07 Sep 2018
11 min 2 sec
Video Overview
Creators:
Monika Subba, Kencho Wangmo
༉ གསར་སྤང་བདེ་སྐྱིད་གླིང་ལས་ཨིན་མི་ ཨོ་རྒྱན་རིན་འཛིན་གྱིས་ ཕོ་རྒནམ་རྩ་རྒས་དང་ནུ་གཅུང་གཉིས་ཀྱི་སྐོར་ལས་སྲུང་བཏང་སྟེ་ཡོདཔ་ད་ སྲུང་འདི་ སོ་སོ་གིས་འབད་བ་ཅིན་ རྒྱལཔོ་ཅིག་གི་གླང་བརྙ་སྦེ་ཞིང་རྨོ་བའི་སྐོར་ལས་འཐོན་ནི་ཡོདཔ་ད་ ཁོ་གིས་གཏང་མི་ནང་ རྒྱལཔོ་གི་གླང་བརྙ་བའི་སྐོར་ལས་འཐོན་ནི་མིན་འདུག་ ཨིན་རུང་ ནང་ན་གི་དོན་ཚན་འདི་གཅིག་ར་ཨིནམ་ལས་ ལུང་ཕྱོགས་སོ་སོ་ནང་ལས་ཕར་ ག་ཅི་ར་ཨིན་རུང་ དུམ་གྲ་རེ་མ་འདྲཝ་སྦེ་ཡོདཔ་བཞིན་དུ་ སྲུང་འདི་ལུ་ཡང་དུམ་གྲ་རེ་མ་འདྲཝ་སྦེ་འཐོནམ་ཨིན་པས།
Rinzin Norbu, actually from Bumthang but resettled in Dekiling in Sarpang district, narrates the story about a jackass brother bringing food to his younger brother ploughing the field.
- Dekiling
- ཨོ་རྒྱན་རིན་འཛིན་སྐུ་གཟུགས་བཟང་པོ་ཟེར་ཞུ་ནི་ཨིན་ལགས།
- ཨོ་རྒྱན་རིན་འཛིན་ད་ལྟོ་ང་བཅས་ ང་ར་འདི་མ་པ་གཡུས་འདི་ ཧེ་མ་འདི་ བུམ་ཐང་ཨིན།
- ཨོ་རྒྱན་རིན་འཛིན་དེ་འབདཝ་ད་ད་རིས་ནཱ་ གསར་སྤང་རྫོང་ཁག་ གཡུས་འདི་བདེ་སྐྱིད་གླིང་ རྒེད་འོག་ སྡོད་ས་འདི་ ལུང་བསྟན་སྦིས་ནང་ཨིན་ལགས།
- ཨོ་རྒྱན་རིན་འཛིན་ད་ང་རའི་མིང་འདི་ ཨྱོན་རིན་འཛིན་ཟེར་ཞུཝ་ཨིན་ལགས།
- ཨོ་རྒྱན་རིན་འཛིན་ད་རིས་ང་གིས་ནཱ་འོང་མི་འདི་ ད་ལྟོ་ནཱ་སྙན་གསན་མི་འདི་ཚུ་ལུ་ སྲུང་དུམ་གྲྭ་ཆུང་ཀུ་ཅིག་ཞུ་ནི་གི་རེ་བ་ཡོདཔ་ཨིན་ལགས།
- ཨོ་རྒྱན་རིན་འཛིན་འ་ནཱི་གི་ ད་ཧེ་མ་ག་ཅི་ལོ་ ཨ་པ་ ཨ་ལྕོ་རྩ་རྒས་གཅིག་དང་ ནུ་གཅུང་རྐྱངམ་ཅིག་ཡོདཔ་མས་ལགས། འ་ནཱི་གི་སྲུང་ཅིག་གཏང་ནི་སྦེ་ཨིན་ཟེར་ཞུ་ནི་ལགས་ ལགས་སོ།
- ཨོ་རྒྱན་རིན་འཛིན་མ་པ་ངོ་མ་ཁོང་ར་འདི་ཧེ་མ་ ཧེ་མ་ ཏེ་ ང་བཅས་ཀྱིས་ཤེས་ཏེ་འབད་བ་ཅིན་ དང་ཕུ་ཅིག་ཡོདཔ་མས་ དེ་ལས་ དིང་ཕུ་ཅིག་ཨིན་མས་ཟེར་ སླབ་ནི་ཅིག་ཡོདཔ་ཨིན་ལགས། ང་བཅས་ ཧེ་མ་ཧེ་མ་ངེའི་གཡུས་སྒོ་ནང་ལས་ཀྱི་ཨིན། ད་ ད་རིས་ནངས་པ་ལུ་ ད་ཨ་ནཱི་མིན་འདུག
