22 Oct 2012
53 min 14 sec
Video Overview
Creators:
Mayuk Cultural Video Company, རྨ་ཡུལ་རིག་གནས་བརྙན་འཕྲིན་སྒྲིག་བཟོ་ཀུང་སི།, 玛域文化影视制作公司
Work songs: The work songs were collected and filmed in Daowei Township, Karang Township, and Gangca Township. Very few people know the songs nowadays, therefore, most of the actors in the video were trained first.
ལས་གླུ། ལས་གླུ་འདི་དག་ནི་ཞོན་ཧྭ་མདོ་སྦིས། ཀ་རིང་། རྐང་ཚ་བཅས་ནས་བསྡུ་སྒྲིག་བྱས་པ་ཡིན། ལས་གླུ་འདི་དག་ནི་་རྒན་པ་ཚོ་ལས་ལེན་མི་ཤེས་པས། འོད་སྡེར་ནང་གི་གླུ་བ་གླུ་མརྣམས་ཀྱིས་ཐོག་མར་དེའི་སྐོར་གྱི་དབྱངས་རྟ་དང་གླུ་ཚིག་སོགས་སྦྱོང་དགོས་བ་བྱུང་། དེ་ནས་ བརྙན་ཕབས།
劳动歌:这些劳动歌曲是在到位,尕愣,刚嚓乡录制。在录像中的大多数演员是经过当地老人的培训和指导后来参加我们的拍摄活动的。
- Dobi
- Karing
- Kangtsa
- བཤད་མཁན་དང་པོ།ཞུན་ཧྭ་བོད་ཁུལ་ལ་མཚོན་ན།
- ཞིང་ཕྱུགས་གཉིས་ལས་གཙོ་བོ་ཞིང་ལས་གཞོལ་ཆེ་བ་ཞིག་ཡིན་པས།
- ཞིང་ལས་པ་ཚོས་གནའ་ནས་བཟུང་།
- ཐོན་སྐྱེད་ངལ་རྩོལ་གྱི་བརྒྱུད་རིམ་ཁྲོད།
- ཐུན་མོང་གིས་གྲུབ་པའི་ལས་གླུ་སྣ་ཚོགས་ཤིག་གསར་སྐྲུན་བྱས་ཡོད་པ་དང་།
- དེ་དག་ལ་གང་ནས་བལྟས་ཀྱང་།
- རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ངང་གིས་ཐོན་ཡོད་པ་རེད།
- ལས་གླུ་དེ་དག་ནི་ཏག་ཏག་གླུ་གར་རྩེད་མོ་དང་མི་འདྲ་བར།
- ལས་ཀ་དང་མཉམ་དུ་སྦྲགས་ཏེ་ལེན་པའམ་འདོན་པ་ཡིན་པས།
- སོ་སོའི་ལས་ཀའི་ངོ་བོ་དང་ནང་དོན།
- དུས་ཚོད་སོགས་མི་འདྲ་བའི་དབང་གིས་ཕན་ནུས་ཀྱང་མི་འདྲ་ལ།
- ཁྱད་པར་ཡང་ཡོད་པ་རེད།
- ཞིང་ལས་ས་ཁུལ་ལ་མཚོན་ན།
- དཔྱིད་ཀྱི་ཞིང་འདེབས་པའི་དུས་ནི།
- ཧ་ཅང་གལ་ཆེན་དང་གནད་འགག་གི་དུས་ཚིགས་ཤིག་ཡིན་པ་དང་།
- དེ་ཡང་ཐད་ཀར་དུ་ལོ་དེའི་ལོ་ཏོག་ལ།
- འབྲས་བཟང་སྨིན་ཐུབ་མིན་ལ་འབྲེལ་བ་ངེས་ཅན་ཡོད་པ་རེད།
- དེ་བས་རྒྱ་ལོའི་ལོ་གསར་གྱི་རྗེས་ནས།
- ཞུན་ཧྭ་བོད་ཁུལ་གྱི་ས་ཆ་ཀུན་ཏུ།
- ཞིང་འདེབས་ལ་གྲ་སྒྲིག་བྱེད་པའི་འདུ་འཛིའི་རྣམ་པས་ཁེངས་ཡོད་པ་སྟེ།
- ལུད་སྐྱེལ་བ་དང་སྤོ་ཐོ་རྡུང་བ།
- ལོག་རྒྱག་པ་དང་ཤ་རྒྱག་པ་སོགས།
- ལས་ཀའི་བྲེལ་བ་ཧ་ཅང་ཆེ།
- ལོ་གཅིག་གི་ཡོང་འབབ་བཟང་ངན་དེ།
- ལོ་དེའི་དཔྱིད་ཀྱི་ཞིང་འདེབས་ལ་རག་ལས་ཏེ།
- སོན་མ་བཏབ་གོང་དུ།
- ཐོག་མར་ས་རིའི་མཁན་པོ་དང་རྩིས་པ།
- ཡང་ན་སྡེ་བའི་ལོ་ལོན་བསམ་ཤེས་ཤིག་གི་ས་ནས་ཐོང་སྐར་ལ་བལྟ་བ་ཡིན།
- བཤད་མཁན་གཉིས་པ།ཅི་རེད་ཟེར་ན།
- དེའི་སྐོར་ལ་སྡེ་བ་འཚོག་ནས།
- གྲོས་ཤིག་མ་བྱས་ན་ང་ཚོས་ཀྱང་ཉི་མ་སྐར་མ་དེ་ཤེས་པ་མ་རེད།
- དེའི་སྟབས་ཀྱིས་དེ་རིང་ཁྱེད་ཚོ་བོས་པ་རེད།
- བོས་ནས་ང་ཚོས་འདི་ལྟར་གྲོས་བྱས་ནས།
- གྲོས་བསྡུར་བྱས་ནས།
- ཞིང་འདེབས་པའི་ཉིན་དེར་མོ་བ་ཞིག་གི་གམ་དུ་སོང་ནས་མོ་ཞིག་བཏབ་ནས།
- རྩིས་ཤིག་བྱས་ནས།
- དེ་ལྟར་ཞིང་འདེབས་པའི་ཉི་མ་དེར་ང་ཚོས་བལྟ་བསམ་ནས།
- བོས་པའི་དམིགས་པ་དེ་ཡིན།
- དེ་བས་ཁྱེད་ཚོས་བསམ་འཆར་ཞིག་ཤོད་དང།
- ང་ལ་དེ་མ་གཏོགས་ཆེན་པོ་ཞིག་བཤད་རྒྱུ་མེད།
- བཤད་མཁན་གསུམ་པ།ང་ཚོས་མི་ཤེས་རུང་།
- ང་ཚོ་སོང་ནས་བལྟ་མཁན་ལ་བལྟ་རུ་འཇུག་དགོས།
- བལྟ་མཁན་ལ་བལྟ་རུ་བཅུག་རྗེས་ཁོས་ཅི་ཟེར་བ།
- ང་ཚོས་དེ་ལྟར་བྱེད་དང་།
- དེ་རེད།
- བཤད་མཁན་གཉིས་པ།མོ་བའི་རྩིབ་ལ་གཅིག་འགྲོ་དགོས་རྒྱུ་རེད།
- རེད་རེད།
- སུ་འགྲོ་རྒྱུ་ཡིན།
- ངེད་གཉིས་ཀྱི་ནང་གི་གཅིག་འགྲོ་དགོས་རྒྱུ་རེད།
- ཁྱེད་སོང་དང་།
- ལོ་ཡིས་བལྟས་ན་ཁྱེད་སོང་ན་འགྲིག
- བཤད་མཁན་གསུམ་པ།ཡ་ཡ།
- བཤད་མཁན་གཉིས་པ།གསལ་བོ་ཞིག་ཞུས་དང་།
- བཤད་མཁན་གསུམ་པ།ཡ་ཡ་་་ང་སོང་ནས་གསལ་བོ་ཞིག་ཞུས་དང་།
- ང་སོང་ནས་གསལ་བོ་ཡག་པོ་ཞིག་ཞུས་ནས་ཡོང་།
- བཤད་མཁན་གསུམ་པ།ཨ་ཁུ་ཁྱེད་ཡོད་དམ།
- བཤད་མཁན་བཞི་བ།ཡོད་ཡོད།
- ཁྱོད་ཐོན་བྱུང་ངམ།
- བཤད་མཁན་གསུམ་པ།དེ་རིང་ངེད་ཚོའི་ཞིང་འདེབས་པའི་ཉི་མ་ལ་ཁྱེད་ཀྱིས་གཅིག་བལྟ་དགོས།
