Skip to main content Skip to search
05 Sep 2018
4 min 42 sec
Audio Overview
Creators: 
Sonam Tobgye

Tsangmo is a type of song used to express one's emotions, conveying their affection to another. Tsangmo can be sung to express love, hatred or any other feeling. It is exclusively sung and never danced to. Usually a composition is limited to a verse of four lines for a single expression. The tsangmo in the video is a mixture of all the different tsangmo categories as women of Zhongmae village perform it for archival purposes. In reality, during a competition the performers will sing questions and answer in response to their opponent's verses. The tsangmo in the video runs in a systematic manner, opening with a laudatory tsangmo to impress each other. When the climax is reached, they switch to an antagonizing tsangmo to defame the opponent.  Finally the opponents compromise and sing a befriending tsangmo to reconcile. Unique in this video is that the women are working in a field while singing the tsangmo, as entertainment during their working hours.

 

༉  རྩང་མོ་ཟེར་མི་འདི་ རང་སོའི་སེམས་ཁར་ཡོད་པའི་ཚོར་སྣང་ཚུ་ ཚིག་དྲུག་མའི་ཚིགས་བཅད་བཞི་གི་ཐོག་ལུ་ སྐད་གདངས་ཀྱི་ཐོག་ལས་འབད་གཞན་ལུ་སླབ་མི་ཅིག་ཨིནམ་ད་ རྩང་མོ་ལུ་ དགྲ་གླུ་དང་གཉེན་གླུ་ བསྟོད་གླུ་དང་སྨད་གླུ་ དེ་ལས་དགའ་གླུ་ཟེར་ དབྱེ་བ་ལེ་ཤ་ཅིག་ཡོདཔ་ད་ རྩང་མོ་འཐེན་པའི་སྐབས་ གཟུགས་ཀྱིས་ལེའུ་བསྒྱུར་བའི་སྲོལ་འདི་ མ་པ་ལས་མེདཔ་ད་ སྤྱིར་བཏང་རྩང་མོ་ཟེར་མི་འདི་ ཚིགས་རྐང་བཞི་སྦེ་འོངམ་ཨིན། ད་ལྟོའི་རྩང་མོ་འདི་ བསྡུ་སྒྲིག་འབད་བཞག་ནིའི་དོན་ལུ་འབདཝ་ལས་ གཞོང་སྨད་གཡུས་ཚན་ལས་ ཨམ་སྲུ་ཚུ་གིས་ རྩང་མོ་ཆ་མཉམ་སླ་བསྲེ་སྟེ་འཐེནམ་ཨིན་རུང་ ངོ་མ་འགྲན་བསྡུར་གྱི་དོན་ལུ་ཨིན་པ་ཅིན་ བྱངམ་ཕྱད་དང་འཁྲིལ་ཏེ་འཐེན་དགོཔ་ཨིན་མས། ད་ལྟོའི་རྩང་མོ་འདི་ འགོ་བཙུགསཔ་ད་ བསྟོད་གླུ་གིས་འབད་གོ་རིམ་སྒྲིག་སྟེ་འཐེན་རུང་ གཅིག་གིས་གཅིག་ལུ་དྲོད་འབར་བའི་བསྒང་ལས་ དགྲ་གླུ་འདི་དམའ་ཕབ་བཟུམ་ཅིག་ལག་ལེན་འཐབ་ཡོདཔ་ད་ མཇུག་ལུ་ལྷོདཔ་ད་ འཆམ་ཁ་བཟོ་ཞིནམ་ལས་ གཉེན་གླུ་སྦེ་འཐེན་ནི་འདི་ རྩང་མོ་འཐེན་ནི་གི་ལུགས་སྲོལ་བཟུམ་ཅིག་ཨིན། ད་ལྟོའི་གློག་བརྙན་ནང་ ང་བཅས་ཀྱིས་ཨ་རྟག་དང་མ་འདྲཝ་སྦེ་མཐོང་མི་འདི་ ཨམ་སྲུ་ཚུ་གིས་ ཞིང་ནང་ལཱ་འབད་བའི་སྐབས་ སྤྲོ་སྟོན་གྱི་དོན་ལུ་རྩང་མོ་འཐེན་ས་མཐོངམ་ཨིན་མས།