- ཨོ་རྒྱན་རིན་འཛིན་དེ་འབད་ས་ཅིག་རུང་ ཏེ་ མ་པ་ཨིན་ནི་འདི་ ཨ་ལྕོ་རྩ་རྒས་ཅིག་ཡོདཔ་མས་ དེ་ལས་ ནུ་གཅུང་སྤྱང་དྲགས་ཅིག་ཡོད་དོ་མས་ ཏེ་ ཨ་ནཱི་ནུ་གཅུང་འདི་ སྤྱང་དྲགས་དང་ལྡན་རུང་ ནང་ན་འདི་ ཏེ་ ཧིང་སང་ས་ཨིན་པས་ དེ་འབདཝ་ད་ལུ་ ཏེ་ ཨའི་གཅིག་ཡོདཔ་མས།
- ཨོ་རྒྱན་རིན་འཛིན་ཏེ་ ཨའི་ཡོདཔ་ད་ལུ་ ཨའི་འདི་མིག་གིས་མ་མཐོང་མི་ མིག་ཏོ་ཞརཝ་ཅིག་ཡོདཔ་མས་ མིག་ཏོ་ཞརཝ་འདི་ ཨ་ནེམ་འབདཝ་ད་ལུ་ ཏེ་ ཁྱིམ་ནང་བཞག་དོ་མས་ དེ་ལས་ ནུ་གཅུང་ཨ་ལྕོ་འདི་ ཕར་ཞིང་རྨོ་བར་འགྱོ་དོ་མས་ ཞིང་རྨོ་བར་འགྱོ་བའི་བསྒང་ལསནི།
- ཨོ་རྒྱན་རིན་འཛིན་ཏེ་ ཞིང་ཡང་ལེགས་ཤོམ་ཅིག་ ཏེ་ ལེགས་ཤོམ་ཅིག་མ་རྨོ་འབད་ དེ་ལས་ ཤུལ་ལས་ནུ་གཅུང་འདི་གིས་ ཞིང་རྨོ་བར་འགྱོ་ ཁྱོད་ཀྱིས་ང་ལུ་ ལྟོ་ཅིག་གཙང་ཏོག་ཏོ་སྦེ་ བཟོ་འབག་ཤོག་མས་ ད་ཞིང་རྨོ་བར་ང་འགྱོ་གེ་ནོ་ ལྟོ་གཙང་ཏོག་ཏོ་བཟོ་འབག་ཤོག་སྨ་རེད་ཟེར་ ཡ་ཡ་བཏུབ་ཟེར།
- ཨོ་རྒྱན་རིན་འཛིན་དེ་ལས་ ལྟོ་འདི་བཟོ་འབག་འོང་ ལྟོ་བཟོ་འབད་ འགྱོ་བའི་བསྒང་ ལྟོ་འབག་ཡར་ཞིང་རྨོ་སར་ལུ་ ནུ་གཅུང་འབད་སར་བསྐྱལ་བར་འགྱོ་བའི་བསྒང་ལས་ ལམ་ཁར་ཨ་ཝ་བཏང་བཏངམ་ཅིག་དང་ཕྱད་ཕྱདཔ་མས།
- ཨོ་རྒྱན་རིན་འཛིན་ཏེ་ ལམ་ཁར་ཨ་ཝ་བཏང་བཏངམ་དང་ཕྱད་བའི་བསྒང་ལས་ དབའི་ཁྱོད་ཕར་འགྱོ་ ང་ནུ་གཅུང་གིས་ ལྟོ་གཙང་ཏོག་ཏོ་ཅིག་འབག་ཤོག་སླབ་དེས་ ཏེ་ གཙང་ཏོག་ཏོ་ཅིག་འབག་ཤོག་ཟེར་སླབ་ད་ ཁྱོད་ཕར་སོང་།
- ཨོ་རྒྱན་རིན་འཛིན་ཟེརཝ་ད་ལུ་ ཨ་ཝ་གིས་འདིནི་ཕར་ལམ་ཁར་སྡོད་འབད་ ཟུར་མ་བཏུབ་ནུག་ལགས་ ཨ་ཝ་ཨིན་པས་སྨོ་ཤིག་ལགས་ ལམ་ཁར་ཡོད་མི་ཨ་ཝ་ཨིན་མས་ག་ཏེ་ཟུར་བཏུབ་ནི་ ཏེ་དེ་ལས་ ཙིགཔ་ཟ་དྲེགས་མ་ཚུགས་པར་ དེ་ལས་ཏེ་ ལྟོ་འདི་ཕར་བཞག
