོས་པ་རེད།
- རྩོམ་རིག་གིས་ཡིན་རྒྱུ་ན་བསམ་བློའི་ནང་དོན་དང་བསམ་བློའི་རང་བཞིན།
- ནམ་ཡིན་ན་ལ་འདི་བཟུང་ནས་ཅི་ཞིག་བྱས་པ་རེད་ཟེར་ན།
- དེ་ཕན་ཆད་ན་རྩོམ་རིག་ལ་མཚོན་རྒྱུ་ན།
- རྩོམ་རིག་གི་བསམ་བློའི་ཕན་ཆད་ནས་ད་རུང་ཡིན་རྒྱུ་ན།
- མཛེས་རྟོག་གི་རིན་ཐང་།
- ཡང་ན་རིན་ཐང་མང་པོ་ཞིག་ཡོད་པ།
- འདི་བཏང་སྙོམས་སུ་སྐྱུར་རྒྱུ་འདི་གཏན་ནས་འགྲིག་པ་མ་རེད།
- དཔེ་འཇོག་རྒྱུ་ན་རྩོམ་རིག་གི་ཕན་ཆད་ན།
- ད་རུང་ཡིན་རྒྱུ་ན་རིན་ཐང་ཡོད་པ་རེད་ཟེར་བ་དེ་ཅི་འདྲ་ཞིག་རེད་ཟེར་ན།
- མཛེས་རྟོག་གི་རིན་ཐང་ཡིན་པ་རེད།
- གྱི་གྲལ་རེད།审美
- དེར་མཚོན་རྒྱུ་ན་ཅི་རེད་ཟེར་ན།
- རྩོམ་རིག་འདིས་སྤྱི་ཚོགས་ཀྱི་གནད་དོན་ཞིག་བཤད་ཀྱིན་མེད་པ་ཡིན་ན་ཡང་།
- དཔེ་འཇོག་རྒྱུ་ན།
- རྩོམ་རིག་གི་ནང་ན་ཡིན་རྒྱུ་ན།
- ཟླ་བ་ཤར་བཞིན་ཡོད་པ་ཞིག་བྲིས་ན།
- ང་ཚོའི་སེམས་ངོས་སུ་ཨ་ཨ་་་་ཅི་འདྲའི་ཡག་པོ་ཞིག་རེད་སྙམ་པ།
- དེ་ནི་རྩོམ་རིག་གི་མཛེས་རྟོག་གི་རིན་ཐང་རེད།
- དེ་གཅིག་པུས་ཀྱང་ཆོག་པ་རེད།
- དོན་གྱིས།
- རྩོམ་རིག་རང་གི་མཛེས་རྟོག་གི་རིན་ཐང་ཟེར་བ་དེ་ང་ཚོས་ཤེས་པ་རེད།
- དཔེ་འཇོག་རྒྱུ་ན།
- ང་ཚོས་གླུ་དབྱངས་ཞིག་ལ་ཉན་ན་ཧ་གོ་བ་རེད།
- དེ་བཞིན་དུ་རི་མོ་ཞིག་ལ་བལྟས་ན་ཡང་ཧ་གོ་ཐུབ་པ་རེད།
- ང་ཚོས་གླུ་དབྱངས་ཞིག་ལ་ཉན་ན།
- དེས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་།
- སྤྱི་ཚོགས་ཀྱི་གནད་དོན་དེ་འདྲ་ཞིག་གཏན་ནས་བརྗོད་ཀྱིན་ཡོད་ཀྱི་མ་རེད།
- འོན་ཀྱང་གླུ་དབྱངས་དེར་ཉན་ན་སེམས་ན་དགེ་བ་ཞིག་ཐོབ་པ་རེད།
- དེ་ཅི་རེད་ཟེར་ན།
- མཛེས་རྟོག་གི་རིན་ཐང་རེད།
- དེའི་ནང་ན་འགྱུར་ཁུགས་ཞིག་ཡོད་གི
- བོད་ལ་མཚོན་རྒྱུ་ན།
- གླུ་ཞིག་ལེན་རྒྱུ་ན་ཨོ་ཡེད་་་ཞེས་ཡར་ལ་བསྲིང་བསྲིང་ན།
- ཅི་འདྲ་བསྲིང་ན་དེ་འདྲ་ཡག་པའི་རྣམ་པ་ཡོད་པ།
- དེས་ཁྱོད་ཡིན་རྒྱུ་ན་བསམ་བློའི་ཡར་སྐུལ་ཟེར་བ་འདྲ།
- སྤྱི་ཚོགས་ཀྱི་དོན་སྙིང་ཟེར་བ་འདྲ།
- གཅིག་ཀྱང་བཤད་ཡོད་པ་མ་རེད།
- འོན་ཀྱང་ཁྱོད་ཀྱི་སེམས་ན་དགེ་བ་ཞིག་ཐོབ་ཡོད་པ།
- རྩོམ་རིག་ལ་མཚོན་རྒྱུ་ན་དེ་དགོས་པ་རེད།
- ང་ཚོས་ནམ་ཡིན་ནའང་བསམ་བློ་དེ་གཙོ་བོར་བཟུང་ན།
- འདི་ལ་སོགས་པ་ཡར་ལ་བོར་བ་རེད།
- དེ་ཡིན་པའི་སྟབས་ཀྱིས།
- ང་ཚོས་དེ་རིང་སང་ཉིན་རྩོམ་རིག་ལ་བལྟས་ན་ཤེས་པ་དེ་རེད།
- རྩོམ་རིག་གི་ནང་ན་ཞིབ་འབྲི་ཡི་ཆེད་ལ་འབྲས་བུ་ང་ཚོར་སྟོན་རྒྱུ་མེད།
- གཏམ་རྒྱུད་ཡག་པོ་ཡག་པོ་ཞིག་སྤེལ་ཡོད་པ་ཡང་མེད།
- ལྷུག་བརྗོད་ཡག་པོ་ཡག་པོ་ཞིག་སྤེལ་ཡོད་པ་ཡང་མེད།
- རེད་ལ་་་འདི་ཚང་མ་ཡིན་རྒྱུ་ན།
- ང་ཚོས་རྩོམ་རིག་གི་བལྟ་བའི་ཕྱོགས་ན།
- གོང་ནས་བཤད་པ་དེ་རེད།
- ཅུང་ཟད་ཤེས་བྱ་རྒྱ་བསྐྱེད་པའི་དུས་ཚོད་ལ་ཐོན་ཡོད་པ་རེད།
- དེ་ཡིན་པའི་སྟབས་ཀྱིས།
- གོང་ནས་བཤད་པ་དེ་རེད།
- རྩོམ་རིག་དང་སྤྱི་ཚོགས་གཉིས་ཀྱི་འབྲེལ་བ་འཛུགས་པའི་དུས་སུ།
- འདི་འདྲའི་ཤེས་རྒྱུ་གསུམ་ཡོད་པ་རེད།
- གཅིག་རྒྱབ་ལྗོངས་རེད།
- གཅིག་སྤྱི་ཚོགས་དང་མི་བུ་གཉིས་འགལ་བ་ཡིན་པ།
- གཞན་གཅིག་ཅི་རེད་ཟེར་ན།
- རྩོམ་རིག་ལ་མཚོན་རྒྱུ་ན།
- རྩོམ་རིག་གི་བསམ་བློའི་ཕན་ཆད་ན་ད་རུང་རྩོམ་རིག་རང་གི་རིན་ཐང་ཡོད་པ་རེད།
- འདི་ཚོ་ནི་ཤེས་རྒྱུའི་གནད་དོན་གཙོ་བོ་རེད།
- འདི་ང་ཚོས་རྒྱབ་ལྗོངས་ཀྱི་ཆ་ནས་བཤད་པ་རེད།
- རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་ཁུར་མེད་ཟེར་བ།
- སྐད་ཆ་འདིའི་རྗེས་ན་འདི་འདྲའི་རྒྱབ་ལྗོངས་ཆེན་པོ་ཞིག་ཡོད་པ་རེད།
- དེ་ཡིན་པས་གོང་ནས་བཤད་པའི་སྐད་ཆ་འདི་ལ་མཚོན་རྒྱུ་ན།
- ལྡེ་མིག་ཞིག་ཀྱང་ཡིན་པ་རེད་ཟེར་བ་འདི།
- གཙོ་བོ་ཅི་རེད་ཟེར་ན།
- རྩོམ་རིག་གི་གཞུང་ལུགས་ཀྱི་སྟེང་ནས་བཤད་པ་རེད།
- རྩོམ་རིག་གི་གཞུང་ལུགས་ཀྱི་ཆ་ནས།
- དཔེ་ཆ་ཞིག་ལ་ཁྱོད་ཚོས་ཀྱང་གོ་མྱོང་རྒྱུ་རེད།
- བེ་ལི་ཁི་ཟེར་བ་ཞིག་ཡོད་པ།
- ཕྱི་རྒྱལ་བ་ཞིག་གིས་རྩོམ་བྲིས་པ་ཞིག་ཡོད་གི
- བེ་ལི་ཁེ་ཟེར་བ་ཞིག་ཡོད་པ་དེའི།
- རྩོམ་རིག་གཞུང་ལུགས་ཟེར་བ་ཞིག་ཡོད་པ།文学理论
- དེའི་ནང་དེ་ན་དེ་རིང་སང་ཉིན་མཚོན་རྒྱུ་ན།
- དེ་རེད།
- རྒྱ་ཡི་རྩོམ་པ་པོ་ཡིན་ན་ཆོག་གི
- རྩོམ་རིག་སྨྲ་བ་མང་པོ་ཞིག་གིས།
- རྩོམ་རིག་དང་སྤྱི་ཚོགས་གཉིས་ཀྱི་འགལ་ཟླ།
- གཞུང་ལུགས་ཀྱི་མིང་དང་ཁུངས་གང་ལ་བཅོལ་རྒྱུ་རེད་ཟེར་ན།
- གོང་ནས་བཤད་པའི་བེ་ལི་ཁེ་ཡི་རྩོམ་རིག་གཞུང་ལུགས་ཟེར་བ་དེར་བཅོལ་བ་རེད།
- འདིའི་ནང་འདི་ན་སྐད་ཆ་དེ།
- ང་ཚོས་བཤད་པའི་གནད་དོན་འདི་རྒྱས་བར་བསྟན་ཡོད་པ་དེ་འདྲ་ཞིག་རེད།
- ཁོས་ཅི་ལྟར་བཤད་ཡོད་པ་རེད་ཟེར་ན།
- རྩོམ་རིག་ལ་རང་གི་ནང་གི་ཆོས་ཉིད་དང་ཕྱི་ཡི་ཆོས་ཉིད་ཅིག་ཡོད་གི
- སྐད་ཆ་དེ་ལྟར་བཤད་ཡོད་པ་རེད།
- རྩོམ་རིག་གི་ནང་གི་ཆོས་ཉིད་དང་རྩོམ་རིག་གི་ཕྱི་ཡི་ཆོས་ཉིད་ཟེར་བ་རེད།
- འོ་ན་་་གོང་ནས་བཤད་པ་དེ་རེད།
