27 Mar 2013
31 min 16 sec
Video Overview
Creators:
Gangri Pumo, Drangchar
This is the fourth part of a lecture by Dongrub Tsering at the First Young Tibetan Women's Literature Training in Trika, Qinghai Province.
- Triga
- དེ་རེད། དེ་མ་ཟད་ད་དུང་གང་ཡིན་ཟེར་ན།
- འཇུ་སྐལ་བཟང་གིས་ད་དུང་ཡིན་རྒྱུ་ན།
- མུ་མཐུད་དུ་སྙན་ངག་གི་ཁྱད་ཆོས་བཤད་པའི་སྐབས་སུ།
- གང་རེད་ཟེར་ན།
- སྐད་ཆ་འདི་འདྲ་ཞིག་བཤད་ཡོད།
- ཐོག་མར་སྙན་ངག་པ་དེའི་དགའ་སྐྱོ་ཆགས་སྡང་དང་།
- དད་གོས་མོས་གདུང་སོགས་གཞན་ལས་ལྷག་པ་ཞིག་དང་།
- འཚོ་བ་ལ་ལྷག་བསམ་དང་དགའ་ཞེན་གཞན་ལས་ཆེས་པ་ཞིག
- ཚོར་བ་གཞན་ལས་རྣོ་བ་ཞིག་ཡིན་ཏེ།
- མེ་ཏོག་ཆུ་ལ་ལྷུང་བ་དང་།
- སྡོང་ལོ་རླུང་གིས་ཁྱེར་བ།
- ཕུ་ཆུ་ལྷུང་ལྷུང་འབབ་པ་དང་།
- ཁུ་བྱུག་སྙན་མོར་སྒྲོག་པ།
- རི་སྐྱེས་རྒྱ་རུ་ཚུད་པ་དང་བྱེ་ལེབ་མེ་ལ་སྤྱད་པ།
- མོས་མཐུན་བཅས་བས་བསྡོངས་བ་དང་།
- མཛའ་གཅིག་འཕྲད་པས་དགའ་བ་སོགས།
- ཚོར་མེད་མཚན་པོ་དབང་ཤེད་སྐྱེད་ཞིང་།
- ཉེས་མེད་ལྡན་པ་ཁ་གཏད་ཞན་པ་སོགས་ལ།
- བློ་ཁ་མྱུར་བར་ཕྱོགས་ཚེ།
- ཚུགས་མི་ཐུབ་པས་ཚོར་འདུ་ཐུན་མོང་མ་ཡིན་པ་ཞིག
- སེམས་ཀྱི་སྟེང་ནས་འཇུ་ཞིང་འཁྲུག་པར་བྱེད་པ་ཡིན་གྱི།
- ཞེས་སྐད་ཆ་འདི་འདྲ་ཞིག་བཤད་ཡོད་ཀི།
- འདི་གོང་ནས་ངས་གན་བཤད་པའི་སྐབས་སུ།
- རྩོམ་རིག་གསར་རྩོམ་གྱི་ཁམས་དང་ལམ་བཤད་པའི་སྐབས་སུ།
- ཅུང་ཙམ་ཞིག་བཤད་ཡོད་ལ།
- ཁོ་རང་གིས་གང་རེད་ཟེར་ན།
- ད་འདི་ནས་བཤད་པ་འདི་རེད།
- ལྷག་པར་དུ་སྐད་ཆ་ཞིག
- ཚུགས་མི་ཐུབ་པའི་ཚོར་འདུ་ཐུན་མོང་མ་ཡིན་པ་ཞིག
- སེམས་ཀྱི་སྟེང་ནས་འཇུ་ཞིང་འཁྲུགས་པར་བྱེད་པ་ཟེར་བ།
- དེ་ཚོར་འདུ་རེད།
- ཤུགས་དྲག་པའི་ཚོར་འདུ་དེ་བཤད་པ་རེད།
- ཨོ་ལེད་་གཙོ་བོ་ཡིན་ན་ཤུགས་དྲག་པའི་ཚོར་འདུ་དེ་བཤད་བཞིན་ཡོད་པ་རེད།
- ཚུགས་མི་ཐུབ་པ།
- རང་ཚུགས་མི་ཐུབ་པ་ཟེར་བ།
- ཨོ་ལེད་་་རང་བཞིན་གྱིས་་་ངང་ངམ་ཤུགས་ཀྱིས་འབྱུང་བ།
- ཚོར་འདུ་ཐུན་མོང་མ་ཡིན་པ་ཞིག་ལ་སེམས་ཀྱི་སྟེང་ནས་འཇུ་བ།
- འཁྲུག་པར་བྱེད་པ་ཡིན།
- དེ་ལྟར་ཡིན་པ་མ་ཟད་གང་རེད་ཟེར་ན།
- ད་དུང་སྙན་ངག་པ་དེ་དགའ་སྐྱོ་ཆགས་སྡང་ཡིན་ན་ཆོག་གི
- དད་གོས་མོས་གདུང་དེ་མི་གཞན་ལས་ལྷག་པ་ཞིག་ཡིན་དགོས་པ་རེད།
- འཚོ་བ་ལ་ལྷག་བསམ་དང་དགའ་ཞེན་གཞན་ལས་ཆེ་བ་ཞིག་ཡིན་དགོས།
- ཚོར་བ་འདི་གཞན་ལས་རྣོ་བ་ཞིག་ཡིན་དགོས།
- དེ་རེ་རེ་ཁོ་རང་གིས་ཞིབ་ཆ་བཏོད་དེ།
- རྣམ་བཤད་ཀྱི་ཚུལ་དུ་འདི་འདྲ་ཞིག་བཤད་ཡོད།
- འདི་ཡིན་ན་ཧ་ཅང་གིས་གན་ཞིག་རེད་བསམ་གི
- ཅུང་ཙམ་དོ་སྣང་བྱེད་དགོས་པ་དེ་འདྲ་ཞིག་རེད།
- གཤམ་ནས་ངས་གཙོ་བོ་གང་ཡིན་ཟེར་ན།
- འདིའི་ཕྱོགས་ཀྱི་དཔེ་ཁ་ཤས་དྲངས་ནས།
- ཞིབ་ཆ་བཏོད་ནས།
- ངས་གཙོ་བོ་བཤད་ན་འདོད་པ་གང་རེད་ཟེར་ན།
- རང་གི་རིག་པའི་སྐྱིད་རེ་ས་དགེ་བའི་བཤེས་གཉེན་དང་།
- ནུབ་ཕྱོགས་ཕུལ་དུ་བྱུང་བའི་མཁས་བ་འམ།
- སེམས་ཀྱི་དྲོད་ཐིག་ལྟ་བུའི་གྲོགས་ཕོ་མོ་དང་།
- གཉེན་ཉེ་འབྲེལ་སོགས་གང་རུང་ཞིག
- གློ་བུར་དུ་རྐྱེན་བར་ཆད་ཀྱིས་ཁྱེར་ནས།
- འཇིག་རྟེན་མི་ཡུལ་དང་ཁ་བྲལ་བ་ན།
- དེ་དག་རྗེས་སུ་དྲན་ཞིང་གདུང་བའི་སྙན་ངག་རེ།
- དེ་རང་གིས་ཤུགས་དྲག་པའི་ཚོར་འདུ་བསྟོད་པ་ཟེར་བ།
- འདི་ཡི་ཕྱོགས་ནས་དཔེ་ཁ་ཤས་དྲངས་ནས་བཤད་ན།
- འདི་འདྲ་ཁ་ཤས་ཤིག་ཡོད་ཀི།
- ཕྱོགས་ཁ་ཤས་ནས་དཔེ་གསུམ་བཞི་ཞིག་ཡོད་ཀི།
- དེ་དྲངས་ནས་བཤད་ན།
- དང་པོ་དེ་གང་ཡིན་ཟེར་ན།
- རྒན་རྗེ་བཀྲ་བྷོ་ལགས་ཀྱིས་བརྩམས་པའི་སྲིན་བུ་མིག་ཆུ་དེཟེར་བ།
- དེ་གང་རེད་ཟེར་ན།
- སློབ་དཔོན་ཆེན་མོ་བཤད་སྒྲུབ་མཆོག་ལ་རྗེས་དྲན་དུ་ཞེས་པའི།
- སྙན་ངག་འདི་དཔེ་དྲངས་ནས་ངོ་སྤྲོད་རགས་རམ་ཙམ་བྱས་ན།
- ཁོའི་དེའི་ནང་གི་སྙན་ངག་ཁ་ཚང་ངས་འདི་ལ་བཀོད་མེད།
- ནང་གི་ཤུགས་དྲག་པའི་ཚོར་འདུ་ཡི་ཆ།
- ཨོ་ལེད་་ཤུགས་དྲག་པའི་ཚོར་འདུ་ཡི་ཆ་དེ།
- དེ་ཡང་གང་རེད་ཟེར་ན།
- རྩོམ་པ་པོ་ཡི་སེམས་ཁམས་ལ་འབྲེལ་ཡོད་པ།
- ཨོ་ལེད་་་ཁོ་འདིའི་སྙན་ངག་ད་ལྟ་འདིའི་ནང་ནས་མང་ཆེ་བ།
- དཔེ་དྲངས་བ་མང་ཆེ་བ་གང་ཡིན་ཟེར་ན།
- དེང་སང་གི་རང་མོས་སྙན་ངག་ཟེར་ན་ཆོག
- སྙན་ངག་གསར་བ་ཟེར་ན་ཡང་ཆོག་དེ་ཡིན།
- དེ་ཡིན་པ་མ་ཟད་དེ་ཡི་ནང་གིས་གང་རེད་ཟེར་ན།
- སྙན་ངག་ཆ་ཚང་གི་སྐོར།
- དེ་ཡི་ནང་གི་ཚན་པ་ཐུང་ཐུང་ཟུར་དུ་དྲངས་ནས།
- ངོ་སྤྲོད་བྱས་ན་འདྲ་དེ་འདྲ་ཞིག་ཡིན།
- དེ་ཡིན་ན་དེ་ཡི་ནང་ན་ཚིག་འདི་འདྲ་ཞིག་ཡོད།
- སྲིན་བུ་མིག་ཆུ་ཟེར་བ་དེའི་ནང་ན།
- ད་ནངས་ཡང་དྲག་ཏུ་ལྡང་བའི་རླུང་ནག་གྱིས།
- ངས་བྱང་ཆུབ་ཤིང་གི་ལོ་མ་ཞིག་ནམ་མཁའ་ལ་ཁྱེར།
- མི་མངོན་པའི་དབྱིངས་ལ་ཁྱེར་ཟེར་བའི་སྐད་ཆ་ཞིག་ཡོད།
- ད་ནངས་ཡང་ཚིག་འདི་རེ་རེ་ཞིབ་ཆ་དོད་ཀྱི་ཅུང་ཙམ་ཡོད་པ་རེད།
- ད་ནངས་ཡང་ཟེར་བའི་ཡང་སྒྲ་དེར་གོ་རྒྱུ་ཡོད་པ་རེད།
- དྲན་གདུང་ཤུགས་དྲག་པའི་ཚོར་འདུ་དེ།
- ཨོ་ལེད་་་ད་གོང་ནས་ངས་བཤད་པ་དེ།
- རང་གི་སྐྱིད་རེ་སའི་དགེ་བའི་བཤེས་གཉེན།
- རིག་པའི་སྐྱིད་རེ་ས།