- དེ་རིང་ང་ཚོ་ཚང་མས་གྲོས་བྱས་ནས།
- དེ་རིང་ཉིན་བཟང་སྐར་བཟང་རེད།
- ཞིང་ལ་ནམ་ཞིག་ལ་ཐོང་སྐལ་བྱས་ན་བཟང་བ།
- དེའི་སྟེང་ནས་ཁྱེད་ཀྱིས་གསལ་བོ་ཞིག་བལྟ་དགོས།
- ང་ཚོས་དེ་རིང་དེར་གྲོས་བྱས་ནས་ཡོང་བ་ཡིན།
- ཚང་མས་སྒུག་ནས་བསྡད་ཡོད།
- ཁྱེད་ལ་ཁྱེར་ཡོང་རྒྱུ་ཞིག་ཀྱང་མེད་ཀི།
- འདི་ནི་གོ་རེ་ཞིག་དང་ཁ་བཏགས་ཤིག་ཡོད།
- བཤད་མཁན་བཞི་བ།དགོས་པ་མ་རེད།
- རང་སྡེ་བ་རེད།
- གསོལ་བ་འདེབས་པའི་རྣལ་འབྱོར་དཔོན་སློབ་ཀྱི།
- འགལ་རྐྱེན་ཀུན་གསོལ་མཐུན་རྐྱེན་མ་ལུས་སྒྲུབས།
- བདག་སོགས་དེང་ནས་ཚེ་རབས་ཐམས་ཅད་དུ།
- བསང་བའི་ལྷ་མོ་ཁྱོད་དང་མི་འབྲལ་ཞིང་།
- བར་ཆད་བགེགས་ཀྱི་མཚན་མ་ཅི་བྱུང་ཡང་།
- དེ་ཀུན་ལྷ་མོ་ཁྱོད་ཀྱིས་ཟློག་པར་མཛོད།
- ལྷག་བསམ་དག་པས་ཚུལ་འདིར་བརྩོན་པ་ན།
- ཚངས་དང་དབང་བོ་འཇིག་རྟེན་སྐྱོང་བ་དང་།
- དམག་ཟོར་རྒྱལ་མོ་ལ་སོགས་སྲུངས་མས་ཀྱང།
- གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག
- ཡ་་་གཉིས་པའི་བཅོ་བརྒྱད་ཉི་མ་ལེགས་པ་འདྲ།
- བཤད་མཁན་གསུམ་པ།ཡ་ཨ་ལགས།
- བཤད་མཁན་བཞི་བ།ད་ལོ་ས་མོ་གླང་གི་ལོ་རེད།
- བཅོ་བརྒྱད་གྱི་ཉིན་དེ་ཡང་གླང་གི་ཉི་མ་རེད།
- བཤད་མཁན་གསུམ་པ།རེད་རེད།
- བཤད་མཁན་བཞི་བ།དེང་མ་ནས་གཉིས་པའི་བཅོ་བརྒྱད་དེར་ཐོང་སྐལ་ཕྱེ་པ་ཞིག་རེད།
- བཤད་མཁན་གསུམ་པ།རེད་རེད།
- བཤད་མཁན་བཞི་བ།དེའི་ཉི་མ་སྐར་མ་ཚང་མ་བཟང་གི།
- བཤད་མཁན་གསུམ་པ།རེད་རེད།
- བཤད་མཁན་བཞི་བ།དེའི་ཉིན་ང་ཚོས་སྡེ་བརྒྱད་ལ་མཆོད་པ་མཆོད་དང་ལོ་ལེགས་འབྱུང་བ་རེད།
- བཤད་མཁན་གསུམ་པ།བཟང་གི་་་ཡ་ཡ།
- ང་ཚོས་འབད་པ་བྱེད།
- དེ་བྱོས་་་ད་བདེ་མོ།
- བཤད་མཁན་བཞི་བ།ཡ་ཡ།
- ང་ཚོང་ནས་བལྟས་པ་ཡིན།
- གང་འགྲིག་གི་ཞེས་མོ་བ་ལ་མོ་དང་རྩིས་བྱས་ན།
- གང་ལྟར་ཉིན་བཟང་སྐར་བཟང་།
- གཉིས་པའི་བཅོ་བརྒྱད་རེད་ཟེར།
- ལོ་ལེགས་འབྱུང་བར་གཉིས་པའི་བཅོ་བརྒྱད་ལེགས་ཟེར།
- ཁྱོད་ཚོས་གཉིས་པའི་བཅོ་བརྒྱད་ལ་ཐོང་སྐལ་ཕྱེ་བའི་ལས་ལ་ཞུགས།
- དེ་ལྟར་གསུངས་བྱུང་།
- རེད་རེད།
- བཤད་མཁན་དང་པོ།བཤད་རྒྱུན་དུ།
- ཁྱི་ཕག་བྱི་བ་གླང་སོགས་ཀྱི་ཉིན་ལ་ཞིང་འདེབས་པ་ཞིག་ཡིན་ཏེ།
- ཁྱི་ནི་ལོ་ཏོག་གི་བདག་པོ་དང་།
- གླང་ནི་བསོད་ནམས་ཆེ་ཞིང་ལོ་ཏོག་འདེབས་པ་པོ་ཡིན་པས།
- ཕག་ནི་ཚོ་ཞིང་འཕེལ་ཚད་མང་བ་སོགས།
- རྟགས་དང་རྟེན་འབྲེལ་སྒྲིགས་ཤིང་བཤད་དེ།
- ཐོང་ཁ་ཞེས་པའི་དུས་ཚོད་ཐག་གཅོད་པ་དང།
- དེ་ནས་ཐོང་གཤོལ་གྱི་ཁ་གཏོད་ཕྱོགས་དེ།
- ལོའི་སྐྱ་ཀའི་ཚང་མགོ་གང་ལ་འཁོར་ཡོད་ན་དེར་གཏོད་ཅིང་།
- རྒྱུ་མཚན་ནི་སྐྱ་ཀ་ཕྲ་མོ་ནི་ལྷ་བྱ་ཡིན་པས།
- སྐྱ་ཀའི་ཚང་མགོའི་འཁོར་ཕྱོགས་དེ།
- ལོ་དེའི་ཆར་ཆུ་འབབ་ཕྱོགས་དང་འབྲེལ་བ་དམ་པོ་ཡོད་པར་བཤད།
- གཞན་དུ་གནམ་གྱི་ཁ་ནང་ལ་སོར་མི་ཉན་ཞེས་པའི་བཤད་སྲོལ་ཞིག་ཀྱང་ཡོད།
- ཐོང་སྐལ་གྱི་ཉིན་མོ་གཏན་འཁེལ་བྱས་རྗེས།
- སྡེ་བའི་ཁྱིམ་ཚང་སོ་སོ་ནས་གོ་རེ་ལག་ཤས་རེ་སྲེག་སྟེ།
- མ་ཎི་ཁང་ལ་ཁྱེར་འོང་ཞིང་དེ་རུ་བསང་ཕུད་དེ།
- ཡུལ་ལྷ་གཞི་བདག་ལ་མཆོད་ཅིང་ཐོང་ཁ་ཕྱེ་བའི་མགོ་རྩོམ་ཞིང་།
- ཐོག་མར་གསར་བུ་ཁ་གཙང་མགོ་གཙང།
- གླང་ལོ་བ་ཞིག་གིས་རྨོ་ཟོག་ཁྲིད་ཅིང་།
- སྟག་ལོ་བ་ཞིག་གིས་གཤོལ་མགོར་འཇུས་པ་དང་།
- མ་སྲུ་ཞིག་གིས་ལུད་ཙུག་ལ་གཡས་སྐོར་བརྒྱབ་ནས་གང་སར་བསྡད་རྗེས།
- སོན་འདེབས་ཀྱི་བཤད་པ་བཤད་ཞོར་གཤོལ་སྣེ་ས་ལ་འཛུགས་པ་ཡིན།
- དེ་ཡང་བཤད་པ་ནི།
- ལོ་ཡག་ལོ་ཡག
- སྟོད་རྒྱ་གར་གྱི་ལོ་ཡག་འདིར་འདུས།
- སྨད་རྒྱ་ནག་གི་ལོ་ཡག་འདིར་འདུས།
- སྐུ་རྒྱལ་བོད་ཀྱི་ལོ་ཡག་འདིར་འདུས།
- ལོ་ཡག་ཐམས་ཅད་འདིར་འདུས།
- ཡ་་་ད་ལོ་ཡག་ལོ་ཡག
- ནས་ཕྱེ་ཡིས་ཐབ་ཀ་ཕྱུག་པར་ཤོག
- ཅོང་རྡོག་གི་རྡོ་ཁ་གཡུག་པར་ཤོག
- དེ་ལྟར་ཐོང་ཁ་ཕྱེ་རྗེས།
- སྔོན་ལ་ཁྱིམ་ཚང་རེ་ནས་ཁྱེར་ཡོད་པའི་གོ་རེ་རྣམས་སིལ་བུར་གཏུབ་རྗེས།
- སྡེ་མི་ཡོངས་ཀྱིས་བཟའ་བར་བྱེད་པ་དང་།
- བྱིས་པ་ལ་ཀ་ར་སོགས་གཏོར་ཅིང།
- སྐྱེས་པ་རྣམས་ཀྱིས་ཆང་འཐུང་བའི་སྲོལ་ཡོད།
