Skip to main content Skip to search
15 Dec 2011
10 min 2 sec
Rating
0
No votes yet
Video Overview
Creators: 
Unknown

In a series of over 20 videos, scholars read from and provide oral commentaries on the historical annals written by the Fifth Dalai Lama.

Show More

  • པ་སངས་དབང་འདུས།
    ཨ་ད་གཤམ་གྱི་དུམ་བུ་དེ་ཡིན་ན་བསམ་ཡས་བཞེངས་པའི་སྒང་ལ། དེ་ནི་གཅིག་གི་སྦ་བཞེད་ལ་སོགས་པ་ཡིག་རྙིང་རྣམས་ཀྱིས་བཞེད་པ་མི་འདྲ་ལ་ཡིན་ན། རྒྱལ་བ་ལྔ་པས་དགག་པ་བསྐྱོན་བྱས་ཡིན་ན། རྒྱལ་བ་ལྔ་པའི་ད་རྦད་དེ་གཅིག་གི་ཁོང་རང་གི་བཞེད་པ་དེ་ཡིན་ན་གསུངས་ཤག སྔོན་ལ་ཨ་ལས་དུམ་བུ་གཅིག་ཀློགས། དེ་ནི་དེར་མར་གཅིག་དེའི་སྙིང་པོ་དེ་ཨ་འགྲེལ་པ་རོབ་ཙམ་ཞུ་གྱི་ཡིན།
  • པ་སངས་དབང་འདུས།
    དེ་སྦ་བཞེད་སོགས་སྔོན་གྱི་ཡིག་རྙིང་རྣམས་བསམ་ཡས་བརྩིགས་པའི་དགའ་སྟོན་ལོ་གཅིག་གཉིས་ཀྱི་བར་དུ་བྱས་པ་རྗེ་བློན་རྣམས་རྩེ་འཇོ་ལ་ཡེངས་ནས། གཙུག་ལག་ཁང་གི་མཆོད་པ་དང་ཞབས་ཏོག་མ་བྱུང་བར་བརྟེན། ལུག་གི་ལོ་ལ་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་འགའ་ཞིག་སྤྱན་དྲངས་ནས།
  • པ་སངས་དབང་འདུས།
    སྦ་ཁྲི་གཟིགས་ཀྱིས་རབ་ཏུ་བྱུང་བར་བཤད་པ་སོགས་ནི་ལྷད་ཞུགས་པའི་བླུན་ཚིག་སྟེ། དེ་ལྟར་ན་སྦ་བཞེད་དུ་གཙུག་ལག་ཁང་ཡོས་ནས་ཡོས་ལ་བརྩིགས་གྲུབ་པར་བཤད།
  • པ་སངས་དབང་འདུས།
    དགའ་སྟོན་ལོ་གཅིག་གཉིས་ཀྱི་བར་དུ་བྱས་པས། ཡོས་ནས་སྟག་གི་བར་ལ་དུས་སྟོན་གྱིས་ཡེངས་པ་དེ་ལ་བརྟེན་ནས་སྦས་རབ་ཏུ་བྱུང་བའི་རྒྱུ་མཚན་གྱིས། ཐམས་ཅད་ཡོད་མེད་སྨྲའི་དགེ་སློང་ཡོས་ཀྱི་ལོ་ལ་གདན་འདྲེན་དགོས་པར། ལུག་ཏུ་བྱས་ན་ལོ་བཞི་ཙམ་གྱི་འཁྱམས་རྒྱུག་པས།
  • པ་སངས་དབང་འདུས།