- ཨོ་ལེད་་་རིག་པའི་སྐྱིད་རེ་སའི་དགེ་བའི་བཤེས་གཉེན།
- གནད་ཕྱོགས་ཕུལ་དུ་ཕྱིན་པའི་མཁས་བ།
- སེམས་ཀྱི་དྲོད་ཐིག་ལྟ་བུའི་གྲོགས་ཕོ་མོ་དང་གཉེན་ཉེ་འབྲེལ་སོགས།
- ཨོ་ལེད་་་རྐྱེན་ངག་བར་ཆད་ཀྱིས་ཁྱེར་ནས།
- འཇིག་རྟེན་མི་ཡུལ་དང་ཁ་བྲལ་བའི་སྐབས་ཀྱི།
- དྲན་གདུང་དང་ཤུགས་དྲག་པའི་ཚོར་འདུ།
- ད་ནངས་ཡང་སློབ་དཔོན་ཆེན་པོ་བཤད་སྒྲུབ་རྒྱ་མཚོ་མཆོག་ཡིན་ན།
- ངོ་མ་བཀའ་དྲིན་ཅན་ཡིན་པ་རེད།
- མཚོ་ལྷོ་དགེ་ཐོན་སློབ་གྲྭ་ཡི་དགེ་རྒན་ཆེན་མོ།
- དེང་སང་ཡང་ཕལ་ཆེར་དགོང་ལོ་མཐོན་པོ་མ་རེད།
- དགོང་ལོ་ཐོན་པོ་མ་རེད།
- དེ་ཡིན་རྒྱུ་ན་ང་རང་གི་དགེ་རྒན་ཡང་ཡིན།
- བཀའ་དྲིན་ཤིན་ཏུ་ཆེན་པོ་རེད།
- ལྷག་པར་དུ་མཚོ་ལྷོ་ཁུལ་གྱི་དགེ་བའི་སློབ་གྲྭ་ཆེན་མོ་ལ་མཚོན་ན།
- ཕལ་ཆེར་དགེ་རྒན་མང་པོ་ཞིག་ཁོ་རང་གིས།
- དེ་ཡི་ནང་གི་དགེ་རྒན་མང་པོ་ཞིག་ཁོ་རང་གིས་སྐྱེད་བསྲིང་འདྲ་བ།
- ཁོ་རང་གིས་སློབ་ཁྲིད་ལ་མ་ཉན་པ་ཕལ་ཆེར་གཅིག་ཀྱང་ཡོད་ཀྱི་མ་རེད།
- དེ་ཡིན་ན་དེ་རེ་རེ་ཡིས་དེང་སང་ཡིན་ན།
- སྤྱིར་མཚོ་ལྷོ་ས་ཆ་ན་ཡོད་པའི་མཁས་པ་ཡིན་ན་འདྲ།
- ལས་བྱེད་པ་མང་ན་ཡང་ཚང་མ་ཡིན་ན་ཁོ་རང་གིས་སློབ་མ་མ་བརྒྱུད་པ་ཞིག
- སྤྱིར་བཏང་གིས་ཉུང་ཉུང་ཡིན་རྒྱུ་རེད།
- དེ་ཡིན་པའི་རྐྱེན་གྱིས་བཀའ་དྲིན་ཆེ་བ་རེད།
- བཀའ་དྲིན་ཆེ་བ་རེད།
- རྒན་བཤད་སྒྲུབ་རྒྱ་མཚོ་ཡིས་དེ་གང་རེད་ཟེར་ན།
- ཁོ་རང་གིས་ཚིག་གི་ནང་ན་ཡིན་ན་ཡང་དེ་རེད།
- ད་ནངས་ཡང་ཟེར་བ།
- དྲགས་ཏུ་ལྡང་བའི་རླུང་དམར་གྱིས།
- རླུང་བུ་ཞེས་པ་དེ་ང་ཚོ་སྙན་ངག་འདིའི་ནང་ནས་བལྟས་ནས་ཡོང་ན།
- ཡིད་སྙམ་ཞིག་ལ་ངོས་འཛིན་དགོས།
- ཡིད་སྙམ་ཞིག་ཡིན་རྒྱུ་རེད་སྙན་ངག་དེ།
- དྲག་ཏུ་ལྡང་བའི་རླུང་དམར་གྱིས་ཅི་ཞིག་བྱས་པ་རེད་ཟེར་ན།
- ངས་བྱང་ཆུབ་ཤིང་གི་ལོ་མ་ཞིག
- བྱང་ཆུབ་ཤིང་གི་ལོ་མ།
- ཤིང་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་བའི་ཤིང་ཞིག་ཡིན་དགོས་ལ།
- ཁ་བྱང་ཆེས་འགོ་མ་འདི།
- ངས་བྱང་ཆུབ་ལོ་མ་ཞིག་ཟེར་ནས།
- དེ་ཡིས་ང་དང་བྱང་ཆུབ་ལོ་མ་གཉིས་ཀྱི་འབྲེལ་བ་དེ།
- གཟུགས་ས་བྱེད་ཡུལ་ཡོད་ཀི།་དེའི་ནང་ན།
- དེ་གང་ཞིག་ཅི་ཞིག་བྱས་པ་རེད་ཟེར་ན།
- བྱང་ཆུབ་ཤིང་གི་ལོ་མ་དེ་དང་རླུང་དམར་དེ་གཉིས་ཡིད་སྙམ་གྱི་ནང་ནས།
- ཡིད་སྙམ་གཙོ་བོ་གཉིས་ཡིན་རྒྱུ་རེད།
- ཡིད་སྙམ་འདི་ལ་ཡང་ཡིད་སྙམ་སྤྱིར་བཏང་གིས་གང་རེད་ཟེར་ན།
- ཡིད་སྙམ་གཙོ་བོ་ཞིག་དང་ཡིད་སྙམ་ཕལ་བ་ཟེར་བའི་བཤད་ཚུལ་གཉིས་ཡོད་ཀི།
- 核心影响ཟེར་བ།
- དེའི་ནང་གི་སྤྱིར་དཔེ་བཞག་ན་ངས་ད་ལྟའི།
- དཔའ་རྩེ་ཡིས་བརྩམས་པའི་གནའ་བོའི་ཅོང་རྙིང་དེ་ལ།
- དཔྱད་བརྗོད་རེ་བཀོད་ཡོད།
- དཔྱད་བརྗོད་ཐུང་ཐུང་རེ་བྲིས་ནས་སྦྲང་ཆེ་སྟེང་ལ་བཀོད་ཡོད།
- ད་ལྟ་ཡིན་ན་ང་ཚོ་བོད་ཡིག་མཐོ་འབྲིང་གི་སློབ་གཞི་དེབ་ལྔ་བ།
- ད་ལོ་ཡིན་ན་གསར་དུ་བསྒྲིགས་ནས་ད་ལོ་ཐོན་གི་ཡོད།
- ཕལ་ཆེར་དཔེ་ཆ་ཐོན་ཡོད་ཀྱི་རེད།
- ངས་དཔེ་ཆ་ད་རུང་མཐོང་མ་མྱོང་ལ།
- ཁོ་ཚོའི་ང་ཚོ་སློབ་གཞི་སློབ་མ་ཡི་ཞིང་ལྗོངས་ལྔ་ཡི་སློབ་གཞི།
- དེབ་ལྔ་བ་ཡི་ནང་ལ་བཞག་ཡོད་ཟེར་བ་རེད།
- དེ་ང་པེ་ཅིན་སློབ་གྲྭ་ཆེན་མོ་ན་ཡོད་དུས་ཁོ་ཚོའི་ཁ་པར་ཡོང་ནས།
- ངས་ད་དུང་བཟོ་བཅོས་ཅུང་ཙམ་ཞིག་བྱས་ནས་ཁོ་ཚོར་བསྐུར་བ་ཡིན།
- དེ་ཡི་ནང་ནས་གང་རེད་ཟེར་ན།
- དེ་ཡི་ནང་ནས་གང་རེད་ཟེར་ན།
- ཡིད་སྙམ་གཙོ་བོ་ཟེར་བ་དེ་གང་ཡིན་པ་དེ་ཧ་གོ་བ་རེད།
- གནའ་བོའི་ཅོང་རྙིང་གི་ནང་གིས་ཡིད་སྙམ་གཙོ་བོ་དེ་གང་རེད་ཟེར་ན།
- ཅོང་རྙིང་དེ་རེད།
- ཅོང་རེད།
- དེ་ང་ཚོའི་ཧ་གོ་བ་རེད།
- ལང་ཚོའི་རྦབ་ཆུ་ལྟ་བུ་ཞིག་ཡིན་ན་ཡང་དེ་རེད།
- ལང་ཚོའི་རྦབ་ཆུ་ཡིན་ན་ཡང་དེ་ཡི་ནང་གི་གང་རེད་ཟེར་ན།
- ཡིད་སྙམ་གཙོ་བོ་དེ་གང་རེད་ཟེར་ན།
- རྦབ་ཆུ་དེ་རེད།
- རྦབ་ཆུ་དེ་ལང་ཚོའི་རྦབ་ཆུའི་ནང་གི་ཡིད་སྙམ་གཙོ་བོ་དེ་རེད།
- རྒྱ་སྐད་བཤད་ན་核心影响ཟེར་བ།
- དེ་ཡི་ནང་གི་གཙོ་བོ་སྙིང་བོ་དེ་ཡིན་དགོས།
- སྙན་ངག་ཅིག་ཡིན་ན་ནང་ན་ཡིད་སྙམ།
- ང་ཚོའི་ཡིད་སྙམ་དེ་བཤད་ཀྱིན་འདུག་པ་ཞིག་རེད་ལ།
- རྒྱ་ཡིན་ན་ཡང་།
- དེའི་ནང་ནས་ཡིད་ཡུལ་ཡང་ཟེར་བ་རེད།
- 意境དེ་ལ་ཡིད་ཡུལ་ཡང་ཟེར་བ་རེད།
- དྲང་མོར་བཤད་ན་ཁོ་རྒྱུ་དང་འབྲས་བུ་ཡི་འབྲེལ་བ་ཞིག་ཡིན་དགོས་ལ།
- ཡིད་སྙམ་དུ་མ་འདུས་བ་ལས་ཡིད་ཡུལ་དེ་གྲུབ་པ་ཡིན་དེ་ཟེར་བ་རེད་ལ།
- ཡིད་སྙམ་དུ་མ་ཡིད་སྙམ་གྱི་ཚོགས་པ་ཟེར་ན་འདྲ།
- ཡིད་སྙམ་དུ་མ་ཟེར་ན་འདྲ།
- དེ་ལ་བརྟེན་ནས་གང་རེད་ཟེར་ན།
- ཡིད་ཡུལ་ཟེར་བ་རྒྱ་སྐད་ཀྱིས་བཤད་ན་意境ཟེར་བ།
- དེ་བྱུང་བ་ཡིན།
- ད་ལྟ་ཡི་སྙན་ངག་འདི་ལྟ་བུ་ལ་མཚོན་ན།
- དྲག་ཏུ་ལྡང་བའི་རླུང་དམར་དེ་ཡི་ནང་གི་རླུང་དམར།
- བྱང་ཆུབ་ཤིང་ཀྱི་ལོ་མ་འདི་གཉིས་ཡིད་སྙམ་བྱེད་དགོས།
- ཨོ་ལེད་་་ཡིད་སྙམ་བྱེད་དགོས་ལ།
- ངས་བྱང་ཆུབ་ཤིང་གི་ལོ་མ་དེ་ཅི་ཞིག་བྱས་པ་རེད་ཟེར་ན།
- ནམ་མཁའ་ལ་ཁྱེར།
- མི་མངོན་པའི་དབྱིངས་ལ་ཁྱེར་ཟེར་ནས།
- ངས་འཁྲེན་བཤད་ལྟ་བུ་ཞིག་བཤད་ཡོད།
- ངས་བྱང་ཆུབ་ཤིང་གི་ལོ་མ་བཅས་པ་ལས།
