Video Overview
In a series of over 20 videos, scholars read from and provide oral commentaries on the historical annals written by the Fifth Dalai Lama.
- པ་སངས་དབང་འདུས།ད་གཤམ་གྱི་དུམ་བུ་དེ་བཙན་པོ་ཁྲི་སྲོང་ལྡིའུ་བཙན་གྱི་རིང་ལ་ད་གཅིག་གི་མཁན་ཆེན་བོ་དྷི་ས་ཏྭ་དང་སློབ་དཔོན་པདྨ་འབྱུང་གནས་གདན་དྲངས་ནས་བསམ་ཡས་བཞེངས་པའི་སྐོར་གྱི་དུམ་བུ་གཅིག་རེད། ད་ཨ་ལས་དུམ་བུ་མར་ཆ་ཚང་གཅིག་ཀློགས་ཀྱི་ཡིན། ཀློགས་ཚར་ནས་དེའི་སྙིང་པོ་དེ་འགྲེལ་བཤད་ཞུ་གྱི་ཡིན།
- པ་སངས་དབང་འདུས།དེ་ནས་རིགས་ཀྱིས་མངོན་པར་མཐོ་བའི་ཟ་ཧོར་རྒྱལ་པོའི་གདུང་ལས་འཁྲུངས་ཤིང་། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཀྱི་བརྒྱུད་གནས་ལྔ་རིག་པའི་ཉག་ཕྲན་གྱིས་བཀུག་པའི་མཁས་པ་མཐའ་དག་གི་བླ་ན་མཐོ་བ་རྣམ་པར་དག་པའི་ཚུལ་ཁྲིམས་དྲི་མ་མེད་པའི་མ་ལ་ཡའི་རླུང་བཞོན་གྱིས་སྡོམ་བརྩོན་གཉིས་འཐུང་གི་ཚོགས་ལ་དགའ་མགུར་སྤྱོད་པའི་དཔལ་སྟེར་བ།
- པ་སངས་དབང་འདུས།བདེ་སྟོང་ཟུང་དུ་འཇག་པའི་ཡེ་ཤེས་མངོན་དུ་མཛད་པའི་གྲགས་སྙན་ཀརྞི་ཀའི་ཅོད་པན་ཕྱོགས་ཀྱི་འགྲམ་པར་འགོད་པའི་མཁན་པོ་རིན་པོ་ཆེ་བོ་དྷི་ས་ཏྭ་སྤྱན་འདྲེན་པའི་ཕོ་ཉར་གསལ་སྣང་མཛངས་པ་རིམ་བཞིན་ཕེབས་ཏེ། འོམ་བུ་འཚལ་དུ་མཇལ། མཁན་པོས་རྒྱལ་པོ་ལ་དགེ་བ་བཅུ་དང་ཁམས་བཅོ་བརྒྱད་ལ་སོགས་པའི་ཆོས་མང་པོ་བཤད་པས།
- པ་སངས་དབང་འདུས།བོད་ཀྱི་ལྷ་སྲིན་རྣམས་ཁྲོས་ནས་དམར་པོ་རིའི་ཕོ་བྲང་ལ་ཐོག་བརྒྱབ། ལོ་ཉེས་དང་མི་ཕྱུགས་ལ་ནད་ཆེན་པོ་བྱུང་བས། སྡིག་བློན་རྣམས་ཀྱིས་འགོ་བྱས་པའི་བོད་འབངས་ཕལ་ཆེར་གྱིས་ཆོས་བྱས་པས་ལན་པ་ཟེར་ནས་མི་དགའ་བ་བྱས་པས། བཙད་པོས་རྒྱུ་མཚན་མཁན་པོའི་སྙན་དུ་གསོལ་པ་ལ།
- པ་སངས་དབང་འདུས།མཁན་པོས་ཡབ་མེས་ཀྱི་རིང་ལ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེང་བ། ཆོས་བསྒྱུར་བ་སོགས་མཛད་ནའང་། ལྷ་སྲིན་རྣམས་མ་བཏུལ་བས། བཙན་པོ་འགའ་ཞིག་གི་སྐུ་ཚེ་ལ་བར་ཆད་དང་། ཆོས་ལ་སྐེད་ཉག་སོགས་སྐྱོན་འགའ་ཞིག་འདུག་བྱུང་འདུག་པས། ས་གཞི་འདི་དག་དྲག་པོས་འདུལ་བའི་ཆེད་དུ།
- པ་སངས་དབང་འདུས།ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ་འཛམ་བུ་གླིང་ན་ཆེ་བའི་རིགས་སྔགས་མཁན་ཞིག་ཡོད་པ་དེ། རྒྱལ་པོ་ཉིད་དང་སྔོན་མཆོད་རྟེན་བྱ་རུང་ཁ་ཤོར་བཞེངས་པའི་དུས་སུ་སྨོན་ལམ་གྱི་འབྲེལ་བ་ཡོད་པས་སྤྱན་དྲངས་ན། བཙད་པོ་རྣམ་པར་དཀར་བའི་ཐུགས་ཀྱི་བཞེད་པ་མཐའ་དག་འགྲུབ་པར་ལུང་བསྟན་ནས། མཁན་པོས་བལ་པོར་བྱོན།
- པ་སངས་དབང་འདུས།དེ་ནས་སླར་བཙན་པོས་ཐབས་ལ་མཁས་པའི་མཛད་པས་འབངས་མཐའ་དག་ཆོས་བྱ་བ་ཁས་བླངས། མཁན་པོས་ལུང་བསྟན་པ་དེ་རྨི་ལམ་དུ་བྱུང་བ་ལྟར་མཛད་ནས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཡེ་ཤེས་མཆོག་གི་ཟློས་གར་ལས་སིན་དྷུ་རྒྱ་མཚོའི་གླིང་དུ་སྐུ་འཁྲུངས་ཤིང་འཆི་མེད་ཚེའི་རིགས་འཛིན་དང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པ།
- པ་སངས་དབང་འདུས།དུས་གསུམ་གཅིག་ཅར་དུ་མཁྱེན་པའི་སློབ་དཔོན་ཆེན་པོ་མཚོ་ལས་སྐྱེས་པའི་རྡོ་རྗེ་སྤྱན་འདྲེན་པའི་ཕོ་ཉ་སྔ་རྟིང་དུ་བརྫངས་ཤིང་། སླར་སྣ་རྣམ་་རྡོ་རྗེ་བདུད་འཇོམས་སོགས་ལམ་དུ་བཤད་དྲག་པོས་རིན་པོ་ཆེའི་ཕྱག་རྟེན་དང་བཅས་ཏེ་མངགས་པས་ཕོ་ཉ་རྣམས་ངལ་ཞིང་དུབ་པ་སློབ་དཔོན་གྱིས་མཁྱེན་ནས། རྫུ་འཕྲུལ་གྱིས་མང་ཡུལ་གུང་ཐང་དུ་ཕེབས་པ་ན་མཇལ།