- རྩོམ་རིག་གི་ནང་གི་ཆོས་ཉིད་ཡིན་ན་ཅི་རེད་ཟེར་ན།
- རྩོམ་རིག་ཅིག་རྩོམ་རིག་ཡིན་བྱེད།
- བརྩམས་སྒྲུང་ཞིག་ལ་མཚོན་རྒྱུ་ན་དཔེ་འཇོག་རྒྱུ་ན།
- བྱུང་རིམ་ལེགས་པོ་ཞིག་སྤེལ་ཡོད་པ།
- ཡང་ན་ཡིན་རྒྱུ་ན་ཡུལ་ལྗོངས་ཞིབ་འབྲི་ལེགས་པོ་ཞིག་འབྲི་ཐུབ་ཡོད་པ།
- ཡང་ན་ཡིན་རྒྱུ་ན་མི་སྣ་ཞིག་གི་སེམས་ཁམས་དེ།
- གཏིང་ཟབ་ཟབ་ཞིག་ནས་འབྲི་ཐུབ་ཡོད་པ།
- ཁོས་ཡིན་རྒྱུ་ན།
- མི་སྣ་ཡི་སེམས་ཁམས་དེ་དོན་སྙིང་ཅན་ཞིག་ཡིན་ན་ཆོག་གི་མིན་ན་ཆོག་གི
- གང་ལྟར་ཀྱང་མི་སྣ་ཡི་སེམས་ཁམས་དེ།
- ཞིབ་རྒྱས་སུ་ཐར་ཆགས་སུ་འབྲི་ཐུབ་སོང་ན།
- རྩོམ་རིག་གི་རིན་ཐང་ཡོད་པ་རེད།
- རྩོམ་རིག་གི་ནང་གི་ཆོས་ཉིད་དང་ཐོ་ཐུག་ཡོད་པ།
- དེ་ཟེར་རྒྱུ་རེད།
- དེ་ན་འདི་གནད་གཙོ་བོ་ཞིག་ཡིན་དགོས་པ་རེད།
- རྩོམ་རིག་གི་ནང་གི་ཆོས་ཉིད་ཟེར་བ་དེ་ཅི་རེད་ཟེར་ན།
- དོན་གྱིས་རྩོམ་རིག་རང་སྟེང་གི་ཆོས་ཉིད་རེད།
- ཞེས་རྩོམ་རིག་རང་གི་ཆོས་ཉིད་རེད།自律
- རྩོམ་རིག་རང་གི་ཆོས་ཉིད་བཤད་པའི་དུས་སུ།
- རྩོམ་རིག་གིས་བསྟན་ཡོད་པའི་བསམ་བློ་དང་།
- བསམ་བློའི་རང་བཞིན་དེར་ཡར་སྐུལ་ཀྱི་བསམ་བློ་ཡོད་པའམ།
- ཡང་ན་སྒྱིད་ལུག་གི་བསམ་བློ་ཡོད་གི
- དེར་གཏན་ནས་འདང་བརྒྱག་རྒྱུ་མ་རེད།
- གང་ལྟར་ཀྱང་ང་ཚོས་དེ་མཉམ་སུ་མྱངས་ན།
- ང་ལ་བློ་བསྐྱེད་ཆེན་པོ་ཐོབ་པ་འདྲ་བ།
- ཡང་ན་ངའི་བསམ་བློ་དེ་ལ་རྒྱུགས་པོ་ཆེན་པོ་ཐོབ་པ་འདྲ།
- དེ་འདྲ་མེད་ན་ཆོག་གི
- གཙོ་བོ་ཅི་རེད་ཟེར་ན།
- ང་ཚོས་གོང་ནས་བཤད་པ་དེ་རེད།
- གླུ་ཞིག་ལ་ཉན་པ་དང་འདྲ་བོ་རེད།
- སྐབས་ཐོག་དེར་སེམས་པ་བདེ་བ་ཞིག་གིས་ཁེངས་འགྲོ་བ།
- དེ་ཙམ་ཞིག
- དེའི་སྐོར་ལ་གོང་ནས་བཤད་པ་དེ་རེད།
- སྤྱིར་བཏང་གིས་མང་རྒྱུ་རེད།
- ང་ཚོས་གོ་བདེ་བོ་ཞིག་གིས་སྟེང་ནས་བཤད་རྒྱུ་ན།
- ཡུལ་ལྗོངས་ཞིབ་འབྲི་ཡག་པོ་ཞིག་ཡིན་ན་ཆོག
- གོང་ནས་བཤད་པ་དེ་རེད།
- མི་སྣ་ཡི་སེམས་ཁམས་ཡག་པོ་ཞིག་ཡིན་ན་ཆོག་གི
- གཏམ་རྒྱུད་ཀྱི་བྱུང་རིམ་ཡག་པོ་ཞིག་སྤེལ་ན་ཆོག་གི
- འདི་ཚང་མ་རྩོམ་རིག་གི་ནང་གི་ཆོས་ཉིད་རེད།
- རྩོམ་རིག་གི་ཕྱིའི་ཆོས་ཉིད་ཟེར་བའི་དུས་སུ།
- རྩོམ་རིག་དང་རྩོམ་རིག་གི་བརྗོད་བྱའི་སྙིང་བོ།
- བརྗོད་བྱའི་སྙིང་བོའི་ཆ་འདི་བཤད་པའི་དུས།
- བེ་ལི་ཁེ་ཡིས་བཤད་པ་ཅི་རེད་ཟེར་ན་ཕྱིའི་ཆོས་ཉིད་དེ་རེད།
- ཁྱོས་ཡིན་རྒྱུ་ན།
- རྩོམ་རིག་རང་གིས་སྤྱི་ཚོགས་ཀྱི་ནང་དོན་ཞིག་བརྗོད།
- སྤྱི་ཚོགས་ལ་ཕན་ཡོན་ཡོད་པ་ཞིག་བཤད་པའི་དུས་སུ།
- རྩོམ་རིག་གིས་རྩོམ་རིག་རང་གི་སྟེང་ན།
- སྤྱི་ཚོགས་རིག་པའི་དོན་སྙིང་ཡོད་ཟེར་བ་རེད།
- དེ་རྩོམ་རིག་རང་གི་ཆོས་ཉིད་མ་རེད།
- དེ་ཅི་ཞིག་གི་དབང་དུ་གྱུར་སོང་བ་རེད།
- ཨོ་ཡ་་་རྩོམ་རིག་གི་ཕྱིའི་ཆོས་ཉིད་རེད།
- རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི།
- རྩོམ་རིག་གི་སྤྱི་ཚོགས་རིག་པའི་རིན་ཐང་རེད།
- དེ་ན་ང་མཚོན་རྒྱུ་ན་ད་ལྟ་སྤྱི་ཚོགས་རིག་པའི་རིན་ཐང་ཞེས་རྒྱུན་དུ།
- ཐ་སྙད་འདི་ཡིན་རྒྱུ་ན་བེད་སྤྱོད་བཞིན་ཡོད་པ་རེད།
- ཨོ་ཡ་་་དེའི་སྐབས་ཀྱི་གོ་རྒྱུའི་གནད་གཙོ་བོ་དེ་རེད།
- བོད་ཀྱི་སྤྱི་ཚོགས་ལ་ཕན་ཐོགས་པའི་བསམ་བློ་ཞིག་བརྗོད་ན།
- རྩོམ་རིག་གི་སྤྱི་ཚོགས་རིག་པའི་རིན་ཐང་།
- འོ་ན་རྩོམ་རིག་ལ་སྤྱི་ཚོགས་རིག་པའི་རིན་ཐང་དེ་ཡོད་ཆོག་པ་རེད།
- ཡོད་ཆོག་པ་ཡིན་མོད་གཙོ་བོ་ཅི་རེད་ཟེར་ན།
- ཐོག་མར་རྩོམ་རིག་ཅིག་རྩོམ་རིག་ཡིན་དགོས་པ་རེད།
- འདི་གནད་གཙོ་བོ་ཡིན།
- འདི་གོང་ནས་བཤད་པ་དེ།
- ཐོག་མའི་སྐབས་སུ་བཤད་རྒྱུ་རེད།
- རྒྱབ་ལྗོངས་ཤིག་བཤད་པ་རེད།
- རྩོམ་རིག་དང་རྩོམ་རིག་གི་ལྟ་བ་བཤད་པའི་སྐབས་སུ།
- རྩོམ་རིག་དང་སྤྱི་ཚོགས་གཉིས་ཀྱི་བར་ལ།
- ངེས་པར་དུ་འགལ་འགྲིག་ཞིག་ཡོད་པ་རེད།
- སྤྱིར་རྩོམ་རིག་གཞུང་ལུགས་གིས་བཤད་ན་དེ་ཟེར་བ་རེད།
- རྩོམ་རིག་གིས་སྤྱི་ཚོགས་འཚོ་བ་ཚུར་མངོན་དགོས་ཟེར་བ་རེད།
- དེ་ཡིན་པའི་སྟབས་ཀྱིས།
- རྩོམ་རིག་དང་སྤྱི་ཚོགས་གཉིས་ཀྱི་བར་ན་འགལ་བ་ཡོད་པ་རེད།
- འོ་ན་འདིའི་བར་འདི་ནས་གནད་ཤེས་རྒྱུ་གཙོ་བོ།
- ང་ཚོས་གོང་ན་བཤད་པའི་མི་བུ་འདི་གཙོ་བོ་རེད།
- ཨོ་ཡ་་་དེ་ཡིན་པས་སྤྱིར་བཏང་གིས་ང་ཚོས།
- རྩོམ་རིག་གི་ལྟ་བའི་ངོས་ནས་བཤད་རྒྱུ་ན།
- རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་།
- མ་མཐར་ཡང་རྩོམ་རིག་དང་སྤྱི་ཚོགས་གཉིས་དངོས་ནས་ཁ་ཐག་ཉེ་བ།
- ང་ཚོས་བོད་དེ་ལ་དགའ་བ་རེད།
- རེད་ལ་་་ད་ལྟ་བལྟས་ནས་སོང་ན་དེའི་བར་དེ་ན་ཡིན་རྒྱུ་ན།
- གནད་དོན་མང་པོ་ཞིག་འབྱུང་བཞིན་ཡོད་པ།
- ཨོ་ཡ་་་རྒྱབ་ལྗོངས་ང་ཚོས་གོང་ནས་བཤད་པ་དེ་རེད།
- དེ་རྗེས་ནས་བོད་ཀྱི་རྩོམ་རིག་གི་ངོས་ནས་བཤད་ན་ཡང་དེ་རེད།
- ང་མཚོན་རྒྱུ་ན་ཡང་དཔེ་འཇོག་རྒྱུ་ན་དེ་རེད།
- རྩོམ་རིག་ལ་ཞལ་འདེམ་པ་དེར།
- ཐེངས་གཅིག་གཉིས་གཉིས་གསུམ་ཞིག་ལ་སོང་མྱོང་བ་རེད།
- འོ་ན་འདིའི་སྟེང་ལ་སོང་ན་ང་ཅི་ཞིག་གི་ཚོར་བ་ཡོད་ཟེར་ན།