- སྙན་ངག་པ་དང་བྱང་ཆུབ་ཤིང་གི་ལོ་མ་གཉིས་བར་གྱི་འབྲེལ་བ་དེ་བསྟན་པ་རེད།
- ངས་ཟེར་ནས་འབྲེལ་སྒྲ་བཞག་ཡོད།
- ངས་བྱང་ཆུབ་ཤིང་གི་ལོ་མ་ཞིག།
- ཁོའི་སེམས་རྩོམ་པ་པོ་ཁོའི་སེམས་རེད།
- རྒན་རྗེ་བཀྲ་བྷོ་འདི་ཚང་མའི་མི་ཤེས་པ་ཞིག་ཡོད་པ་མ་རེད།
- ཁོ་རང་གིས་སྙན་ངག་མང་པོ་ཞིག་བྲིས་མ་མྱོང་།
- དྲང་མོར་བཤད་ན་སྙན་ངག་མང་པོ་ཞིག་བྲིས་མ་མྱོང་།
- ཁ་ཤས་ཤིག་བྲིས་པ་ཡིན།
- ཁ་ཤས་བྲིས་པ་འདིའི་ནང་ནས་གང་རེད་ཟེར་ན།
- ད་ལྟ་ཡི་སྲིན་བུ་མིག་ཆུ་ལྟ་བུ་ཧ་ཅང་གིས་སྙན་ངག་ཡག་པོ་ཞིག་བྲིས་ཡོད།
- ཨོ་ལེད་་་ཡག་པོ་ཞིག་བྲིས་ཡོད་ཀི།
- ཨོ་ལེད་་་འདིའི་ནང་ནས་གང་རེད་ཟེར་ན།
- ཨོ་ལེད་་ཁོ་གཉིས་བར་གྱི་འབྲེལ་བ།
- བྱང་ཆུབ་ཤིང་གི་ལོ་མ།
- ལོ་མ་སྤྱིར་བཏང་བ་ཞིག་མ་རེད།
- དེང་མ་ངས་གོང་ནས་ཡོད་ཚད་གོང་མ་ཡི་ནང་ནས་ཡང་།
- དེ་གང་རེད་ཟེར་ན།
- རྗེ་དགེ་འདུན་གྲུབ་པའི་ཤར་གངས་རི་མ་ཡིན་ན་ཡང་དེ་རེད།
- ཤར་ཕྱོགས་ན་ཡོད་པ།
- ཤར་ཕྱོགས་ཀྱི་གངས་རི།
- རི་ཡི་རྩེ་ན་ཡོད་པ།
- རྩེ་ན་སྤྲིན་ཡོད་པ།
- སྤྲིན་དེ་ཟད་སྤྲིན་དཀར་བོ་ཞིག་ཡིན་པ།
- དེ་ཡི་ནང་ན་ཁོ་ཡིས་རང་གི་སེམས་ཀྱི་གོ་ས་དེ།
- རང་གི་བླ་མའི་སེམས་ཀྱི་གོ་ས་དེ་ཚད་མཐོན་པོ་ཞིག་ན་བཞག་ཡོད།
- ཤར་ཕྱོགས་ན་ཡོད་པ།
- རི་མཐོན་པོ་ཞིག་གི་རྩེ་ན་ཡོད་པ།
- རྩེ་ན་ཅི་ཞིག་ཡོད་ཀི།་སྤྲིན་པ་ཞིག་ཡོད་པ།
- སྤྲིན་པ་དེ་གང་རེད་སྤྲིན་པ་དཀར་པོ་ཞིག་ཡིན་པ།
- དེ་མཐོང་མོད་ལ་རང་གི་བླ་མ་དྲན་པ་ཟེར་བ།
- ཚིག་རེ་རེ་རེ་རེ་བསྒྲིགས་ཡོད་པ་རེད།
- དེ་བཞིན་དུ་ད་དུང་འདི་ལྟ་བུ་ཞིག་རེད།
- ངས་བྱང་ཆུབ་ཤིང་གི་ལོ་མ་ཞིག་ཟེར་བ་དེར་གོ་རྒྱུ་ཤིན་ཏུ་ཡོད།
- ཁོ་གཉིས་ཀྱི་འབྲེལ་བ་བསྟན་པ་རེད།
- ཤིང་གི་ལོ་མ་དེ་སྙན་ངག་པ་ལ་མཚོན་ན།
- རིན་ཐང་ཆེ་བ་ཞིག་ཡིན་པ་བྱང་ཆུབ་བཅས་པའི་མང་འདུས་བསྟན་ཡོད།
- ད་པ་ཞོགས་པའི་དུས་སུ་རྐྱེན་ངན་བར་ཆད་དྲག་ཏུ་ལྡང་ཤིང་།
- ལྡང་བའི་རླུང་དམར་གྱི་གཟུགས་སུ་བཀོད་དེ།
- དོན་རྩ་ལྡན་པ་དང་རིན་ཐང་ཆེ་བའི་བྱང་ཆུབ་ཤིང་གི་ལོ་མ་དེ།
- རང་དང་བར་ཐག་རིང་བའི་ནམ་མཁའ་ལ་བཙན་གྱིས་ཁྱེར་པ།
- རིམ་གྱིས་རིམ་གྱིས་གང་རེད་ཟེར་ན།
- མི་མངོན་པའི་དབྱིངས་ལ་ཁྱེར་སོང་ཞེས།
- སྐྱོ་བ་ཤུགས་དྲག་གི་གདུང་དབྱིངས་འདི་ཅུང་ཟད་གབ་པའི་ཚུལ་དུ་བརྗོད་ཅིང་།
- ཁྱོས་བལྟས་ལ།
- ངས་བྱང་ཆུབ་ཤིང་གི་ལོ་མ་ཞིག་ནམ་མཁའ་ལ་ཁྱེར།
- མི་མངོན་པའི་དབྱིངས་ལ་ཁྱེར་ཟེར་བ་དེའི་ནང་ནས།
- གང་རེད་ཟེར་ན།
- ཁོ་རང་གི་སྐྱོ་བ་ཤུགས་དྲག་པོ་ཞིག་ཡོད་པ་དེ།
- ཅུང་ཟད་ཐུགས་ཁུར་བྱེད་དགོས་པ་རེད།
- ཅུང་ཟད་གབ་པའི་ཚུལ་དུ་ནམ་མཁའ་ལ་ཁྱེར།
- མི་མངོན་པའི་དབྱིངས་ལ་ཁྱེར།
- མི་མངོན་པའི་དབྱིངས་ལ་ཁྱེར་ཞེས་པ་དེ།
- ང་ལ་མཚོན་ན་བྱང་ཆུབ་བྱིན་པའི་སྒྲོལ་མ་དེ་རྩ་ཆེ་བ་དོན་ཆེ་བ་ཞིག་རེད་ལ།
- ད་ནངས་དྲག་ཏུ་ལྡང་བའི་རླུང་དམར་གྱིས།
- ནམ་མཁའ་ལ་ཁྱེར་སོང་ཟེར་ན་ཡང་ཆོག་པ་རེད་སྙན་ངག
- ཉམས་སྙན་ངག་གི་ཉམས་དེ་གང་ནས་ཐོན་ཡོད་པ་རེད་ཟེར་ན།
- མི་མངོན་པའི་དབྱིངས་ལ་ཁྱེར་ཟེར་བ་དེའི་ནང་ནས།
- སྙན་ངག་གི་ཉམས་དེ་ཐོན་ཡོད་པ་རེད།
- དེ་ཡིན་པའི་རྐྱེན་གྱིས་སྙན་ངག་གི་ཉམས་ཐོན་ས་གཙོ་བོ་དེ་ཡིན།
- ད་ནངས་ཡང་ཟེར་བའི་ཡང་སྒྲས།
- དེ་སྐབས་དུས་དེར་བྱང་ཆུབ་ཤིང་གི་ལོ་མ་དང་ཆ་འདྲ་བ་མང་པོ་ཞིག་ཀྱང་།
- རླུང་དམར་གྱི་ནམ་མཁའ་དང་།
- མི་མངོན་པའི་དབྱིངས་ལ་ཁྱེར་སོང་ཞོར་དུ་རྟོགས་ནས་ཟེར་བ།
- ཡང་ཟེར་བ་དེ་སྐབས་དུས་དེར་ཡིན་ན།
- མཁས་པ་མང་པོ་ཞིགའཕྲོ་རིམ་འཕྲོར།
- མཁས་པ་མང་པོ་ཞིག་འཕྲོ་རིམ་འཕྲོར་སྐུ་གཤེགས་སོང་།
- ཨོ་ལེད་་་དེ་གཡས་གཡོན་ན།
- ལོ་དེའི་གཡས་གཡོན་ན་ཡིན་ན་མཁས་པ་ཆེན་པོ་མང་པོ་ཞིག
- དེ་ཡིན་པའི་རྒྱུ་མཚན་གྱིས་ད་ནངས་ཡང་ཟེར་བ་དེའི་ནང་ན་གོ་རྒྱུ་ཡོད་པ་རེད།
- ནམ་མཁའ་ལ་ཁྱེར་མི་མངོན་པའི་དབྱིངས་ལ་ཁྱེར་ཞེས་པའི།
- མྱོང་རོལ་མཁན་གྱི་མིག་ལམ་དུ་ང་ཚོ་ཚང་མ་མྱོང་རོལ་མཁན་རེད།
- མྱོང་རོལ་མཁན་གྱི་མིག་ལམ་དུ་གང་རེད་ཟེར་ན།
- དུས་ད་ལྟའི་གནས་སྐབས་དེ་འབྲེལ་ནས་རྒྱུད་རིམ་ཞིག་བསྟེན་ཏེ།
- སྣང་བསྙན་གསོན་པོ་ཞིག་རང་བཞིན་གྱིས་བསྐྲུན་ཡོད།
- དུས་ད་ལྟ་ཡི་གནས་དེ་རེད།
- ནམ་མཁའ་ལ་ཁྱེར་པའི་མི་མངོན་པའི་དབྱིངས་ལ་ཁྱེར་ཞེས་པ་དེ།
- ཨོ་ལེད་་་གང་རེད་ཟེར་ན།
- ཚིག་དེ་ཡི་ཉམས་དེ་ཧ་ཅང་གིས།
- སྙན་ངག་ཅིག་ཡིན་ན་ཉམས་དེ་གལ་ཆེ།
- དེ་ཡིན་པའི་རྐྱེན་གྱིས་སྤྱིར་རྩོམ་འབྲི་མཁན་ཞིག་ཡིན་ན་ཡང་།
- ཁོ་རང་གི་ཁྱད་ཆོས་འདྲ་མ་འདྲ་སྣ་ཚོགས་རེད།
- ང་ལྟ་བུ་ལ་ཞིག་ལ་མཚོན་ན།
- དྲང་མོར་བཤད་ན་ཐེངས་གཅིག་ལ་བྲིས་ནས་
- སྔོན་གྱི་དེ་མི་འཁྱོངས་བ་ཞིག་རེད།
- རང་གི་གཤིས་ཀ་ཡིན་ཁ་རེད།
- རང་རང་གི་ཅི་ཟེར་བ་རེད་ཉམས་མྱོང་ཞིག་ཀྱང་ཡིན་རྒྱུ་རེད།
- རྣམ་དཔྱོད་ཀྱི་ཆེ་ཆུང་ཞིག་ཀྱང་ཡིན་རྒྱུ་རེད་བསམ།
- རྩོམ་པ་པོ་དོན་གྲུབ་རྒྱལ་ལྟ་བུ་ཞིག་ཡིན་ན།
- ཕལ་ཆེར་ཐེངས་གཅིག་བྲིས་བཏང་ན་
- ཞིབ་བཏགས་ཆེན་པོ་ཞིག་གཏོང་རྒྱུ་མེད་བསམ་གི
- དེ་འདྲ་ཞིག་བཤད་པ་རེད།
- རྩོམ་པ་པོ་དོན་གྲུབ་རྒྱལ་ལྟ་བུ་ཡིན་ན།