- པ་སངས་དབང་འདུས།སློབ་དཔོན་གྱིས་ཉི་ཟླ་ཐང་ལ་ཕབས་པ། ཆུ་བོ་གྱེན་ལ་བཟློག་པ་སོགས་སྐུའི་བཀོད་པའི་རྫུ་འཕྲུལ་མཐའ་ཡས་པ་བསྟན་ཏེ་ཕོ་ཉ་རྣམས་ལྡོག་ཏུ་མེད་པའི་མོས་པ་བརྟན་པོ་ཐོབ། ཕྱག་རྟེན་གྱི་གསེར་རྣམས་མངའ་རིས་ཕྱོགས་སུ་གཏོར་ཏེ། མ་འོངས་པར་བོད་དུ་གསེར་གྱི་འདོད་རྒུ་འབྱུང་བའི་རྟེན་འབྲེལ་མཛད།
- པ་སངས་དབང་འདུས།དེ་ནས་རིམ་གྱིས་ལམ་དུ་ཞུགས་ཏེ་ཕེབས་པ་ན། བོད་ཀྱི་ལྷ་འདྲེ་སྟོབས་པོ་ཆེ་ཕལ་ཆེ་བས་གོ་མཚམས་པར། གསང་བ་གསུམ་གྱི་མཐའ་ཀླས་པའི་ནུས་མཐུས་སྲོག་གི་སྙིང་པོ་བླངས་ནས་དམ་ལ་བཏགས། སྟོད་ལུང་གི་གཞོང་པ་མདའ་རུ་ཕེབས་པ་ན། ལྷ་བཟང་ཀླུ་དཔལ་སོགས་བློན་པོ་རྣམས་ཀྱིས་བསུ་བ་དང་མཇལ་ནས་དྲོ་འདེབས་པར་ཆུ་མེད་པ་ལ་སྤོབ་དཔོན་གྱིས་ཕྱག་འཁར་བཏབ་པས་ཉལ་འགྲོའི་རྒྱུན་བབས་པ། གཞོང་པ་ལྷ་ཆུ་གྲགས།
- པ་སངས་དབང་འདུས།དེ་ནས་མངའ་བདག་རྒྱལ་པོ་འཁོར་བཅས་བསུ་བའི་བཀོད་པ་རྒྱ་ཆེན་པོ་དང་བཅས་ཏེ་མཇལ་ནས་བྲག་དམར་མགྲིན་བཟང་དུ་བཞུགས། སླར་མཁན་པོ་གདན་འདྲེན་གྱི་ཕོ་ཉ་བ་མངགས་ཏེ་ཕེབས། དུས་དེར་རྗེ་བློན་གཙུག་ལག་ཁང་རྩིག་པའི་བཀའ་བགྲོས་ནས་འབངས་རྣམས་བསགས་ཏེ།
- པ་སངས་དབང་འདུས།ཞང་པོ་རྒྱའི་ཡུལ་མཐོང་བའི་མཁར་ཞིག་རྩིག་གམ། ཤེལ་གྱི་མཆོད་རྟེན་ཤར་རི་དང་མཉམ་པ་ཞིག་རྩིག་གམ། གཙང་པོ་སྦུབ་སུ་འཇུག་གམ། ལྷ་ཁང་བྲེ་ཚད་ཙམ་ཞིག་རྩིག་གམ། ཞེས་འདམ་ཀ་བཏང་བས་གཞན་རྣམས་བློའི་ཡུལ་ལས་འདས་ཏེ་ལྷ་ཁང་རྩིག་པར་ཁ་འཆམ།
- པ་སངས་དབང་འདུས།ཤཱཀྱ་མུ་ནི་མང་ཡུལ་ནས་གདན་དྲངས་ཏེ་འཕྲུལ་སྣང་གི་གཙུག་ལག་ཁང་དུ་བཞུགས་སུ་བཅུག སློབ་དཔོན་བོད་དུ་ཡུན་རིང་བཞུགས་མ་བཞུགས་ཀྱི་ལོ་རྒྱུས་དུ་མ་སྣང་བ། མཆོག་དམན་གྱི་བློ་ངོར་ཤར་ཚུལ་ཡིན་ཡང་། རྒྱུ་མཚན་མ་གོ་བར་སོ་སོའི་ལུགས་ལ་ཞེན་ཏེ་གཏམ་སྣ་ཚོགས་སྨྲ་བ་ནི།
- པ་སངས་དབང་འདུས།རྗེ་ས་པཎ་གྱིས། མཁས་པ་རང་གིས་དཔྱོད་ཤེས་ཀྱི། བླུན་པོ་གྲགས་པའི་རྗེས་སུ་འབྲང་། ཁྱི་རྒན་ཀུ་ཅོ་འདོན་པ་ནི། རྒྱུ་མཚན་མེད་པར་གཞན་དག་རྒྱུག ཅེས་གསུང་པའི་རྣམ་ཐར་འཛིན་པ་ཡིན་ཞིང་། བྱ་བ་སྤྲུལ་པའི་སྐུ་པདྨ་དཀར་པོར་གྲགས་པའི་སྙིགས་དུས་ཀྱི་མཁས་པ་ཆེན་པོ་དེའི་གསུང་ལས།
- པ་སངས་དབང་འདུས།དེ་ནི་དུས་གཅིག་ལ་སྐུའི་བཀོད་པ་སྣ་ཚོགས་སྟོན་པའི་རྫུ་འཕྲུལ་ཅན་ཡིན་པས། དེ་དག་ལ་གོ་རིམ་མི་དགོས་ཀྱི་གཏན་ཚིགས་སུ་བསྒྲུབ་དཀའ་འོ། ཞེས་པ་ནི་རྣམ་དཔྱོད་ཀྱི་རྩལ་དང་ལྡན་པའི་ལེགས་བཤད་ཀྱི་གསུང་ཡིན་ནོ།
- པ་སངས་དབང་འདུས།དུམ་བུ་འདི་ཡིན་ན་གཙོ་བོ་འདྲ་དེ་དེ་མདོར་བསྡུས་ཀྱི་སྙིང་པོ་འདྲ་དེ་ག་རེ་བཤད་ཀྱི་ཡོའོ་རེད་ཟེར་ན།
- པ་སངས་དབང་འདུས།ཁྲི་སྲོང་ལྡིའུ་བཙན་གྱིས་ད་མཁན་ཆེན་བོ་དྷི་ས་ཏྭ་དང་ཨ་སློབ་དཔོན་ཆེན་པོ་ཨོ་རྒྱན་སམ་བྷོ་གདན་འདྲེན་པའི་ཨ་སྐོར་དེ་རེད།
- པ་སངས་དབང་འདུས།ད་དེའི་སྐོར་དེ་ཡིན་དུས་ཙམ་པ། སྐབས་འདིའི་ཡིན་ན་གཅིག་གི་ཨ་རྒྱ་གར་ཟ་ཧོར་གྱི་གདུང་ལས་འཁྲུངས་པའི་ཡིན་ན། མཁན་ཆེན་བོ་དྷི་ས་ཏྭ་དང་ཨ། བོ་དྷི་ས་ཏྭ་ཡིན་ན་རྦད་དེ་ད་སྦ་གསལ་སྣང་ཟེར་ཡས་དེས་བོད་ལ་རྦད་དེ་གདན་འདྲེན་ཞུས་པ་རེད།