- དངོས་ནས་སྤྱིར་བཏང་གི་ཀློག་པ་པོ་ཞིག་སྨྲས་མ་དགོས་པ་ཞིག་རེད།
- ཞལ་འདེམ་པའི་ཁྲོད་ལ་མཚོན་རྒྱུ་ན་ཡང་དེ་རེད།
- རྩོམ་རིག་གི་ལྟ་བའི་ཕྱོགས་ན་འགལ་བ་མང་གི
- ཞལ་འདེམ་ཀྱི་སྟེང་ལ་ཞུགས་ན་ཅི་འདྲ་ཞིག་ཏུ་ལོག་ཡོད་གི་ཟེར་ན།
- དོན་གྱིས་ཡིན་རྒྱུ་ན།
- བརྩམས་ཆོས་ཞིག་ལ་བྱ་དགའ་ཐོབ་རུང་།
- དེ་བརྒྱ་ཆའི་ལྔ་བཅུ་མ་རེད།
- བརྒྱ་ཆའི་ལྔ་བཅུ་མ་རེད།
- མི་གསུམ་ཞལ་འདེམ་པ་ཡི་སྟེང་དུ་ཞུགས་རྒྱུ་ན།
- མི་གཉིས་ཀྱིས་རྩོམ་ཡིག་གཅིག་གི་སྟེང་དུ།
- འདེམས་ཤོག་འཕངས་ན་རབ་ཡིན་པ།
- དེ་མ་གཏོགས་དོན་གྱིས་ཅི་ཞིག་ཏུ་ལོག་ཡོད་པ་རེད་ཟེར་ན།
- རྩོམ་དེར་མི་གཅིག
- འདི་ལ་ཡང་མི་གཅིག
- འདི་ལ་ཡང་མི་གཅིག
- དེ་འདྲ་ཞིག་ཏུ་གྱུར་ཡོད།
- འོ་ན་་་དེ་ཡིན་པའི་སྐབས་དེར།
- ཐབས་བཀོད་པ་མེད་ན་ཅི་ཞིག་བྱེད་དགོས་པ་རེད་ཟེར་ན།
- དེ་རེད་ལ་སྔོན་ན་ཡིན་རྒྱུ་ན།
- འདེམས་ཤོག་གཉིས་འཕངས་ན་བཤད་ཀྱི་མེད་གི
- འོ་ན་རྩོམ་ཚང་མར་འདེམས་ཤོག་གཅིག་ལས་མེད་གི
- འོ་ན་མཐར་ཐུག་གང་འདེམས་རྒྱུ་ཡིན།
- བཀོད་པ་མེད་གི
- དེའི་གནས་སྐབས་དེར་ཅི་ཞིག་བྱེད་དགོས་ཟེར་ན།
- རྩོམ་རིག་ལ་སྐར་མ་བརྒྱག་པར་ལོག་ཡོད།
- དེ་འདྲའི་གནད་དོན་ཞིག་རེད།
- འོ་ན་དོན་གྱིས་ཅི་རེད་ཟེར་ན།
- ངས་འདི་ལ་སྐར་མ་མཐོན་པོ་ཞིག་བརྒྱབ་པ་དང་།
- ཁོས་སྐར་མ་འབྲིང་ཞིག་བརྒྱབ་ན་ཡང་།
- འདི་ལ་ཁྱད་པར་བཏོད་པའི་རེ་བ་ཞིག་ཡོད་པ་རེད།
- དེ་འདྲའི་རྣམ་པ་ཞིག་ཏུ་གྱུར་ཡོད་གི
- འོ་ན་་་འདིའི་རྩ་བ་གང་ལ་རག་ལས་ཡོད་གི་ཟེར་ན།
- དོན་གྱིས་ཞལ་འདེམ་པ་ཚོས་རྩོམ་རིག་གི་ལྟ་བ།
- ཅི་ཞིག་ཏུ་ལོག་ཡོད་པ་རེད་ཟེར་ན།
- ངས་བལྟ་ཚུལ་ལྟར་ན་མང་པོ་ཞིག་སྔར་བཞིན་དུ།
- རྩོམ་རིག་གི་བསམ་བློ་འདི་གཙོ་བོར་འཛིན་པ་རེད།
- ང་མཚོན་རྒྱུ་ན།
- སྙན་ངག་ལ་མཚོན་རྒྱུ་ན།
- ད་རུང་རྩོམ་རིག་དང་སྤྱི་ཚོགས་གཉིས་ཐད་ཀར་དུ་འགལ་བ་དེ་ཉུང་གི
- བརྩམས་སྒྲུང་ལ་མཚོན་རྒྱུ་ན་གནད་དོན་དེ་མངོན་གསལ་རེད།
- ཅི་རེད་ཟེར་ན།
- རྩོམ་རིག་གིས་སྤྱི་ཚོགས་ཀྱི་གནད་དོན་མང་པོ་མང་པོ་ཞིག་བརྗོད་ཐུབ་སོང་ན།
- དེ་ཚང་མ་དགའ་བསུ་ཐོབ་པ་རེད།
- ང་དེ་སྦྲང་ཆར་གྱི་ཞལ་འདེམ་པ་ཐེངས་དང་པོ་ལ་ཞུགས་པའི་དུས་སུ།
- དེ་མིང་ལ་ཅི་རེད་ཟེར་ན།
- མིག་གསུམ་པ་ཟེར་བ་ཞིག་ཡོད་པ་རེད།
- དེ་ཡིན་ན་གཟི་ཞེས་བླ་མ་ཞིག་གི་གམ་དུ་ཁྱེར་བ།
- དེ་ནས་སློབ་གྲྭ་ཆེན་མོ་ལ་ཁྱེར་བ།
- དེ་ནས་ཚོང་ཁང་ཞིག་གི་ནང་ལ་སོང་བ།
- ཨོ་ཡ་་་དེ་འདྲ་ཞིག་ཡོད་པ།
- དེ་དངོས་ནས་ཁྱོད་ཚོས་བལྟས་ལ་གོང་ནས་བཤད་པ་དེ་རེད།
- ངས་བཤད་པ་དེ་བོད་ཀྱི་རྩོམ་རིག་གི་ལྟ་བ་རྙིང་བ་ལྟར་བཤད་རྒྱུ་ན།
- དེ་རྩོམ་དགའ་ཞིག་རེད།
- དེ་ཅི་རེད་ཟེར་ན།
- ཆོས་ལུགས་ཀྱི་གནད་དོན་ཡང་མཚོན་ཐུབ་གི
- སློབ་གྲྭ་ཆེན་མོའི་གནད་དོན་ཡང་མཚོན་ཐུབ་གི
- བོད་ཀྱི་སྤྱིར་བཏང་གི་ཚོང་རའི་གནད་དོན་ཡང་མཚོན་ཐུབ་གི
- གནད་དོན་གྱི་ཉེས་མང་པོ་མང་པོ་ཞིག་མཚོན་ཐུབ་པ་རེད།
- དེ་ཡིན་རྒྱུ་ན།
- དངོས་ནས་ཞལ་འདེམ་པ་མང་པོ་ཞིག་གིས།
- དགའ་བསུ་ཐོབ་པ་དེ་འདྲ་ཞིག་རེད།
- རེད་ལ་་་ང་རང་ལ་མཚོན་ན།
- སྐྱོན་ཆ་གཙོ་བོ་ཅི་རེད་ཟེར་ན།
- གོང་ནས་བཤད་པའི་བོད་ཀྱི་སྤྱི་ཚོགས་ཀྱི་གནད་དོན་མང་པོ་མང་པོ་དེ།
- དེ་དོན་གྱི་ནང་ལ་དོན་མ་ཙམ་ལས་མ་གཏོགས་གཏིང་ལ་འགྲོ་མི་ཐུབ།
- ལྷག་པར་དུ་མི་བུ་ཡི་སེམས་ཁམས་ལ་འགྲོ་མི་ཐུབ་གི
- དེ་ལ་བལྟས་ནས་ང་ཡིན་རྒྱུ་ན།
- རྩོམ་དེ་ང་ཡིན་རྒྱུ་ན་ཅི་རེད་ཟེར་ན།
- མཐའ་གཅིག་ཏུ་དོགས་པ་ཟ་བ་དེ་རེད།
- དེ་ཡིན་པས་རྩོམ་རིག་གི་ལྟ་བ་ལྟར་ན།
- གནད་དོན་དེ་ཚབ་དྲག་པ་ཞིག་རེད།
- རྩོམ་རིག་དང་སྤྱི་ཚོགས་ཀྱི་བར་གྱི་འབྲེལ་བ་འདི།
- ཡང་སྙིང་ཀུན་ལྟ་བུ་ཞིག་ཡིན་དགོས།
- འདིའི་བར་འདི་ན་དངོས་ནས་དེ་རེད།
- སྤྱིར་བཏང་གི་ཀློག་པ་པོ་ཞིག་སྨྲས་མ་དགོས་བ་ཞིག་རེད།
- ཞལ་འདེམ་པ་ཡི་ཁྲོད་ན་ཡང་།
- འདི་འདྲའི་རྩོམ་རིག་གི་ལྟ་བ་མི་མཐུན་པ་མང་གི
- ང་ལ་མཚོན་རྒྱུ་ན་དེ་གཙོ་བོ་བཤད་རྒྱུ་ཅི་རེད་ཟེར་ན།
- གཞན་གྱི་དེ་མི་འགྲིག་གི་ཟེར་རྒྱུ་མ་རེད།
- ང་རང་ཉིད་ཀྱི་མྱོང་བ་དང་ང་རང་ཉིད་ཀྱི་རྩོམ་རིག་གི་ཅི་ཟེར་བ་རེད་ཅེ་ན།
- སློབ་སྦྱོང་གི་ངོས་ནས་བཤད་རྒྱུ་ན།
- ང་ཡིན་རྒྱུ་ན་ཅི་འདྲ་ཞིག་ཡིན་ནའང་།
- མི་བུ་ཞིག་གི་སེམས་ཁམས་ལ་ཞུགས་མ་ཐུབ་ན།
- མི་བུ་ཞིག་གི་མི་གཤིས་ཀྱི་ཆ་དེར་རེག་མ་ཐུབ་ན།
- སྤྱི་ཚོགས་ཀྱི་གནད་དོན་མང་པོ་མང་པོ་ཞིག་བརྗོད་ནའང་།
- འདི་ལ་དོན་སྙིང་ཆེན་པོ་ཞིག་མེད་གི
- དེ་འདྲ་ཞིག་གི་བར་དེ་ནས་ངས་ད་ལྟ་བཤད་རྒྱུ་ཅི་རེད་ཟེར་ན།
- སྤྱིར་བཏང་གི་ངས་ལངས་ཕྱོགས་གྱི་ངོས་ནས་བཤད་རྒྱུ་ན།
- ཁ་ཕྱོགས་ཀྱི་ངོས་ནས་བཤད་རྒྱུ་ན།
- བོད་ཀྱི་ཅི་ཟེར་བ་རེད།
- རྩོལ་རྒྱུགས་ཀྱི་རྩོམ་རིག་གི་ལྟ་བ་དང་ཅུང་ཙམ་འགལ་བ་ཡིན་པ་རེད།
- གོང་ནས་བཤད་པ་དེ་རེད།
- བོད་ཀྱི་རྩོལ་རྒྱུགས་ཀྱི་རྩོམ་རིག་གི་ལྟ་བ་ཅི་རེད་ཟེར་ན།