    བསྟན་བཅོས་ཀྱི་འགོར་བྲིས་པའི་ལོ་ཚིགས་རྣམས་ལ་བསམ་བློ་མ་གཏང་བའི་གཏམ་ཡིན་ཞིང་། སྤྱིར་ཡང་སྐྱེ་བོ་ཡ་རབས་དག་ཀྱང་རང་གིས་འབད་པས་བསྒྲུབས་པའི་བྱ་བ་ཡལ་བར་མི་འདོར་ན། བཙན་པོ་ཁྲི་སྲོང་ལྡེ་བཙན་ལྟ་བུ་རྗེ་བཙུན་བསྟན་པའི་འཁོར་ལོ་འགྲོ་བའི་མགོན་དུ་རྒྱལ་པོའི་ཚུལ་གྱིས་རྣམ་པར་རོལ་བའི་སྤྲུལ་པའི་གང་ཟག་གི་ཕན་བདེའི་སྨན་ཡོན་དུ་ཐབས་མཁས་ཀྱི་མཛད་པ་བརྒྱ་ཕྲག་གིས་བརྩིགས་པའི་གཙུག་ལག་ཁང་དགའ་སྟོན་གྱི་གཞན་དབང་དུ་བཏང་ནས་མཆོད་པ་དང་ཞབས་ཏོག་མེད་པར་སྨྲ་བ།
  • པ་སངས་དབང་འདུས།
    དམ་པའི་ཡུལ་སྐུར་པ་བཏབ་པ་པའི་སྒྲིབ་པ་དཔག་ཏུ་མེད་པ་གསོག་ཅིང་། སྐྱེ་བོ་ཐ་ཆད་པ་འགའ་ཞིག་དུས་སྟོན་དུ་མིང་གིས་བཏགས་པའི་ཆང་སོགས་ཀྱིས་བགས་མེད་པར་མྱོས་ཏེ། ཆོས་སྲིད་ཀྱི་བྱ་བ་མཐའ་དག་ལ་ཡལ་བར་འདོར་བའི་རྣམ་པ་ཆོས་ཀྱི་རྒྱལ་པོ་དེ་དག་ལ་འཆར་ཚིག་འདི་རྣམས་ལ་བརྟགས་ན། མཁས་པ་ཕལ་ཆེར་གྱི་སྦ་བཞེད་ལ་ཁུངས་སུ་མཛད་ཀྱང་བསླད་པ་མ་ཞུགས་པའི་ཁུངས་ཐུབ་པ་ཞིག་དཀའ་བར་སྣང་ངོ་། ཟེར།
  • པ་སངས་དབང་འདུས།
    ད་དུམ་བུ་འདི་ཡིན་ན་གཙོ་བོ་སྦ་བཞེད་ལ་དཔྱད་པ་བཏང་གི་ཡོའོ་རེད། ཨ་རྒྱལ་བ་ལྔ་པས་གསུངས་ཡས་བྱས་པ་ཡིན་ན། དུམ་བུ་འདིའི་ནང་ལ་སྦ་བཞེད་ནང་ལ་ཡིན་ན་ཡོས་ཀྱི་ལོ་ལ་བསམ་ཡས་བཞེངས་བྱས། ཡོས་ཀྱི་ལོ་ལ་གྲུབ་པ་ལོ་འཁོར་བཅུ་གཉིས་བར་ལ་ཡིན་ན། ད་གཅིག་གི་རྗེ་བློན་རྣམས་ཀྱིས་རྩེད་འཇོར་ཡེངས་བྱས་ཡིན་ན་གཙུག་ལག་ཁང་གི་མཆོད་པ་དང་ཞབས་ཏོག་བྱུང་མི་འདུག་ཟེར་དེ་འདྲས་གསུངས་ཤག ཨ། བྱུང་མི་འདུག་ཟེར།
  • པ་སངས་དབང་འདུས།
    ཨ་དེ་བཞིན་ཡིན་ན་དེ་ནི་ལུག་གི་ལོ་ལ་ཡིན་ན་ཐམས་ཅད་ཡོད་པར་སྨྲ་བའི། ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་འགའ་ཞིག་རྒྱ་གར་ནས་གདན་དྲངས་བྱས་སྦ་ཁྲི་གཟིགས་རབ་ཏུ་བྱུང་བ་སོགས་ཡིན་ན། ཨ། འོང་སྦ་ཁྲི་གཟིགས་ཡིན་ན་རབ་ཏུ་བྱུང་པ་རེད་ཟེར། སྦ་བཞེད་ནང་ལ་འཁོད་འདུག་ཟེར།
  • པ་སངས་དབང་འདུས།