- པ་སངས་དབང་འདུས།གདན་འདྲེན་ཞུས་པ་གཞིར་བཟུང་བྱས། གཅིག་གི་མཁན་ཆེན་བོ་དྷི་ས་ཏྭ་ཡིན་ན་ད་བོད་དུ་ཕེབས། ཕོ་བྲང་འུམ་བུ་ཚལ་ཏུ་ཡིན་ན་རྒྱལ་པོ་དང་མཇལ།
- པ་སངས་དབང་འདུས།ཨ་མཁན་པོས་ཡིན་ནའི་རྒྱལ་པོ་ད་གཅིག་གི་དགེ་བ་བཅུ་དང་ཁམས་བཅུ་བརྒྱད་ལ་སོགས་པའི་ཆོས་མང་པོ་གསུངས། དེ་གསུངས་དུས་ཙམ་པ་དེ་བོད་ཀྱི་ལྷ་སྲིན་གང་ག་ཁྲོས་བྱས། ཨ་ཁྲོས་པའི་རྟགས་མཚན་དེར་ག་རེ་བྱུང་ཡོའོ་རེད་ཟེར་ན།
- པ་སངས་དབང་འདུས།གནོད་པ་མང་པོ་གཅིག་བཏང་བྱས་ཡིན་ན་གཅིག་གི་ཨ་དམར་པོ་རིའི་ཕོ་བྲང་ལ་ཡིན་ན་ཐོག་བརྒྱབ་པ། ཨ་བོད་ཡོངས་ལ་ལོ་ཉེས་དང་གཅིག་གི་མིའི་ཕྱུགས་ནད། མི་ཕྱུགས་གཉིས་ལ་ཡིན་ན་ནད་ཆེན་པོ་མང་པོ་བྱུང་བྱས་ཡིན་ན་དེ། ཆོས་ལ་མི་དགའ་བའི་བློན་པོས་ཚོས་ག་རེ་ཟེར་གྱི་ཡོའོ་རེད།
- པ་སངས་དབང་འདུས།དེ་ཆོས་བྱས་པའི་ལན་རེད་ཟེར། ཨ་དེ་ཡིན་དུས་ཙམ་པ་གནས་སྐབས་དེ་ནི་བོད་ལ་ཆོས་དེ་ལམ་སང་སྤེལ་ཐུབ་ཐབས་མེད་དུས། དེའི་རྒྱུ་མཚན་རྣམས་བཙན་པོ་ཁྲི་སྲོང་ལྡིའུ་བཙན་གྱིས་མཁན་པོ་བོ་དྷི་ས་ཏྭ་ལ་སྙན་དུ་ཞུ་སྐབས། མཁན་པོས་ག་རེ་གསུངས་ཡོའོ་རེད་ཟེར་ན།
- པ་སངས་དབང་འདུས།ད་ཁྱེད་རང་གི་ཡབ་མེས་ཀྱི་དུས་ལ་ཡིན་ན་ད་ཕོ་བྲང་དང་གཙུག་ལག རྟེན་དང་བརྟེན་པ་བཅས་པ་ཡིན་ན་མང་པོ་གཅིག་བཞངས་༼བཞེངས་༽ཡོའོ་རེད། ཆོས་བསྒྱུར་བ་སོགས་པའི་མཛད་ནའང་ཡོད་ནའི། ད་ལྷ་སྲིན་རྣམས་མ་བཏུལ་བའི་རྐྱེན་གྱིས་ཡིན་ན་བཙན་པོ་འགའ་ཞིག་གི་སྐུ་ཚེ་ལ་བར་ཆད། ཆོས་ལ་ཡིན་ནའི་བར་ཆད་མང་པོའི་སྐྱོན་བྱུང་འདུག་ཟེར།
- པ་སངས་དབང་འདུས།ད་དེ་ཡིན་དུས་ཙམ་པ། བོད་ལ་སངས་རྒྱས་བསྟན་པ་དར་དགོས་ན། བོད་ལ་ཡིན་གཅིག་མིན་གཅིག་ཡིན་ན་གཅིག་གི་ཨ་བོད་ཀྱི་ལྷ་འདྲེ་སྡུག་པ་ཅན་རྣམས་བཏུལ་དགོས་ཀྱིས། དེ་བཏུལ་ཡས་ཀྱི་ནུས་པ་དེ་སུ་ལ་ཡོའོ་རེད་ཟེར་ན།
- པ་སངས་དབང་འདུས།རྒྱ་གར་ནས་འོང་རྦད་དེ་སློབ་དཔོན་པདྨ་སམ་བྷ་བ་ཟེར་མཁན་གཅིག་ད་གཅིག་གི་འཆི་མེད་རིན་འཛིན་དང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་འང་དུས་གསུམ་གཅིག་ཅར་མཁྱེན་པའི་སློབ་དཔོན་ཆེན་པོ་དེ་འདྲས་གཅིག་ཡོའོ་རེད་ཟེར། དེ་མཚོ་ལས་སྐྱེས་པའི་དེ་སྤྱན་དྲངས་པ་ཡིན་ན།
- པ་སངས་དབང་འདུས།འང་། དེ་ནི་བོད་ཀྱི་ལྷ་འདྲེ་བཏུལ་པ་ཡིན་ན་དེ་ནི་ཆོས་དེ་ད་གཟོད་གཞི་ནས་སྤེལ་ཐུབ་པ། ཨ་བཀའ་སློབ་གནང་པ་རེད་ཟེར།
- པ་སངས་དབང་འདུས།འདི་ཡིན་དུས་ད་སློབ་དཔོན་འདི་གདན་འདྲེན་ཞུ་ཡས་ལ་ཕོ་ཉ་རབས་དང་རིམ་པ་མངགས། རྗེས་སུ་ཡིན་ན་ཕ་ཨོཉ་སྣ་རྣམ་རྡོ་རྗེ་བདུད་འཇོམས་སོགས་བཅས་མངགས་བྱས་ཡིན་ན་ཕྱག་རྟེན་ལ་ཡིན་ན་རིན་པོ་ཆེ་མང་པོ་བསྐུར་བྱས་སློབ་དཔོན་གྱིས་ད་གཅིག་ཕོ་ཉ། ད་གདན་འདྲེན་གྱི་ཕོ་ཉ་དཀའ་སྡུག་ཆེན་པོ་ཡོད་པ་དེ་མཁྱེན་བྱས། རྫུ་འཕྲུལ་གྱི་ཡིན་ན་རྒྱལ་ཁ་ཡིན་གཅིག་གི་ཨ་མང་ཡུལ་དུ་ཕེབས།
- པ་སངས་དབང་འདུས།མང་ཡུལ་དུ་ཕེབས། མང་ཡུལ་གུང་ཐང་དུ་ཕེབས། ཕེབས་ནས་ཡིན་ན་ད་ཕེབས་ནས་བློན་པོ་མཇལ་མ་ཐག་ཏུ་ཡིན་ན་ད་གཅིག་སློབ་དཔོན་རྫུ་འཕྲུལ་མང་པོ་ཅིག་བྱས་ནས། རྫུ་འཕྲུལ་ནང་ལ་རྦད་དེ་ཉི་ན་ཟླ་བ་ཡིན་ན་ནམ་མཁའ་ནས་ཐང་ལ་བབས་ཡས། ཆུ་བོ་གྱེན་ལ་བཟློག་པ་སོགས་སྐུའི་བཀོད་པ་དང་རྫུ་འཕྲུལ་མང་པོ་དང་ལྡན། བློན་པོ་རྣམས་གཅིག་གི་གཅིག་ཅར་རྦད་དེ་ད་ག་རེ་ཟེར་དགོས་རེད་པས།