- ཐེངས་གཅིག་བྲིས་བཏང་ན་ཕལ་ཆེར།
- ཐེངས་གཅིག་གིས་ཡང་བསྐྱར་ཞིབ་ཆ་འདྲ་བོ་དོད་ཀྱི་མེད་པ།
- དེ་འདྲ་ཞིག་ཡིན་ཟེར་ལ།
- ང་རང་ཉིད་ལ་མཚོན་ན་དྲང་མོར་བཤད་ན།
- ཡང་དང་ཡང་སྐོར་བསྐྱར་སྐོར་གྱིས་བལྟས་ནས་སོང་ན།
- ཚོར་འདུ་དེར་ལས་རྒྱུ་མེད་གི
- ཚོར་འདུ་དེར་ལས་རྒྱུ་མེད་གི
- ཚིག་ཉུང་ཙམ་ཞིག་ལས་རྒྱུ་ཡོད་ཀི།
- ཚིག་དེ་ལས་པའི་སྟབས་ཀྱིས་ཚོར་འདུ་དེ་ཡང་།
- རང་བཞིན་གྱིས་ཇེ་རྣོ་དང་ཇེ་གསལ་དང་།
- ཡང་ན་ཁ་ཇེ་གསལ་ཡོང་བར་རབ་འདེགས་བྱེད་ཐུབ་པ་དེ་འདྲ་ཞིག་རེད།
- ང་ལ་མཚོན་ན་དཔེ་བཞག་ན།
- དེ་རིང་བྲིས་པའི་སྙན་ངག་དེ་སང་ཉིན་བལྟས་ན།
- འོ་་་ཅུང་ཙམ་ཞིག་འགྲིག་མེད་ས་དེའི་བར་ནས།
- རང་གིས་བཤད་འདོད་པའི་སྐད་ཆ་ད་དུང་བཤད་མ་ཐུབ་ས་དེ་འདྲ་མང་གི
- དེ་ཡིན་ན་ཚིག་གཅིག་རེ་གཉིས་སྣོན་ཆ་རྒྱག་རྒྱུ་འདྲ་འདྲ།
- འཐུས་མཐུན་ཡིན་དགོས་པ་འདྲ་བའི་གནས་ཚུལ་མི་འབྱུང་གི
- ཡང་ཁ་ཁུར་དེ་མི་འགྲོ་བ་རེད།
- རེད་ལ་鲁迅ལ་མཚོན་ན་རྒྱ་ཡི་རྩོམ་པ་པོ་གྲགས་ཅན་རེད་ལ།
- རྩོམ་བྲིས་ནས་མི་ཐོན་བཅོས་ནས་ཐོན་དེ་འདྲ་ཞིག་བཤད་ཚུལ་ཡོད་ལ།
- རྩོམ་བྲིས་ནས་ཐོན་པ་མ་རེད།
- བཅོས་ནས་ཐོན་པ་རེད།
- དག་བཅོས་བྱས་ནས།
- 不是写出来的,而是改出来的དེ་འདྲ་ཞིག་ཡོད་ལ།
- 鲁迅ཡིན་རྒྱུ་ན།
- དྲང་མོར་བཤད་ན་རྩོམ་པ་པོ་གྲགས་ཅན་ཞིག་རེད་ལ།
- དེ་ཡིན་པའི་རྐྱེན་གྱིས་རྩོམ་དེ་བྲིས་དུས་གང་རེད་བཅོས་དགོས།
- དེ་ལ་བལྟ་རྒྱུ་ན་གོང་གི་རྩོམ་པ་པོ་鲁迅ཁོ་རང་ལ་མཚོན་རྒྱུ་ན།
- རྩོམ་ཐེངས་གཅིག་བྲིས་པ་མ་ཟད་ཡང་བྲིས་ཡང་བྲིས་ནས།
- ཡང་སྐོར་བསྐྱར་སྐོར་བྱས་ནས་བྲིས་བ་དེ་ཡིན་པ་གཅིག་རེད།
- དེ་ཐུབ་ཨར་སུས་ཐད་ལྟ་བུ་ཡིན་ན་ཡང་དེ་རེད།
- ཁོས་དེ་རྩོམ་ཡིག་དེ་ཚང་མ་བྲིས་ཚར་སོང་ན།
- ཁོ་རང་གིས་ཡང་དང་ཡང་དུ་བྲིས་པ་དེ་གང་རེད་ཟེར་ན།
- གསོག་གསོག་ནས་གང་རེད་ཟེར་ན།
- དེང་མ་ཡིན་ན་རྩྭ་སྒྱེ་ཟེར་བ།
- རྩྭ་ཡི་སྒྱེ་མོ་ཟེར་བའི་སྒྱེ་དེའི་ནང་ལ་གང་ཤོང་རྒྱུ་ཡོད་ཟེར།
- དེ་འདྲའི་བཤད་ཚུལ་ཡོད།
- ཁོ་རང་གི་རྣམ་ཐར་ལ་སོགས་པ་བལྟས་ནས་སོང་ན།
- དེ་མ་རེད།
- མཐའ་གཅིག་ཏུ་ཁོ་རྣམ་དཔྱོད་ཀྱི་སྟེང་ནས་ངོས་བཟུང་ན་ཡང་།
- ཕལ་ཆེར་ཡིན་རྒྱུ་རེད།
- དེ་དག་ཚོང་བ་ཡི་ཚོར་འདུ་ཤུགས་དྲག་པོ།
- ཧ་ཅང་གིས་ཡང་རྩེ་ལ་སླེབས་ཡོད་པ།
- བསམ་བློ་ཡང་ཡང་རྩེ་ལ་སླེབས་ཡོད་པའི་སྐབས་ཤིག་ཡིན་ན།
- ཕལ་ཆེར་རྩོམ་དེ་ལ་དག་ཆ་བཟོ་མི་དགོས་བ་འདྲ་འདྲ།
- དེ་འདྲ་ཞིག་ཡིན་རྒྱུ་རེད་ངས་བལྟས་ན།
- རེད་ལ་ང་ཚོ་མི་ཚང་མ་རྒྱུན་ཏུ་དེ་འདྲ་ཞིག་ལ་ཡོང་རྒྱུ་དཀའ་བ་རེད།
- ཚོར་བ་དེ་ཤུགས་ཆེན་པོ་ཞིག་དང་།
- བསམ་བློ་དང་ཚོར་བ་དེ་གཉིས་ཡང་རྩེ་ལ་སླེབས་རྒྱུ་དཀའ་བ་རེད།
- དེ་ཡིན་པའི་རྐྱེན་གྱིས་ང་མཚོན་ན་ཡང་།
- མཚམས་མཚམས་རེར་རྩོམ་ཡིག་དེ་རང་བཞིན་གྱིས་ཡོང་བ་ཞིག་དང་།
- མཚམས་མཚམས་རེར་འུ་ཐུག་པའི་སྐབས་ལ་ཡང་།
- བཙན་གྱིས་འབྲི་བའི་སྐབས་དེ་འདྲ་ཡང་ཐུག་རྒྱུ་ཡོད་ཀི།
- ང་རང་ཉིད་ལ་མཚོན་ན་ཡང་།
- དེ་ཡིན་པའི་རྐྱེན་གྱིས་མི་དེ་ཡི་ཚོར་འདུ་དེ།
- སེམས་ཁམས་དེ་ཆུ་ཚད་གཅིག་གི་སྟེང་ན་མེད་གི
- མཐོ་བ་དང་དམའ་བ།
- ཕར་ཆགས་ཀྱི་ཆ།
- བསམ་པ་དེ་ཕར་ཆགས་ཀྱི་ཆ་དེ་ཡོད་པ།
- ཨོ་ལེད་་་་བསམ་བློ་དེ་ཕར་ཆགས་ཀྱི་ཆ་དེ་ཡོད་པ།
- དེ་ཡིན་པའི་རྐྱེན་གྱིས་གང་རེད་ཟེར་ན།
- དེ་ནས་དཔེ་ཞིག་དྲངས་ན་དཔེ་གཅིག་དེ་ཡིན།
- དཔེ་གཅིག་གང་རེད་ཟེར་ན།
- གངས་ཞེན་གྱི་བྲིས་པའི་ཁྱོད་ཀྱང་འགྲོ་རྒྱུ་ཡིན་ནམ།
- གུང་ཐང་རིན་པོ་ཆེ་ཕྱག་རྗེ་ཟེར་བ་འདིའི་ནང་གི།
- སྙན་ངག་གི་ཚན་པ་ཞིག་གི་ནང་ན་འདི་འདྲ་ཞིག
- གོང་གི་འདི་ལྟ་བུ་ཞིག་ཡིན་ན།
- ཁོ་རང་གིས་དགེ་བའི་བཤེས་གཉེན་ན་བྲིས་པའི་སྙན་ངག་ཅིག་རེད།
- རྒན་རྗེ་བཀྲ་བྷོ་ཚང་ལ།
- རྒན་རྗེ་བཀྲ་བྷོ་ཡིས་བྲིས་པ་འདི་ལྟ་བུ་ཡིན་ན།
- རང་གི་དགེ་བའི་བཤེས་གཉེན་ལ་བྲིས་བ་ཞིག་ཡིན་ཐལ།
- འདི་ཡི་ནང་གི་ཡིད་སྙམ་དེ་རླུང་དམར་དང་།
- བྱང་ཆུབ་ཤིང་གི་ལོ་མ་ཟེར་བ་འདི།
- ཧ་ཅང་གིས་ཡིད་སྙམ་གྱི་ནང་ནས།
- དེ་ནས་གང་རེད་ཟེར་ན།
- གཤམ་གྱི་འདི་གངས་ཞེན་གྱི་འདི་ཡི་ནང་ནས་ཚིག་འདི་འདྲ་ཞིག་ཡོད་ཀི།
- མདང་དགོང་ལོ་ངོ་གསུམ་ཙམ་སོང་བའི་བུ་ཆུང་གིས།
- སྟོད་ཕྱོགས་ནས་ཁ་པར་ཡོང་དེ།
- ཁ་པར་གྱི་ནང་དོན་གང་རེད་ཟེར་ན།
- ཨ་ཕ་ས་འདིར་ཁ་བ་བབས་བྱུང་།
- ང་ཧ་ཅང་གྲང་།
- ས་ཡང་རུབ་འདུག་པས་ང་ངོ་མ་སྐྲག་དགོས་བསམ་ཟེར་བ་དེ་རེད།
- ཀྱེ་ཧུད་འགྲོ་བའི་ཉི་མ་དངོས་ནས་ནུབ་སོང་བར།
- ཟེར་བའི་སྐད་ཆ་དེ་འདྲ་ཞིག་ཡོད་ཀི།
- འདི་ཡི་ནང་ན་ཅུང་ཙམ་གོ་རྒྱུ་ཞིག་ཡོད་པ་དེ་གང་རེད་ཟེར་ན།
- རྗེས་ཀྱི་སྐད་ཆ་དེ་ཡི་ནང་ནས།
- ཁོ་སྐྱོ་གདུང་དང་སེམས་ཀྱི་འགྱུར་བ་ཤུགས་དྲག་པོ་དེ།
- གང་ནས་མཚོན་དགོས་ཟེར་ན།
- ཀྱེ་ཧུད་ཞེས་པ་དེའི་ནང་ནས།
- འགྲོ་བའི་ཉི་མ་དངོས་ནས་ནུབ་སོང་བར།
- ནུབ་སོང་བར་ཟེར་ནས་ཡང་བསྐྱར་དྲི་བ་གཉིས་ཀྱི་སྒོ་ནས་གང་རེད་ཟེར་ན།
- སྐབས་དེ་ཡི་རྩོམ་པ་པོ་ཡི་ཁོ་རང་གིས།
- དེ་ཡིན་ན་སྙན་ངག་དེ་ཡག་པའི་ཆ་དེ་གང་ནས་ཐོན་ཡོད་ཟེར་ན།
- བར་དེ་ན་རྒྱུད་རིམ་ཅུང་ཙམ་ཞིག་ཐོན་ཐལ།