- ས་ཁུལ་འདིར་སྤྱིར་བཏང་དུ།
- གྱང་རྡུང་ཉམས་མྱོང་ཅན་ལོ་ན་གཞོན་པ་རྣམས།
- གྱང་ནང་ལ་བུད་དེ་གྱང་ཐོ་བཟུང་བ་དང་།
- ལོ་ན་གཞོན་རུང་ཉམས་མྱོང་དེ་འདྲ་མེད་པ་རྣམས་ཀྱིས་ས་འཕེན།
- ལོ་ན་རྒན་གྲས་ཀྱི་སྐོར་དང་མ་སྲུ་རྣམས་ཀྱིས་ས་སྐྱེལ་བྱེད་དོ།
- དེ་ཡང་གྱང་ནང་ནས་གྱང་ཐོ་བཟུང་ནས་རྡུང་མཁན་དང་།
- འོག་གི་ས་འཕེན་མཁན་ཚོས་ལེན་པའི་གྱང་གླུ་ནི།
- འགྲོས་དལ་ཞིང་ལྷོད་པ་སྟེ།
- གྱང་ཇེ་མཐོར་སོང་བ་དང་བསྟུན་ནས།
- ས་འཕེན་པ་ལ་ཤུགས་ཆེན་པོ་ཕུད་དགོས་པ་དང་།
- གྱང་རྡུང་བ་ཡང་ངོས་སྙོམས་པོ་ཡོང་བར་ཞིབ་ཏུ་རྡུང་དགོས་ཏེ།
- གྱང་ལེབ་ཚིགས་མཚམས་རེ་ནས་གྱང་ཐོས་ནན་གྱིས་རྡུང་བ་ཡིན།
- གཞན་ས་སྐྱེལ་གྱི་གྱང་ལེའི་ཚིགས་ནི་རྡུང་མཁན་གྱི་ཚིགས་དང་འདྲ་ནཡང་།
- ས་སྐྱེལ་བྱེད་པ་ལ་ཤེད་མོ་ཆེན་པོ་ཕུད་མི་དགོས་པ་དང་།
- ས་མཐོ་སར་ཡང་འཕེན་མི་དགོས་པར།
- གོམ་པ་འགའི་མཚམས་སུ་འཕངས་བའི་རྐྱེན་གྱིས།
- གླུའི་འགྲོས་ཀྱང་མགྱོགས་ཤིང་གྲུམ་པར་སྣང་།
- དེ་ཡང་གླུ་ཚིག་ནི་ཤིན་ཏུ་སྟབས་བདེ་ཡིན་ཏེ།
- མེ་ལོ་པདྨ་འོད་འཕྲོས་གཅིག་པུ་ཡིན་ལ།
- དེར་དབྱངས་རྟ་སྦྱར་ནས་བླངས་པས།
- ལས་ཀ་གོ་རིམ་ཅན་བྱེད་པར་མ་ཟད།
- གྱང་གླུ་བླངས་ནས་རྡུང་བ་སྲ་ཞིང་བརྟན་པ་དང་།
- གྱང་ངོས་ཡག་ཅིང་འཇམ་པ་སོགས་ཀྱི་ཁྱད་ཆོས་དང་ལྡན་པའི་བཤད་རྒྱུན་ཡོད།
- ཞུན་ཧྭ་རྡོ་སྦིས་ས་ཁུལ་གྱི་གྱང་གླུ་ནི་ལས་གླུའི་ནང་ཚན་ཞིག་ཡིན་ལ།
- འདི་ནི་ས་ཁུལ་འདིར་ཧ་ཅང་དར་ཁྱབ་ཆེ་བའི་ལས་གླུའི་རིགས་ཤིག་ཀྱང་ཡིན།
- བཤད་མཁན་ལྔ་བ།མེ་ལོ་པདྨ་འོད་འཕྲོས་ཡ།
- མེ་ལོ་པདྨ་འོད་འཕྲོས་ཡ།
- ལོངས་དང་།
- མེ་ལོ་པདྨ་འོད་འཕྲོས་ཡ།
- མེ་ལོ་པདྨ་འོད་འཕྲོས་ཡ།
- མེ་ལོ་པདྨ་འོད་འཕྲོས་ཡ།
- མེ་ལོ་པདྨ་འོད་འཕྲོས་ཡ།
- མེ་ལོ་པདྨ་འོད་འཕྲོས་ཡ།
- མེ་ལོ་པདྨ་འོད་འཕྲོས་ཡ།
- མེ་ལོ་པདྨ་འོད་འཕྲོས་ཡ།
- མེ་ལོ་པདྨ་འོད་འཕྲོས་ཡ།
- མེ་ལོ་པདྨ་འོད་འཕྲོས་ཡ།
- མེ་ལོ་པདྨ་འོད་འཕྲོས་ཡ།
- མེ་ལོ་པདྨ་འོད་འཕྲོས་ཡ།
- མེ་ལོ་པདྨ་འོད་འཕྲོས་ཡ།
- མེ་ལོ་པདྨ་འོད་འཕྲོས་ཡ།
- མེ་ལོ་པདྨ་འོད་འཕྲོས་ཡ།
- བཤད་མཁན་དང་པོ།ཞིང་འབྲེག་པའི་དུས་ཀྱི་ལས་གླུ་ནི།
- ས་ཁུལ་འདིའི་ཡུལ་གྲུ་སོ་སོའི་དབྱངས་རྟ་གཅིག་ཏུ་ངེས་ཤིང་།
- གླུ་ཚིག་འགའ་རེ་མ་གཏོགས་སྤྱི་ཁོག་ལ་ཕལ་ཆེར་མི་མཐུན་ས་མེད།
- དེ་ཡང་གླུ་ཡི་ནང་དོན་ཐད་ནས།
- ལས་ཀའི་གོ་རིམ་དང་སྦྲགས་ནས་འགྱུར་ལྡོག་བྱུང་གིན་ཡོད་པ་ཞིག་སྟེ།
- གོ་རིམ་གྱི་ཆ་ནས་གསུམ་དུ་དབྱེ་ཆོག་པ་དང།
- ཐོག་མར་ཞིང་མ་བྲེག་གོང་སོ་མ་ལག་འཇོག་དུས་ཀྱི་གླུ་ཚིག་ལ་འདི་ལྟ་བུ་སྟེ།
- བཤད་མཁན་བདུན་པ།ཨོ་ཡེ་་་མ་སྐྲག་མ་རྔམ།
- ཨོ་ཡེ་་་མ་སྐྲག་མ་རྔམ།
- ཨོ་ལེད་་་གཡང་ཞིང་ཚོ་ཡ།
- ཨོ་ལེད་་་གཡང་ཞིང་ཚོ་ཡ།
- ཨོ་ལེད་ཟླ་དགུ་ཡི་ལོ་དགུ།
- ཨོ་ལེད་ཟླ་དགུ་ཡི་ལོ་དགུ།
- ཨོ་ལེད་འབྲེག་ཚད་རེད་དགོ།
- ཨོ་ལེད་འབྲེག་ཚད་རེད་དགོ།
- ཨོ་ལེད་་་མགོ་མ་ཚེས་ན་ཡང་།
- ཨོ་ལེད་་་མགོ་མ་ཚེས་ན་ཡང་།
- ཨོ་ལེད་་་འབྲེག་དགོས་འདུག
- ཨོ་ལེད་་་འབྲེག་དགོས་འདུག
- ཨོ་ལེད་་་ལྟོས་དང་ལོ་ལོ།
- ཨོ་ལེད་་་ལྟོས་དང་ལོ་ལོ།
- ཨོ་ལེད་་་དལ་མོར་འཇོག་དང་།
- ཨོ་ལེད་་་དལ་མོར་འཇོག་དང་།
- བཤད་མཁན་དང་པོ།གླུ་ཚིག་འདིའི་ནང་དོན་གྱི་ཐད་ནས།
- རབ་རྟོག་ལས་སེམས་ལྡན་རབ་རྟོག་གི་ཐབས་ལ་བརྟེན་ནས།
- ཞིང་དེ་ཉིད་སེམས་དང་ལྡན་པར་བྱས་ཤིང་མི་ཞིག་གི་ཚད་ནས་བཞག་སྟེ།
- ཞིང་ལ་སྙིང་ཕུར་གདབ་ཅིང་དཔའ་ངར་འཛོམ་པར་བྱས་པ་ལྟ་བུ་དང་།
- འདི་ལས་ང་ཚོའི་མི་རིགས་འདིའི་རྒྱུ་ལ་ཆགས་པའི་བྱམས་དང་སྙིང་རྗེ་དང་།
- རང་བྱུང་ཁམས་ལ་གཅེས་སྲུང་བྱེད་པའི་འདུ་ཤེས་དེ་ངང་གིས་ཐོན་ཡོད་པ་རེད།
- དེ་ནས་ཞིང་འབྲེག་དངོས་ལ་ཐོན་པ་ན་གླུ་ཚིག་འདི་འདྲ་ཞིག་ཡོད་པ་སྟེ།
- བཤད་མཁན་བརྒྱད་པ།ཡ་བུ་མོ་ཚོ་་་ད་ཞིང་ཞིག་འབྲེག་རེ།
- བཤད་མཁན་དགུ་བ།ཨོ་ཡ་ཡ།
- ཨོ་ལེད་་མགུར་གྱི་མགུར་ལུང་།
- ཨོ་ལེད་་་མགུར་གྱི་མགུར་ལུང་།
- ཨོ་ལེད་་་གོང་མ་ན།
- ཨོ་ལེད་་་གོང་མ་ན།