- པ་སངས་དབང་འདུས།གཅིག་གི་འགྱུར་བ་མེད་པའི་གཅིག་གི་དད་པ་སྐྱེས་པ་རེད་ཟེར། དད་པ་སྐྱེས་ཕྱོགས་མཚུངས་ཡིན་ན་བློན་པོས་རྦད་དེ་བློན་པོས་ཡིན་ན་ཕུལ་བའི་ཕྱག་རྟེན་གསེར་རྣམས་ཡིན་ན་གཅིག་གི་གཏོར་པ་གནང་དུས་ཙམ་པ་མངའ་རིས་ཕྱོགས་ལ་གཏོར་པ་གནང་དུས། གཅིག་གི་མ་འོངས་པ་བོད་ལ་ཡིན་ན་གསེར་མང་པོ་ཡོང་བའི་རྦད་དེ་གཅིག་གི་རྟེན་འབྲེལ་ཡིན་ན་མཛད་ཐུབ་ཡོད་པ།
- པ་སངས་དབང་འདུས།དེ་ནས་དེ་ནི་བློན་པོ་རྦད་དེ་གཅིག་གི་ད་གདན་འདྲེན་ཞུ་མཁན་གྱི་ཕོ་ཉ་དང་སློབ་དཔོན་པདྨ་སམ་བྷ་བ་རིམ་གྱིས་བོད་ཀྱི་དབུས་རྒྱུད་ལམ་ལ་ཕེབས་དུས་ད་གཅིག་གི་ད་བོད་ཀྱི་ལྷ་འདྲེ་དེ་ཚོ་སྟོབས་ཆེན་པོ་ཡིན་དུས་ཙམ་པ་ཡིན་ན། ཨ་གནོད་པ་མང་པོ་བཏང་བར་ཨ་སློབ་དཔོན་གྱིས་རྫུ་འཕྲུལ་ལ་བརྟེན་ནས། གཅིག་གི་ཨ་ལྷ་འདྲེ་རྦད་དེ་དྲེགས་པ་ཅན་མང་ཆེ་བ་བཏུལ་ཐུབ་ནས། ལྷ་འདྲེ་རྣམས་ཀྱི་ཡིན་ན་གཅིག་གི་རང་གི་རྦད་དེ་གཅིག་གི་ཨ། ཨ། མཐུས་སྲོག་གང་ག་དམ་ལ་བཏགས་ནས་ཡིན་ན།
- པ་སངས་དབང་འདུས།བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་སྲུང་ཡས་ཀྱི་ཁས་ལེན་པའི་ཨ། དེ་ལྟ་བུའི་རྦད་དེ་གཅིག་གི་སློབ་དཔོན་གྱི་མཛད་པ་ཡོད་པ། སློབ་དཔོན་ཡིན་ན་སྟོད་ལུང་གཞོང་པ་མདའ་རུ་ཕེབས་དུས་ད་དེང་སང་སྟོད་ལུང་ནང་གི་ས་གཅིག་རེད། དེར། བློན་པོ་ལྷ་བཟང་ཀླུ་དཔལ་སོགས་བསུ་བ་ལ་ཕེབས་ནས་དེ་ནི་ད་འདིའི་རྦད་དེ་གཅིག་གི་དྲོ་འདེབས་བྱས་ཨ་གཅིག་གི་ཨ་ག་རེ་ཟེར་དགོས་རེད་པས།
- པ་སངས་དབང་འདུས།གསོལ་ཇ་འདྲ་གཅིག་ཕུལ་དགོས་བསམ་ནའི་ཆུ་མེད་པར་བརྟེན་བྱས་ཡིན་ན་སློབ་དཔོན་གྱི་རྦད་དེ་ད་གཅིག་གི་འང་། ཕྱག་འཁར་བཏབ་ནས་དེ་ནི་སའི་འོག་ནས་ཆུ་མིག་གཅིག་འདོན་པ་དེའི་མིང་ལ་ཡིན་ན། གཞོང་པ་ལྷ་ཆུ་ཟེར་གྲགས་བྱས། དེང་སང་ཡིན་ནའི་གཅིག་གི་སྐད་གྲགས་ཆེན་པོ་ཡོད་པ། འང་དེ་ནས་སླར་བློན་པོ་དང་རྒྱལ་པོ་ཡིན་ན་བྲག་དམར་མགྲིན་བཟང་ལ་མཇལ།
- པ་སངས་དབང་འདུས།མཁན་པོ་ཡིན་ནའི་གདན་འདྲེན་ཞུ་མཁན་ཡར་བསྐྱར་གཅིག་བཏང་བྱས། ཨ་་་ཨཱ་རྗེ་བློན་གྱི་ཡིན་ན་རྦད་དེ་གཙུག་ལག་ཁང་བརྩིགས་པའི་བཀའ་བགྲོས་གནང་། ཨ་བཀའ་བགྲོས་གནངབཀའ་བགྲོས་གནང་དུས་ཙམ་པ་དེ་བཙན་པོས་གསུངས་ཡས་ལ་གཅིག་གི་ཞང་པོ་རྒྱའི་ཡུལ་མཐོང་བའི་ཁང་པོ་མཐོ་པོ་ཞིག་རྩིག་ག༼གམ༽། ཡང་མིན་ན་ཤེལ་གྱི་མཆོད་རྟེན་ཤར་རི་དང་འདྲ་བ་ཞིག་རྩིག་ག༼གམ༽། དེ་མིན་ན་གཙང་པོ་ཁ་སྦུབས་སུ་བཅུག་གམ། ཡང་མིན་ན་ལྷ་ཁང་བྲེའི་ཚད་ཙམ་ཞིག་རྩིག་གམ། ཟེར།
- པ་སངས་དབང་འདུས།དའི་འདམ་ག་བྱེད་དུས། བློན་པོ་རྣམས་ད་གཅིག་གི་གཞན་རྣམས་རྩིག་ག་འགྲོ་དུས་ཙམ་པ་གཅིག་གི་བློ་ལ་མ་འཆར་འདྲ་ལྟ་བུ། དེ་ནི་གཅིག་མཐུན་གྱི་ལྷ་ཁང་གཅིག་བརྩིགས་ཡས་ཁ་འཆམ་ནས། ཡིན་ན་དེ་སྔོན་གཅིག་གི་ཡབ་ཁྲི་ལྡེ་གཙུག་བརྟན་གྱི་རིང་ལ་ཡིན་ན། མང་ཡུལ་ནས་གདན་དྲངས་པའི་ཤཱཀྱ་མུ་ནི་གི་སྐུ་འདྲ་དེ་མང་ཡུལ་ནས་གདན་འདྲེན་ཞུས་བྱས་ལྷ་ས་འཕྲུལ་སྣང་གཙུག་ལག་ཁང་ལ་ཡིན་ན།
- པ་སངས་དབང་འདུས།གཙུག་ལག་ཁང་ལ་ཡང་བསྐྱར་བཞུགས་སུ་གསོལ། འོང་བཞུགས་སུ་གསོལ་བྱས་ཡིན་ན་རྦད་དེ་བསྟན་པ་སངས་རྒྱས་ཆོས་ལ་ཡིན་ན་མཛད་པ་དེ་སྤེལ་མགོ་འདུག་བཟོ་འཚུགས་པ་རེད་ཟེར། ད་འདིའི་གཤམ་དེར་ཡིན་ན། རྒྱལ་བ་ལྔ་པ་ཆེན་པོས། སློབ་དཔོན་རིན་པོ་ཆེ་བོད་ལ་བཞུགས་ཡས་ཐོག་ལ། བོད་ཀྱི་ལོ་རྒྱུས་དེབ་ཐེར་ནང་ལ་ཡིན་ན་ཟླ་བ་དྲུག་བཞུགས། ཟླ་བ་དགུ་བཞུགས་པ། ལོ་གསུམ་བཞུགས་པ། ལོ་དུ་མ་བཞུགས་པ་སོགས་ཀྱིས་ད་གཅིག་གི་བཤད་པ་མང་པོ་ཡོད་དུས།