    དེ་ཡིན་ན་རྒྱལ་བ་ལྔ་པའི་ཁོང་རང་གི་དགོངས་པ་བྱས་ན་འདི་གས་དེ་གང་ག་ལྷད་ཞུགས་པའི་བླུན་པོའི་ཚིག་རེད་ཟེར།
  • པ་སངས་དབང་འདུས།
    འོང་། བླུན་པོའི་ཚིག་རེད་ཟེར། ཨ་སྦ་བཞེད་ནང་བཞིན་བཤད་པ་ཡིན་ན་གཙུག་ལག་ཁང་ཡོས་ལ་བརྩིགས་བྱས་ཡོས་ལ་གྲུབ་པར་བཤད་པ་ཡིན་ནའི། དགའ་སྟོན་ལོ་བཅུ་གཉིས་བྱས་པ། འདི་ལྟ་བུའི་ལོ་བཅུ་གཉིས་ཀྱི་རིང་ལ་ཡིན་ན་རྦད་དེ་རྒྱལ་བློན་ཚང་མ་རྩེད་འཇོར་ཡེངས་བྱས་གཙུག་ལག་ཁང་གི་མཆོད་པ་དང་ཞབས་ཏོག་མ་བྱུང་པ་ཟེར་ཡས་དེ་ཡིན་ན། མི་ཕལ་པ་གཅིག་ལ་ཡིན་ན་དེ་འདྲས་ཀྱི་བྱ་བ་ཡོང་སྲིད་ཀྱི་རེད་དའི།
  • པ་སངས་དབང་འདུས།
    གཅིག་གི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལྟ་བུ་དེ་ནི་བསྟན་པའི་འཁོར་ལོ་འགྲོ་བའི་མགོན་པོ་རྒྱལ་པོའི་ཚུལ་ཏུ་རྣམ་པར་རོལ་བའི་རྦད་དེ་ཨ་གཅིག་གི་རྒྱལ་པོ་གཅིག་ལ་ཆ་བཞག་པ་ཡིན་ན། གཅིག་གི་དམ་པ་ལ་སྐུར་བཏབ་པའི་སྡིག་པ་དཔག་ཏུ་མེད་པའི་སྐད་ཆ་རེད་ཟེར།
  • པ་སངས་དབང་འདུས།
    ཨ་སྡིག་པ་དཔག་ཏུ་མེད་པ་རེད་ཟེར། མི་ཕལ་པ་སྐྱེ་བོ་ཐ་ཆད་པ་གཅིག་ཡིན་པ་ཡིན་ན་ད་དུས་སྟོན་ལ་སྐབས་ལ་ཡིན་ན་མིང་བཏགས་བྱས། ཡིན་ན་གཅིག་གི་ཆང་སོགས་བགས་མེད་དུ་མྱོས་པ་ཡོང་གི་རེད་ཟེར། 
  • པ་སངས་དབང་འདུས།
    ཆོས་སྲིད་ཀྱི་མཛད་པ་མཐའ་དག་ལ་ཡིན་ན་རྦད་དེ་ལྷོད་གཡེངས་ཀྱི་དེ་འདྲས་ཡོང་གི་རེད་ཡིན་ནའི། ཆོས་ཀྱི་རྒྱལ་པོ་མཐའ་དག་ལ་དེ་འདྲས་ཀྱི་ཚིག་དེ་འདྲས་བཤད་པ་ཡིན་ན། དེ་ནི་ཉེས་པ་ཆེན་པོའི་རེད་ཟེར། དེ་ཡིན་དུས་ཙམ་པ་སྦ་བཞེད་ཀྱི་ནང་ལ་དེ་ལྟ་བུའི་སྐད་ཆ་དེ་ལྟ་བུ་བཤད་པ་དེ་ཡིན་ན། 
  • པ་སངས་དབང་འདུས།
    མཁས་པ་མང་པོ་གཅིག་ཡིན་ན། ད་སྦ་བཞེད་ཁུངས་དག་པོར་བརྩིས་ཀྱི་འདུག་དའི་རྒྱལ་བ་ལྔ་པའི་ངོས་ནས་གསུང་པ་ཡིན་ན་དེ་ཁུངས་ཐུབ་པ་གཅིག་རེད་ཟེར་བ་དེ་ཡིན་ན། རྦད་དེ་ཧ་ཅང་གི་ཁག་པོ་གཅིག་རེད་ཤག ཟེར།
  • པ་སངས་དབང་འདུས།