- མདང་དགོང་ལོ་ངོ་གསུམ་ན་སོན་པའི་བུ་ཆུང་གིས།
- སྟོད་ཕྱོགས་ནས་ཁ་པར་ཡོང་ཐལ།
- ཁ་པར་གྱི་ནང་དོན་གང་རེད་ཟེར་ན།
- དོན་དག་ངོ་མ་དེ་རེད།
- ཨ་ཕ་ས་འདིར་ཁ་བ་བབས་བྱུང་།
- དེ་ཡིན་པའི་རྐྱེན་གྱིས་ང་ཧ་ཅང་གྲང་།
- ས་ཡང་རུབ་སོང་བས་ང་ངོ་མ་སྐྲག་གི
- དེ་བུ་ཆུང་ཞིག་གི་སྐད་ཆ་ངོ་མ་ཡིན་པ་རེད།
- དོན་དག་ངོ་མ་ཞིག་ཡིན་པ་རེད།
- རེད་ལ་དེ་ཡི་ཞོར་ནས་གང་རེད་ཟེར་ན།
- དེ་ལས་ཀྱང་ཡིད་སྐྱོ་དགོས་པ་ཞིག་ཡོད་པ་གང་རེད།
- འགྲོ་བའི་ཉི་མ་གོང་ཐང་རིན་པོ་ཆེ་སྐུ་གཤེགས་པ་དེ་རེད།
- གོང་ཐང་རིན་པོ་ཆེ་ཟེར་ན་ང་ཚོ་མདོ་སྨད་ས་ཆ་ལ་མཚོན་ན།
- སྤྱིར་བོད་ཁམས་ནས་ཡིན་ན་ཧ་མི་གོ་བའི་མི་ཞིག་ཡོད་ཀྱི་མ་རེད།
- དེ་གོང་ཐང་རིན་པོ་ཆེ་སྐུ་གཤེགས་པ་དེར་བྲིས་པའི་སྙན་ངག་ཅིག་རེད་ལ།
- དེ་ཡིན་པའི་རྐྱེན་གྱིས་གང་རེད་ཟེར་ན།
- འགྲོ་བའི་ཉི་མ་དངོས་ནས་ནུབ་སོང་བར།
- གོང་གི་བུ་ཆུང་གི་ཁ་པར་དེ་དང་ཞོལ་གྱི་དེ་གཉིས་གང་རེད་ཟེར་ན།
- ཅུང་ཙམ་བསྡུར་བ་བྱས་ཡོད།
- བསྡུར་བ་བྱས་ཡོད་པ་རེད།
- བུ་ཆུང་གིས་སྐད་ཆ་ཅི་ཞིག་ཡོད་པ་རེད་ཟེར་ན།
- ས་ཡང་རུབ་སོང་ཟེར་བའི་སྐད་ཆ་དེ་རེད།
- ས་ཡང་རུབ་སོང་།
- དེ་ཡིན་ན་ས་རུབ་སོང་ན་ཉི་མ་ཡང་ནུབ་སོང་བའི་ནང་དོན་དེ་རེད།
- ས་རུབ་སོང་བ་དེའི་སྟེང་ནས་གང་རེད་ཟེར་ན།
- འགྲོ་བའི་ཉི་མ་ཡང་ནུབ་སོང་བ་རེད།
- བར་གྱི་རྩོམ་པ་པོ་དེ་ཡི་སེམས་ཁམས་དེ་དྲང་མོར་བཤད་ན།
- ཧ་ཅང་གིས་དེ་ཡིན་པའི་རྐྱེན་གྱིས་ངས་གོང་ནས་ཁྱོད་ཚོར།
- དངོས་གཞི་མ་ཚུགས་པའི་སྔོན་ན་བཤད་པ་ཡང་།
- སེམས་དང་རྣམ་ཤེས་ཀྱི་སྐོར་ལ་ཞིབ་འཇུག་མང་པོ་བྱེད་བཞིན་ཡོད་ལ།
- ང་ཚོ་བོད་ནང་བ་སངས་རྒྱས་ཀྱི་ཞིབ་འཇུག་བྱས་པ་འདི་འདྲའི་ཆ་ཚང་ཞིག
- སྤྱིར་བཏང་ཐོན་ཐུབ་མེད་པ།
- ད་རུང་ཡང་གང་རེད་ཟེར་ན།
- ཧ་ཅང་གིས་རྙོག་འཛིང་ཆེ་ས་པ་སེམས་ན་ཞིབ་འཇུག་བྱེད་པ་འདི།
- ཧ་ཅང་གིས་དཀའ་མོ་ཡིན་པའི་རྒྱུ་མཚན་དེ་རེད།
- དེ་ན་དེ་བཞིན་དུ་སྙན་ངག་པ་ཞིག་ཡིན་ན་རྩོམ་པ་པོ་ཞིག་ཡིན་ན་ཡང་།
- ཁོ་ཡི་སེམས་ཁམས་དེ་ཧ་ཅང་གིས།
- འགལ་འདུ་ཡིས་ཁེངས་ཡོད་པ་དེ་འདྲ་ཞིག་ཡིན་དགོས་པ་རེད།
- འགལ་འདུ་ཡིས་ཁེངས་ཡོད་པ་ཞིག་རེད།
- ཨོ་ལེད་་་དེ་ང་ཚོའི་ལོ་རྒྱུས་ཀྱི་སྟེང་ནས་བལྟས་ནས་སོང་ན།
- སྙན་ངག་པ་མང་པོ་ཡིན་ན་དཔེ་བཞག་ན།
- ལོ་ཆུང་དུས་རང་སྲོག་བཅད་པ་འདྲ་བ།
- རྩོམ་པ་པོ་དོན་གྲུབ་རྒྱལ་ཅི་ཞིག་ལ་སྐུ་གཤེགས་པ་ཡིན།
- དགོང་ལོ་སུམ་བཅུ་སོ་གཉིས།
- དགོང་ལོ་དེ་འདྲའི་ཆུང་ཆུང་ཞིག་གི་སྐབས་ལ་སྐུ་གཤེགས་པ་རེད་ལ།
- དེ་ཡི་འདས་རྐྱེན་དེ་ལ་ཡིན་ན།
- མཁས་པ་མང་པོའི་དཔྱད་བརྗོད་འབྲི་བཞིན་ཡོད་ལ།
- དོན་དམ་པ་དེ་འདྲ་རེད་ལ་མ་རེད།
- དོན་དམ་པ་དེ་འདྲ་རེད་ལ་མ་རེད།
- ད་རུང་ཞིབ་ཆ་བཏོད་ཀྱི་ཡོད་དམ་མེད་དེའི་ནང་ན།
- ཁོའི་འདས་རྐྱེན་དེ་གཙོ་བོ་མང་པོ་ཞིག་ཡོད་ཀྱི་རེད།
- བྱ་བ་ལས་གནས་ཀྱི་སྟེང་གི་གང་ཟེར་བ་རེད།
- བདེ་ལེགས་ཡོང་མ་ཡོང་གི་ཕྱོགས།
- ལས་ཁུངས་ནང་གི་འགོ་ཁྲིད་དང་ཁོ་གཉིས་བར་གྱི་ཕྱོགས།
- བཟའ་ཚང་གི་ཕྱོགས།
- ད་རུང་སྤྱི་ཚོགས་དང་ཁོ་གཉིས་བར་གྱི།
- སྐབས་དེའི་ཁོ་རང་གི་གསར་རྩོམ་འཛད་པའི་བརྩམས་ཆོས་དེ།
- སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་སོགས་པ།
- ཁོ་རང་གི་བསམ་བློ་མཐུན་མི་མཐུན་གྱི་ཆ།
- བསམ་བློ་སྟེང་གི་གནོན་ཤུགས་ལ་སོགས་པ།
- འདི་འདྲའི་ཕྱོགས་མང་པོ་ཞིག་ནས་ཡོད་ཀྱི་རེད་ལ།
- དེ་ཡི་ནང་གིས་ཡང་ཅི་ཟེར་བ་རེད་ལ།
- མེ་སྟ་ཟེར་རྒྱུ་རེད་ལ།
- འདས་རྐྱེན་དེ་རང་སྲོག་གཅོད་པའི་མེ་སྟ།
- སྟ་རེ་ཟེར་ན་མེ་སྟ་དེ་གང་རེད་མེ་སོན་དེ་གང་རེད།
- དེ་འདྲ་ཙམ་ཞིག་ང་ཚོའི་ཧ་གོ་རྒྱུ་རེད་ལ་ཧ་གོ་རྒྱུ་མ་རེད།
- ཁམས་ཆེན་གྱི་ཡི་གེ་ཡི་ནང་ནས་ཀྱང་ཅུང་ཙམ་ཞིག་བཤད་ཡོད་ལ།
- ང་ཚོའི་ཧ་གོ་བ་ལ།
- ད་རུང་དེ་ཧ་ཅང་གིས་འགལ་འདུ་ཞིག་ཡིན་རྒྱུ་རེད།
- འགལ་འདུ་ཞིག་ཡིན་རྒྱུ་རེད།
- དེ་རྒྱ་ཡི་ནང་ན་ན་གཞོན་རྩོམ་པ་པོ་ཧྭད་ཙིས་ཟེར་བ་ཞིག་ཡོད་ལ།
- ལོ་ཉི་ཤུ་རྩ་དྲུག་ཡིན་ལ་སྐུ་གཤེགས་དུས།
- ཁོ་ཡིས་རང་སྲོག་གཅོད་དུས།
- པེ་ཅིན་སློབ་གྲྭ་ཆེན་མོ་ན་ཡོང་དུས།
- ཁོ་ལོ་བཅོ་ལྔ་རེད་ལ་བཅུ་དྲུག་ཡིན་པ་འདྲ།
- ཕལ་ཆེར་ལོ་ཆུང་ཆུང་ལོ་གསུམ་གྱི་ནང་ལ།
- ཁོ་ལོ་བཞི་ཡི་དངོས་གཞི་སློབ་མ།
- ལོ་ངོ་གསུམ་ལ་ཞིབ་འཇུག་སློབ་མ་དང།
- དེ་ནས་མཐར་ཕྱིན་ཀྲུང་གོ་སུ་ཁྲོན་སློབ་གྲྭ་ཆེན་མོ་ནང་གི་དགེ་རྒན་བྱས།
- དེ་རྗེས་ནས་ཁོ་རང་གིས་རང་སྲོག་བཅད་པ་རེད་ལ།
- འཛམ་གླིང་གི་མིག་རྒྱང་ཡོད་པའི་སྙན་ངག་པ་ཟེར་བ་རེད་ལ།
- ཧྭད་ཙིས་ལ་དེ་འདྲའི་གདེངས་འཇོག་མཐོ་བ་ཞིག་རེད།
- 世界眼光最厉害的诗人ཟེར་བ་རེད་ལ།
- འཛམ་གླིང་གི་མིག་རྒྱང་རིང་བའི་སྙན་ངག་པ་ཟེར་བ་རེད་ལ།
- ལོ་དེ་འདྲའི་ཆུང་ཆུང་ཞིག་རེད།
- ཕལ་ཆེར་འདིར་བཞུགས་ཀྱི་ན་གཞོན་ཚང་མ།
- ལོ་ཉི་ཤུ་རྩ་ལྔ་རྩ་དྲུག་གཡས་གཡོན་དེ་འདྲ་ཡིན་རྒྱུ་རེད།
- ཕལ་ཆེར་ཁོ་ལོ་ཆུང་ཆུང་ཡིན་དུས་སྐུ་གཤེགས་པ་རེད།
- 海明威ཨ་མེ་རི་ཁའི་རྩོམ་པ་པོ་ཞིག་རེད་ལ།
- 海明威ལ་སོགས་པ།