- རྩོམ་རིག་དང་སྤྱི་ཚོགས་གཉིས་ཀ་མ་མཐའ་ཡིན་ན་འང་འབྲེལ་ཐག་ཤིན་ཏུ་ཉེ་བ།
- འདི་བཤད་པ་ཡིན།
- འོ་ན་ངས་བཤད་རྒྱུ་ཅི་རེད་ཟེར་ན།
- འདི་ཡིན་པ་ཡིན་ན་ཉེས་སྐྱོན་ཅི་ཡོད་ཟེར་ན།
- གོང་ནས་བཤད་པ་དེ་རེད།
- རྩོམ་རིག་རང་གི་མ་གཞི་ཡི་རྩོམ་རིག་གི་རིན་ཐང་མངོན་པར་ཐོན་མི་ཐུབ།
- ང་ཚོས་ནམ་ཡིན་ནའང་།
- རྩོམ་རིག་ཞིག་གི་བསམ་བློ་དང་བསམ་བློ་བཤད་ནས་བསྡད་དེ།
- དེ་ཕན་ཆད་ནས་ཡིན་རྒྱུ་ན།
- རྩོམ་རིག་རང་སྟེང་གི་བཤད་རྒྱུ་ན་དེ་ཞིབ་འབྲི་ཡིན་ན་ཆོག་གི
- གཏམ་རྒྱུད་ཀྱི་བྱུང་རིམ་སྤེལ་ན་ཆོག་གི
- ཡང་ན་དེ་ཕན་ཆད་ཀྱི་མི་གཤིས་ཀྱི་གཏིང་ལ་འཇུག་རྒྱུ་དང་།
- ཡང་ན་མིའི་སེམས་ཁུངས་ལ་འཇུག་རྒྱུ་དང་།
- འདིའི་བར་འདི་ནས།
- བཏང་སྙོམས་སུ་མང་པོ་མང་པོ་ཞིག་འདུས་བ།
- དེའི་ཆ་དེ་ན་ནམ་ཡིན་ན་ཡང་ཅུང་ཙམ་ཞིག
- རྩོམ་རིག་དང་སྤྱི་ཚོགས་གཉིས་ཀྱི་བར་ན་བར་ཐག་ཅུང་ཙམ་ཞིག་ཡོད་ན་འགྲིག་གི
- སྐད་ཆ་དེ་བཤད་ཡོད་པ་རེད།
- ཡ་དེ་གཅིག་རེད།
- འདིའི་ངོས་ནས་ད་རུང་ང་ཚོས་འཕྲོས་ཏེ་བཤད་རྒྱུ་ན།
- བོད་ཀྱི་སྲོལ་རྒྱུན་གྱི་བརྩམས་སྒྲུང་ལ་མཚོན་རྒྱུ་ན།
- འདི་འདྲའི་གནད་དོན་ཡོད་པ་རེད།
- ད་ལྟ་ཡོངས་གྲགས་སུ་ང་ཚོས་ཅི་ཞིག་བཤད་པ་རེད་ཟེར་ན།
- བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་རིག་དེར་རིན་ཐང་ཆེན་པོ་མེད་གི
- རྒྱུ་མཚན་ཅི་རེད་ཟེར་ན།
- ཁོས་བཤད་པ་དེ་ཆོས་ལུགས་ཀྱི་ལྟ་བ་རེད།
- དེ་ཟེར་བ་རེད།
- དེ་ང་ཚོས་བལྟས་ན་རྩོམ་རིག་གི་ངོས་ནས་བཤད་རྒྱུ་ན།
- སྐད་ཆ་དེ་ཅུང་ཙམ་ཞིག་འགྲིག་པ་མ་རེད།
- དེའི་རྒྱུ་མཚན་ཅི་རེད་ཟེར་ན།
- ཁྱོད་ཚོས་ལྟོས་དང་།
- བོད་ཀྱི་རྩོམ་རིག་གིས་ཆོས་ལུགས་ཀྱི་ལྟ་བ་བརྗོད་བཞིན་ཡོད་གི
- དེ་ལྟར་བཤད་པ་ཡིན་ན།
- ཆོས་ལུགས་ཀྱི་ལྟ་བ་དོན་གྱིས་ཅི་ཞིག་བརྗོད་བཞིན་ཡོད་གི་ཟེར་ན།
- འཁོར་བའི་ཉེས་དམིགས་བརྗོད་བཞིན་ཡོད་གི
- འོ་ན་འཁོར་བའི་ཉེས་དམིགས་བརྗོད་ན།
- ཅི་རེད་ཟེར་ན།
- ང་ཚོས་འཁོར་བ་ལ་སྙིང་བོ་མེད་པ་བརྗོད་རྒྱུ་རེད།
- དེ་ན་འདི་ལྟ་བུའི་བསམ་བློ་འདི།
- བརྗོད་ན་འགྲིག་པ་རེད་ལ་འགྲིག་པ་མ་རེད་ཟེར་རྒྱུ་ན།
- རྩོམ་རིག་གི་ངོས་ནས་བཤད་རྒྱུ་ན།
- དེ་གནད་དོན་མ་རེད།
- གནད་དོན་གང་རེད་ཟེར་ན།
- ཁྱོད་ཀྱིས་འཁོར་བ་ལ་སྙིང་བོ་ཡོད་ཟེར་ནའང་ཆོག་གི
- མེད་གི་ཟེར་ནའང་ཆོག་གི
- འདི་གནད་དོན་གཙོ་བོ་མ་རེད།
- གནད་དོན་གཙོ་བོ་ཅི་རེད་ཟེར་ན།
- འཁོར་བ་ལ་སྙིང་བོ་ཡོད་ན་ཡོད་པ་དེ་མཐར་ཆགས་པ་ཞིག་སྟོན་ཐུབ་དགོས།
- མེད་ན་མེད་པ་དེ་མཐར་ཆགས་པ་ཞིག་སྟོན་ཐུབ་སོང་དུས།
- ད་ཁྱོད་ཀྱི་དེ་འགྲིག་ཡོད་པ་རེད།
- དེ་རིང་སང་ཉིན་གྱི་རྩོམ་རིག་གིས་བལྟས་ན་དེ་འདྲ་ཞིག་ཡིན་དགོས་བ།
- བསམ་བློའི་ངོ་བོ་དེ་གཙོ་བོ་མ་རེད།
- ད་ལྟའི་སྐད་ཆ་ཞིག་བཤད་རྒྱུ་ན།
- ཅི་ཞིག་མཚོན་པ་གཙོ་བོ་མ་རེད།
- ཇི་ལྟར་དུ་མཚོན་པ་གཙོ་བོ་རེད།
- འོ་ན་ང་ཚོས་བོད་ཀྱི་རྩོམ་རིག་ལ་བལྟས་ན་ཤེས་ཐུབ་པ་རེད།
- འཁོར་བ་ལ་སྙིང་བོ་ཡོད་གི་ཟེར་ན་ཆོག་གི
- མེད་གི་ཟེར་ན་ཆོག་གི
- འདི་གནད་དོན་གཙོ་བོ་མ་རེད།
- བོད་ཀྱི་རྩོམ་རིག་ལ་མཚོན་རྒྱུ་ན།
- ཡིད་འཕྲོག་མི་ཐུབ་པའི་གནད་དོན་གཙོ་བོ་གང་ན་ཡོད་གི་ཟེར་ན།
- ཐོག་མར་དེའི་གཏམ་རྒྱུད་སྤེལ་བ་ཡག་པོ་མ་རེད།
- མི་ཞིག་ལ་མཚོན་རྒྱུ་ནའང་དེ་རེད།
- འཁོར་བ་ལ་ངོས་འབྱུང་སྐྱེས་དགོས་ཟེར་རྒྱུ་ན།
- ངོས་འབྱུང་སྐྱེས་བ་དེའི་རྒྱུ་མཚན་ཅི་རེད་ཟེར་ན།
- གཏན་ཚིགས་བཙན་པོ་ཞིག་མ་རེད།
- ཁྱོད་ཚོས་ལྟོས་དང་།
- དངོས་ཡོད་ཀྱི་སྤྱི་ཚོགས་འཚོ་བ་ཞིག་ལ་མཚོན་རྒྱུ་ན།
- མི་ཞིག་ད་ཡིན་རྒྱུ་ན་ལོ་ཉི་ཤུ་ཡིན་ན་ཆོག་གི
- ལོ་ཉི་ཤུ་རྩ་ལྔ་ཡིན་ནའང་ཆོག་གི
- འདི་འདྲ་ཞིག་ཅི་རེད་ཟེར་ན།
- འཁོར་བ་ལ་སྙིང་བོ་མེད་གི་སྙམ་ནས།
- རབས་དུ་བྱུང་བ་ཡིན་ན།
- མི་དེའི་སེམས་ཁམས་དེ་ཅི་འདྲ་ཞིག་ཡིན་རྒྱུ་རེད།
- རེད་ལ་་་མི་དེའི་སེམས་ཁམས་དེ་དོན་གྱིས་ཅི་འདྲ་ཞིག་ཡིན་པ་རེད་ཟེར་ན།
- ཤིན་ཏུ་རྙོག་དྲ་ཞིག་ཡིན་རྒྱུ་རེད།
- ཁོའི་སེམས་ཁུངས་ན་ཡིན་རྒྱུ་ན།
- འཕག་འཚག་མང་པོ་བྱས་ཡོད་ཀྱི་རེད།
- འགལ་འཐབ་མང་པོ་བྱས་ཡོད་ཀྱི་རེད།
- མི་ཡི་སེམས་ཁམས་དེ་ཡ་མཚན་པ་ཞིག་ཡིན་རྒྱུ་རེད།
- གཞན་གྱིས་བཤད་ན་མི་ཚར་བ་དེ་འདྲ་ཞིག་ཡིན་རྒྱུ་རེད།
- བཤད་རྒྱུ་ན་ཉིན་གཅིག་ལ་བཤད་རྒྱུ་ཡོད་པ་དེ་འདྲ་ཞིག་ཡིན་རྒྱུ་རེད།
- དེ་ཡིན་རྒྱུ་ན་ཁྱོད་ཚོས་བལྟས་ན།
- དངོས་ཡོད་སྤྱི་ཚོགས་འཚོ་བའི་མི་ཞིག་རབ་དུ་བྱུང་བའི་གོ་རིམ་དེ།
- སེམས་ཁམས་ཀྱི་སྟེང་ན།
- ཟེར་བ་དེ།心理旅程
- རྒྱུད་རིམ་མང་པོ་མང་པོ་ཞིག་ཡོད་པ་རེད།
- འོ་ན་བོད་ཀྱི་རྩོམ་རིག་གི་དེ་འབྲི་བའི་སྐབས་སུ་ཅི་རེད་ཟེར་ན།
- མདོར་བསྡུས་མདོར་བསྡུས་ཞིག
- ཤོག་བུ་གཅིག་གཉིས་ཞིག་གི་སྟེང་དུ།
- འཁོར་བ་ལ་སྙིང་བོ་ཡོད་པ་མ་རེད།
- རབཏུ་བྱུང་བའི་བསམ་བློ་དེ།
- ཆོས་ལུགས་པ་ཞིག་གིས་བལྟ་རྒྱུ་ན་བཟང་གི་ཟེར་རྒྱུ་རེད།