    དེ་ལྟར་རབ་གནས་ཀྱི་དགའ་སྟོན་གྲུབ་ནས། རྒྱལ་བའི་བསྟན་པ་རིན་པོ་ཆེ་འཕེལ་རྒྱས་སུ་འབྱུང་བར་བྱེད་པ་ནི་དགེ་འདུན་གྱི་སྡེ་ལ་རག་ལས་པས། བོད་ཡུལ་གྱི་མིས་རབ་ཏུ་བྱུང་བའི་བསླབ་པ་བསྲུང་ནུས་མི་ནུས་བརྟག་པའི་ཕྱིར་དུ། མེ་མོ་ལུག་གི་ལོ་ལ་རྒྱ་གར་དུ་རྩ་བའི་སྡེ་པ་བཞི་ལས་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་བོད་དུ་ལེགས་པར་དགོངས་ནས།
  • པ་སངས་དབང་འདུས།
    དགེ་སློང་བཅུ་གཉིས་སྤྱན་དྲངས་ནས། གནས་ལྔ་མཁྱེན་པ་ཞི་བ་འཚོས་མཁན་པོ་མཛད་དེ། མྱ་ངན་ལས་འདས་པའི་བསམ་པ་མཆོག་གིས་ཡོངས་དུ་ཟིན་པའི་སྲས་མི་མི་འདུན་གྱིས་བསྟན་པའི་རྩ་བ་སོ་སོར་ཐར་པའི་སྡོམ་པ་མནོས། དེའི་རྗེས་སུ་བློ་གསལ་ཞིང་ཡིད་གཞུངས་པའི་ལས་ལྡན་གྱི་སྐྱེས་བུ་དུ་མས་རབ་ཏུ་ཞིང་།
  • པ་སངས་དབང་འདུས།
    ཤེབ་རབ་ཀྱི་རྩལ་དང་ལྡན་པ་དག་ལ་ལོ་ཙཱ་བསླབས་པས། བྱཱ་ཀ་ར་ཎའི་གནད་མཐའ་དག་ལ་སྒྲོ་འདོགས་ཆོད་ཅིང་། གཞུང་ལུགས་ཀྱི་དོན་ཁོང་དུ་ཆུད་པའི་འཇིག་རྟེན་གྱི་མིག་གཅིག་པུ་སྐད་གཉིས་སྨྲ་བ་མང་དུ་བྱོན། ལོ་པཎ་དེ་དག་གིས་དམ་པའི་ཆོས་བསྒྱུར་ཞིང་བཤད་ཉན་གྱིས་གཏན་ལ་འབེབས་པར་བྱེད་པ་ལ་མི་བསྲུན་པའི་སྐྱེ་བོ་རྣམས་རང་ཉིད་ཀྱིས་སྤྱོད་པར་མི་ནུས་པའི་ཁྲིམས་བཙན་པོ་ཞིག་དགོས་པས།
  • པ་སངས་དབང་འདུས།
    མེས་སྲོང་བཙན་སྒམ་པོ་སོགས་ཀྱིས་བཀས་བཅད་པའི་ཁྲིམས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བར་སྐབས་སུ་མི་དགེ་བར་སྤྱོད་པའི་དྲི་མས་ཅུང་ཟད་སྦགས་པ་རྣམས་སླར་བྱི་དོར་མཛད་ནས། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལྟར་ལྕི་བས་མཆོག་དམན་ཀུན་གྱི་གནའ་བ་གནོན་པར་མཛད་དོ
  • པ་སངས་དབང་འདུས།
    ད་དུམ་བུ་འདི་ཡིན་ན་ཨ་དུམ་བུ་འདིའི་སྙིང་པོ་གཙོ་བོ་དེ་ག་རེ་གསུངས་ཀྱི་ཡོའོ་རེད་ཟེར་ན།
  • པ་སངས་དབང་འདུས།