- ཨོ་ལེད་་་ལྕང་མ་གླང་མས།
- ཨོ་ལེད་་་ལྕང་མ་གླང་མས།
- ཨོ་ལེད་་་གུར་ཞིག་ཕུབ།
- ཨོ་ལེད་་་གུར་ཞིག་ཕུབ།
- ཨོ་ལེད་་་རྣོ་ལྕགས་སྟ་རེ།
- ཨོ་ལེད་་་རྣོ་ལྕགས་སྟ་རེ།
- ཨོ་ལེད་་་ཁ་རྩ་ན།
- ཨོ་ལེད་་་གུར་ཕུབ་ནས་འདུག་ཁོམ།
- ཨོ་ལེད་་་་གུར་ཕུབ་ནས་འདུག་ཁོམ།
- ཨོ་ལེད་་་གང་ན་ཡོད།
- ཨོ་ལེད་་་གང་ན་ཡོད།
- ཨོ་ལེད་་་མགུར་གྱི་མགུར་ལུང་།
- ཨོ་ལེད་་་མགུར་གྱི་མགུར་ལུང།
- ཨོ་ལེད་་་ཞོལ་མ་ན།
- ཨོ་ལེད་་་ཞོལ་མ་ན།
- ཨོ་ལེད་་་ལོ་ཡག་སྙེ་མའི།
- ཨོ་ལེད་་་ལོ་ཡག་སྙེ་མའི།
- ཨོ་ལེད་་་གུར་ཞིག་ཕུབ།
- ཨོ་ལེད་་་གུར་ཞིག་ཕུབ།
- ཨོ་ལེད་་་་རྒྱ་ཟོར་རྣོན་པོའི།
- ཨོ་ལེད་་་་རྒྱ་ཟོར་རྣོན་པོའི།
- ཨོ་ལེད་་་ཁ་རྩ་ན།
- ཨོ་ལེད་་་ཁ་རྩ་ན།
- ཨོ་ལེད་་་གུར་ཕུབ་ནས་འདུག་ཁོམ།
- ཨོ་ལེད་་་གུར་ཕུབ་ནས་འདུག་ཁོམ།
- ཨོ་ལེད་་་གང་ན་ཡོད།
- ཨོ་ལེད་་་གང་ན་ཡོད།
- ཨོ་ལེད་་་ལྟོས་དང་ལོ་ལོ།
- ཨོ་ལེད་་་ལྟོས་དང་ལོ་ལོ།
- ཨོ་ལེད་་་ལྟད་མོ་འཇོག
- ཨོ་ལེད་་་ལྟད་མོ་འཇོག
- ཡ་བུ་མོ་ཚོ་་་ངལ་གསོ་ཞིག་བྱེད་དང།
- དེ་རིང་གི་ཉི་མར་ཞིང་བྲེག་ན་འཚིག་པའི་ཉི་མ་མ་རེད།
- བཤད་མཁན་དང་པོ།དེ་ནས་ཡང་ཚན་པ་འདི་འདྲ་ཞིག་ཀྱང་ཡོད་དེ།
- བ་ཡན་མགར་བའི་ཟོར་བ་དགོས་འདུག
- གོ་མོའི་ལུང་བའི་སྒོ་བརྡར་དགོས་འདུག
- མགར་བའི་ལག་ནས་ཟོར་བ་ཁྱེར་ཤོག
- གོ་མོའི་ལུང་བའི་སྒོ་བརྡར་ཁྱེར་ཤོག
- བཤད་མཁན་དགུ་བ།ཨོ་ལེད་་་བ་ཡན་མགར་བའི།
- ཨོ་ལེད་་་བ་ཡན་མགར་བའི།
- ཨོ་ལེད་་་ཟོར་བ་དགོས་འདུག
- ཨོ་ལེད་་་ཟོར་བ་དགོས་འདུག
- ཨོ་ལེད་་་གོ་མོའི་ལུང་བའི།
- ཨོ་ལེད་་་གོ་མོའི་ལུང་བའི།
- ཨོ་ལེད་་་གོ་བརྡར་དགོས་འདུག
- ཨོ་ལེད་་་གོ་བརྡར་དགོས་འདུག
- ཨོ་ལེད་་་མགར་བའི་ལུང་ནས།
- ཨོ་ལེད་་་མགར་བའི་ལུང་ནས།
- ཨོ་ལེད་་་ཟོར་བ་ཁྱེར་ཤོག
- ཨོ་ལེད་་་ཟོར་བ་ཁྱེར་ཤོག
- ཨོ་ལེད་་་གོ་མོའི་ལུང་བའི།
- ཨོ་ལེད་་་གོ་མོའི་ལུང་བའི།
- ཨོ་ལེད་་་གོ་བརྡར་ཁྱེར་ཤོག
- ཨོ་ལེད་་་གོ་བརྡར་ཁྱེར་ཤོག
- ཨོ་ལེད་་་ཞིང་འབྲེག་རྒད་པོས།
- ཨོ་ལེད་་་ཞིང་འབྲེག་རྒད་པོས།
- ཨོ་ལེད་་་ཟོར་བ་རྡོར་དང་།
- ཨོ་ལེད་་་ཟོར་བ་རྡོར་དང་།
- ཨོ་ལེད་་་ཞིང་འབྲེག་རྒན་མོས།
- ཨོ་ལེད་་་ཞིང་འབྲེག་རྒན་མོས།
- ཨོ་ལེད་་་འབྲེག་གིན་ཡོད་ཡ།
- ཨོ་ལེད་་་འབྲེག་གིན་ཡོད་ཡ།
- ཨོ་ལེད་་་ཞིང་འབྲེག་རྒད་པོ།
- ཨོ་ལེད་་་ཞིང་འབྲེག་རྒད་པོ།
- ཨོ་ལེད་་་གཉའ་ནས་འགྲོ།
- ཨོ་ལེད་་་གཉའ་ནས་འགྲོ།
- ཨོ་ལེད་་་ཞིང་འབྲེག་རྒན་མོ།
- ཨོ་ལེད་་་ཞིང་འབྲེག་རྒན་མོ།
- ཨོ་ལེད་་་འདབས་སུ་འགྲོ།
- ཨོ་ལེད་་་འདབས་སུ་འགྲོ།
- ཨོ་ལེད་་་གསར་བུ་ཆ་བོ།
- ཨོ་ལེད་་་གསར་བུ་ཆ་བོ།
- ཨོ་ལེད་་་འབད་པ་བྱོས་དང་།
- ཨོ་ལེད་་་འབད་པ་བྱོས་དང་།
- ཨོ་ལེད་་་ཞིང་ལ་རྒད་པོ།
- ཨོ་ལེད་་་ཞིང་ལ་རྒད་པོ།
- ཨོ་ལེད་་་ཚར་ལ་ཉེ་འདུག
- ཨོ་ལེད་་་ཚར་ལ་ཉེ་འདུག
- ཨོ་ལེད་་་འབད་པ་བྱོས་དང་།
- ཨོ་ལེད་་་འབད་པ་བྱོས་དང་།
- ཨོ་ལེད་་་ངལ་གསོ་ཞིག་བྱེད།
- ཨོ་ལེད་་་ངལ་གསོ་ཞིག་བྱེད།
- བཤད་མཁན་དང་པོ།གླུ་ཚིག་འདིའི་ནང་དོན་གྱི་ཆ་ནས།
- ཞིང་འབྲེག་སྐབས་མཁོ་བའི་དངོས་པོ་དང་།
- ཞིང་འབྲེག་མཁན་ལ་འབོད་སྐུལ་གཏོང་བཞིན་པའི་ཉམས་དང་ལྡན་པ་དང་།
- ཡང་ཞིང་འབྲེག་པའི་ངང་ཚུལ་སྟོན་པ་དང་།
- ཞིང་འབྲེག་མཁན་ཕན་ཚུན་བར་ལ་ངར་སློང་བྱེད་དུ།
- གཤམ་གྱི་གླུ་ཤིག་འདི་ལྟ་བུ་ཞིག་ཡོད་པ་སྟེ།
- བཤད་མཁན་དགུ་བ།ཨོ་ལེད་་་རྒྱ་ཟོར་རྣོན་པོས།
- ཨོ་ལེད་་་རྒྱ་ཟོར་རྣོན་པོས།
- ཨོ་ལེད་་་ཝ་ར་ར།
- ཨོ་ལེད་་་ཝ་ར་ར།
- ཨོ་ལེད་་་བོར་ཟོར་རྣོན་པོས།
- ཨོ་ལེད་་་བོད་ཟོར་རྣོན་པོས།
- ཨོ་ལེད་་་ཏིང་ཏིང་ཏིང་།
- ཨོ་ལེད་་་ཏིང་ཏིང་ཏིང་།
- ཨོ་ལེད་་་མཛུ་གུ་ལྔ་བོ།
- ཨོ་ལོད་་་མཛུ་གུ་ལྔ་བོ།
- ཨོ་ལེད་་་སེམས་ཆུང་བྱོས་དང་།
- ཨོ་ལེད་་་སེམས་ཆུང་བྱོས་དང་།
- ཨོ་ལེད་་་བུ་མོ་ཆ་བོ།
- ཨོ་ལེད་་་བུ་མོ་ཆ་བོ།
- ཨོ་ལེད་་་འབད་པ་བྱོས་དང་།
- ཨོ་ལེད་་་འབད་པ་བྱོས་དང་།