- དེ་རིང་སང་ཉིན་གྱི་སྤྱི་ཚོགས་རིག་པ་བ་ཞིག་གིས་བཤད་རྒྱུ་ན།
- ཞན་གི་ཟེར་རྒྱུ་རེད།
- ངན་གི་ཟེར་རྒྱུ་རེད།
- འོན་ཀྱང་ང་ཚོས་བལྟས་ནས་སོང་ན་འདི་གནད་དོན་གཙོ་བོ་མ་རེད།
- དེ་ཡིན་པའི་སྟབས་ཀྱིས་གོང་ནས་བཤད་པ་དེ་རེད།
- སྲོལ་རྒྱུན་གྱི་རྩོམ་རིག་ལ་མཚོན་རྒྱུ་ན།
- ཁོས་བསྟན་ཡོད་པའི་བསམ་བློ་དེའི་ངོ་བོ་དེ་གཙོ་བོ་མ་རེད།
- གཙོ་བོ་ཅི་རེད་ཟེར་ན།
- མི་སྣ་ཡི་ལོ་རྒྱུས་སྟེང་ལ་འགྱུར་ལྡོག་བྱུང་བ་དང་།
- ཡང་ན་མི་སྣ་དེའི་གཤིས་ཀ་ལ་འགྱུར་ལྡོག་བྱུང་ཡོད་ན།
- བྱིས་པའི་འགྱུར་ལྡོག་གི་གོ་རིམ་དེ་མཐར་ཆགས་ཤིག་འབྲི་ཐུབ་རྒྱུ་ན།
- ད་བཟོད་རྩོམ་རིག་གི་རིན་ཐང་ཡོད་ཀྱི་རེད།
- འཛམ་གླིང་རྩོམ་རིག་གི་གྲལ་ལ་སོང་ན་ཆོག་རྒྱུ་རེད།
- དེ་མ་གཏོགས་ཅི་རེད་ཟེར་ན།
- བསམ་བློ་ཡི་ངོས་ནས་བཤད་རྒྱུ་ན།
- སྙིང་རྗེ་བཤད་ན་ཆོག
- བྱམས་པ་བཤད་ན་ཆོག
- གང་དང་གང་ལྟ་བུ་ཞིག་བཤད་ན་ཆོག
- འཛམ་གླིང་རྩོམ་རིག་གི་གྲལ་ལ་འགྲོ་མི་ཐུབ་པ་ཁོ་ཐག་ཡིན།
- དེ་ལ་རྩོམ་རིག་གི་རང་བཞིན་མེད་གི
- བསམ་བློ་ཡི་རང་བཞིན་ཁོ་ན་མེད་གི
- ཐོག་མར་ཁྱོད་ཀྱི་དེ་ཅི་རེད་ཟེར་ན།
- དེ་རྩོམ་རིག་མ་རེད།
- ཐོག་མར་ཁྱོད་ཀྱི་དེ་ཅི་རེད་ཟེར་ན།
- མཚན་ཉིད་རིག་པས་ལོག་ཡོད་པ་རེད།
- དཔེ་འཇོག་རྒྱུ་ན།
- རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལྟ་བུ།
- ང་ཚོས་བལྟ་རྒྱུ་ན།
- དངོས་ནས་བསམ་པ་བླ་ཆེན་པོ་རེད།
- འོན་ཀྱང་དེ་ལ་རྩོམ་རིག་གི་ངོས་ནས་བཤད་ནས་སོང་ན།
- ཁོའི་བསམ་བློ་ཡི་འགྱུར་ལྡོག་གི་ངོས་ནས་བཤད་རྒྱུ་ན།
- དེ་གློ་བུར་བ་ཞིག་ཡིན་པ་རེད།
- གློ་བུར་བ་ཞིག་ཏུ་ལོག་ཡོད་པ་རེད།
- ང་ཚོས་དེ་བརྩམས་སྒྲུང་གི་ངོས་ནས་བཤད་རྒྱུ་ན།
- གཙོ་བོ་གནད་དོན་གང་ལ་བྱུང་ཡོད་པ་རེད་ཟེར་ན།
- གཤིས་ཀ་ཡི་འཕེལ་རིམ་དང་བསམ་བློ་ཡི་འགྱུར་ལྡོག
- འདིའི་རྩོམ་རིག་གི་ནང་དོན་ལ་མཐར་ཆགས་ཤིག་སྟོན་ཐུབ་མེད་པ།
- དཔེ་འཇོག་རྒྱུ་ན།
- རྒྱལ་བུ་དྲི་མེད་ཀུན་ལྡན་གྱིས་སྲས་ལྕམ་སྲང་གསུམ་པོ་སྦྱིན་པ་བཏང་བ།
- འདིའི་གནས་སྐབས་འདི་ནས་ང་ཚོའི་མི་ཞིག་ལ་མཚོན་རྒྱུ་ན།
- ཁྱོད་ཀྱི་སེམས་ཁམས་དེ་ཅི་འདྲ་ཞིག་རེད།
- འགལ་བ་རེད།
- འགལ་བ་དེ་ཅི་འདྲ་ཞིག་རེད་ཟེར་ན།
- འགལ་བ་ཆེན་པོ་ཡིན་རྒྱུ་རེད།
- འགལ་བ་ཆེན་པོ་ཡིན་རྒྱུ་རེད།
- ཕྱོགས་གཅིག་ནས་རང་གི་དམ་བཅའ་ལ་འགལ་དགོས་པ་རེད།
- ཕྱོགས་གཅིག་ནས་རང་གི་ཤ་ལས་མཆེད་པའི་བུ་ཕྲུག
- འདི་གཞན་ཞིག་ལ་སྟེར་དགོས།
- འདིའི་བར་འདི་ནས་ཅི་རེད་ཟེར་ན།
- ཁྱོད་ཀྱི་དམ་བཅའ་དང་ཁྱོད་རང་གི་ཅི་ཟེར་དགོས་པ་རེད།
- མི་ཡིན་པའི་མི་གཤིས་འདི་གཉིས་ཀྱི་བར་འདི་ན་འགལ་བ་ཡོད།
- འོ་ན་འདི་རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལ་མཚོན་རྒྱུ་ན།
- དེ་རིང་སང་ཉིན་གྱི་བཤད་ཐབས་ཡིན་ན་ཐག་གཅོད་བྱས་པ་མ་ཡག་པ་རེད།
- ཁོས་སླ་མོ་སླ་མོ་ཞིག་བཤད་ཡོད་པ་རེད།
- ལྷ་ཆོས་ཡིན་པ་མང་སོང་བ།
- བྱས་པ་མང་སོང་བ་རེད།简化
- འདི་ནི་ཅི་རེད་ཟེར་ན།
- རྩོམ་རིག་གི་ངོས་ནས་བཤད་རྒྱུ་ན།
- ཅི་རེད་ཟེར་ན།
- རྩོམ་རིག་གི་རང་བཞིན་དེ་བཏང་སྙོམས་སུ་གྱུར་བ་ཟེར་ནའང་ཆོག
- ཡང་ན་ཡིན་རྒྱུ་ན་རྩོམ་རིག་ལ་རྩོམ་རིག་གི་རང་བཞིན་མེད་སོང་།
- དེ་ཅི་རེད་ཟེར་ན།
- རྩོམ་རིག་ལ་བསམ་བློ་ཡི་རང་བཞིན་ཁོ་ན་མེད་སོང་བ་རེད།
- འདི་ཡིན་རྒྱུ་ན།
- བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་རིག་གི་སྟེང་ནས་ཤེས་ཐུབ།
- གསལ་ཐུབ་པ་རེད།
- སྐད་ཆ་འདི་ཕར་ལ་ཇེ་ཆེར་བཏང་ན།
- གནད་དོན་གཙོ་བོ་གང་གི་སྟེང་དུ་འབབ་གི
- ང་ཚོས་གོང་ནས་བཤད་པ་དེ་འདྲ་ཞིག་ཏུ་གྱུར་ཡོད།
- རྩོམ་རིག་གི་ཡིན་རྒྱུ་ན།
- སྲོལ་རྒྱུན་རྩོམ་རིག་ལ་མཚོན་རྒྱུ་ན་ཡང་དེ་རེད།
- གོང་ནས་བཤད་པའི་གནད་དོན་གཙོ་བོ་དེ།
- རྩོམ་རིག་གི་རང་བཞིན་དེ་བཤད་དགོས་པ་རེད།
- བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་ནང་དོན་ལ་རྩོམ་རིག་གི་རང་བཞིན་ཡོད་པ།
- ང་ཚོས་བལྟས་ན་ཤེས་ཐུབ་པ་དེ་རེད།
- རྒྱལ་བུ་དྲི་མེད་ཀུན་ལྡན་ད་རུང་ཡག་པོ་ཡི་གྲལ་རེད་ལ།
- དེ་ཕན་ཆད་ཀྱི་སྲས་དོན་ཡོད་དོན་འགྲུབ་ཟེར་བ་འདྲ།
- འགྲོ་བ་བཟང་མོ་ཟེར་བ་འདྲ།
- པད་མ་འོད་འབུམ་ཟེར་བ་འདྲ།
- ང་ཚོས་བལྟས་ནས་སོང་ན་སྤྱིར་བཤད་ན།
- བསམ་བློ་རྒྱ་ཆེན་པོ།
- བྱང་ཆུབ་སེམས་དཔའི་སྤྱོད་པ་དང་།
- བསམ་པ་སྟོན་བཞིན་ཡོད་གི
- རྒྱ་ཆེན་པོ་ཡིན་རྒྱུ་རེད།
- འོན་ཀྱང་ང་ཚོས་བལྟས་ན་ཡིད་འཕྲོག་མི་ཐུབ་གི
- དེ་ངོ་མ་རེད།
- རེད་ལ་་་འདིའི་གནད་དོན་གཙོ་བོ་གང་ན་བྱུང་བ་རེད།
- རྩོམ་རིག་རང་བཞིན་མེད་པ་དེ་རེད།
- འོ་ན་དྲང་ཕྱོགས་ནས་བཤད་རྒྱུ་ན།
- དཔེ་འཇོག་རྒྱུ་ན།
- མི་ལ་རས་བའི་རྣམ་ཐར་ལ་བལྟ་རྒྱུ་ན།
- སྤྱིར་བཏང་གི་རྣམ་ཐར་དང་མི་འདྲ།
- ཁྱད་པར་དུ་འཕགས་པ་ཞིག་རེད།
- འོ་ན་དེའི་རྒྱུ་མཚན་ཅི་རེད།
- སྔར་བཞིན་དུ་རྩོམ་རིག་རང་བཞིན་རེད།
- ཁྱོས་མི་ལ་རས་བ་ཡི་གཤིས་ཀ་བསྐྱུར་ནས།