- འདི་ཚང་མའི་རང་སྲོག་གཅོད་པ་དེ་ཚང་མ་གང་རེད་ཟེར་ན།
- དེ་ཧ་ཅང་དཀའ་མོ་ཞིག་རེད།
- སེམས་ཁམས་དེ་ཧ་ཅང་གིས་རྙོག་དྲ།
- སེམས་ཁམས་དེ་ཧ་ཅང་གིས་གོ་དཀའ་བ་དེ་འདྲ་རེད།
- དེ་ཡིན་པའི་རྐྱེན་གྱིས་སྤྱིར།
- དེ་ཡིན་པའི་རྐྱེན་གྱིས་གངས་ཞེན་དེ་ཚར་སོང་ན་དུས་ཚོད་ཀྱང་ཐོན་པ་རེད།
- དེ་ཡིན་ན་ཕལ་ཆེར་འགྲིག་ཡོད་པ་རེད།
- གངས་ཞེན་གྱི་འདིའི་ནང་ན།
- ངས་འདི་ན་འཁྲེན་བཤད་ཞིག་བྲིས་ཡོད་པ།
- སྤྱིར་ཉི་མ་ཡོད་ན་དྲོད་ཁོལ་འཛོམས་པའི་གྲང་དགོས་དོན་མེད་ལ།
- ཉི་མ་ཡོད་ན་འོད་སྣང་ཡོད་པས་སྐྲག་དགོས་དོན་ཡང་མེད།
- སྐྲག་ན་དེ་འདྲ་ཞིག་རེད་ལ།
- ཡིན་ན་ཡང་བུ་ཆུང་གིས་ལྡེམ་ཀྱོག་ཀྱོག་གི་ཁ་པར་དེ་།
- ཡང་བསྐྱར་སྙན་ངག་དུ་རྨི་ལམ་ཡིན་ནམ་དོན་དངོས་ཡིན་སྙམ་པའི།
- ཐེ་ཚོམ་དང་དྲི་བ་མང་པོ་ཞིག་སྐོང་སོང་།
- སྐབས་དེར་སྙན་ངག་པ་ཁོ་རང་ཡང་།
- ཕྱོགས་གཅིག་ནས་དྲོད་ཁོལ་འཛོམས་ཡང་གྲང་བ་དང་།
- ཕྱོགས་གཅིག་ནས་འོད་སྣང་ཡོད་ཀྱང་སྐྲག་བཞིན་ཡོད་པ་འདྲ།
- རྒྱུ་མཚན་པ་འགྲོ་བའི་ཉི་མ་དངོས་ནས་ནུབ་སོང་བ་རེད།
- ཕྱོགས་མང་པོ་ཞིག་ནས་དུས་སྐབས་དེར་སྙན་ངག་དེ་ཚོར་བ་རྣོན་པོ་དེ།
- ཚོར་འདུ་དོན་དངོས་དེ་གང་རེད་ཟེར་ན།
- བུ་ཆུང་གི་ཁ་པར་རེད།
- བུ་ཆུང་དོན་དངོས་དང་དོན་དངོས་བརྗོད་པའི་ཐབས་ལ་བརྟེན་ནས།
- དོན་དངོས་གཅིག་གང་རེད་ཟེར་ན་བུ་ཆུང་གི་ཁ་པར་རེད།
- དོན་དངོས་གཞན་གཅིག་གང་རེད་ཟེར་ན།
- གོང་ཐང་རིན་པོ་ཆེ་སྐུ་གཤེགས་པ་དེ་རེད།
- དོན་དངོས་དང་དོན་དངོས་བརྗོད་པའི་ཐབས་ལ་བརྟེན་ནས།
- སྐྱོ་ངག་གི་དྲི་མ་དང་འབྲེལ་ནས།
- ཀློག་པ་པོར་སྔར་ལས་ཡིད་འགུགས་ཀྱི་ནུས་པ་སྟེར།
- སྐྱོ་གདུང་གི་སེམས་ཁུར་སྟེར།
- འདི་པ་སྙན་ངག་གི་སྒྱུ་སྩལ་ཡིན།
- འདི་པ་སྙན་ངག་གི་སྒྱུ་སྩལ་ཡིན།
- ཀློག་པ་པོ་ཚང་མར་ཡིད་འགུགས་ཀྱི་ནུས་པ་སྟེར་བ།
- སྐྱོ་གདུང་གི་སེམས་ཁུར་སྟེར་བ།
- སྐྱོ་ངག་གི་དྲི་བ་དང་འབྲེལ་ནས།
- སྐྱོ་ངག་གི་དྲི་བ་དེ་གང་རེད་ཟེར་ན།
- ཀྱེ་ཧུད་འགྲོ་བའི་ཉི་མ་དངོས་ནས་ནུབ་སོང་བར།
- ནུབ་སོང་བར་ཞེས་པའི་སྐད་ཆ་དེ་རེད།
- དེ་ང་ཚོ་ཚང་མའི་དཔེ་བཞག་ན།
- འདི་འདྲའི་མཁས་པ་ཆེན་པོ་སྐུ་འཁྲུངས་སོང་ན།
- སྡུག་བསྔལ་དང་སྐྱོ་བ་དེ་ཡོད་ལ།
- ང་ཚོའི་བྲིས་ན་འབྲི་ཐབས་འབྲི་ཕྱོགས་ཀྱི་ཐབས།
- 叙述方式ཟེར་བ་རེད་ལ།
- དེ་རྣམ་པ་སྣ་ཚོགས་ཡོད་ཀྱི་རེད།
- གངས་ཞེན་གྱིས་བྲིས་པ་ཧ་ཅང་གིས་ཡག་པ།
- ངས་དེ་གློ་བ་འབབ་པའི་རྒྱུ་མཚན་དེ་གང་རེད་ཟེར་ན།
- བུ་ཆུང་གི་ཁ་པར་དེ་དོན་དངོས་གཅིག་རེད།
- གོང་ཐང་རིན་པོ་ཆེ་སྐུ་གཤེགས་པ་དེ་དོན་དངོས་གཉིས་རེད།
- རེད་ལ་ཁོ་གཉིས་གང་རེད་ཟེར་ན།
- ཕན་ཚུན་བསྡུར་བ་དང་སྦྱོར་བ།
- སྦྱོར་བའི་ཐབས་དེ་ལ་བརྟེན་ནས།
- ཉི་མ་བུ་ཆུང་གིས་ས་མཐོ་ས་ལ་ཁ་བ་བབས་པ་གྲང་གི
- ས་ཡང་རུབ་ཐལ་སྐྲག་གི
- གྲང་བ་དང་སྐྲག་སྣང་།
- གཅིག་ནས་གྲང་བ་དང་གཅིག་ནས་སྐྲག་སྣང་གི་སྣང་བ་དེ་ལ།
- རྩོམ་པ་པོ་ཁོ་ལ་འགྲོ་བའི་ཉི་མ་གོང་ཐང་རིན་པོ་ཆེ་སྐུ་གཤེགས་པ་དེ།
- ཁོས་རང་གི་རྒྱུད་ལ་གཅིག་ནས་གང་རེད་ཟེར་ན།
- སྐྲག་སྣང་དང་གཅིག་ནས་གྲང་སྣང་།
- གྲང་བའི་སྣང་བ་དེ་དང་སྐྲག་པའི་སྣང་བ་མཉམ་དུ་འཛོམས་པ།
- བུ་ཆུང་གི་ཁ་པར་དང་ངོ་འཕྲོད་པ་དང་འདྲ་བ་ཕན་ཚུན།
- དེ་འདྲ་ཞིག་ཏུ་ལོག་པ་རེད།
- དེ་གང་རེད་ཟེར་ན།
- རྩོམ་པ་པོ་ཁོ་རང་གི་གསར་རྩོམ་གྱི་འཇོན་ཐང་དང་།
- ཁོ་རང་གི་སྒྱུ་སྩལ་རེད།
- རེད་ལ་རྩོམ་པ་པོ་ཡོད་ཚད་ཀྱིས་བྲིས་པའི།
- སྙན་ངག་ཡོད་ཚད་ཡག་པོ་ཡིན་པའི་ངེས་པ་ཡོད་དམ།
- རེད་དམ་མ་རེད།
- ཨོ་ལེད་་དེ་ཡིན་རྒྱུ་མ་རེད།
- ཚང་མ་ཡང་རྩོམ་པ་པོ་དོན་གྲུབ་རྒྱལ་གྱི་བྲིས་པ།
- ཡོད་ཚད་གང་རེད་ཟེར་ན་ལེགས་རྩོམ་རེད།
- དྲང་མོར་བཤད་ན་ངས་འདི་ལྟར་བལྟས་ནས་སོང་ན།
- ད་ལྟའི་བར་དུ་མཐོང་ཐུབ་པའི་བརྩམས་སྒྲུང་དང་།
- སྙན་ངག་ལྷུག་རྩོམ་གང་ཡིན་ཀྱང་།
- ངོ་མའི་གང་རེད་ཟེར་ན་ཡག་པོ་ཞིག་རེད་ལ།
- དེ་ཡང་དུས་སྐབས་དུས་སྐབས་ལ་ངོ་བོ་འགྱུར་རྒྱུ་ཡོད་པ་རེད།
- སྤྱིར་བཏང་གིས་ཁོ་ཡི་ལེགས་རྩོམ་རེད།
- རེད་ལ་སྤྱིར་བཏང་གི་མི་ཞིག་ཡིན་ན།
- འདྲ་མི་འདྲ་ངས་དེ་མང་པོ་བྲིས་ནས་ཁ་ཆེར།
- སྐོར་ཞིག་ཡིན་ན་ཡང་མེར་བསྲེག་པ་དང་།
- ཁ་ཁུར་ཆུ་ལ་བསྐུར་བ་དང་།
- ཁ་ཁུར་གཤགས་པ་འདྲ་བ་དེ་འདྲ་མང་པོ་བྱུང་ཐལ།
- ད་རང་གིས་བལྟས་ནས་སྙིང་བོ་གཅིག་ཀྱང་མེད་པ་འདོད་སྐྱེད།
- འདི་ཚིག་གི་ཚོགས་པ་ཙམ་མ་གཏོགས།
- བསམ་བློ་དང་ཚོར་འདུ་ཆེན་པོ་མེད་གི་འདོད་སྐྱེད་དེ་དོར་བ་རེད།
- ཁ་ཁུར་འདོར་མ་ཐུབ་པར་དེ་ལྟར་བཞག་ཡོད།
- ད་རུང་ཉར་ཚགས་འདྲ་བོ་བྱས་ཡོད་ཀི།
- ཨོ་ལེད་་དེ་ཡིན་ན་ཡང་རེད་མ་གཏོགས།
- དྲང་མོར་བཤད་ན་ཡག་པོ་ཞིག་འབྲི་རྒྱུ་ཧ་ཅང་དཀའ།
- ཁོར་ཡུག་གཅིག་ནས་ཁོར་ཡུག
- གཉིས་ནས་གང་ཡིན་ཡང་ཧ་ཅང་དཀའ་མོ་ཞིག་རེད།
- གཅིག་ནས་ལས་ཀ་ཡི་དགོས་མཁོ་ཡི་དབང་གིས།
- རྩོམ་ཟེར་བ་དེ་དྲང་མོར་ཅིག་གང་རེད་ཟེར་ན།
- སེམས་དེ་བདེ་ལ་བབས་ནས།
- སེམས་བདེ་ལ་བབས་ནས་འབྲི་རྒྱུ་དེ་འདྲ་ཞིག་ཡིན་པ་རེད།
- དགེ་རྒན་གྱི་ལས་ཀ་ང་དྲང་མོར་བཤད་ན།
- རང་གི་དགེ་རྒན་གྱི་ལས་ཀ་དེ་ཡིན་ན།