    ད་བོད་ལ་དང་པོ་ཐོག་མ་རབ་བྱུང་བྱུང་སྟངས་སྐོར་ད་གསུངས་ཡོའོ་རེད། དེ་ཡང་དེ་ནི་ཨ་བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་བྱས། དེའི་རབ་གནས་གྲུབ་པའི་རྗེས་ལ་ཡིན་ན། ད་སངས་རྒྱས་ཀྱི་བསྟན་པ་འདི། འཕེལ་རྒྱས་སུ་འགྲོ་དགོས་ཀྱི་ཡོད་ན། གཙོ་བོ་དེ་ཡིན་ན་ག་པར་རག་ལས་ཡོའོ་རེད། དགེ་འདུན་གྱི་སྡེ་ལ་རག་ལས་ཡོའོ་རེད།
  • པ་སངས་དབང་འདུས།
    དགེ་འདུན་གྱི་སྡེ་ལ་རག་ལས་དུས་ད་བོད་པའི་མིས་དེའི་སྔོན་ལ་དགེ་འདུན་བྱེད་པའི་རྦད་དེ་གཅིག་གི་ཨ་ལོ་རྒྱུས་མེད་དུས་ཙམ་པ་ཡིན་ན།
  • པ་སངས་དབང་འདུས།
    བོད་པའི་མིས་དགེ་འདུན་བྱེད་ཐུབ་དང་མ་ཐུབ། བོད་པའི་མིས་རབ་ཏུ་བྱུང་ན་དགེ་འདུན་གྱི་རྦད་དེ་བསླབས་དེ་གས་བསྲུང་ཐུབ་དང་མ་ཐུབ་། དེ་གྱད་དེ་བརྟག་དཔྱད་བྱེད་པའི་ཆེད་དུ་ཡིན་ན། མེ་མོ་ལུག་གི་ལོ་ལ་ཡིན་ན། རྒྱ་གར་གྱི་རྩ་བའི་སྡེ་པ་བཞིའི་ནང་ནས་ཐབས་ཅད་ཨ་ཡོད་པར་སྨྲ་བའི་སྡེ་པའི་ད་རྦད་དེ་གཅིག་གི་དགེ་སློང་བཅུ་གཉིས་སྤྱན་དྲངས། 
  • པ་སངས་དབང་འདུས།
    འདི་སྤྱན་དྲངས་པའི་ཐོག་ལ་ཡིན་ན་ད་གཅིག་གནས་ལྔ་མཁྱེན་པའི་མཁན་ཆེན་ཞི་བ་འཚོས་ཡིན་ན་མཁན་པོ་མཛད་ནས། གཅིག་གི་དང་པོ་ཐོག་མ་ཡིན་ན། མི་བདུན་ཅིག་རབ་ཏུ་བྱུང་བྱས་ཡིན་ན། སངས་རྒྱས་བསྟན་པའི་རྩ་བ་འཚུགས་པ་ལྟ་བུ།འོང་། 
  • པ་སངས་དབང་འདུས།
    མི་བདུན་པོ་དེ་ལ་ཡིན་ན་ལོ་རྒྱུས་ཡོངས་གྲགས་སུ་སད་མི་མི་བདུན་ཟེར་གྱི་ཡོའོ་རེད། ད་དེའི་རྗེས་ལ་ཡིན་ན། རབ་ཏུ་བྱུང་པའི་རྗེས་ལ་ཡིན་ན་དེ་ནི་གཅིག་གི་བོད་ཕྲུག་ནང་ནས་བློ་གསལ་ཞིང་ཡིད་གཞུངས་པ། ཨ་རིག་པ་ཤིན་ཏུ་རྣོ་པའི་སྐྱེས་བུ་མང་པོ་ཡིན་ན་རབ་ཏུ་བྱུང་པ།
  • པ་སངས་དབང་འདུས།
    ཨ་དེའི་ནང་ནས་ཤེས་རབ་དང་རྩལ་དང་ལྡན་པ་རྣམས་ལ་ལོ་ཙཱ་བ་བསླབས་བྱས་ཡིན་ན་སངས་རྒྱས་ཀྱི་ཆོས་གཞུང་མང་པོ་ཡིན་ན་བོད་ཡིག་ཏུ་བསྒྱུར་བྱས་ཡིན་ན། སངས་རྒྱས་ཀྱི་བསྟན་པ་དེ་ཡིན་ན་བོད་དུ་དར་གཅིག་གི་ག་རེ་ཟེར་དགོས་རེད། དར་ཞིང་རྒྱས་པ་བྱུང་ཡོད་པ། 