- པ་སངས་དབང་འདུས།དེའི་བཤད་པ་དེ་ལ་རྒྱལ་བ་ལྔ་པས་དཔྱད་པ་གཅིག་གནང་བྱས། འ་དེ་ཡིན་ན་རྦད་དེ་ཨ་སློབ་དཔོན་རིན་པོ་ཆེ་གཅིག་གི་བོད་ལ་ཡུན་རིང་བཞུགས་མ་ཞུགས་ལོ་རྒྱུས་དཔྱད་པ་བྱེད་ཡས་དེ་ཡིན་ན། དེ་གཅིག་གི་མཆོག་དམན་གྱི་ཕྱོགས་ཤིན་ཏུ་དམན་པ་མིའི་བློ་ངོར་ཤར་ཚུལ་གཅིག་ཡིན་པ།
- པ་སངས་དབང་འདུས།དེའི་ནང་ལོགས་ལའི་ད་རྒྱུ་མཚན་དིང་མ་༼དངོས་གནས་༽དེ་ད་ལྟ་བར་དུ་དམ་པའི་རྒྱུ་མཚན་དེ་ཧ་མ་གོ་བའི་རྐྱེན་རེད་ཟེར། དེ་ཡིན་ན་རྗེ་ས་པཎ་གྱིས་གསུང་པ་ནང་བཞིན། མཁས་པ་རང་གིས་དཔྱོད་ཤེས་ཀྱི། བློན་པོ་གྲགས་པའི་རྗེས་སུ་འབྲང་། ཁྱི་རྒན་ཀུ་ཅོ་འདོན་པ་ན། རྒྱུ་མཚན་མེད་པ་གཞན་དག་རྒྱུག་ཟེར།
- པ་སངས་དབང་འདུས།ད་དེ་གཅིག་ཁྱི་རྒན་གྱི་ཀུ་ཅོ་འདོན་ན་རྒྱུ་མཚན་མེད་པ་གང་གས་དེའིརྐུབ་ལ་རྒྱུགས་བ་དེ་འདྲས་ཀྱི་རྦད་དེ་རྣམ་པ་ཙམ་ཞིག་རེད་ཟེར། དོན་ལ་ག་རེ་རེད་ཟེར་ན།
- པ་སངས་དབང་འདུས།ཨོ་རྒྱན་རིན་པོ་ཆེ་ལྟ་བུ་རྦད་དེ་ད་སྙིགས་དུས་ཀྱི་རྦད་དེ་མཁས་པ་ཆེན་པོ། ག་རེ་ཟེར་དགོས་རེད་པས། ཨུ་རྒྱན་རིན་པོ་ཆེ་ལྟ་བུ།
- པ་སངས་དབང་འདུས།དེ་འདྲས་བསམ་གྱིས་མི་ཁྱབ་པའི་སྐྱེས་བུ་དེ་སྙིགས་དུས་ཀྱི་མཁས་པ་རྦད་དེ་འོང་པད་མ་དཀར་པོར་གྲགས་པའི་གསུང་ནང་བཞིན་གཅིག་གི་དུས་གཅིག་ལ་རྦད་དེ་སྐུའི་བཀོད་པ་སྣ་ཚོགས་སྟོན་པའི་རྫུ་འཕྲུལ་ཅན་ཞིག་གི་དེ་ལ་རྦད་དེ་གཅིག་གི་དགུང་ལོ་ག་ཚོད་བཞུགས་མ་ཞུགས། ལོ་ག་ཚོད་བཞུགས་མ་ཞུགས་གོ་རིམ་གཏན་ནས་དགོས་མ་རེད་ཟེར།
- པ་སངས་དབང་འདུས།འདི་བཀའ་མོལ་འདི་གསུངས་པ་དེ་ཡིན་ན་རྒྱལ་བ་ལྔ་པའི་རྦད་དེ་དགོངས་ཚུལ་གཅིག་ཡིན་ན། རྣམ་དཔྱོད་ཀྱི་རྩལ་དང་ལྡན་པའི་གཅིག་གི་གསུང་ཡིན་ནོ་ཟེར། ཨ་ཞལ་བཞེད་གནང་འདུག
- པ་སངས་དབང་འདུས།དེ་ནས་སློབ་དཔོན་གྱིས་སྡེ་བརྒྱད་ཐམས་ཅད་དམ་ལ་བཏགས་ཏེ། ལྷ་འདྲེ་རྣམས་དགའ་མཐུན་རྫས་དང་བཅས། དྲེགས་པ་ཟིལ་གནོན་གྱི་མགུར་གསུངས་ནས་མཁའ་ལ་རྡོ་རྗེའི་གར་མཛད་ཅིང་ས་གཞི་བྱིན་གྱིས་བརླབས། རྒྱལ་པོས་དར་དཀར་གྱི་ན་བཟའ་གསོལ།
- པ་སངས་དབང་འདུས།གསེར་གྱི་སྟ་རེ་ཐོགས་ནས་རྨང་བརྐོས་པས་ཁྲུ་གང་ཙམ་གྱིས་འོག་ནས་ཞག་དཀར་སེར་དམར་གསུམ་རོ་ཕུན་སུམ་ཚོགས་པ་བྲོ་བ་བྱུང་བས་བཙན་པོ་ཐུགས་དགྱེས་སོ། དེ་ནས་མཁན་པོས་གཙུག་ལག་ཁང་གི་གཟུགས་དབྱིབས་ཀྱི་བཀོད་པ་མཛད་པར་བཞེད་དེ། སྔོན་མུ་སྟེགས་ཀྱི་རིག་འཛིན་ཞིག་གིས་རོ་བསྒྲུབས་པས་དངོས་གྲུབ་ལེན་པར་ཉེ་བ་ན། གྲོགས་རྟགས་མཚན་དང་ལྡན་པ་ཞིག་དགོས་པས།
- པ་སངས་དབང་འདུས།དབུས་འགྱུར་འཆང་གི་དགེ་སློང་སྒྲུབ་པ་པོའི་དགེ་ཚུལ་ལ་ལྡན་པར་ཤེས་ནས། གསེར་གྱི་མནྜལ་དགེ་སློང་ལ་རིན་ཏུ་ཕུལ་ནས། དགེ་ཚུལ་དང་ལྡན་དུ་སྒྲུབ་ཁང་དུ་ཕྱིན་ཏེ། དགེ་ཚུལ་ལ་རོའི་ལྕེ་གཅོད་ཚུལ་བསླབས་ཏེ། ལྕེ་གསེར་གྱི་རལ་གྲིར་འགྲོ་བ་བཟུང་ནས་ཡིད་ལ་གང་ཡོད་སར་འགྲོ་ནུས་པས་ངེད་ལ་ཐོད། རོ་གསེར་དུ་འགྲོ་བ་ཁྱོད་ལ་རྔན་པར་བྱིན་ནོ་ཟེར་བས། ལྕེ་དར་ཤམ་ཙམ་པ་ལན་གཉིས་སུ་བྱུང་ཡང་མ་ཟིན།