- དེ་གཙོ་བོ་མིན་པ་བྱས་ན།
- མི་ལ་རས་བའི་རྣམ་ཐར་གྱི་ཡིད་འཕྲོག་བྱེད་ཀྱི་ཆ་གང་ན་ཡོད་ཟེར་ན།
- དཔེ་འཇོག་རྒྱུ་ན་ང་ཚོས་བལྟས་ན་དེ་རེད།
- ཚང་མའི་སེམས་ན་གསལ་ལེར་ཡོད་ཀྱི་རེད།
- ཁྱོད་ཚོས་སེམས་ན་ཅི་ཞིག་དྲན་རྒྱུ་རེད།
- དཔེ་འཇོག་རྒྱུ་ན་དེ་རེད།
- མི་ལ་རས་བའི་ཨ་མས་མི་ལ་རས་བ་ལོ་བཅོ་ལྔ་ལོན་པའི།
- སྟོན་མོ་ཆེན་པོ་བྱས་ནས།
- སྟོན་ཐོག་དེ་ནས་ཨ་ཕའི་ཁ་ཆེམས་ཀྱི་ཡི་གེ་བཏོན་ནས།
- ཨ་ནེ་དང་ཨ་ཁུ་གཉིས་ཀྱི་ཁས་མ་བླངས་པར།
- མི་ལ་རས་བ་མ་བུ་གསུམ་ལ་གཅེར་རྡུང་བྱས་བ།
- ཁྱོད་ཚོས་སེམས་ན་ཡོད་ཀྱི་རེད།
- དེ་ཅི་ཞིག་ཡིན་པ་རེད།
- ཕྲ་རབ་་ཡག་པོ་ཞིག་ཡོད་པ་རེད།细节
- ཡག་པོ་ཡོད་པ་རེད།细节
- དེའི་རྗེས་ནས་གང་ན་ཡོད་གི
- བརྗེད་ཀྱི་མེད་པ་ཞིག་ཡོད་པ་དཔེ་འཇོག་རྒྱུ་ན།
- མི་ལ་རས་བ་བླ་མ་ཞིག་གི་རྗེས་དད་ནས་སོང་བ།
- བླ་མ་ཞིག་སྟོན་ཐོག་ལ་བོས་ནས།
- མི་ལ་རས་བ་ཡང་སྟོན་ཐོག་ལ་སོང་ནས།
- ཁོས་ཆང་ཉུང་ཙམ་ཞིག་འཐུང་ནས།
- ཕྱིར་ཡོང་དུས་ཆང་གིས་བེད་ཡོད་པ་རེད།
- དེའི་སྟེང་ལ་མི་ལ་རས་བ་མ་གཞི་ནས་ཡིན་རྒྱུ་ན།
- གྲེ་བ་བདེ་མོ་ཞིག་ཡོད་པས།
- ཕྱིར་ཡོང་དུས་གླུ་ཐན་ཐུན་ཞིག་བླངས་ནས་ཡོང་བ།
- ཨ་མས་གོ་ནས།
- ཁོ་བོ་སྐས་ཐུང་བ་ལས་ལྡིང་ནས།
- རིང་བ་ལས་བབས་ཏེ་ཟེར་བ་ཞིག་ཡོད་པ།
- དེ་འདྲ་བ་རེད།
- དེ་ཁྱེད་ཚོས་བལྟས་ལ་ཁྱེད་ཚོ་ཚང་མས་བརྗེད་མེད་པ་དེ་རེད།
- དེའི་རྒྱུ་མཚན་ཅི་ཞིག་ཡིན་པ་རེད།
- ཕྲ་རབ་རེད།细节
- ཕྲ་རབ་ཅི་རེད་ཟེར་ན།
- དེ་རྩོམ་རིག་རང་བཞིན་རེད།
- འོ་ན་མི་ལ་རས་བའི་ཨ་མས།
- མི་ལ་རས་བས་ཆང་འཐུང་བས་ཁོ་ལ་གཅར་བ།
- དེར་ཁྱོད་ཚོས་ལྟོས་དང་བསམ་བློའི་རང་བཞིན་ཞིབ་མོ་བཤད་རྒྱུ་ཡོད་པ་མ་རེད།
- འོན་ཀྱང་ང་ཚོའི་སེམས་ན་བག་ཆགས་གཏིང་ཟབ་མོ་ཞིག་ཡོད་གི
- འོ་ན་དེའི་རྒྱུ་མཚན་ཅི་རེད།
- དེ་རྩོམ་རིག་རང་བཞིན་གི་ངོས་ནས་བཤད་རྒྱུ་ན།
- ཕྲ་རབ་ཞིབ་འཇུག་བྱས་བ་བཟང་བའི་རྟགས་རེད།
- དེའི་ཕན་ཆད་ཅིག་ནས་ང་ཚོའི་འདང་རྒྱོབ་དང་།
- དཔེ་འཇོག་རྒྱུ་ན་རྗེ་ཙོང་ཁ་བའི་རྣམ་ཐར་ལྟ་བུ།
- ཀུན་གྱི་འཇམ་དབྱངས་བཞད་པའི་རྣམ་ཐར་ལྟ་བུ་ཞིག་ལ་བལྟས་ན།
- ང་ཚོས་གློ་བུར་དུ་སྐད་ཅིག་མ་ཞིག་ལ་ཤོད་དང་།
- ཁྱོད་ཚོའི་སེམས་ན་བརྗེད་མེད་པ་དེ་གང་རེད།
- ངས་བལྟ་རྒྱུ་ན་བཤད་ཀྱི་གཅིག་ཀྱང་ཡོད་ཀྱི་མ་རེད།
- ང་མཚོན་ན་ཡང་བཤད་ཀྱི་མེད་གི
- རྣམ་ཐར་དེར་གཉིས་རེ་གསུམ་རེ་བལྟས་ན་ཡང་།
- དེའི་ནང་ན་ཤེས་རྒྱུ་ཡོད་པ་མ་རེད།
- སེམས་ན་བག་ཆགས་གསལ་བོ་ཞིག
- དེ་འདྲ་ཞིག་ཡིན་པ་རེད།
- དེ་ཅི་རེད་ཟེར་ན།
- རྩོམ་རིག་ཟེར་བ་དེ་འདྲ་ཞིག་རེད།
- མ་གཞི་ནས་རྩོམ་རིག་ནི་ཅི་རེད་ཟེར་ན།
- རྟོགས་མེད་ཀྱི་ཤེས་བ་ཡི་ངོ་བོར་ཞུགས་རྒྱུ་ཞིག་རེད།
- རྩོམ་རིག་ཟེར་བ་དེ་འདང་བརྒྱབ་ནས་ཤེས་རྒྱུ་ཞིག་མ་རེད།
- རྩོམ་རིག་གི་མ་གཞི་ནས་གྱིས་བྱེད་རྒྱུ་ཞིག་མ་རེད།理性认识
- དེ་ཅི་ཞིག་ཡིན་དགོས་པ་རེད།
- ་་་་ཚོར་ཤེས་རེད།感觉
- ཁྱོད་ཀྱི་སེམས་ཀྱིས་མ་བརྗེད་ན་མ་བརྗེད་པ་རེད།
- བརྗེད་སོང་ན་བརྗེད་སོང་བ་རེད།
- གཙོ་བོ་ཅི་རེད་ཟེར་ན།
- འདང་མ་བརྒྱབ་ན་ཡང་སེམས་ན་ཤར་ནས་འདུག་པ་དེ།
- ངེས་པར་དུ་རྩོམ་རིག་གི་རང་བཞིན་ཡོད་པ་རེད།
- འདང་བརྒྱབ་ནས་ཤེས་བ་དེ་ཅི་རེད་ཟེར་ན།
- དེ་ཤེས་བྱ་རེད།
- དེ་རྩོམ་རིག་ཡིན་པ་མ་རེད།
- དེ་ན་ང་ཚོས་བོད་ཀྱི་བརྩམས་སྒྲུང་གི་ངོས་ནས་བཤད་ན།
- བོད་ཀྱི་རྣམ་ཐར་གྱི་ངོས་ནས་བཤད་ན།
- གང་ལ་བལྟས་ནས་སོང་ན་ཡང་དེ་རེད།
- ཁྱོད་ཚོས་བལྟས་ན་སེམས་ན་བརྗེད་ཀྱི་མེད་དུས།
- དེ་ནི་རྩོམ་རིག་རང་བཞིན་ཡིན་པ་ཁོ་ཐག་རེད།
- དེའི་བར་དེ་ནས་ང་ཚོའི་བལྟས་ནས་སོང་ན།
- ཅི་ཞིག་ཏུ་ལོག་ཡོད་གི་ཟེར་ན།
- ཐོག་མར་ང་ཚོས་འདི་ནས་འགལ་བ་ཞིག་སློང་རྒྱུ་རེད།
- ཅི་རེད་ཟེར་ན།
- རྩོམ་རིག་གི་རྩོམ་རིག་རང་བཞིན་དེ་གཙོ་བོ་ཡིན་པ།
- བསམ་བློ་རང་བཞིན་དེ་གནས་སྐབས་ཀྱི་ཕལ་བར་བསྐྱུར་བ།
- འདི་ང་ཚོས་ལྟ་བ་ཞིག་རྒྱུད་ལ་ཆགས་པའི་གོ་རིམ་གི་ངོས་ནས་བཤད་རྒྱུ་ན།
- ཐོག་མར་འདི་ཤེས་དགོས་པ་རེད།
- རྩོམ་རིག་གི་རྩོམ་རིག་རང་བཞིན་དེ་གལ་ཆེན་པོ་ཞིག་ཡིན་པ།
- རྩོམ་རིག་གི་རྩོམ་རིག་རང་བཞིན་བཤད་པའི་དུས་སུ།
- རྩོམ་རིག་གི་བསམ་བློ་དེ་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཟེར་བ་འདྲ།
- མི་གཤིས་ཀྱི་བསྒྱུར་བཅོས་ཟེར་བ་འདྲ།
- མི་གཞི་ཡི་འཛུགས་སྐྲུན་ཟེར་བ་འདྲ།
- འདི་ཚང་མ་ད་རུང་ཐོག་མར་འབྲེལ་བ་མི་འཛུགས་པ།
- འདི་ཐོག་མར་ཤེས་རྒྱུ་ཞིག་རེད།
- དེའི་རྗེས་ནས་གོང་ནས་བཤད་པ་དེ་རེད།
- སྤྱིར་བཏང་གིས་བཤད་རྒྱུ་ན།
- ང་ཚོས་དེ་སྲོལ་རྒྱུན་གྱི་རྩོམ་རིག་ཡིན་ན།
- ཆོས་ལུགས་ཀྱི་ངོས་ནས།
- འཁོར་བ་ལ།
- འཁོར་བའི་ཉེས་དམིགས་སྟོན་བཞིན་ཡོད་པ།
- བསམ་བློ་ཡི་ངོ་བོའི་སྟེང་ནས་བཤད་རྒྱུ་ན།
- ང་ཚོས་གོང་ནས་བཤད་པ་དེ་རེད།
- བཟང་ངན་བཤད་ས་འགྲོ་བ་མ་རེད།
- རྒྱུ་མཚན་གང་ནས་ཤེས་ཐུབ་པ་རེད།