  • པ་སངས་དབང་འདུས།
    རྒྱལ་པོའི་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་དེ་ཡིན་ནའི་ད་གཅིག་གི་ཨ། གསེར་གྱི་གཉའ་ཤིང་འང་རྦད་དེ་རྒྱལ་ཁྲིམས་ཡིན་ན། གསེར་གྱི་གཉའ་ཤིང་ལྟ་བུའི་ལྗིད་པོ་ཡོད་དུས་ད་ཁྲིམས་ཡང་དག་པ་དང་། ཁྲིམས་བཙན་པོ་གཅིག་ཡོད་དུས་ཙམ་པ་ཡིན་ན་བོད་ཀྱི་མཆོག་དམན་ཀུན་གྱིས། ཚང་མ་ཁྲིམས་ཀྱི་འོག་ལ་ཚུད་པ་ལྟ་བུའི་ཨོའོ། སྲིད་ཀྱི་རྣམ་པ་གཅིག་བྱུང་ཤག ཟེར།
  • པ་སངས་དབང་འདུས།
    དུམ་བུ་འདིའི་ནང་དོན་དེ་གཙོ་བོ་འདི་གྱད་རེད་དེ་རེད་ཤག
  • པ་སངས་དབང་འདུས།
    ད་གཤམ་གྱི་དུམ་བུ་དེ་མུ་མཐུད་ནས་རྦད་དེ་ཁྲི་སྲོང་ལྡེ་བཙན་གྱི་མཛད་པའི་སྐོར་རེད།
  • པ་སངས་དབང་འདུས།
    དེ་ནས་རྒྱ་གར་སོགས་ཡུལ་གྲུ་དུ་མའི་པཎ་གྲུབ་འགའ་ཞིག་སྤྱན་དྲངས། རྒྱལ་པོའི་བཀས། སྡེ་པ་གཞན་གསུམ་བོད་ལ་མི་འཚམ་པས། ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་འདུལ་བའི་སྡེ་སྣོད་དང་། གཞན་ཡང་མདོ་སྡེ་དང་། མངོན་པ་སྟེ་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ། རྒྱུད་སྡེ་འོག་མ་རྣམས་བསྒྱུར་བར་བཀས་གནང་པ་བཞིན་བཀའ་བསྟན་བཅོས་མཐའ་དག་བསྒྱུར་ཏེ། བོད་ཆེན་པོའི་རྒྱལ་ཁམས་ཀུན་ཏུ་དམ་པའི་ཆོས་ཀྱི་ཉིན་བྱེད་དབང་པོས་ལུང་དང་རྟོགས་པའི་པད་ཚལ་རྒྱས་པར་མཛད།
  • པ་སངས་དབང་འདུས།
    རྣལ་འབྱོར་ཆེན་པོ་སོགས་ཐེག་པའི་རྩེ་མོ་ཁྱབ་གདལ་དུ་མི་བསྒྱུར་བར། སྣོད་ལྡན་རྣམས་ཀྱི་སྤྱད་བྱར་བཀས་གནང་སྟེ། ལོ་ཙཱ་བ་ཆེན་པོ་བེ་རོ་ཙ་ན་དང་། དགེ་སློང་ནམ་མཁའི་སྙིང་པོ་སོགས་སྔ་ཕྱིར་རྒྱ་གར་དུ་བྱོན་ཏེ་ཟབ་དོན་བླ་ན་མེད་པའི་བདུད་རྩིའི་ཟིལ་མངར་སྙིང་གི་བུམ་པར་གཏམས་ཏེ། 
  • པ་སངས་དབང་འདུས།
    བོད་དུ་བྱོན་ཀྱང་སྡིག་བློན་རྣམས་ཀྱི་ཕྲ་མའི་དབང་གིས་རེ་ཞིག་སྤྱུགས་ནའང་། སླར་སྤྱན་དྲངས། པཎ་ཆེན་བི་མ་ལ་མི་ཏྲཱའི་གྲགས་སྙན་གྱི་ནོར་བུ་བཙན་པོའི་འགྲམ་པར་འཕྱང་བས་གདན་དྲངས་ཏེ། རྫོགས་པ་ཆེན་པོའི་ཆོས་ཀྱི་ཟས་རོ་བརྒྱ་པས་ཚིམ་པར་མཛད།