- པ་སངས་དབང་འདུས།དེར་མུ་སྟེགས་ཀྱིས། རོ་ལན་ཅིག་འོང་བ་དེ་མ་ཟིན་ན། ངེད་རང་གཉིས་ཀྱིས་འགོ་བྱས་པའི་སྲིད་པ་གསུམ་གྱི་སེམས་ཅན་གསོད་པས་སྒྲིམས་ཤིག་ཟེར་བ་དང་། ལྕེ་སོས་ནས་བཟུང་ནས་བཅད་པ་རལ་གྲིར་གྱུར་པ་དགེ་ཚུལ་གྱིས་ནམ་མཁའ་ལ་དབྱུགས་རི་རབ་ཀྱི་ཁར་ཕྱིན། གླིང་བཞི་གླིང་ཕྲན་སོགས་དང་བཅས་པ་ལེགས་པར་བལྟས་ནས་སླར་གྲི་མུ་སྟེགས་ལ་གཏད། རོ་གསེར་དུ་གྱུར་པས་ཡོ་བྱད་བྱས་ནས། རི་རབ་གླིང་བཞི་གླིང་ཕྲན་དང་བཅས་པ་ལ་དཔེ་བྱས་ནས་བཞེངས་པ་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ཞེས་བྱ་བ་ཡ་མཚན་ཅན་ཞིག་ཡོད་པས།
- པ་སངས་དབང་འདུས།དེ་ལ་དཔེ་བྱ་བར་གསུངས་ཏེ། དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོ་ལ་བསིལ་ལྡན་ཁ་བས་བསྐོར་བའི་དོ་རར་འཁོད་པའི་ལུས་ཅན་ཀུན་གྱི་བསོད་ནམས་ཀྱི་ཞིང་རླབས་པོ་ཆེར་གྱུར་པ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་རྨང་བཏིངས། རྒྱ་ཁྱོན་ཚད། བཙད་པོ་རང་གི་མདའ་རྒྱང་གང་བྱ་བར་གསུངས་པས། བློན་པོ་རྣམས་ཀྱིས་ལྐོག་ཏུ་བགྲོས་ཏེ། རྗེའི་མདའ་རྒྱང་གང་ལ་གཞན་གྱི་གསུམ་ཡོང་བས་དེ་ཙམ་མི་འགྲུབ་པ་ཅིང་། བཀའ་བཅག་པ་ཡང་མི་རིགས་པས་ཐབས་ཤིག་བྱེད་པར་མཐུན་ཏེ།
- པ་སངས་དབང་འདུས།མདའི་སྨྱུག་སྦུགས་སུ་དངུལ་ཆུ་བླུག་པས་གཞན་གྱི་མདའ་རྒྱང་གང་དང་མཉམ་པ་བྱུང་ལ། དེ་ཡང་དབུ་རྩེ་རི་རབ་གླིང་བཞི་གླིང་ཕྲན་བརྒྱད། ཡཀྴ་གོང་འོག་ཉི་ཟླ། མཐར་ལྕགས་རི་ཟུ་བཞི་མཆོད་རྟེན། སྒོ་བཞིར་རྡོ་རིང་ཁྱད་པར་ཇོ་མོའི་གླིང་གསུམ་དང་བཅས་པ། སློབ་དཔོན་གྱི་དྲེགས་པ་ཅན་ཐམས་ཅད་ལས་ལ་བཀོལ་བས་ཉིན་མིས་བརྩིགས་པ་བས། མཚན་མོ་ལྷ་འདྲེས་བརྩིགས་པ་མཐོ་བར་གྱུར། དུས་དེར་རྒྱལ་པོའི་མནལ་ལམ་དུ་ཧས་པོ་རིའི་རྩེར་བྱོན་པས་ཤཱཀྱ་ཐུབ་པ་གཙོ་འཁོར་དགུ་སངས་རྒྱས་དངོས་ཀྱིས་བྱིན་གྱིས་བརླབས་པ་འདུག་པ་གཟིགས་པས་དགྱེས་པའི་རྣམ་འགྱུར་མཛད་པའི་ངང་ལ་མནལ་སད་དེ།
- པ་སངས་དབང་འདུས།ནང་པར་བློན་པོ་ཁམས་པ་གོ་ཆ་ཁྲིད་ནས་གཟིགས་པར་བྱོན་པས། བྱེ་མའི་འོག་ནས་རྡོ་སྐུ་རང་བྱུང་ཐོན་ཏེ་གཙང་ཁང་དུ་སྤྱན་དྲགས་པ་པས་ས་གཡོས་པ་སོགས་ལྟས་ཁྱད་པར་ཅན་བྱུང་པའི། ཇོ་བོ་བྱང་ཆུབ་ཆེན་པོ་ནང་རྟེན་དུ་བཞུགས་པའི་མ་ཧཱ་བོ་དྷིས་ཐོག་དྲངས། འོག་ཁང་བར་ཁང་སྟེང་ཁང་འཁོར་ས་བར་མ་དང་ཆེན་མོ། གླིང་གཞན་རྣམས་ཀྱིས་བདེ་གཤེགས་ཞི་ཁྲོ་འཁོར་དང་བཅས་པའི་སྐུའི་སྣང་བརྙན་ཐམས་ཅད་འདྲེན་བྱེད་ཀྱི་དགའ་སྟོན་རྨད་དུ་བྱུང་བའི་ཟིམ་མངར་དུ་གྱུར། ཁྱད་པར་མཆོད་རྟེན་དཀར་པོར་མ་ག་དྷའི་རྒྱལ་པོའི་སྒོ་མདུན་གྱི་རིན་པོ་ཆེའི་བུམ་པ་ནས་བླངས་པའི་བདེ་བར་གཤེགས་པའི་གདུང་རིང་བསྲེལ་དང་། མེས་ཀྱི་གཉན་པོ་གསང་བ་དང་མདོ་ལྔ་བཞུགས་པས་བྱིན་རླབས་མཆོག་ཏུ་ཆེ་བར་གྲགས་ཤིང་།
- པ་སངས་དབང་འདུས།འགྲོ་བཟའ་ཁྲི་རྒྱལ་མང་མགོ་བཙུན་གྱིས་དགེ་རྒྱས་ཀྱི་ལྷ་ཁང་ལ། ཕ་མིང་ཐག་རིང་ཞིང་སྲས་མེད་པས། ཞིག་གསོས་དང་མཆོད་པ་འབྱུང་བར་དཀའ་བར་བསམས་ཏེ། རྩིག་པ་སོ་ཕག་ལ་ཞ་ཉེའི་ཆུ་སྦྱར། ཟངས་ཀྱི་ཐོག་བཀབ། མཆོད་པ་རོལ་མོར་ཅོང་བཏགས། མར་མེ་རིན་པོ་ཆེ་མར་གད་སྐུ་གཟུགས་ཀྱི་དཔྲལ་པར་བཏབ་ཟེར།ཕོ་ཡོད་བཟས་བུ་ཚལ་གསེར་ཁང་ལོགས་ལ་རྩིག་པ་མེད་པ། ནང་ན་ཀ་བ་མེད་པ་སོགས་བཟོ་སྣ་བཅུ་གསུམ་གྱིས་ཁྱད་པར་དུ་འཕགས་སྐད། དེ་ཡང་ལོ་རྒྱུས་སྨྲ་ལ་ཟླ་མེད་དཔལ་ཡེ་བཟང་རྩེ་བས། རྒྱལ་པོའི་འཁྲུངས་ལོ་གསལ་བར་མཛད་འདུག་ཅིང་།