Transcript search
No results found for this search
0 of 0
  • གཞོང་སྨད་ཨམ་སྲུ་ཚུ་ Zhongmae Aums
    མཛུ་དཀྱི་གཅིག་གི་གུ་ལ། །གཡུ་གསུམ་ཐིག་པ་རྒྱབ་སོང་། ། འདི་ལ་མི་བཅག་དགུ་བཅག །ཨ་ཁུ་བོད་པས་བཅག་སོང་། །
  • གཞོང་སྨད་ཨམ་སྲུ་ཚུ་ Zhongmae Aums
    རྩིག་པའི་རྨང་ལ་བརྟེན་པའི། །གནག་པོ་སྡིག་པ་རྭ་ཙ། ། ཁྱོད་ར་གནག་པོས་མ་ཚད། །[རེ་རེ་ཨམ་ཙང་གནག་སོང་། །?]
  • གཞོང་སྨད་ཨམ་སྲུ་ཚུ་ Zhongmae Aums
    ཕར་སོང་སྤུན་པ་བལྟ་ན། །བསུ་ཆང་རེག་པའི་མི་ཡོད། །?]
    [་་་ཏོང་དཔྲལ་བ་བལྟ་ནས་ཀྱང་། །ལེགས་པའི་མི་ཡོད། །
  • གཞོང་སྨད་ཨམ་སྲུ་ཚུ་ Zhongmae Aums
    ཕར་རི་བྲག་ལ་བཞུགས་པའི། །སྤྲེའུ་བྱང་ཆུབ་སེམས་དཔའ། ། ཐོབ་ན་རྐུན་མ་རྒྱབ་མཁན། །མ་ཐོབ་ལྟོད་མོ་བལྟས་མཁན། །
  • གཞོང་སྨད་ཨམ་སྲུ་ཚུ་ Zhongmae Aums
    ཁམ་པའི་ཁམ་ཤིང་རིང་ནས། །ལག་པས་སླེབས་ས་མིན་འདུག ། འབྲས་བུའི་ཐུགས་ལས་ཡོད་ན། །སྤང་ལ་སྒྲིལ་ཏེ་ཤོག་ཤིག །
  • གཞོང་སྨད་ཨམ་སྲུ་ཚུ་ Zhongmae Aums
    འོ་ལགས་སོ་་་་་་་(back ground) མཛུ་དཀྱི་ཆུང་ཆུང་ཅིག་ལ། །[ལུང་གཉིས་ཚུབ་ཚབ་འབུལ་སོང་། ། ཐ་པའི་གླིང་དུ་དགོ་ན། །མིང་པའི་འབྲོ་ཐང་སྡོད་ཤིག །?]
  • གཞོང་སྨད་ཨམ་སྲུ་ཚུ་ Zhongmae Aums
    བུ་མོ་རང་གི་རྐུབ་པའི། །མནོ་བསམ་བཏང་་་་་་་་་། །?]
    [པྲིཀ་པ་ལོང་གི་མགུ་ཏོ། །དམར་དོ་ཟེར་བ་མིང་དགོ །
  • གཞོང་སྨད་ཨམ་སྲུ་ཚུ་ Zhongmae Aums
    ཨ་ཞང་རག་ཤའི་མཇུག་མ། །རིང་དོ་ཟེར་བ་མིང་དགོ ། བུ་ཆུང་ཁྱོད་རང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
  • གཞོང་སྨད་ཨམ་སྲུ་ཚུ་ Zhongmae Aums
    ཤིང་མོ་ཤིང་དཀར་གཅིག་ལ། །རྫབ་ཕྱི་ལྦ་བ་ཆགས་ཡོད། ། རྫ་ལ་འགྱུར་ལྡོག་མེད་པ། །རྟིང་གཤམ་ལས་ཀྱིས་འཁོར་འོང་། །
  • གཞོང་སྨད་ཨམ་སྲུ་ཚུ་ Zhongmae Aums
    རྒྱ་མཚོའི་གཏིང་ལས་འཐོན་པའི། །ནོར་བུ་གདུང་དཀར་གཡས་འཁྱིལ། ། ཕྱི་ལ་དཀར་ཁ་མདངས་སོང་། །ནང་ལ་གསུང་སྐད་སྙན་སོང་། །
  • གཞོང་སྨད་ཨམ་སྲུ་ཚུ་ Zhongmae Aums
    ཤིང་དང་ཤོ་མོའི་ནང་དུ། །ཨ་མའི་སྐྱེས་ལུགས་མ་ལེགས། ། ཟ་ན་ཤིང་གི་འབྲས་བུ། །འཐུང་ན་རི་གི་ཨོམ་ཆུ། །
  • གཞོང་སྨད་ཨམ་སྲུ་ཚུ་ Zhongmae Aums
    ཤིང་གཅིག་པདྨའི་ལྗོན་ཤིང་། །སྤོག་པའི་རྩེ་ལ་ཆགས་ཡོད། ། བྱ་གཅིག་སྐལ་བཟང་སྒྲོལ་མ། །ཤིང་མོའི་རྩེ་ལ་ཆགས་ཡོད། །
  • གཞོང་སྨད་ཨམ་སྲུ་ཚུ་ Zhongmae Aums
    ཤེས་ཚེ་ཨ་མ་རུ་ང་། །ཤེས་དགོ་མནོ་བ་མིན་འདུག །?]
    [ལྐུ་ཅུང་ལྕགས་ཀྱི་ལྐུ་ཅུ། །མ་ཤེས་དམ་པའི་ལྐུ་ཅུ། །
  • གཞོང་སྨད་ཨམ་སྲུ་ཚུ་ Zhongmae Aums
    གཙང་མོ་གཙང་ནས་ཡོང་དུས། །གཙང་མོ་ལྷ་དང་འདྲ་བ། ། སྒམ་པོ་ལ་ལ་སླེབས་ཚེ། །གཙང་མོ་སྤྲེའུ་ལ་གྱུར་སོང་། །
  • གཞོང་སྨད་ཨམ་སྲུ་ཚུ་ Zhongmae Aums
    ཕར་རི་གཤོག་རྩལ་བསྒུར་བསྒུར། །ཚུར་རི་གཤོག་རྩལ་བསྒུར་བསྒུར། ། བསྒུར་ན་མཉམ་གཅིག་བསྒུར་ཤིག །མ་བསྒུར་རང་རང་སོ་སོ། །
  • གཞོང་སྨད་ཨམ་སྲུ་ཚུ་ Zhongmae Aums
    རྐྱང་རྐྱང་ཆུ་མོའི་ནང་དུ། །འཁྱུག་འཁྱུག་གསེར་མིག་ཉ་མོ། ། ལུས་ལ་གཤོག་སྒྲོ་ཡོད་ཀྱང་། །འཕུར་བའི་དབང་ཚད་མིན་འདུག །
  • གཞོང་སྨད་ཨམ་སྲུ་ཚུ་ Zhongmae Aums
    ཆུ་མོ་ཆུ་རིས་གཤིབ་གཤིབ། །འགྲོ་ས་ཟམ་པའི་འོག་ལས། ། ཉ་མོ་ཉ་རིས་གཤིབ་གཤིབ། །མཚོ་མོའི་གཏིང་ལ་བཞུགས་ཤིག། །།