Video Overview
Sakteng community has a tradition of a recitation competition among individuals or between groups, to figure out the best orator and to entertain themselves during gatherings. In this video Sangay Dorji describes it as "Khabshey Drendur" (recitation competition). Such a tradition is similar to Lozey (ballad) competitions that are practiced in the western part of the country, especially at Thimphu, Wangdue, Punakha, Dagana, Gasa. Sangay Dorji took the role of two differing opinions and recited both a befriending and an antagonizing Lozey.
༉ སག་སྟེང་གཡུས་ལས་ སངས་རྒྱས་རྡོ་རྗེ་གིས་ སག་སྟེང་གི་མི་སྡེ་ནང་ ཁ་བཤད་བསྒྱུར་ནིའི་ལམ་སྲོལ་ཅིག་ཡོད་མི་འདི་ ཁོང་ར་ཆ་ཁྱབ་གཅིག་ཁར་འཛོམས་པའི་སྐབས་ སྤྲོ་སྟོན་གྱི་ལས་རིམ་བཟུམ་ཅིག་ཨིནམ་སྦེ་བཤད་སྲོལ་ཡོད་མི་འདི་ དཔེ་བཟུམ་ཅིག་སྦེ་བཤདཔ་ཨིན་པས། སྤྱིར་བཏང་གི་ ཁ་བཤད་ཟེརཝ་ད་ མི་དམངས་འཛོམས་ས་ལུ་ ཚིག་ཧན་པའི་སྒོ་ལས་ སྨོན་ཚིག་ཚུ་བཙུགས་ཏེ་སླབ་མི་ཅིག་ལུ་གོ་ནི་ཨིན་རུང་ གློག་བརྙན་ཐུང་ཀུ་འདི་ཉན་བལྟ་བ་ཅིན་ ང་བཅས་ར་འབྲུག་རྒྱལ་ཁབ་ནང་ཡོངས་གྲགས་ཅན་གྱི་རྩང་མོ་འཐེན་ཐངས་བཟུམ་ཅིག་འཐེནམ་ཨིན་པས།
- Sakteng
- སངས་རྒྱས་རྡོ་རྗེལགས་སོ། ད་ང་བཅས་ སག་སྟེང་པ་གི་ ཏེ་ད་ ཁ་བཤད་འགྲན་བསྡུར་ཟེར་མི་ཅིག་ ཏེ་ བརྐྱབ་པའི་སྲོལ་ཅིག་ཡོད། ཏེ་ ང་གི་ཚིག་གཅིག་དེ་ཅིག་ དཔེ་དང་འདྲཝ་སྦེ་ ངོ་མ་འདི་ ཨ་ནཱ་ནང་ལུ་ འགྲན་བསྡུར་འབད་མི་ ང་ཕ་བཟུམ་ཅིག་གིས་ ཕར་ལུ་ལན་འབདཝ་ད་ ཏེ་ ཕ་ཕྱོགས་མིའི་མི་གིས་ཚུར་ལན་འབད་མི་ ཏེ་ཨ་ནཱི་བཟུམ་སྦེ་ ཨིན་རུང་ ང་གཅིག་ལས་མེད་ནི་དེ་གིས་ ང་གིས་ཧེ་མ་ར་ ཕར་ལུ་སླབ་ལུགས་ཅིག་དང་ ཚུར་ལུ་ལན་སླབ་ལུགས་ཅིག་ ཞུ་བལྟ་གེ་ཟེར་ཞུ་ནི་ཨིན་ལགས།
- སངས་རྒྱས་རྡོ་རྗེའགུར་ན་མཉམ་པ་འགུར་ཤོག །མ་འགུར་ལ་རང་རང་སོ་སོ། །ཕར་རི་ལྕང་མ་ལ་འགུར་འགུར། །ཚུར་རི་ཤུགས་པ་ལ་འགུར་འགུར། །སླབ་ད་ལུ་ ཏེ་ཕར་ལོག་མ་འདི་གིས་
- སངས་རྒྱས་རྡོ་རྗེཡར་འགྲོ་ལོན་མགན་མེད་ན། །སྤང་མེད་ལོག་ལ་སྡོད་ཡོང་། །སྤང་སྟོད་ལམ་པ་ལ་ལེམ་པེ། །གཡག་མོ་ལ་ལྡ་ར་ལ་ལྡི་རི། །
- སངས་རྒྱས་རྡོ་རྗེཏེ་ ཨ་ནི་ཱསྦེ་ ཨ་ནི་ཱཅིག་ཚིག་གཅིག་ ཨ་ནཱི་བཟུམ་ཡོད་ལགས། ཨ་ནཱི་བཟུམ་ ལེ་ཤ་ཡོད་ཨིནམ་མས་ལགས། ཨིན་རུང་ཡང་ ཏེ་ དཔེ་བཟུམ་ཅིག་སྦེ་ ཨ་ནཱི་ཅིག་སྦེ་ ཚིག་གཅིག་དེ་ཅིག་ཞུ་གེ་ལགས། ལ་སོགས་བཀྲིན་ཆེ།