- པ་སངས་དབང་འདུས།མཁས་པའི་དབང་པོ་བུ་སྟོན་ཏིན་པོ་ཆེ་སོགས་ས་རྟ་ལ་འཁྲུངས་པར་བཞེད་ལ། སྦ་བཞེད་དུ་རྒྱལ་པོ་ཡོས་ལ་འཁྲུངས་པའི་དགུང་ལོ་བཅུ་གསུམ་པ་ཡོས་སྟེང་དུ་གཙུག་ལག་ཁང་བརྩིགས་པར་བཤད་ནའང་། རྒྱལ་པོ་དགུང་སྙིང་རྟ་ལོར་འདོད་པ་རྣམས་ཀྱིས་གཙུག་ལག་ཁང་ཡོས་ལ་བརྩིགས་པར་སྨྲ་བ་ཁུངས་ཆེ་བར་མ་མཐོང་ཞིང་། བློ་ཆུང་རྣམས་གཙུག་ལག་ཁང་རྒྱ་ཁྱོན་ཧ་ཅང་ཆེ་བས་ལོ་ལྔ་ཙམ་ལ་མི་འགྲུབ་སྙམ་པ་འཆར་ཡང་། དུས་དེའི་མཁན་སློབ་ཆོས་གསུམ་སོགས་དུ་མ་ཞིག བདེ་བར་གཤེགས་པ་དང་བྱང་ཆུབ་སེམས་དཔའ་མིའི་སྲིད་པ་བཟུང་བའི་སྤྲུལ་པའི་ཟློས་གར་མུ་མཐའ་མེད་པར་སྟོན་པ་ལ། སྐྱེ་བོ་ཐ་མལ་པའི་སྣང་ཚུལ་དཔེར་བཟུང་མི་དགོས་སོ།
- པ་སངས་དབང་འདུས།དེ་ལྟར་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཟིལ་གནོན་ཞེས་པ་མེ་ཕོ་རྟའི་ལོ་ལ་རྫོགས་པར་གྲུབ་སྟེ། མཁན་སློབ་གཉིས་ཀྱིས་རབ་ཏུ་གནས་པར་མཛད་པས། དབུ་རྩེའི་ལྷ་རྣམས་ཕྱི་རོལ་ཏུ་བྱོན་པ། རྟ་མགྲིན་གྱིས་རྟ་སྐད་ཐེངས་གསུང་བཏོན་པ། པདྨའི་སྡོང་པོ་སྐྱེས་པ་སོགས་ངོ་མཚར་བའི་ལྟས་ཁྱད་པར་དུ་འཕགས་པ་བྱུང་བའི་གྲགས་སྙན་དབྱངས་བདུན་བརྒྱུད་དུ་འཁྲུགས་པའི་རྔ་བོ་ཆེ་སྲིད་རྩེའི་བར་དུ་བསྒྲགས་སོ།
- པ་སངས་དབང་འདུས།དེ་ལྟར་རབ་གནས་དགའ་སྟོན་གྱི་ཚེ། རྗེ་འབངས་ཐམས་ཅད་ཀྱིས་ཕུན་སུམ་ཚོགས་པའི་རྒྱན་གོས་བཟང་པོ་སྤྲས་ཏེ། ལྷ་དང་མིའི་འདོད་ཡོན་ལོངས་སྤྱོད་ཐམས་ཅད་བྱེད་པོས་གཅིག་ཏུ་བསྡུས་པ་ལྟ་བུའི་ཕྱི་ནང་གསང་བའི་མཆོད་པ་དང་། མཁོ་རྒུའི་ཡོ་བྱད་ཀྱི་དཔལ་འབྱོར་རྨུགས་འཛིན་གྱི་བང་མཛོད་ལ་དགའ་བདེར་སྤྱོད་པ་ལྟ་བུ་བཅས་ཏེ། ཏམ་བུ་རའི་རྒྱུད་ལས་ཉེ་བར་དྲངས་པའི་སྙན་པའི་དབྱངས་དང་དགའ་བའི་གར་གྱིས་འཛིན་མའི་ཁྱོན་མཐའ་དག་རྣམ་པར་གང་བས་སྐབས་གསུམ་པ་ཐམས་ཅད་མེ་ཏོག་གི་ཆར་སོགས་མཆོད་སྤྲིན་མངོན་པར་སྤྲོ་བའི་ཟིལ་གྱིས་ལྟ་བར་ལྷགས་སོ།
- པ་སངས་དབང་འདུས།ད་དུམ་བུ་འདི་རིང་པོ་དེ་གཙོ་བོ་དེ་ཡིན་ན་བསམ་ཡས་བཞངས༼བཞེངས་༽པའི་གོ་རིམ་དེ་ཡིན་ན། ཨ་མདོར་བསྡུས་གནང་བཞག ད་དེ་རྒྱུ་མཚན་འདྲ་དེ། སྙིང་པོ་མདོར་བསྡུས་གཅིག་ཞུ་གི་ཡིན།
- པ་སངས་དབང་འདུས།དེའི་མགོ་དེར་ཡིན་ན་ད་གཙོ་བོ་འདྲ་དེ་ཡིན་ན། བསམ་ཡས་དེ་དང་པོ་ཐོག་མ་ཡིན་ན་དེ་གཅིག་གི་འོང་དེ། བཞེངས་ཡས་ཀྱི་དཔེ་འདྲ་དེ་ཡིན་ན། རྒྱ་གར་གྱི་ཨུ་ཏནྟ་པུ་རིའི་གཙུག་ལག་ཁང་ལ་ཟེར་བ་ཡ་མཚན་ཅན་གྱི་གཙུག་ལག་ཁང་དེ་གཙུག་ལག་ཁང་དེ་བྱུང་བའི་བྱུང་རབ་ཡིན་ན། མགོ་དེར་མང་པོ་གཅིག་གསུངས་ཤག དེར་དཔེར་བྱས་བྱས་ཡིན་ན།
- པ་སངས་དབང་འདུས།བསམ་ཡས་གཙུག་ལག་ཁང་ཡིན་ན་རྦད་དེ་གཅིག་གི་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོ་ལ་ཡིན་ན། ད་ཡིན་ན་གཅིག་གི་རྨང་བཏིངས་བྱས་ཡིན་ན། གཙུག་ལག་ཁང་གི་རྨང་བཏིང་པས་རེད་ཟེར།
- པ་སངས་དབང་འདུས།དེ་རྨང་བཏིངས་དུས་དང་ཐོག་གཙུག་ལག་ཁང་དེ་བཞེངས་དུས་འདིའི་རྒྱ་ཁྱོན་གྱི་ཚད་ལ་དེ་ནི་བཙན་པོའི་རྦད་དེ། བཙན་པོ་རང་གི་རྦད་དེ་ད་མདའ་རྒྱང་གང་གིས་བྱ་བའི་ཆེ་ཆུང་གཅིག་བརྒྱབ་ཀྱི་ཡིན་གསུངས་དུས་བློན་པོ་རྣམས་ཀྱི་བསམ་ལ་ཡིན་ན་ད། དེ་ནི་བཙན་པོའི་མདའ་རྒྱང་གང་དེ་ཡིན་ན་བློན་པོའི་མདའ་རྒྱང་གསུམ་ཙམ་གཅིག་གི་ཡོད་དུས་ཙམ་པ་དེ་ལྟ་བུ་བསྒྲུབ་ཐུབ་ཀྱི་མེད་པ།