- ནུབ་གླིང་གི་དེང་རབས་རིང་ལུགས་པའི་རྩོམ་རིག་ཟེར་བ་ཞིག་ཡོད་པ་རེད།
- དེ་ལ་བལྟས་ན་ཤེས་ཐུབ་པ་རེད།
- ནུབ་གླིང་གི་དེང་རབས་རིང་ལུགས་པའི་རྩོམ་རིག་དེ།
- བུད་མེད་ཅིག་གིས་བལྟ་རྒྱུ་ན་ཁོས་ཅི་ཞིག་བཤད་ཡོད་གི
- འཁོར་བ་ལ་སྙིང་བོ་མེད་པ་སྟོན་བཞིན་ཡོད་གི
- ང་ཚོས་ཤེས་བ་དེ་རེད།
- དེང་རབས་རིང་ལུགས་རང་གི་རྩོམ་རིག་ལ་མཚོན་རྒྱུ་ན།
- རྩོམ་རིག་རང་ལ་རྩོམ་རིག་གི་དགོངས་པ་ཞིག་ཡོད་པ་རེད།
- ཡོད་པ་རེད།文学精神
- འོ་ན་དེང་རབས་རིང་ལུགས་ཀྱི་རྩོམ་རིག་གི་དགོངས་པ་དོན་གྱིས་ཅི་རེད་ཟེར་ན།
- མི་་་ཁོ་བོའི་འཇིག་རྟེན་ཟེར་རྒྱུ་རེད།
- འཇིག་རྟེན་ན་འཚོ་བ་དེ་སྐད་ཆ་གཅིག་གིས་བཤད་རྒྱུ་ན་ཅི་རེད།
- སྐྱོ་ངལ་ཡང་ན་སུན་སྣང་།
- ས་ཐུག་གི་སྐད་ཆ་ཡིས་བཤད་ན་ཟེར་བ་དེ་རེད།烦
- ཁྱོད་ཚོས་བལྟས་ལ་དེ་ཡིན་རྒྱུ་ན།
- བོད་ཀྱི་རྩོམ་རིག་གི་བསམ་བློ་དང་གཉིས་ཀ་དོན་གྱིས་ཅི་རེད་ཟེར་ན་མཐུན་པ་རེད།
- དེང་རབས་རིང་ལུགས་ཀྱི་རྩོམ་རིག་གི་ནང་ན།
- མི་ཞིག་དགའ་ནས་སྐྱིད་ནས་བསྡད་ཡོད་པ་གཅིག་ཀྱང་ཡོད་པ་མ་རེད།
- ཁོ་ཡིན་རྒྱུ་ན་རང་གི་ཕྱི་ཡི་སྐྱིད་ཆོས་ཀྱི་ཆ་ནས་བཤད་ན་འཛོམས་ཡོད་གི
- འོན་ཀྱང་ད་ཅི་རེད་ཟེར་ན།
- གང་ནས་བསྡད་ན་ཡང་ནང་སེམས་ན་བདེ་བ་ཞིག་མེད་གི
- བོད་ཀྱི་ཅི་ཟེར་བ་རེད།
- དེ་འདྲ་ཞིག་ཡིན་ན་འཁོར་བ་ལ་སྙིང་བོ་མེད་གི
- རབ་ཏུ་བྱུང་བ་རེད་ཟེར་དགོས་པ་རེད།
- དེ་ཡིན་པ་རེད།
- དེ་ཡིན་པའི་སྟབས་ཀྱིས་ང་ཚོས་བཤད་ན།
- བསམ་བློ་ཡི་ངོ་བོའི་ཆ་ནས་བཤད་རྒྱུ་ན།
- དེང་རབས་རིང་ལུགས།
- ལྷག་པར་དུ་དེའི་ནང་ན་གཞི་གྲུབ་རིང་ལུགས་ཟེར་བ་ཞིག་ཡོད་པ།
- ཟེར་བ་ཞིག་ཡོད་པ།存在主义
- ཨོ་ཡ་་་དེའི་བཤད་པའི་རྩོམ་རིག་དེ།
- ཁོས་བཤད་པའི་བསམ་བློ་ཡི་ངོ་བོ་དེ།
- བོད་ཀྱི་རྩོམ་རིག་ཡང་ན་བོད་ཀྱི་རིག་གནས་ཀྱིས།
- རང་གི་འཇིག་རྟེན་དང་སྤྱི་ཚོགས་ལ།
- ངོས་འཛིན་བྱས་པ་གཉིས་འདྲ་མཚུངས་ཡིན།
- འཁོར་བ་ལ་བདེ་བ་མེད་གི
- འོན་ཀྱང་གཞན་གྱི་དེ་ཅི་ཞིག་ལ།
- རྩོམ་རིག་གི་སྟེང་ན་གྲུབ་འབྲས་ཆེན་པོ་བླངས་ནས།
- ཐ་ན་ནོ་པེ་ཨེར་གྱི་བྱ་དགའ་ལ་སོགས་པ་ཐོབ་པ་རེད།
- རྩ་བའི་རྒྱུ་མཚན་དེ་གང་ན་ཡོད་པ་རེད།
- གོ་རིམ་དེ་མཐར་ཆགས་ཡིན་པ།
- མི་དེ་འཇིག་རྟེན་ཁམས་ན་བསྡད་ཡོད་དུས།
- སྐྱོ་སྣང་གི་ངང་ན་ཅི་ལྟར་ཡོད་གི
- སུན་སྣང་གི་ངང་ན་ཅི་ལྟར་དུ་ཡོད་གི
- ཅི་ལྟར་ཞེས་པ་འདི་ཞིབ་རྒྱས་སུ་བྲིས་ཡོད་པ་རེད།
- དེ་ཅི་རེད་ཟེར་ན།
- གྲུབ་འབྲས་ཆེན་པོ་རེད།
- རྩོམ་རིག་གི་གྲུབ་འབྲས་ཡང་དེ་ན་ཡོད་པ་རེད།
- ང་ཚོས་བོད་ཀྱི་དེ་འགྲིག་མེད་པའི་རྒྱུ་མཚན་ཅི་རེད་ཟེར་ན།
- དེ་ང་ཚོས་ཞིག་ལ་སྦྱར་ནས་ཅི་རེད་ཟེར་ན།概念
- འཁོར་བ་ལ་སྙིང་བོ་ཡོད་པ་མ་རེད།
- སྙིང་བོ་ཡོད་པ་མ་རེད།
- སྙིང་བོ་ཡོད་པ་མ་རེད།
- སྙིང་བོ་ཡོད་པ་མ་རེད་ཟེར་བའི་概念
- སྤྱི་དེ་ཁོ་ན་བཤད་ནས་བསྡད་ཏེ།
- འཁོར་བ་ལ་སྙིང་བོ་མེད་པ་དེ།
- མི་བུ་ཞིག་གི་གཤིས་ཀ་ཡི་སྟེང་ནས་མངོན་ནས་ཡོང་བ་དང་།
- མི་སྣ་ཞིག་གི་སེམས་ཁུངས་ཀྱི情绪
- དེ་ཕྱི་ལ་མཚོན་ནས་མངོན་པ་མ་རེད།
- མིན་པ་རེད།
- སྟབས་བདེ་བྱས་བ་མང་སོང་བ་རེད།
- ང་ཚོས་བྱ་འགྲིན་སྔོན་ཟླ་བའི་རྟོགས་བརྗོད་ལ་བལྟས་ན་ཤེས་བ་རེད།
- ཨོ་ཡ་་རྩོམ་གྱི་འགོ་བཟུང་བ་ནས་བཟུང་སྟེ།
- ཨ་མ་དེས་བཤད་རྒྱུ་ཅི་རེད་ཟེར་ན།
- འཚོ་བ་ལ་སྙིང་བོ་མེད་པའི་སྐད་ཆ་མང་པོ་བཤད་པ།
- འདི་ཅི་རེད་ཟེར་ན།
- ང་ཚོས་བཤད་པའི་དེ་རིང་སང་ཉིན་གྱི།
- དེ་གཞུང་ལུགས་ཀྱི་སྐད་ཆ་བཤད་རྒྱུ་ན་དེ་ཅི་རེད་ཟེར་ན།
- ཡིན་པ་མང་སོང་བ་རེད།抽象
- ཡིན་པ་མང་སོང་བ་རེད།抽象
- རྩོམ་རིག་ལ་གཏན་ནས་རུང་བ་མ་རེད།抽象
- སྤྱིར་ན་དེ་རེད།
- ང་ཚོས་བོད་ཀྱི་རྩོམ་རིག་གི་གནད་དོན་ཞིག་ཡོད་པ་ཅི་རེད་ཟེར་ན།
- སྐད་ཆ་བཤད་ཀྱི་མང་བ་དང་།
- ཁ་བརྡ་མང་བ་རེད།
- ལྷག་པར་དུ་སྲོལ་རྒྱུན་གྱི་རྩོམ་རིག་ལ་མཚོན་ན།
- རེད་ལ་་་གསུམ་ཆའི་གཉིས་ཁ་བརྡ་རེད།
- རྩོམ་ཚང་མ་ཡིན་རྒྱུ་ན་བཅད་ལྷུག་སྤེལ་མ་ཡིན་པ་རེད།
- དེ་ཡིན་རྒྱུ་ན་བཅད་པ་དང་ལྷུག་པ་གཉིས་ལས་བཅད་པ་མང་བ་རེད།
- བཅད་པ་ཐམས་ཅད་ཅི་རེད་ཟེར་ན།
- མི་སྣ་ཡི་གླུ་དང་ཁ་བརྡ་རེད།
- འོ་ན་གླུ་དང་ཁ་བརྡ་ཅི་ཡིན་པ་རེད་ཟེར་ན།
- རང་གི་འཚོ་བ་དང་འདྲེས་པའི་ཁ་བརྡ་མ་རེད།
- ཁོ་ཡིན་རྒྱུ་ན་ཆོས་ལུགས་པ་ཞིག་གི་ཚུལ་དུ་ད་ཅི་རེད་ཟེར་ན།
- ཆོས་བཤད།
- དེ་འགྲིག་ཡོད་པ་མ་རེད།
- སྤྱིར་བཏང་གི་ཁ་བརྡ་མ་ཆོག་པ་མ་རེད།
- ཁ་བརྡ་དེ་ཡིན་རྒྱུ་ན།
- རང་གི་སྐབས་ཐོག་འདིའི།
- སྤྱི་ཚོགས་ཀྱི་བྱ་བ་ཙག་ཙིག་དང་འབྲེལ་ནས་བསྡད་ཡོད་པའི།
- ཁ་བརྡ་ཞིག་ཡིན་རྒྱུ་ན།
- མི་སྣ་ཡི་གཤིས་ཀ་བཞེངས་སྐྲུན་བྱེད་པའི་ཁ་བརྡ་ཞིབ་འབྲི་ཡི་འགྱུར་བ་རེད་མོད།
- ང་ཚོས་ཁ་བརྡ་དེ་མ་རེད།
- མི་སྣ་ཞིག་གིས་ཁ་གྲག་དུས་ཆོས་བཤད་པ་རེད།
- དེ་ལྟ་བུ་ཞིག་ཏུ་གྱུར་སོང་།
- འོ་ན་ཁ་བརྡ་དེ་གོང་ནས་བཤད་པའི་རེད།抽象