- གཞུང་གི་བྱ་བ་ལ་གཅིག་གཉིས་ལ་ཞུགས་དགོས།
- མཚམས་རེར་ཚོགས་འདུ་ཟེར་རྒྱུ་དང་།
- དེང་སང་ཚོགས་འདུ་མང་གི
- དབུས་གཙང་ལ་ལྷག་པར་དུ་ཚོགས་འདུ་མང་གི
- དེ་ཡིན་ན་དེ་གཅིག་རེད།
- གཉིས་ནས་གང་རེད་ཟེར་ན།
- དགེ་རྒན་ཞིག་ཡིན་ན་རྒྱུན་ཏུ་སོང་ནས་སློབ་ཁྲིད་བྱེད་དགོས་ལ།
- སློབ་མ་འབྲེལ་འདྲིས་བྱས་པ་དེའི་ཐོག་ནས།
- ལས་བྱ་དང་འདི་འདྲའི་ཐོག་ནས།
- སློབ་ཚན་གྲྭ་སྒྲིག་བྱེད་པ་འདིའི་ནང་ལ་འཁོར་སོང་།
- ཞོར་ནས་འཁོར་བ་ཡང་སྐྱོང་དགོས་བ་རེད་ལ།
- གྲོགས་པོ་ཡོང་ན་ཇ་དང་ཆང་འཐུང་དགོས་ལ་མཚམས་རེར།
- དེ་ཡང་རེད་ལ་གང་ལྟར་ཀྱང་ཆེད་ལས་ཀྱི་རྩོམ་པ་པོ་ཟེར་རྒྱུ་དཀའ་ལ།
- གང་ལྟར་ཀྱང་དེ་འདྲ་ཡོད་ན།
- རྩོམ་དེ་འབྲི་རྒྱུ་ཅུང་ཙམ་ལྷིང་འཇགས་ཀྱི་འཚོ་བ་ཡང་དགོས།
- མཚམས་རེར་རྣམ་པ་སྣ་ཚོགས་འདྲ་མི་འདྲ་ཡོང་གི་རེད།
- དེ་ཡིན་པའི་རྐྱེན་གྱིས་འདི་ལྟ་བུ་ཞིག་ཡིན་རྒྱུ་ན།
- སྙན་ངག་གི་ནང་ནས་ངས་བལྟས་ནས་སོང་ན།
- སྙན་ངག་ཡག་པོ་ཞིག།
- ང་ཚོའི་འདི་གང་རེད་ཟེར་ན།
- རྩོམ་པ་པོ་ཡོད་ཚད་ཀྱིས་བྲིས་པའི་སྙན་ངག
- མཐའ་གཅིག་ཏུ་ཚང་མ་ཡག་པོ་ཡིན་པའི་ངེས་བ་མེད་གི
- རྒྱུ་མཚན་དུ་དཔེ་བཞག་ན་འདི།
- གོང་ནས་ངས་རྒན་རྗེ་བཀྲ་བྷོ་ཡིས་བྲིས་པའི་སྲིན་བུ་མིག་ཆུ་དང་།
- གངས་ཞེན་གྱིས་བྲིས་པའི་ཁྱོད་ཀྱང་འགྲོ་རྒྱུ་ཡིན་ནམ་ཟེར་བའི།
- ཁ་བྱང་གི་སྟེང་ནས་ཡང་དེ་རེད།
- ཁྱོད་ཀྱང་འགྲོ་རྒྱུ་ཡིན་ནམ་ཟེར་བ་དེའི་ནང་གི་དྲི་བ།
- ཁ་བྱང་གི་ནང་ནས་དྲི་བ་བཏོན་པ་རེད་ལ།
- དེ་ཡིན་པའི་རྐྱེན་གྱིས་སྐྱོ་ངག་གི་དྲི་བ་དང་འབྲེལ་ནས་ཟེར་བའི་རྒྱུ་མཚན་དེ་རེད།
- སྐྱོ་ངག་གི་དྲི་བ་དང་འབྲེལ་ནས།
- ཀློག་པ་པོར་སྔར་ལས་ལྷག་པའི་ཡིད་འགུགས་ཀྱི་ནུས་པ་དང་།
- སྐྱོ་གདུང་གི་ནུས་པ་འདི་ལྟ་བུ་ལ་བལྟས།
- འདི་ལྟ་བུ་ཞིག་ཡིན་ན་སྙན་ངག་གི་སྒྱུ་སྩལ་ལ་དེ་ཡིན་རྒྱུ་རེད།
- སྙན་ངག་གི་ཉམས་སྟོན་ས་ཡང་དེ་ཡིན་རྒྱུ་རེད།
- ཨོ་ལེད་་དེ་ཡིན་པའི་རྐྱེན་གྱིས་ཁྱོད་ཚོའི་རང་གི་བྲིས་ཟིན་པ།
- ད་ལྟ་དང་མ་འོངས་བ་ཡིན་ན་གསར་རྩོམ་གྱི་ལས་ལ་ཞུགས་པའི་སྐབས།
- གང་རེད་ཟེར་ན།
- མཐོང་གནས་ཟེར་བ་རེད་ལ།
- 视角艺术的视角ཟེར་བ་རེད་ལ།
- སྒྱུ་སྩལ་གྱི་མཐོང་གནས་འདྲ་བ།
- དོན་དག་གཅིག་རེད།
- དཔེ་བཞག་ན་དོན་དག་གཅིག་རེད།
- གོང་ཐང་རིན་པོ་ཆེ་སྐུ་གཤེགས་པ་དེ་དོན་དག་གཅིག་རེད།
- དོན་དངོས་ཡིན་པ་མ་ཟད་དོན་དག་གཅིག་རེད།
- ང་ཚོ་འདི་ན་མི་ཉི་ཤུ་རྩ་གཅིག་ཡོད་ཀི།
- མི་ཉི་ཤུ་རྩ་གཅིག་གི་མཚོན་ཐབས་ཉི་ཤུ་རྩ་གཅིག་ཡིན་རྒྱུ་རེད།
- དེ་འདྲ་ཞིག་ཡིན་དགོས་སྒྱུ་སྩལ་ཟེར་བ་དེ།
- 情感མ་འདྲ་བ།
- སོ་སོ་ཡི་ཚོར་འདུ་མ་འདྲ་བ་ཡིན་རྒྱུ་རེད།
- སྟོན་ཐབས་མ་འདྲ་བ།
- གངས་ཞེན་གྱི་སྟོན་ཐབས་དེ་འདི་འདྲ་ཞིག་རེད་དཔེ་བཞག་ན།
- བུ་ཆུང་གི་ཁ་པར་ཞིག་དང་འབྲེལ་ནས།
- ཉི་མ་ནུབ་སོང་བའི་རྒྱུད་རིམ།
- བུ་ཆུང་གིས་ཁ་བ་བབས་པ།
- སྐྲག་སྣང་སྐྱེས་བ་དེ།
- གྲང་སྣང་དང་སྐྲག་སྣང་སྐྱེས་པ་དེ་དང་འགྲོགས་ནས།
- ཁོ་ཚང་གི་དྲི་བ་དེ།
- གངས་ཞེན་ལྟ་བུ་ཡིན་ན་དེ་ལྟར་མཚོན་ཡོད་ཀི།
- དཔེ་བཞག་ན་རྒན་རྗེ་བཀྲ་བྷོ་ལྟ་བུ་ཞིག་ཡིན་རྒྱུ་ན།
- རྒན་བྱམས་སྒྲུབ་ཚང་ཡིན་རྒྱུ་ན་སྐུ་གཤེགས་པ་དེ་ཡིན་རྒྱུ་ན།
- ཁོ་རང་གིས་བྱང་ཆུབ་ལོ་མ་ཞིག་ལ་དཔེ་བླངས་ནས།
- བྱང་ཆུབ་ལོ་མ་ཞིག་ལ་དཔེ་བླངས་ནས།
- རླུང་དམར་ཟེར་བ་དེའི་ནང་ན་གོ་རྒྱུ་ཞིག་ཡོད་ཀི།
- དུས་མིན་འཆི་བ་ཡིན་རྒྱུ་རེད།
- དེ་འདྲའི་རྒན་པ་མ་རེད།
- དེ་ཡིན་པའི་རྐྱེན་གྱིས་འདི་འདྲའི་སྒོ་ནས་ཡང་།
- ཁོ་རང་གིས་ཐེ་ཚོམ་ཡོད་དཔེ་བཞག་ན།
- རང་གི་རྩ་བའི་དགེ་རྒན་དེ།
- བྱང་ཆུབ་ལོ་མ་ཞིག་ལ་དཔེ་བླངས་ནས་དེ་ཧ་ཅང་རྩ་ཆེན་པོ།
- ཤིང་གི་ནང་ནས་བྱང་ཆུབ་ལོ་མ་ཡིན་ན་ཧ་ཅང་རྩ་ཆེ་བ་རེད།
- ཤིང་གི་ནང་གི་རྒྱལ་བོ་རེད།
- ཨོ་ལེད་་འདི་འདྲ་ཞིག་ལ་དཔེ་བླངས་ནས།
- ཁོ་རང་གིས་སེམས་ཀྱི་འཆར་སོ་མ་རེད།
- རང་གི་སེམས་ཀྱི་ཤུགས་དྲག་པའི་ཚོར་འདུ་དེ།
- ཤུགས་དྲག་པའི་ཚོར་འདུ་དེ་དྲང་མོར་བཤད་ན།
- ཁོ་སེམས་ཁམས་དེ་ལ་འབྲེལ་ཡོད་པ་རེད།
- དེ་ཡིན་པའི་རྐྱེན་གྱིས་ད་ཐེངས་ང་ཚོའི་བཤད་བྱ་གཙོ་བོ་གང་རེད་ཟེར་ན།
- རྩོམ་རིག་དང་སེམས་ཁམས་ཟེར་བ།
- ཨོ་ལེད་་བཤད་པའི་སྐབས་སུ་ཡིན་ན་ཡང་།
- འདི་ཡི་ནང་དོན་འདི་ཡང་དམིགས་སུ་བཀར་ནས་བཤད་དགོས་པ།
- དེ་འདྲ་ཞིག་ཏུ་ལོག་ཡོད་ལ།
- འདི་ངས་བསོད་བྷེ་ལ་བྲིས་པའི་སྙན་ངག
- དེ་ཁ་བྱང་ལ་སྙན་ངག་པ་ཟེར་བ་རེད་ལ།
- ང་ཚོ་དུས་རབས་ཤིག་གི་དཀྱོག་མཚམས་ནས་ཐོག་མར་མཇལ་ཞིང་།
- ང་ཚོ་མཚན་མོར་ཞིག་གི་ཆང་ཁང་ནས་གཏན་ཏུ་ཆས།
- དུས་རབས་ཤིག་གི་དཀྱོག་མཚམས་ཡིན་པ་རེད།
- ཕལ་ཆེར་ཉིས་སྟོང་ལ་མ་སླེབས་པའི་མཚམས་དེར།
- ཁོ་ལོ་སུམ་བཅུ་ཡི་ནང་ལ།
- ཚེ་ལས་འདས་སོང་བའི་དེ་འདྲའི་སྙན་ངག་པ་ཞིག་རེད།
- རྒྱ་ཡི་རྩོམ་པ་པོ་ཡི་ཁྲོད་ནས་ཡང་སྐད་གྲགས་ཡོད་པ་དེ་འདྲ་ཞིག་རེད།
- སྙན་ངག་ལ་ཧ་ཅང་གིས་ཁྱད་ཆོས་ཡོད་པ།
- ཁོ་རང་གིས་སྙན་ངག་དེ་བཟུང་བ།
- དེ་འདྲའི་སྙན་ངག་པ་ཞིག་རེད།
- འདི་ཁོ་སྐུ་གཤེགས་པའི་མྱ་ངན་གྱི་གྲོས་ཚོགས་དེ།