- པ་སངས་དབང་འདུས།ཨ་ནི་བློན་པོས་ཐབས་ཤེས་བྱས་བྱས་བཙན་པོའི་མདའི་ནང་ལ་ཡིན་ན་རྦད་དེ་གཅིག་གི་དངུལ་ཆུ་བླུགས་བྱས་ཡིན་ན་ལྡིད་པའི་ཚུལ་གྱི་བཙན་པོའི་མདའ་དེ་ཡིན་ན། བློན་པོའི་མདའ་རྒྱང་དང་མཉམ་པ་དེ་འདྲས་གཅིག་བྱུང་བྱས་ཡིན་ན། དེ་ནི་བསམ་ཡས་གཙུག་ལག་ཁང་བཞེངས་པ།
- པ་སངས་དབང་འདུས།འདི་བསམ་ཡས་གཙུག་ལག་ཁང་དེ་བཞེངས་ཡས་དེར་གཙོ་བོ་འདྲ་དེ་ཡིན་ན་རྦད་དེ་དབུ་རྩེ་རི་རབ་ཡིན་པ་གཅིག་ལ་དབུ་རྩེ་དེ་རི་རབ་ཡིན་པ་གཅིག་ལ་གླིང་དང་གླིང་བཞི་གླིང་ཕྲན་བརྒྱད་ཡོད་པ།
- པ་སངས་དབང་འདུས།ཨ་བསམ་ཡས་ཀྱི་མཐའ་སྐོར་ལ། དབུ་རྩེའི་མཐའ་སྐོར་ལ་ཡིན་ན་གླིང་བཞི་གླིང་ཕྲན་བརྒྱད། ཡཀྵ་གོང་འོག་གཉིས་ཡོད་པ། མཐའ་ལ་ཡིན་ན་ལྕགས་རི་ཡོད་པ། ཟུར་བཞི་ལ་ཡིན་ན་མཆོད་རྟེན། དེ་ཡིན་ན་དེང་སང་ང་ཚོས་མཇལ་ཡས་ཡོད་པ། མཆོད་རྟེན་དཀར་ནག་སོགས་པ་མཆོད་རྟེན་བཞི་ཡོའོ་རེད།
- པ་སངས་དབང་འདུས།སྒོ་བཞི་ལ་རྡོ་རིང་ཁྱད་པར་ཅན་ཇོ་མོ་གླིང་གསུམ་དང་བཅས་པ། སྒོ་བཞི་ལ་ཡིན་ན་རྡོ་རིང་ཁྱད་པར་ཅན་ད་ད་ལྟ་ང་ཚོས་དངོས་སུ་མཇལ་ཡས་ཡོད་པ་དེར། ཤར་སྒོར་ཡིན་ན་རྡོ་རིང་ཁྱད་པར་ཅན་གཅིག་ཡོད་པ། ཨ་དེ་མཇལ་ཡས་ཡོའོ་རེད།
- པ་སངས་དབང་འདུས།དེ་ཡིན་དུས་ཙམ་པ་ད་བསམ་ཡས་བཞེངས་པའི་རྒྱུད་རིམ་ནང་ལ་ཡིན་ནའི་བློན་པོས་གཅིག་གི་ག་རེ་ཟེར་དགོས་རེད་པས། ཉིན་མའི་དགུང་ལ་མིས་བརྩིགས་དུས་ཙམ་པ། མཚན་ནག་དགུང་ལ་བློན་པོས། བོད་ཀྱི་ལྷ་འདྲེ་གཅིག་གི་དྲེགས་ཅན་རྣམས་ལ་སྐུལ་ནས། མཚན་མོ་ལྷ་འདྲེ་བརྩིགས་དུས་ཙམ་ནས་ཡིན་ན་ཨ་ནི་ཉིན་མ་མིས་བརྩིགས་པ་ལས་མཐོ་ཙམ་ཡོད་པ།
- པ་སངས་དབང་འདུས།ཨ་དེ་འདྲས་བྱུང་ཡོའོ་རེད་ཟེར། ད་ག་ནང་བཞིན་གྱི་སྐབས་དེར་ཡིན་ན་ད་རྒྱལ་པོའི་མནལ་ལམ་གཅིག་ལ་ཡིན་ནའི་ཧལ་པོ་རིའི་རྩེ་ལ། བྱོན་དུས་ཡིན་ན། གཅིག་སངས་རྒྱས་ཤཱཀྱ་ཐུབ་པ་གཙོ་འཁོར་དགུ་སངས་རྒྱས་དངོས་ཀྱིས་བྱིན་གྱིས་རླབས་པ་འདུག་པ་དེ་འདྲས་གཅིག་གཟིགས་པས།
- པ་སངས་དབང་འདུས།དེ་ནི་སང་ཞོགས་རྦད་དེ་ཧལ་པོ་རིའི་རྩེ་ལ་དངོས་སུ་བྱོན་དུས་བྱེ་མའི་འོག་ནས་ཡིན་ན་རྡོ་སྐུ་རང་བྱོན་འདོན་དེ་ཡིན་ན་བཙན་ཁང་དུ་འཁྲིད། གཅིག་གི་གདན་དྲངས་པའི་ཡིན་ན། ད་ལྟ་ང་ཚོས་བསམ་ཡས་བཙན་ཁང་ལ་ཡིན་ན་ནང་རྟེན་གཙོ་བོའི་་་་གཙོ་བོ་གཅིག་ཡིན་པ་ཡིན་ན། ད་དེ་ལོ་རྒྱུས་ཀྱི་ཁུངས་འདྲ་པོ་དེ་བྱས་པ་ཡིན་ན། དེ་འདྲས་གཅིག་རེད་ཟེར།
- པ་སངས་དབང་འདུས།གཙོ་བོ་དེ་ཡིན་ན་ད་བསམ་ཡས་བཞེངས་པའི་སྐོར་དེ་ཡོའོ་རེད། ད་དེ་ནས་འདིའི་རྗེས་དེར་ཡིན་ན།
- པ་སངས་དབང་འདུས།ཨ་རྒྱལ་བ་ལྔ་པ་ཆེན་པོས་ཡིན་ན་བམས་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་ལ་ཡིན་ན། གཙུག་ལག་ཁང་བཞེངས་ཡས་དེ་མེ་ཕོ་རྟའི་ལོ་ལ། ཁོང་རང་གི་བཞེད་པ་གཅིག་བཀོད་གནང་ནས་དེ་མེ་ཕོ་རྟའི་ལ་ཡིན་ན་རྫོགས་པར་བསྒྲུབ་པ་རེད་ཟེར།
- པ་སངས་དབང་འདུས།དེ་ལ་ཡིན་ན་མཁན་སློབ་གཉི་ཀྱིས་རབ་གནས་གནང་པ་ཨ། མཁན་སློབ་གཉིས་ཀྱིས་རབ་གནས་གནང་པའི་དུས་ལ་དབུ་རྩེའི་ལྷ་རྣམས་ཕྱི་རོལ་དུ་འདོན་ནས། རྟ་མགྲིན་གྱིས་བསམ་ཡས་སྲུང་མ་རྟ་མགྲིན་གྱིས་ཡིན་ན་རྟའི་སྐད་ཐེངས་མ་གསུམ་ཙམ་འདོན་པ་པདྨའི་སྡོང་པོ་སྐྱེས་པ་སོགས་ཀྱིས་ད་ངོ་མཚར་ལྟས་མང་པོ་ཞེ་པོ་གཅིག་བྱུང་ཡོའོ་རེད་ཟེར།
- པ་སངས་དབང་འདུས།དེ་འདྲས་གཅིག་གི་འགྲེལ་པ་གཅིག་བསྐྱོན་ཤག