  • པ་སངས་དབང་འདུས།
    སྔར་བོད་འདིར་བོན་དར་ཞིང་ཕལ་ཆེར་དེའི་རྗེས་སུ་འཇུག་པས། ཆོས་སྒྲུབ་པའི་གེགས་མང་དུ་བྱུང་ཡང་། དུས་དེར་ལོ་པཎ་རྣམས་ཀྱིས་བོན་གྱི་རིང་ལུགས་མཐའ་དག་དྲི་མ་མེད་པའི་གཏན་ཚིགས་རིག་པས་ཚར་བཅད། 
  • པ་སངས་དབང་འདུས།
    སློབ་དཔོན་གྱིས་མཆིམས་ཕུ་སོགས་སུ་ངེས་གསང་རྡོ་རྗེ་ཐེག་པའི་རྒྱུད་སྒྲུབ་ཐབས་མང་དུ་བསྒྱུར་ཏེ། འཇིག་པ་མེད་པའི་སྒྲོམ་བུར་རྒྱས་བཏབ་ནས་ལས་ཅན་ལ་སྨོན་ལམ་དང་རྗེ་འབངས་དུ་མ་སྨིན་གྲོལ་དུ་མཛད་པའི་མཐུ་ཕུལ་དུ་བྱུང་བའི་ངོ་མཚར་བའི་རྟགས་ཀྱིས་གྲགས་པའི་རྣ་རྒྱན་ཕྱོགས་བྲལ་གྱི་རྣ་བའི་ལམ་དུ་དོག་པོར་འགེང་བར་མཛད་དོ།
  • པ་སངས་དབང་འདུས།
    དེ་ནས་གཙུག་ལག་ཁང་གི་སྲུང་མར་མཁན་སློབ་ཆོས་གསུམ་བཀའ་བགྲོས་ཏེ། རྒྱལ་པོའི་དམག་གིས་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་པའི་ཀ་ཅའི་རྗེས་སུ་དཔེ་ཧར་འབྲངས་ཏེ་བྱུང་བར་དཀོར་སྲུང་བཅོལ། འགའ་ཞིག་ཏུ་མཁན་སློབ་ཆོས་གསུམ་གྱིས་ཕོ་ཉ་འཕྲིན་ཡིག་མངགས་པ་ལྟར། གཡུའི་ཐུབ་པ། བསེ་འབག ཟ་ཧོར་རྒྱལ་རིགས་དྷརྨ་པཱ་ལ་རྣམས་ཀྱིས་སྣ་དྲངས་པའི་རྗེས་ལ་དཔེ་ཧར་བྱོན་པར་བཤད་པ་འདི་སྐྱེ་འགྲོ་རྣམས་ལ་སྨྱོ་འབོག་སོགས་འཚེ་བ་ཆེ་དྲགས་པར། སློབ་དཔོན་གྱིས་ཨར་ལ་གཏད་པས་བྷ་ཏ་ཧོར་གྱི་ཡུལ་དུ་བྲོས་པར་བཤད་པ་དང་གོ་རིམ་འགྲིག་པར་མངོན་ནོ།
  • པ་སངས་དབང་འདུས།
    ད་དུམ་བུ་འདི་ཁྲི་སྲོང་ལྡེ་བཙན་གྱི་མཛད་པ་མུ་མཐུད་ནས་ཡིན་དུས། དེའི་ནང་དོན་གཙོ་བོ་འདྲ་དེ་ཡིན་ན། ད་གཅིག་སངས་རྒྱས་བསྟན་པ་གཅིག་གི་སད་མི་བདུན་གྱི་རྗེས་ལ་ཡིན་ན། སངས་རྒྱས་བསྟན་པ་ཡུན་དུ་གནས་པའི་ཆེད་དུ་ཡིན་ན་རྒྱ་གར་ནས་ཨ་གཅིག་གི་པཎ་ཆེན་དང་གྲུབ་ཐོབ་པ་འགའ་ཞིག་ཅིག་སྤྱན་དྲངས་ནས།
  • པ་སངས་དབང་འདུས།