- བཤད་མཁན་དང་པོ།དེ་ལྟར་བྲེག་ནས་ཚར་ལ་ཉེ་སྐབས་ལོ་གཡེང་འབོད་པ་སྟེ།
- ཁ་གཡེང་གི་ཚུལ་དུ་བཤད་པ་ཐུང་ངུ་ཞིག་ཡོད་དེ།
- ཞིང་ཆུང་གོར་སྐོར་དཀྱིལ་ཡག་པོ།
- ལོ་དང་མར་ཁུ་འཁྱིལ་ཡག་པོ།
- ད་ལོ་མི་བཟང་དགུ་བཟང་རེད།
- སང་ལོ་འདི་ལས་ཀྱང་དགའ་ཞིག་ཤོག
- བརྩིག་ན་དཔང་མཐོ་བ་ཞིག་ཤོག
- རྒྱ་ཟོར་རྣོན་པོས་མི་ཆོད་པ་ཞིག་ཤོག
- བང་སོ་དཀར་མོས་མི་ཆག་པ་ཞིག་ཤོག
- ཡ་ད་ལོ་ཤོག་ལོ་ཤོག
- ཤོག་གཅིག་ནང་ནས་འཇག་ཅིག་ཤོག
- སྙེ་མའི་ནང་ནས་ཕོར་བཀང་ཤོག
- ལོ་ལོན་རྒན་རྒོན་དགའ་བ་ཞིག་ཤོག
- བྱིས་པ་ཚང་མ་རྒྱགས་པ་ཞིག་ཤོག
- རྨ་ཕ་རོལ་གྱི་ལོ་ཡག་འདིར་ཤོག
- རྨ་ཚུར་རོལ་གྱི་ལོ་ཡག་འདིར་ཤོག
- སྐུ་རྒྱལ་བོད་ཀྱི་ལོ་ཡག་འདིར་ཤོག
- སྟོད་རྒྱ་གར་གྱི་ལོ་ཡག་འདིར་ཤོག
- སྨད་རྒྱ་ནག་གི་ལོ་ཡག་འདིར་ཤོག
- ས་འཛམ་བུ་གླིང་ལ་ལོ་ཡག་ཤོག
- བཤད་མཁན་དགུ་བ།རྨ་ཕ་རོལ་གྱི་ལོ་ཡག
- ཨོ་ལེད་་་རྨ་ཕ་རོལ་གྱི་ལོ་ཡག
- ཨོ་ལེད་་་འདིར་གཅིག་ཤོག་དང་།
- ཨོ་ལེད་་་འདིར་གཅིག་ཤོག་དང་།
- ཨོ་ལེད་་་རྨ་ཚུར་རོལ་གྱི་ལོ་ཡག
- ཨོ་ལེད་་་རྨ་ཚུར་རོལ་གྱི་ལོ་ཡག
- ཨོ་ལེད་་་འདིར་གཅིག་ཤོག་དང་།
- ཨོ་ལེད་་་འདིར་གཅིག་ཤོག་དང་།
- ཨོ་ལེད་་་བྱང་ཕྱོགས་པད་མོ་ཐང་གི།
- ཨོ་ལེད་་་བྱང་ཕྱོགས་པད་མོ་ཐང་གི།
- ཨོ་ལེད་་་ལོ་ཡག་ཤོག་དང་།
- ཨོ་ལེད་་་ལོ་ཡག་ཤོག་དང་།
- ཨོ་ལེད་་་བོད་སྐུ་རྒྱལ་གྱི་ལོ་ཡག
- ཨོ་ལེད་་་བོད་སྐུ་རྒྱལ་གྱི་ལོ་ཡག
- ཨོ་ལེད་་་འདིར་གཅིག་ཤོག་དང་།
- ཨོ་ལེད་་་འདིར་གཅིག་ཤོག་དང་།
- ཨོ་ལེད་་་སྟོད་རྒྱ་གར་གྱི་ལོ་ཡག
- ཨོ་ལེད་་་སྟོད་རྒྱ་གར་གྱི་ལོ་ཡག
- ཨོ་ལེད་་་འདིར་གཅིག་ཤོག་དང་།
- ཨོ་ཨེད་་་འདིར་གཅིག་ཤོག་དང་།
- ཨོ་ལེད་་་སྨད་རྒྱ་ནག་གི་ལོ་ཡག
- ཨོ་ལེད་་་སྨད་རྒྱ་ནག་གི་ལོ་ཡག
- ཨོ་ལེད་་་འདིར་གཅིག་ཤོག་དང་།
- ཨོ་ལེད་་་འདིར་གཅིག་ཤོག་དང་།
- ཨོ་ལེད་་་ས་འཛམ་པོ་གླིང་དུ།
- ཨོ་ལེད་་་ས་འཛམ་པོ་གླིང་དུ།
- ཨོ་ལེད་་་ལོ་ཡག་ཤོག་དང་།
- ཨོ་ལེད་་་ལོ་ཡག་ཤོག་དང་།
- བཤད་མཁན་དང་པོ།ལོ་གཡེང་འབོད་པའི་གླུ་ཚིག་འདིའི་ནང་དོན་གྱི་ཐད་ནས།
- ཞིང་བ་དག་གིས་ལོ་ལེགས་འབྱུང་བར་སྨོན་འདུན་ཞུ་བ་དང་།
- ཟས་གོས་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུངབའི།
- དགེ་བ་བསྔོ་བའི་རེའང་མཚོན་ཡོད་པ་རེད།
- དེ་ནས་གཞན་ཀ་རིང་ས་ཆ་ནས།
- སྲན་མ་འབལ་བའི་དུས་སུ་གླུ་ཚིག་འདི་ལྟ་བུ་ཞིག་ཡོད་དེ།
- སྲན་མའི་མེ་ཏོག་དུང་དང་མཐུན།
- སྲན་མའི་མེ་ཏོག་དུང་དང་མཐུན།
- སྲན་མའི་མེ་ཏོག་དུང་དང་མཐུན།
- སྲན་མའི་མེ་ཏོག་དུང་དང་མཐུན།
- སྲན་མའི་མེ་ཏོག་དུང་དང་མཐུན།
- སྲན་མའི་མེ་ཏོག་དུང་དང་མཐུན།
- དུང་དང་མཐུན་པའི་མདོག་ལ་ལྟོས།
- སྲན་མའི་མེ་ཏོག་དུང་དང་མཐུན།
- དུང་དང་མཐུན་པའི་གཞུང་རྟ་ལ་ལྟོས།
- སྲན་མའི་གཞུང་རྟ་ཧ་ཅང་རིང་།
- སྲན་གཞུང་རིང་ནས་མི་ཚད་གི།
- སྲན་མའི་མེ་ཏོག་དུང་དང་མཐུན།
- སྲན་གཞུང་རིང་ནས་མི་ཚད་གི།
- སྲན་མའི་མེ་ཏོག་དུང་དང་མཐུན།
- མགོར་འབྲུ་རིགས་ཐོགས་ནས་མི་ཐེག་གི།
- སྲན་མའི་མེ་ཏོག་ལ་ཨོ།
- མགོར་འབྲུ་རིགས་ཐོགས་ནས་མི་ཐེག་གི།
- སྲན་མའི་མེ་ཏོག་ལ་ཨོ།
- བུ་མོ་ཆ་བོས་འབད་པ་བྱོས།
- སྲན་མའི་མེ་ཏོག་ལ་ཨོ།
- བུ་མོ་ཆ་བོས་འབད་པ་བྱོས།
- སྲན་མའི་མེ་ཏོག་ལ་ཨོ།
- འབད་པ་བྱོས་དང་ཚར་ལ་ཉེ།
- སྲན་མའི་མེ་ཏོག་ལ་ཨོ།
- བཤད་མཁན་དང་པོ།འདི་ཡི་དབྱངས་རྟ་ཡང།
- གྲོ་ནས་འབྲེག་དུས་ཀྱི་དབྱངས་རྟ་དང་མི་འདྲ་ན་ཡང།
- ད་ལྟ་ཉམས་དམས་སུ་ཕྱིན་ནས་ཤེས་མཁན་མི་འདུག
- གོང་ནས་བརྗོད་པའི་ལས་གླུ་འདི་དག་ནི།
- ཞིང་འབྲེག་ཞོར་དང་ལེན་ཞོར་བྱེད་ཅིང་།
- ཐོག་མར་སྐད་ཆེན་ཞིག་གིས་བླངས་པ་ན།
- རྗེས་མཐུད་དེ་ལས་ཀ་བ་ཡོངས་ཀྱིས་ལེན་ཞིང་།
- ཞིང་ཚིགས་ཉེ་འཁོར་ན་ཡོད་པའི་ཁྱིམ་ཚང་གཞན་པའི་ཞིང་འབྲེག་དང་།
- ལེན་རེས་ཀྱི་ཚུལ་དུ་ལེན་པ་སོགས་ཀྱང་ཡོད།
- དེ་བས་གླུ་ཚིག་འདི་དག་གི་སྡེབ་སྦྱོར་འགྲིག་ཅིང་དབྱངས་རྟ་སྙན་པས།
- རྣ་བར་སྙན་ཞིང་འཇེབས་ལ།