- མཚོ་ལྷོ་སྐབས་དུས་དེར་ང་མཚོ་ལྷོ་བོད་ཡིག་སློབ་འབྲིང་ན་ཡོད་དུས།
- སྐབས་དེར་ང་ཚོ་མཉམ་གྱིས་མི་སུམ་བཅུ་བཞི་བཅུ་ཞིག་འཛོམས་ཐལ།
- ང་ཚོ་མཉམ་དུ་འཛོམས།
- དེ་ནས་ཚང་མའི་ཁོས་བརྩམས་པའི་སྙན་ངག་ཚང་མ་གྱེར་འདོན་བྱས།
- དེ་འདྲའི་སྟབས་བདེ་ཞིག
- ང་ཚོའི་མྱ་ངན་གྲོས་ཚོགས་ཤིག་བསྡུས་པ་རེད།
- མྱ་ངན་གྲོས་ཚོགས་དེ་འདྲ་ཞིག་བསྡུས་པ་རེད།
- ང་རང་ལ་མཚོན་ན་ཡང་ཁོ་རང་ངོ་མི་ཤེས་ལ།
- གང་ལྟར་ཀྱང་གྲོས་ཚོགས་དེའི་སྟེང་ལ་སྐད་བཏང་ནས།
- མཚོ་ལྷོ་ན་ཡོད་པའི་རྩོམ་པ་པོ་ཅི་ཟེར་བ་རེད།
- རྩོམ་འབྲི་མཁན་ཚང་མར་མཉམ་དུ་སྐད་བཏང་ནས།
- མཉམ་དུ་འཛོམས་ནས་ང་ཚོ་འགྲོ་རྒྱུ་རེད།
- དེ་ཡིན་པའི་རྐྱེན་གྱིས་དུས་རབས་ཤིག་གི་དཀྱོག་མཚམས་ནས།
- ཐོག་མར་མཇལ་ཟེར་བའི་རྒྱུ་མཚན་དེ་རེད།
- དུས་རབས་ཤིག་གི་ཐོག་མར་ཁྱོད་ཚོར་མཇལ་ཞིང་།
- ང་ཚོ་མཚན་མོར་ཞིག་གི་ཆང་ཁང་ནས་གཏན་ཏུ་ཆས་པ་དེ་རེད།
- དེ་ཡི་ནང་ནས་གང་རེད་ཟེར་ན།
- མཚན་མོ་ཞིག་ནས་ཁོ་ཚོ་ཁ་བྲལ་བའི་རྣམ་པ་དེ་བརྗོད་ཡོད་ལ།
- ང་ཚོའི་མི་ཚེ་ཐུང་ཐུང་ཞིག་ལ་བོར་ཟིན་པའི་རང་ཉིད་བཙལ་བ།
- བོར་ཟིན་པའི་རང་ཉིད་བཙལ་བ་ཟེར་བ།
- བོར་ཟིན་པའི་སྐབས་དུས་དེར།
- སྐབས་དེ་ཡི་སྙན་ངག་པ་མང་པོ་ཞིག་གིས།
- སྐད་ཆ་འདི་ཅུང་ཙམ་ཞིག་བཀོལ་བཞིན་ཡོད་པ།
- བཀོལ་བ་མ་ཟད་ཁོ་རང་གི་འཚོ་བའི་རྒྱུད་རིམ་གྱི་ནང་ནས་བལྟས་ནས་སོང་ན།
- བོར་ཟིན་པའི་རང་ཉིད་བོར་ཟིན་པ།
- བོར་ཟིན་པའི་རང་ཉིད་བཙལ་བ་ཟེར་བའི་བརྗོད་བྱ།
- འདིའི་སྐོར་གྱི་སྙན་ངག་ཅུང་ཙམ་ཞིག་མང་བ་འདྲ་བ།
- དུས་སྐབས་དེ་འདྲ་ཞིག་བྱུང་ཐལ།
- མང་ཆེ་བ་ཡིན་ན་ལོ་རབས།
- དུས་རབས་ཉེར་གཅིག་མ་སླེབས་པའི་ཡར་སྔོན་གྱི།
- ལོ་རབས་བརྒྱ་བཅུའི་མཇུག་དང་།
- ལོ་རབས་དགུ་བཅུ་ཐམ་པ་ཡི་ནང་ལོགས་དེར་ཡིན་ན།
- རྩོམ་འབྲི་བ་དང་སྙན་ངག་འབྲི་བ་མང་ཆེ་བ་ཞིག
- སྙན་ངག་གི་བརྗོད་བྱ་ཡི་ནང་ན་ཅུང་ཙམ་ཞིག་མང་བ་རེད།
- ད་དུང་ང་ཚོའི་དགུན་དུས་ཧྲིལ་བོ་ཞིག་གི་མཛའ་གླུ།
- སྙན་ངག་ལ་བཅོལ་ཟེར་བའི་སྐད་ཆ་ཞིག་ཡོད།
- དགུན་དུས་ཧྲིལ་བོ་ཞིག་ལ།
- དགུན་དུས་ཞེས་པ་དེར་གོ་རྒྱུ་ཡོད་པ་རེད།
- དགུན་དུས་ཧྲིལ་བོ་ཞིག་ལ།
- སྙན་ངག་པའི་མི་ཡུལ་གྱི་ཕྱི་ལོ་དེ་ནས།
- སྙན་ངག་པ་བྱིས་པའི་དུས་སྟོན་གྱི་ཉིན་མོར་གར་སོང་ཆ་མེད་དུ་གྱུར།
- ཁོ་རང་ཡིན་ན་དྲུག་པའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ནང་ལ།
- ཚེ་ལས་འདས་པ་ཞིག་རེད།
- དེ་ཡིན་པའི་རྐྱེན་གྱིས།
- སྙན་ངག་པའི་མི་ཡུལ་གྱི་ཕྱི་ལོ་དེ་ནས།
- སྙན་ངག་པ་བྱིས་པའི་དུས་སྟོན་གྱི་ཉིན་མོར་གར་སོང་ཆ་མེད་དུ་གྱུར་ཐལ།
- འདིའི་ནང་ལ་ངས་འཁྲེན་བཤད་འདྲ་བ་ཞིག་བྲིས་ཡོད་པ་ཅི་རེད་ཟེར་ན།
- བོར་ཟིན་པའི་རང་ཉིད་ཚར་ཞེས་པའི་བརྗོད་བྱ་འདི་ནི།
- བར་སྐབས་ཤིག་ལ་རང་རེས་སྙན་ངག་པའི་ཁྲོད་ཀྱི།
- གླེང་ཕྱོགས་གཙོ་བོ་ཞིག་ཏུ་གྱུར་མྱོང་།
- ཨོ་ལེད་་་དེ་འདྲའི་སྐབས་ཤིག་བརྒྱུད་མྱོང་།
- ཁྱོད་ཚོར་ཕལ་ཆེར་དེ་འདྲའི་སྣང་བ་མེད་ན་ཡང་།
- ཕལ་ཆེར་ངས་ལོ་ཚོད་ཀྱི་གཡས་གཡོན་དེའི་སྐབས་ལ།
- སྙན་ངག་འབྲི་བ་མང་ཆེ་བ་ཞིག་ལ་དེ་འདྲ་ཞིག་ཡོད་པ།
- འདི་སྤྱིར་ཅི་ཟེར་བ་རེད།
- སྙན་ངག་འདི་གྲུབ་མཐའ་ཞིག་ཡིན་ན་ཆོག་གི
- ཁོ་ཡང་ན་བསམ་པའི་བླ་རྗེན་ཟེར་བ་རེད་ལ།
- རྩོམ་རིག་གི་བསམ་པའི་བླ་རྗེན་ཟེར་ན་འདྲ།
- སྤྱིར་ང་ཚོ་བོད་ལ་བསམ་པའི་བླ་རྗེན་ཞིག་བྱུང་མ་བྱུང་གི་རྩོད་པ་མང་གི
- མི་རབས་གསུམ་པ་མ་བྱུང་པའི་ཡར་སྔོན་དེར།
- བོད་ལ་རྩོམ་རིག་གི་བསམ་པའི་བླ་རྗེན་ཟེར་བ་ཞིག་བྱུང་མྱོང་ལ་མ་མྱོང་།
- དེ་འདྲའི་རྩོད་པ་དང་དེ་འདྲའི་དོགས་པ་ཡོད་ཀྱི་རེད།
- སྤྱིར་བཏང་གིས་བཤད་ནས་ཡོང་ན།
- རྩོམ་པ་པོ་དོན་གྲུབ་རྒྱལ་གྱི་དུས་སྐབས་ནས་བཟུང་དེ།
- ཅུང་ཙམ་ཞིག་བྱུང་བའི་རྟགས་རེད།
- ཅུང་ཙམ་ཞིག་བྱུང་བ།
- ལྷག་པར་དུ་ལང་ཚོའི་རྦབ་ཆུ་དེ་བརྩམས་པའི་རྗེས་སུ།
- བརྒྱ་བཅུ་གྱ་གསུམ་གྱི་སྦྲང་ཆར་དེབ་གཉིས་པའི་སྟེང་ལ།
- ཐོག་དང་པོར་ལང་ཚོའི་རྦབ་ཆུ་དེ་བཀོད་པ་རེད།
- བརྒྱ་བཅུ་གྱ་གསུམ།
- ཁོ་ཚང་སྐུ་ཀྲོང་དུས་ཡིན་ན་བརྒྱ་བཅུ་གྱ་ལྔ་རེད་ལ།
- ལོ་གཉིས་ཡོད་མེད་ཀྱི་གོང་དེར་ལང་ཚོའི་རྦབ་ཆུ་དེ་བཀོད་པ་རེད།
- དེ་ཡིས་རྗེས་སུ་དེ་དང་འབྲེལ་ཡོད་ཀྱི་དེ་ལ་དཔེ།
- ལད་ཟློས་ཀྱི་དེ་འདྲའིི་རྩོམ་བླ་རྗེན་ཞིག་འཕྱུར་བ་རེད།
- དྲང་མོར་བཤད་ན།
- ཨོ་ལེད་་ཁོ་རྩོམ་པ་པོ་དོན་གྲུབ་རྒྱལ་དང་ལོ་ཚོད་མཉམ་པ།
- ཡང་ན་དོན་གྲུབ་རྒྱལ་ལས་ཅུང་ཟད་ལོ་གཞོན་པ་དེའི་ཁྲོད་ན།
- དཔེ་བཞག་ན་ཆབ་འགག་རྡོ་རྗེ་ཚེ་རིང་།
- སྐབས་དེར་སྐད་གྲགས་ཡོད་པའི་རྡོ་རྗེ་ཚེ་རིང་ཟེར་རྒྱུ་འདྲ་བ།
- རེབ་གོང་རྡོ་རྗེ་མཁར་ཟེར་རྒྱུ་འདྲ་བ།
- འདི་འདྲའི་སྐོར་ཞིག
- འདི་འདྲའི་སྐོར་ཞིག་བྱུང་།
- འོ་་དེའི་ཁྲོད་ནས་གང་རེད་ཟེར་ན།
- ཅུང་ཟད་ལད་ཟློས་ཡང་ཡིན་པ།
- ལད་ཟློས་ཡིན་པ་མ་ཟད།
- དེ་འདྲའི་བླ་རྗེན་ཞིག་ཅུང་ཙམ་ཁྱེར་པ་རེད།
- དྲང་མོར་བཤད་ན་ཁྱབ་པ་རེད།
- ཁྱབ་ཀྱང་དེ་ད་ལྟ་ཡང་སྐབས་སུ་བབས་པ་མ་རེད།
- སྐབས་སུ་བབས་པ་མ་རེད།