- ཁོ་ཡིན་རྒྱུ་ན་སྔོན་ལ་སྤྱི་ཚོགས་ཀྱི་འཚོ་བ་དེ་ཤིན་ཏུ་རྒྱ་ཆེན་པོ་ཞིག་ཡིན་པ།
- དེ་ཅི་རེད་ཟེར་ན།
- སྤྱི་སྡོམ་ཞིག་བྱས་ནས།
- ཐ་མར་སྤྱི།
- ཁ་བརྡ་ཡི་ཚུལ་དུ་བཤད་རྒྱུ་རེད།
- དེ་ཡིན་རྒྱུ་ན་གནད་དོན་དུ་གྱུར་ནས།
- འོ་ན་འདི་ང་ཚོས་བཤད་པ་དེ་ཅི་རེད་ཟེར་ན།
- རྩོམ་རིག་ལ་མཚོན་རྒྱུ་ན་ངས་བཤད་རྒྱུ་གཙོ་བོ་ཅི་རེད་ཟེར་ན།
- རྩོམ་རིག་གི་རང་བཞིན་དེ་ངེས་པར་དུ་གལ་ཆེ་དགོས།
- རྩོམ་རིག་འཕེལ་རྒྱས་སུ་འགྲོ་དགོས་ན།
- རྩོམ་རིག་རང་བཞིན་དེ་ཡོད་དགོས་བ་དེ་གཙོ་བོ་རེད།
- ཤིན་ཏུ་གལ་ཆེ་བ་རེད།
- དེ་ན་ང་ཚོའི་རྩོམ་རིག་གི་ལྟ་བའི་ཆ་ནས་སོང་ན་ཡང་དེ་རེད།
- ཨོ་ཡ་་ནམ་ཡིན་ན་ཡང་།
- ང་ཚོའི་རྩོམ་ཞིག་ལ་མཚོན་རྒྱུ་ན།
- བསམ་བློ་ལ་བསམ་བློ་འདི་ཁོ་ན་གཙོ་བོར་མི་འཛིན་པ།
- འདི་བཟུང་ན་ང་ཚོ་ལམ་དོག་ས་ཞིག་ན་བསྡད་ཡོད།
- རྒྱ་ཡངས་ས་ཞིག་ལ་འགྲོ་དགོས་ན་ཅི་རེད་ཟེར་ན།
- གནས་སྐབས་ཀྱི་ཡིན་རྒྱུ་ན་བསམ་བློ་དེ་བསྐྱུར་དགོས།
- དེའི་ཕན་ཆད་ཀྱི་རྩོམ་རིག་ཅིག་ལ་མཚོན་རྒྱུ་ན།
- རྩོམ་རིག་རང་བཞིན་དེ་གང་ནས་མངོན་དགོས།
- དེའི་ཕྱོགས་ལ་འདང་ཆེན་པོ་བརྒྱབ་ན་ཅི་རེད་ཟེར་ན།
- རྩོམ་རིག་དེ་ལ་འཕེལ་རྒྱས་ཆེན་པོ་འབྱུང་ཐུབ་རྒྱུ་རེད།
- དེ་གནད་དོན་གཙོ་བོ་ཞིག་རེད།
- དེའི་རྗེས་ནས་ང་ཚོས་གོང་ནས་བཤད་པ།
- རྩོམ་རིག་དང་སྤྱི་ཚོགས་གཉིས་འབྲེལ་བའི་སྟེང་ནས་བཤད་རྒྱུ་ན།
- རྩོམ་རིག་དང་སྤྱི་ཚོགས་གཉིས་ལ་འབྲེལ་བ་གཏན་ནས་མེད་པ་མ་རེད།
- ཁོའི་གནད་གཙོ་བོ་ཅི་ཡིན་དགོས་པ་རེད་ཟེར་ན།
- རྩོམ་རིག་གིས་སྤྱི་ཚོགས་འཚོ་བ་མཚོན་རྒྱུ་རེད།
- རྩོམ་རིག་གིས་བསམ་བློ་ཡང་མཚོན་རྒྱུ་རེད།
- འོ་ན་གནད་གཙོ་བོ་ཅི་ཡིན་དགོས་ཟེར་ན།
- རྩོམ་རིག་དང་སྤྱི་ཚོགས་གཉིས་ཀྱི་བར་ན།
- ད་རུང་མཚམས་སྦྱོར་བ་ཞིག་ཡོད་དགོས།
- མཚམས་སྦྱོར་བ་དེ་ཅི་རེད་ཟེར་ན།
- མི་བུ་རེད།
- དོན་གྱིས་ཅི་རེད་ཟེར་ན།
- རྩོམ་གྱིས་མི་བུ་ཞིག་བྲིས་ནས་ཅི་རེད་ཟེར་ན།
- སྤྱི་ཚོགས་འཚོ་བ་མཚོན་པ་འདི་ནི་ལམ་ཡང་དག་པ་ཞིག་རེད།
- ཨོ་ཡ་་་མི་བུ་བྲིས་ནས་སྤྱི་ཚོགས་འཚོ་བ་མཚོན་པ།
- ང་ཚོས་བོད་ཀྱི་རྩོམ་རིག་གི་གནད་དོན་གཙོ་བོ་ཅི་ཞིག་རེད་ཟེར་ན།
- མི་བུ་དེ་ཕལ་བའི་གནས་སུ་ལྷུང་སོང་བ་རེད།
- ཅི་རེད་ཟེར་ན།
- རྩོམ་པ་པོ་རང་གི་ལྟ་བ་དང་།
- ཡང་ན་རང་གི་སྤྱི་ཚོགས་ཀྱི་ངོས་འཛིན་ཞིག་བརྗོད་པའི་ཆེད་དུ།
- ཆེད་དུ་དམིགས་ཡུལ་རེད།
- ཁོས་ཅི་ཞིག་བྱེད་རྒྱུ་རེད།
- གཏམ་རྒྱུད་ཅིག་བསྒྲིག་རྒྱུ་རེད།
- ཕལ་ཆེར་དེ་ཡིན་པ་རེད།
- ང་ཚོས་བོད་ཀྱི་རྩོམ་པ་པོ་ཞིག་གིས།
- བརྩམས་སྒྲུང་འབྲི་བའི་སྐབས་སུ་ཅི་ལྟར་འབྲི་རྒྱུ་རེད་ཟེར་ན།
- ངའི་ཅི་ཞིག་མཚོན་དགོས་པ་རེད་ཟེར་ན།
- བོད་ཀྱི་སྤྱི་ཚོགས་ཀྱི་སྟེང་ན།
- བོད་ཀྱི་རྩོམ་རིག་གི་སྟེང་ན་ཡིན་རྒྱུ་ན།
- དེ་རེད།
- ཁོས་འདང་བརྒྱག་པའི་དུས་སུ།
- ཐོག་མར་བོད་ཀྱི་སྤྱི་ཚོགས་ཀྱི་སྟེང་ན།
- སྐད་དང་ཡི་གེ་གནད་དོན་རེད་ལ།
- རྩྭ་ས་རྩོད་གླེང་གནད་དོན་རེད་ལ།
- དབྱར་རྩྭ་བརྐོ་བ་གནད་དོན་རེད་ལ།
- འདི་ཚང་མར་ཁྱེད་ཚོས་ལྟོས་དང་།
- སྤྱི་ཚོགས་རེད།
- གནད་དོན་ཡོད་པ།
- ཚོགས་པ་ཞིག་གི་ངོས་ན་འདང་བརྒྱབ་ཡོད་པ་རེད།
- དོན་གྱིས་ཅི་ཞིག་རེད་ཟེར་ན།
- དེ་འདྲ་ཞིག་མ་རེད།
- མི་ཞིག་ལ་འདི་ལྟར་འབྲེལ་འདྲིས་བྱས་ན།
- མི་འདིའི་སྟེང་ན་འདི་ཅི་ཞིག་ཡིན་པ་རེད།
- འདིའི་སེམས་ན་འདི་ཅི་ལྟར་དྲན་པ་རེད།
- འདི་ཅི་ཞིག་ལ་དྲན་དགོས་པ་རེད།
- ཁྱོད་ཚོས་ལྟོས་དང་དེ་གཉིས་གཅིག་པ་མ་རེད།
- གཏན་ནས་གཅིག་པ་མ་རེད།
- ཡིན་པ་གང་ཡིན་དགོས་པ་རེད་ཟེར་ན།
- རྩོམ་རིག་གི་ང་ཚོས་བཤད་པ་ཡིན་ན་ཆོག་གི灵感
- ཐོལ་བྱུང་གི་རིག་པ་དེ་གང་ནས་ཡོང་དགོས།
- མི་བུ་ཞིག་ལ་ཁ་བརྡ་བྱས་ནས།
- མི་བུ་ཡི་སྟེང་ནས་ཡོང་ན་འགྲིག་པ་རེད།
- རྩོམ་འབྲི་བའི་དུས་སུ་ཡང་མི་བུ་དེ་གཙོ་བོ་བྱས་ནས།
- དེ་ཡིན་པའི་སྟབས་ཀྱིས།
- སྤྱིར་བཏང་གི་དེ་རེད།
- རྩོམ་པ་པོ་ཐོག་མའི་རྩོམ་པ་པོ་ཞིག་ལ་མཚོན་རྒྱུ་ན།
- གོང་ནས་བཤད་པའི་ཐོག་པའི་རྣམ་པ།
- དེ་ཡོད་ན་འགྲིག་པ་རེད།原形
- དེ་མེད་ན་ང་ཚོར་ད་རུང་རྩོམ་རྩལ་གྱི་ཆ་ནས་ཆེན་པོ་ཆེན་པོ་ཞིག་མེད་གི
- ཁྱེད་ཀྱིས་མེད་པར་བློས་བསླང་གིས་བློ་བཟོ་བྱེད་རྒྱུ་ཟེར་ན་དཀའ་བ་རེད།原形
- དེ་ལས་མྱུར་ལམ་ཅི་རེད་ཟེར་ན།
- མི་གཅིག་བཟུང་ནས་དེའི་ནང་དུ།原形
- ང་ཚོས་བཤད་པའི་གཏུབ་་་གཞོག་་་ཁ་གནོན་ཞིག་བྱས།
- དེ་ལྟར་བྱས་ནས་མི་དེ་རྒྱ་བསྐྱེད་དེ།
- ཡོད་པའི་རྐྱེན་གྱིས་དེ་གསོན་པོར་གྱུར་ཐུབ་པ་རེད།原形
- དེ་ན་ཅི་རེད་ཟེར་ན།
- རྩོམ་རིག་གིས་སྤྱི་ཚོགས་ཀྱི་གནད་དོན་མཚོན་པའི་དུས་སུ།
- གཙོ་བོ་ཅི་ལྟར་བྱེད་དགོས་ཟེར་ན།
- མི་བུ་མི་བྱེ་བྲག་པ་ཞིག་གི་སྟེང་དུ་འདང་བརྒྱག་རྒྱུ།
- ཁྱོད་ཀྱིས་རྩོམ་རིག་གིས་སྤྱི་ཚོགས་མཚོན་ན་ཡང་།
- མི་བུ་ཞིག་བསྒྱུར་ནས།
- མི་བུ་ཞིག་བཅོས་ནས།
- སྤྱི་ཚོགས་འཚོ་བ་མཚོན་རྒྱུ་དེ་རྩོམ་རིག་ངོ་མ་ཡིན་པ་རེད།