- ཚིག་དོན་ལ་གཞིག་ན་སྐབས་ཐོག་གི་ལས་དེ་ཉིད་ལ་སྤྲོ་བས་འཇུག་ཅིང་།
- དགའ་སྣང་སྟེར་བའི་ཁྱད་ཆོས་ཅི་རོགས་ཆེ་བར་མ་ཟད།
- ཞིང་ཚིགས་སྤྱིའི་རྣམ་པ་དེ་ཡང་ལས་ཀ་དཀའ་མོ་སྒྲུབ་ས་ཞིག་ཏུ་མི་མཐོང་བར།
- གླུ་གར་གྱི་ཁྲོམ་ར་ལྟ་བུ་ཞིག་ཏུ་སྣང་བར་གྱུར།
- ཞིང་ལས་ས་ཁུལ་ལ་མཚོན་ན།
- ཡུར་མ་ཡུར་བ་ནི་ལས་ཀའི་གོ་རིམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་།
- དེ་ཡང་ཞིང་ནང་གི་རྩ་ལྡུམ་དག་དེ་བཞིན་མ་བལ་ན།
- ལོ་ཏོག་ལ་གནོད་པ་ཚབས་ཆེན་ཐེབས་འགྲོ།
- དེ་བས་ཞིང་ནང་ན་ལྡུམ་བུ་ཡོད་མེད་དེ།
- ཞིང་བདག་མ་སྲུ་དེ་ལས་ཀར་དགའ་མིན་མཚོན་ཐུབ་ཀྱིན་ཡོད་ལ།
- ཞིང་ནང་གི་ལྡུམ་བུ་དེ་མིག་ནང་གི་ཚེར་མ་ལྟར་གྱུར་ཡོད།
- དེ་ཡང་ཡུར་མའི་རྣམ་གྲངས་ལ་ཡང་ཁར་ཡུར་དང་ཉིས་ཡུར།
- སྔོ་འབལ།
- ཡུག་བཤང་སོགས་ཡོད་པ་དང་།
- ཁར་ཡུར་ནི་ལོ་དེའི་ཡུར་མ་ཆེས་ཐོག་མ་ཡིན་ཞིང་།
- ལོ་ཏོག་ས་ཁར་བུད་ནས་ཅང་མ་འགོར་བར་ཡུར་བ་ཞིག་ཡིན།
- ཉིས་ཡུར་ནི་ལོ་ཏོག་སྐྱེས་ནས་མཐོ་བཀང་གི་མཚམས་ནས་ཡུར་བ་དང་།
- སྔོ་འབལ་བ་དེ་དང་ཡུག་བཤང་ནི།
- སུག་འཛུལ་བའི་དུས་སུ།
- ཡུག་པོ་གཙོ་བྱས་པའི་རྩ་ལྡུམ་དང་འབལ་བ་དེར་ཟེར་ཞིང་།
- དེ་ནི་ཆེས་མཇུག་མཐའི་ཡུར་མ་ཡུར་བ་ཡིན་ནོ།
- ཡུར་མ་ཡུར་སྐབས་ཀྱི་ལས་གཞས་ནི།
- ཁར་ཡུར་སྐབས་སུ་ལེན་པ་ཞིག་ཡིན།
- ལས་གནམ་ལ་བཅོལ་ནས།
- གསེར་ས་ལ་བཙུགས་ཡོད།
- འཛམ་གླིང་ཉི་མ་ཤར་སྲོལ་ཡག
- ལོ་ཡག་སྙེ་མ་སྐྱེས་སྲོལ་ཡག
- ཡུར་མ་རྟ་རྒོད་རྒྱུགས་རྒྱུགས་བྱས།
- ཡུར་མ་བྱ་རྒོད་འཕུར་འཕུར་བྱས།
- མ་རུལ་མ་ཞིག་གིས་སླ་ང་བཀྲུ་རག་བར་དུ་ཚར་དུ་བཅུག
- ལྡུམ་ཤི་ལྡུམ་ཤི།
- ལྡུམ་གྱི་ཕ་ཤི།
- ལྡུམ་གྱི་མ་ཤི།
- ལྡུམ་ལྷ་རྒད་པོ་ཤི།
- ལྡུམ་ཕྲུག་ཁ་སེར་ཤི།
- ལྡུམ་མགོར་མེ་ཐོབ།
- ལོ་མགོར་ཆུ་བླུགས།
- ལྡུམ་ཤུལ་ཆད་དུ་བཅུག
- ལོ་ཤུལ་རྒྱས་སུ་བཅུག
- ཕ་བོང་དཀར་པོ་རྟ་ཡིས་ལོག་རག་བར་ལ་ལྡུམ་བུ་ཁྱོད་མ་སྐྱེས།
- བྱེ་མ་སྔོན་མོ་ནས་ཀྱིས་ལོག་རག་བར་ལ་ལྡུམ་བུ་ཁྱོད་མ་སྐྱེས།
- ལོ་ཡག་ལོ་ཡག
- འབྲུ་རིགས་སྣ་ལྔ་ཚང་བར་བྱོས།
- ཡང་བསེ་ཆང་ས་ཁུལ་གྱི་ཡུར་མ་ཡུར་བའི་དབྱངས་རྟ་འདྲ་ན་ཡང་།
- གླུ་ཚིག་གི་ཐད་ནས་མི་འདྲ་བའི་ཆ་ཅུང་ཙམ་ཡོད་དེ།
- ལྡུམ་ཤི་ལྡུམ་ཤི།
- ལྡུམ་གྱི་ཕ་ཤི་ལྡུམ་གྱི་མ་ཤི།
- ལྡུམ་ལྷ་རྒད་པོ་ཤི།
- ལྡུམ་ཕྲུག་ཁ་སེར་ཤི།
- ཟ་ལེར་ཚང་གི་ཚོལ་རའི་ནང་དུ་སོང་དང་།
- ཚལ་དང་ཚོད་མ་བཟའ་རྒྱུ་དེ་ན་ཡོད།
- འདིར་ཕྱིར་ཡོང་ན་ཨ་མ་ཐེ་མོས་ཁེར་བཏོག་ཉིས་བཏོག་བྱ་ངེས་ཞེས།
- [གསལ་བོ་མིན་པ]
- ལྡུམ་བུ་འབལ་བའི་དུས་སྐབས་དེ།
- ལས་ཀའི་དལ་བྲེལ་དང་ལོ་ལེགས་འབྱུང་བར་རེ་ལྟོས་དང་།
- སྨོན་འདུན་ཆེ་བ་སོགས་ངང་གིས་མཚོན་ཡོད་པ་རེད།
- གཡུལ་གཅོག་པ་ནི།
- ཞིང་བའི་སྟོན་ལས་ཀྱི་ཆེས་མཇུག་མཐའི་ལས་ཀ་ཡིན་ཞིང་།
- སྔོན་སྲོལ་ལྟར་ན།
- གཡུལ་གཅོག་པའི་ཉིན་དེའི་ནམ་མ་གསལ་གོང་ནས།
- གཡུལ་ཁར་མེ་ཁྱེར་ཞིག་རྒྱག་ཅིང་།
- དེ་ནི་འབྲུ་རིགས་རླུང་ལ་གཤར་སྐབས།
- རླུང་ཡོང་བའི་རྟེན་འབྲེལ་ཡིན་ཟེར།
- དེ་ནས་གྲོ་ནས་ཀྱི་ཤོག་ཐུག་བཅད་ནས་ལེགས་པར་བཏང་རྗེས།
- རྡོ་རིལ་སྐོར་ནས་གཅོག་པར་བྱེད་པ་དང་།
- མཇུག་མཐར་ནས་མ་ཁར་བུད་ནས་རླུང་ལ་གཤར་དགོས་ཤིང་།
- སྐབས་དེར་ནས་མ་འཕེན་མཁན་གྱི་རྒད་པོ་དེས།
- ཁེམ་གྱི་ནས་མ་འཕེན་ཞོར་ཁ་ནས་རླུང་ཤོག་རླུང་ཤོག
- ཤར་གྱི་རླུང་ལྷ་རྒད་པོ་ཤོག་བཅས་ཡང་དང་བསྐྱར་དུ་འདོན།
- དེ་ནི་རླུང་གཡུག་སྟེ་ནས་མ་གཤར་བར་རབ་འདེག་བྱེད་པའི་རེ་སྨོན་ལྟ་བུ་ཞིག་ཡིན་ཞིང་།
- ཡང་གཅིག་བཤད་ན།
- ཞིང་བ་ཚོས་རང་བྱུང་ཁམས་ཀྱི།
- ཆོས་ཉིད་ལ་བརྟག་དཔྱད་བཏང་ནས་ངེས་པའི་རྟགས་མཚན་ལྟ་བུ་ཞིག་ཀྱང་ཡིན།
- བཤད་མཁན་བཅུ་བ།ཤར་གྱི་རླུང་ལྷ་རྒད་པོ་ཕེབས།
- ཤར་གྱི་རླུང་ལྷ་རྒད་པོ་ཕེབས།
- ད་རེ་མ་ཕེབས།
- ཤར་གྱི་རླུང་ལྷ་རྒད་པོ་ཕེབས།
- བཤད་མཁན་དང་པོ།ས་འཚིག་བསྲེག་པའི་ལས་ཀ་ནི་སྤྱིར་བཏང་དུ།
- ཞིང་མ་བཏབ་གོང་གི་ལས་ཞིག་ཡིན་པ་དང་།
- རི་མ་ས་ཁུལ་དུ་ཁྱབ་བརྡལ་ཅུང་ཆེ།