    རྒྱལ་པོས་ད་གཅིག་གི་སྡེ་པ་གསུམ་གྱི་གཞན་གསུམ་བོད་ལ་འཚམ་པོ་མི་འདུག་ཟེར། རྒྱ་གར་གྱི་ད་ཆོས་གཞུང་སྡེ་པ་བཞིའི་ནང་ནས་གཅིག་གི་སངས་རྒྱས་ནང་པ་སངས་རྒྱས་པའི་སྡེ་པ་བཞིའི་ནང་ནས་གསུམ་འཚམ་གྱི་མི་འདུག ཐམས་ཅད་སྨྲ་བར་ཡོད་པའི་སྡེ་དེའི་ནང་གི་འདུལ་བའི་སྡེ་སྣོད། གཞན་ཡང་མདོ་སྡེ། མངོན་པའི་སྡེ་སྣོད། སྡེ་སྣོད་རིན་པོ་ཆེ་གསུམ་དང་། རྒྱུད་སྡེ་འོག་མ་རྣམས་དེ་ནི་བོད་ལ་འཚམ་པོ་ཡོད་པ། དེ་བསྒྱུར་བའི་བཀའ་བསྩལ་བྱས་ཡིན་ན་བསྟན་བཅོས་ཆོས་མཐའ་དག་ཡིན་ན་བོད་ཡིག་ཏུ་བསྒྱུར་ཡོའོ་རེད་ཟེར༎
  • པ་སངས་དབང་འདུས།
    འདི་ཡིན་དུས་ཙམ་པ་ཕྱོགས་མཚུངས་ཡིན་ན་ད་དེའི་བསྒྱུར་པའི་ཕྱོགས་མཚུངས་ཡིན་ན། གཅིག་གི་ཨ། བོད་ཀྱི་སྣོད་ལྡན་རྣམས་ལ་ཡིན་ན་རྦད་དེ་གི་ད་སྣོད་ལྡན་གཅིག་གི་ལོ་ཙཱ་བ་ཆེན་པོ་བེ་རོ་ཙ་ན་ལ་སོགས་པ། ཨ་དགེ་སློང་ནམ་མཁའ་སྙིང་པོ་ལ་སོགས་པ་ད་གཅིག་གི་སྔ་ཕྱིར་རྒྱ་གར་དུ་བརྫངས་ནས་ཡིན་ན། ཟབ་དོན་བླ་ན་མེད་པའི་ད་གཅིག་གི་ཨ་དེ་པར་གཅིག་གི་ཨ། ཆོས་ཀྱི་སྙིང་པོ་མང་པོ་ཡིན་ན་སྦྱངས་བྱས་ཡིན་ན་བོད་དུ་སྤེལ་ཡས་ཀྱི་ཆེད་དུ་ཡིན་ན་སྦྱངས་པའི་སྐོར་ཅིག་གསུངས་ཡོའོ་རེད། 
  • པ་སངས་དབང་འདུས།
    ད་འདིའི་ནང་ལ་རྒྱལ་དབང་ལྔ་པས་གསུངས་ཡས་དེ་ད་གཅིག་གི་བེ་རོ་ཙ་ན་དང་། ད་དེ་དགེ་སློང་ནམ་མཁའ་སྙིང་པོ་སོགས་ཡིན་ན། ལོ་རྒྱུས་མི་སྣ་ཁག་གཅིག་ཡིན་ན། ཁག་གཅིག་ཡིན་ན་ད་དེང་སང་གི་ལོ་རྒྱུས་ཀྱིས་དཔྱད་པ་བྱས་པ་ཡིན་ན།
  • པ་སངས་དབང་འདུས།
    དཔེར་ན་བེ་རོ་ཙ་ན་ཁྲི་སྲོང་ལྡེ་བཙན་དུས་ཀྱི་མི་རེད། ནམ་མཁའ་སྙིང་པོ་དེ་ཧ་ལམ་མ་གཏོགས་ཁྲི་སྲོང་ལྡེ་བཙན་སྐུའི་དུས་ལས་ཕྱི་ཙམ་གྱི་ལོ་རྒྱུས་མི་སྣ་ཡིན་དུས། ད་འདིའི་ནང་ལ་ཡིན་ན་གཅིག་ཁྲི་སྲོང་ལྡེ་བཙན་དུས་ཀྱི་མི་ལ་བཞག་པ་ཡིན་ན། ཏག་ཏག་རང་མ་འགྲིག་པའི་དེ་འདྲས་ཀྱི་གཅིག་གི་ཨཱ། གཅིག་གི་ཨ་སྐྱོན་ཆ་འདྲ་དེ་འདྲས་ལྷག་གི་ཡོའོ་རེད།