- ས་འཚིག་ནི་ལུད་ཀྱི་ཁ་སྣོན་ཡིན་པ་དང་།
- དེའི་རྒྱུད་གཙོ་བོ་ནི་སྤང་ཐོ་ཡིན།
- སྲེག་པའི་གོ་རིམ་ནི།
- ཐོག་མར་སྤང་ཐོ་མང་པོ་སྐྱེལ་ཞིང་།
- དེ་ནས་རྩྭ་ཕུང་མེར་སྒྲོན་ནས་ཕྱོགས་གཅིག་ཏུ་སྤུང་བར་བྱས་ནས་བསྲེག་པ་ཡིན།
- དེ་ལྟར་སྤང་ཐོ་མེ་ཐོག་ཏུ་སྤུངས་ནས།
- ཁུང་བུ་རྣམས་ལེགས་པར་གཅོད་དགོས་ལ།
- དེ་ནི་གཙོ་བོ་ནང་གི་མེ་དྲོད་ཕྱི་ལ་མི་ཤོར་བའི་ཆེད་དུ་ཡིན།
- ལས་ཀའི་གོ་རིམ་ཡོངས་སུ་གྲུབ་རྗེས་སྲེག་མཁན་གྱི་ཨ་ཡེ་དེས།
- སྤོ་རྡུང་གིས་ས་འཚིག་ཐོག་གི་ས་ཐོ་རྣམས་ཡང་མོར་རྡུང་བཞིན།
- བཤད་པ་འདི་འདྲ་ཞིག་ཡོད་དེ།
- ས་ཚིག་ནས་སྡོད།
- རྡོ་ནུར་ནས་སྡོད།
- ང་དབང་ཆེན་ཁང་རྒན་ཕུགས་ན་ཡོད།
- དབང་མེད་རྒྱ་སྒོ་ཕྱི་ན་ཡོད།
- ཚིག་ནས་ནུར་ནས་བསྡད་ན།
- ང་སང་ཉིན་སྔ་མོ་ནམ་ལངས་དང་སྔ་ལངས་བྱས་ཏེ།
- རྩམ་པ་སྒོང་ལོག་ཅིག་ཁྱེར་ནས་ཁྱོད་ལ་བལྟ་རུ་ཡོང་།
- ཨོ་་་ད་ཁྱོད་ཡར་འགྲོ་ཡི་དུ་བ་འཐེན་ས།
- མར་འགྲོ་ཡི་ཁ་ལག་གསོ་ས་ཉན་དགོས།
- ཞེས་ས་འཚིག་དེར་སེམས་ལྡན་བཞིན་དུ་ཁ་བརྡ་སློབ་གསོ་བཏང་ནས།
- རང་ཉིད་ཀྱི་ལུས་དེར་འབྲས་བུ་སྨིན་པར་རེ་སྨོན་བྱེད་པ་མཚོན་ཡོད་པ་རེད།
- བཤད་མཁན་བཅུ་གཅིག་པ།ཡ་ཡ་་་ས་འཚིག་ནས་སྡོད་ནུར་ནས་སྡོད།
- ཀླད་དཀར་ཤོག་ཀླད་དམར་ཤོག
- ཡར་འགྲོ་ལ་ཁ་ལག་གསོ་རུ་བཅུག
- མར་འགྲོ་ལ་དུ་བ་འཐེན་དུ་བཅུག
- འཚིག་ནས་ནུར་དགོས།
- སང་ཉིན་དམར་པོར་ལོག་ནས།
- དབང་ཆེན་ཁང་རྒན་ཕུགས་ན་ཡོད།
- དབང་མེད་རྒྱ་སྒོ་ཕྱི་ན་ཡོད།
- སང་ཉིན་ནངས་མོ་ང་ཚོ་སྔ་མོ་ནས་ལངས་ཏེ།
- རྩམ་པ་མགོ་འདྲ་ཞིག་ཁྱེར་ནས་ཁྱོད་ལ་བལྟ་རུ་ཡོང་།
- བཤད་མཁན་དང་པོ།ས་འཚིག་ནི་ཉིན་ལྔ་ནས་བདུན་འགོར་ན་ད་གཟོད་ཚིག་སྟེ།
- ལུད་རྫས་མཆོག་ཏུ་གྱུར་བ་ཞིག་ཏུ་གྲུབ་ཡོད་ལ།
- དེ་ནས་ཕྱིར་ཕྱུང་བ་ཡིན་ལ།
- སྔོན་ཆད་ཞིང་ལ་འབུད་བརྒྱབ་ཡོད་པ་དང་།
- རྩྭ་ལྡུམ་མང་པོ་སྐྱེས་པའི་ཞིང་ནང་དུ་དྲངས་ན།
- འབུད་གསོད་པ་སོགས་ཀྱི་ཕན་ནུས་ཆེན་པོ་ཡོད་ལ།
- ལོག་དཀར་ལ་ས་འཚིག་བཞག་ན་ཡོང་འབབ་ལྡབ་འགྱུར་གྱིས་བཟང་བར་བཤད་དོ།
- རྒྱ་ཆེ་བའི་ངལ་རྩོལ་མི་དམངས་ཀྱིས།
- དབྱར་དགུན་སྟོན་དཔྱིད་གང་རུང་གི་ལས་ཀའི་བར་མཚམས་ནས།
- རང་ཉིད་ཀྱི་བུ་ཕྲུག་སྐྱོང་རྒྱུ་ནི།
- ལས་ཞོར་དུ་སྒྲུབ་བཞིན་པའི་ལས་ཀ་ཞིག་ཏུ་བརྩི་བཞིན་ཡོད་ལ།
- བྱིས་པ་འཛིན་ཞོར་དང་ལས་ཀ་ལས་ཞོར་བྱེད་ལ།
- མཚམས་རེར་བྱིས་པའི་ངུ་ཁ་མ་ལོན་པར་གཉིད་དུ་མ་ཡུར་ཚེ།
- ངལ་རྩོལ་གྱི་བརྒྱུད་རིམ་ཁྲོད།
- དེ་ལ་ཡང་རང་ཉིད་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི།
- བྱིས་པ་གཉིད་འགུག་གི་གླུ་ཞིག་བརྩམས་ཡོད་ལ།
- གལ་ཏེ་འགྲོས་སྙན་པོའི་དབྱངས་རྟ་ལ་སྦྱར་ནས་གླུ་དེ་བླངས་པ་ཡིན་ཚེ།
- བྱིས་པ་རིམ་གྱིས་བདེ་མོའི་ངང་གཉིད་དུ་ཡུར་འགྲོ་བ་ཡིན།
- ཁ་རོག་གེར་སྡོད་དང་རྟ་ཞིག་སྟེར།
- ཁ་རོག་གེར་སྡོད་དང་གཉིད་ཅིག་སྟེར།
- གཉིད་ཀྱི་རུམ་ལ་རྟ་ཞིག་སྟེར།
- རྟ་ལ་སྒ་ཞིག་གཏོད་ལ་སྟེར།
- རྟ་མགོར་སྲབ་ཅིག་བརྒྱབ་ནས་སྟེར།
- ཡོ་ཡོ་་་ཡོ་ཡོ།
- ཡོ་ཡོ་ཡོ་་་རྟ་ཡི་རྔ་མ་ཁྱོད་ལ་སྟེར།
- གནམ་གྱི་སྐར་མ་བཟུང་ནས་སྟེར།
- ཡོ་ཡོ་ཡོ་ཡོ།
- ཨ་ནེ་རྒྱ་མོ་ཡོང་ན་གོ་རེ་ཁ་ཏོ་སྲེག་ནས་སྟེར།
- ས་ཁུལ་འདིའི་ཐོན་སྐྱེད་བྱེད་སྟངས་ཀྱི་ཆ་ནས།
- ཞིང་ཕྱུགས་གཉིས་ཀ་མཉམ་བསྲེས་བྱས་ཡོད་པས།
- དམངས་སྲོལ་རིག་གནས་ཀྱི་གྲུབ་ཆ་གཙོ་བོར་གྱུར་བའི།
- ལས་གླུའི་ནང་ཚན་དུ་ཡང་།
- ཕྱུགས་ལས་དང་འབྲེལ་བ་ཡོད་པ་ཁ་ཤས་མཐོང་རྒྱུ་ཡོད་པ་སྟེ།
- འབྲི་མོའི་བཞོ་དབྱངས་ནི་ཆེས་འབུར་དུ་ཐོན་པ་ཞིག་རེད།
- གནའ་མི་ཚོས་བཤད་རྒྱུན་དུ།
- ས་ཁུལ་འདིར་སྔོན་ཆད་འབྲི་མོའི་བཞོ་དབྱངས་འདི་ལེན་སྲོལ་ཡོད་པ་དང་།
- ཁྱད་པར་དུ་ཕྱུགས་ལས་གཙོ་བོར་གཉེར་བའི་རྐང་ཚ་ས་ཁུལ་དུ།
- ཧ་ཅང་དར་ཁྱབ་ཆེ་མོད།
- འོན་ཀྱང་དུས་ཀྱི་འཕེལ་འགྲོས་དང་བསྟུན་ནས།
- ད་ལྟ་འབྲུ་དང་དབྱངས་ཆ་ཚང་བློ་ལ་ངེས་མཁན་ཤིན་ཏུ་ཉུང་བས།
- ད་ལྟའི་དུས་སུ།
- འབྲི་མོའི་བཞོ་དབྱངས་ལེན་བཞིན་འབྲི་མོ་བཞོ་མཁན་མཐོང་རྒྱུ་མེད།
- འབྲི་མོའི་བཞོ་དབྱངས་ཀྱི་ཕན་ནུས་དང་དགེ་མཚན་གྱི་ཆ་ནས།
- སྔོན་ཡིན་ན།
- འབྲི་མོའི་ནང་ནས་རྒོད་ཅིང་བཞོ་དཀའ་བ་ལ་འཕྲད་ཚེ།
- བཞོ་མཁན་གྱི་ཁྱིམ་བདག་མས།
- སྙན་མོ་ངག་གི་དབྱངས་རྟ་འདི་ལ་དྲངས་ཏེ་འོ་མ་བཞོས་ན།
- འབྲི་མོ་གཡུང་ལ་འབབ་ཅིང་འོ་མ་ཤག་ཤག་སྟེར་བར་བྱེད།
- བཤད་མཁན་བཅུ་གཉིས་པ།དགོ་དགོ་འབྲི་མོ་སེར་རིལ་མ་ཡ།
- དགོ་དགོ་འབྲི་མོ་སེར་རིལ་མ་ཡ།
- གཡུང་ལ་མ་དུང་གིས་སྲུང་རྒྱུ་མ།
- མར་ཆུར་རི་རབ་བཞིན་དུ་བརྩིག་ཡ།
- དགོ་དགོ་དགོ་་་གཡུང་ལ་མ།
- དགོ་དགོ་འབྲི་མོ་སེར་རིལ་མ་ཡ།
- གཡུང་ལ་མ་དུང་གིས་སྲུང་རྒྱུ་མ།
- ཞོ་འོ་མ་རྒྱ་མཚོ་བཞིན་དུ་འཁྱིལ་ཡ།
- དགོ་དགོ་དགོ་་་གཡུང་ལ་མ།
- དགོ་དགོ་འབྲི་མོ་སེར་རིལ་མ་ཡ།
- གཡུང་ལ་མ་དུང་གིས་སྲུང་རྒྱུ་མ།
- ནངས་སྔ་མོ་རི་མགོར་དེད།
- དགོ་དགོ་དགོ་་་གཡུང་ལ་མ།
- བཤད་མཁན་དང་པོ།རིག་གནས་ལྔའི་ཡ་གྱལ།
- བཟོ་རིག་པའི་ནང་གསེས་སུ་གཏོགས་པའི་བརྩིགས་བཟོ་ལས།
- རྡོ་བརྩིགས་ཀྱི་སྒྱུ་རྩལ་འདི་ལ་མཚོན་ན།
- ལག་རྩལ་དང་སྒྱུ་རྩལ་ཟུང་དུ་འབྲེལ་བ་ཞིག་ཡིན་པ་དང་།
- ང་ཚོ་བོད་ཁུལ་གྱི་དགོན་སྡེ་ཁག་དང་།
- ཁྱད་པར་དུ་མདོ་སྨད་ཀྱི་བླ་བྲང་གཙོ་བྱས་པའི་དགོན་སྡེ་རུ་ཕྱིན་ན།
- བཟོ་རྩལ་ཕུལ་དུ་བྱུང་བའི།
- བརྗོད་ཆགས་ངོ་མཚར་གྱི་བཀོད་པ་མང་པོ་མིག་ལམ་དུ་འཆར་ཡོང་སྟེ།
- གུང་ཐང་མཆོད་རྟེན་ཆེན་མོ་དང་བླ་བྲང་ཚོགས་ཆེན་འདུ་ཁང་།
- མདོ་སྨད་མཆོད་རྟེན་་་་་་་་་་་་་་་་་་་་་་་་་་་་་་་
- དེ་དག་ནི་ཞུན་ཧྭ་བོད་ཁུལ་གྱི་རྡོ་སྦིས་ཉིན་པ་གཙོར་བྱས་པའི།
- སྡེ་བའི་མགོ་བ་ཁ་ཤས་ཀྱི་སྣེ་ཁྲིད་འོག
- ཡུལ་དེའི་བརྩིགས་བཟོ་ལག་རྩལ་པ་གང་མང་གི།
- བློ་གྲོས་ཀྱི་རྩལ་ལས་ཐོན་པའི་གྲུབ་འབྲས་ཤ་སྟག་རེད།
- བཤད་མཁན་བཅུ་གཉིས་པ།རྡོ་ཆས་ཟེར་བ་ནི་འདིའི་མཐོ་ཚད་ལ་ཚུན་ལྔ་ཡོད་པ་དེར་ཟེར།
- སོར་མོ་གསུམ་དང་སོར་མོ་བཞི་ཡི་མིང་ལ་སྔོ་རྡོ་ཟེར་བ་རེད།
- སོར་མོ་དོ་དང་སོར་མོ་བཀང་གི་མིང་ལ་ཇ་ལ་ཟེར།
- ཅུང་ཙམ་སྲབ་མོ་འདིའི་མིང་ལ་ཁ་མཆུ་ཟེར་བ་རེད།
- ཨང་དང་པོ་ཡིན་ན་ཚུན་བཀང་གི་མན་ཆད་འདི་འདྲ་རེད།
- དེ་ལྟར་འདིའི་མིང་ལ་སྨྱུག་སི་ཟེར་བ་རེད།
- འཁོར་རྡོ་འདི་ཅི་རེད་ཟེར་ན་འདིའི་སྔུན་རྗེས་གཉིས་བདེ་དགོས་པ་རེད།
- ངོས་མ་ཡག་ན་ཆོག
- ཁོག་རྡོ་འདི་འདིའི་རྗེས་ལ་རྒྱག་དགོས་པ་རེད།
- ཁ་ཤོ་འདི་ལ་ཁ་མཆུ་འདི་དགོས་པ་རེད།
- འདི་ལྟར་བྱས་ན་རྡོ་བརྩིགས་ཚང་སོང་བ་རེད།
- བཤད་མཁན་དང་པོ།རྡོ་བརྩིགས་པ་ལ་ཐོག་མར་ཐིག་གུ་འཐེན་དགོས་ལ།
- དེ་ནས་རྟགས་བཏོད་རྗེས་བརྩིགས་རྟིང་ཕུད་པ་ཡིན།
- བརྩིགས་རྟིང་ནི་རྨང་གཞི་ཡིན་པས་མཐོང་ཆུང་གཏན་ནས་བྱེད་མི་རུང་།
- སྤྱིར་བཏང་དུ་རྨི་གཉིས་དང་གསུམ་གྱི་ཞབས་ལ་གཏུག་དགོས།
- དེའི་ས་ངོས་སྙོམས་པོར་བྱས་རྗེས།
- རྡོ་ཆེན་པོ་དང་བརྟན་པོ་བསལ་འདེམ་བྱས་ཏེ་སྒྲིག་པ་ཡིན།
- དེ་ཡང་ལེབ་ཏུ་འཇོག་པ་ལས་གྱེན་དུ་གཏན་ནས་མི་རྩེང་ལ།
- ཞབས་བདེ་མོ་དང་ཆེ་བའི་ངོ་ཕྱོགས་ཁ་མར་གཏད་ན་བརྟན་པོ་འཁྱོངས་བར་བཤད།
- དེ་ནས་ས་རིམ་པ་ཞིག་བརྡལ་ཞིང་རྡུང་སྟེ་ཅག་ཅག་བྱས།
- ས་རྡུང་སྤྱད་གནའ་དུས་ཤིང་ཐོ་ཡིན་མོད།
- ད་ལྟ་ཧུང་གིས་རྡུང་བ་རྒྱུགས་ཆེ།
- ཧུང་ཞེས་པ་རྡོ་རྟགས་གྲུ་བཞི།
- གླིང་བཞི་ཕུད་པ་དང་ཟུར་མགོར་སྣ་ཕུག་ཡོད།
- ཐག་པ་དྲངས་ཏེ་གསར་བུ་ཤེད་ཅན་བཞི་ཡིས་རྡུང་།
- འདིའི་བརྗིད་ཚད་ལ་རྒྱ་མ་སུམ་བརྒྱ་ཡས་མས་ཡོད་པས།
- ཧ་ཅང་བརྟན་པོ་ཡོང་ངེས།
- དེ་ནས་ས་རིམ་པ་གཅིག་འདིང་དགོས་པ་དང་།
- ས་དེ་ཧ་ཅང་གཙང་མ་ཡིན་དགོས།
- གྲུ་ག་དང་སྣ་གསེག་འབབ་སར་རྡོ་ཆེན་པོ་དང་ཞབས་བདེ་མོ་འཇོག་ལ།
- རྡུང་དུས་ཀྱང་དམིགས་བསལ་གྱི་ལྷག་མ་རྡུང་དགོས།
- དེ་ལྟར་རྡོ་རིམ་པ་གཉིས་ཕོག་རྗེས།
- [གསལ་བོ་མིན་པ།]
- རྡོ་ལེབ་དཀྱིལ་གྱི་མཐུག་སྲབ་ལ་ལི་རྨི་བཅུ་ནས་བཅོ་ལྔ་བར་ཡིན།
- ཆེ་ཆུང་རྨི་གྲུ་བཞི་མ་གཅིག་དང་གཉིས་བར་གྱི་རྡོ་ལེབ་ཆེ་བ་བཀོལ་བཞིན་ཡོད།
- དེ་རིམ་པ་གཅིག་ཕོག་ན་གོ་རིམ་གཅིག་རྫོགས་པར་བརྩི།