- ཨོ་རྒྱན་རིན་འཛིན་དེ་ལས་ མར་ལས་རྡོ་འཐུ་འབད་མར་ ཨ་ཝ་གུ་བཀོ་བཀོཝ་མས་ ཏེ་ ཨ་ཝ་འདི་བར་ན་ལས་མཆོངས་འགྱོ་བའི་བསྒང་ལས་ ལྟོ་ནང་འཛུལ་ ཏེ་ ཨ་ཝ་གིསནི་ལྟོ་ནང་འཛུལ་བའི་བསྒང་ལསནི་ དེ་ལས་ཏེ་ ད་ངེའི་ནུ་གཅུང་འདི་གིས་ ལྟོ་འདི་གཙང་ཏོག་ཏོ་འབག་ཤོག་ཟེར་མི་འདི་ ད་ཨ་ཝ་ག་ར་ལྟོ་ནང་ཡར་སོང་ཡི་ཟེར།
- ཨོ་རྒྱན་རིན་འཛིན་དེ་ལས་ཏེ་ ཆུ་འཁྱུ་ ཏེ་ ཆུ་ཧེ་མ་འབདནི་ཆུ་གི་གཟར་ཡོད་བ་ ཏེ་ ད་རིས་ནངས་པ་གཟར་མེད་ pipe(ཆུང་དུང་) ནང་འབད་ནི་དེ་གིས་ ཏེ་འ་ནཱི་འབད་ ཆུམ་རེ་རེ་འཁྱུ་སྡོད་སྡོདཔ་མས་ མེན་ལྟོ་ ཏེ་འཁྱུ་སྡོད་སྡོདཔ་བནི་ ནུ་གཅུང་འདི་ལྟོ་བཀྱེས་ ལྟོ་འབག་འོང་ནི་མིན་འདུག་ས་ཨ་ལྕོ་གིས་ ལྟོ་འབག་འོང་ནི་མིན་འདུག་ཟེར་མནོ་བཏང།
- ཨོ་རྒྱན་རིན་འཛིན་ཏེ་འབག་ནི་རང་མེད་པར་ ནུ་གཅུང་འདི་ (ཨ་ལྕོ་)འདི་ མར་ལྟོ་འདི་ ཆུ་འཁྱུ་སྡོད་ནུག་ཟེར་མས་ ཆུམ་རེ་རེ་འབད་ འ་ནཱི་ལྟོ་རེ་རེ་ ཏེ་ ཨ་ལྕོ་ག་ཅི་འབདཝ་ཟེརཝ་ད་ ཏེ་ ཨ་ནཱ་ང་ཁྱོད་ལྟོ་གཙང་ཏོག་འབག་འོང་བའི་བསྒང་ལསནི་ ཡར་ཨ་ཝ་འདི་གིས་ ཟུར་མ་བཏུབ་པར་ ཏེ་ ང་རྡོ་བླུགས་བྱིན་ཡི་ དེ་ལས་ ངེའི་ལྟོ་ནང་འོང་ཡི་ དེ་ལས་ ང་ཆུ་འཁྱུཝ་ཨིན།
- ཨོ་རྒྱན་རིན་འཛིན་ཨ་ཁ་ཁྱོད་ཀྱིས་དེ་སྦེ་དབའི་ ད་ཁྱོད་ར་ཡར་གླང་བལྟ་བར་སོང་ གླང་སྤར་མ་བཅུག་སྨ་རེད་ཟེར་ སླབ་སླབ་འོང་ནི་མས་ གླང་སྤར་མ་བཅུག་ ད་ང་གིས་ ལྟོ་འབད་ང་ར་ཟ་གེ་ཟེར་སླབ་ནུག་ ཡ་ཡ་བཏུབ་ཟེར་ ད་ཨ་ལྕོ་འདི་ཡར་ ཨ་ལྕོ་རྩ་རྒས་འདི་ ཡར་གླང་ལྟ་བར་སོང་ གླང་སྤར་མ་བཅུག་ཟེར།
- ཨོ་རྒྱན་རིན་འཛིན་ཏེ་ ཡར་འགྱོ་གླང་ལྟ་བའི་བསྒང་ལསནི་ འདི་གིས་ཡར་གླང་ལྟ་བའི་བསྒང་ལསནི་ ཏེ་ གླང་འདི་ སྦྱངམ་འོང་པའི་བསྒང་ལསནི་ རྣམ་ཅོ་གུ་ལུ་ འ་ནཱི་སྦེ་ཏེ་ རྣམ་ཅོ་སྤར་དོ་མས་ མ་སྤར་ས་མ་སྤར་ ངེའི་ནུ་གཅུང་གིས་ གླང་སྤར་མ་བཅུག་ཟེར་ སླབ་དེས།
- ཨོ་རྒྱན་རིན་འཛིན་ཏེ་ རྣམ་ཅོ་གིས་ ཏེ་ སྤར་དོ་མས་ གླང་གི་ལགས་ སྤར་པའི་བསྒང་ལས་ཏེ་ ལོག་ཅི་རང་སྤར་དོ་མས་ རྣམ་ཅོ་བཏོག་བཀོ་མར་འདམ་པའི་ནང་བཙུགས་བཞག་ དེ་ལས་ཏེ་ མཇུག་མ་གཡུག་ ཕར་གཡུག་ཚུར་གཡུག་ མ་སྤར་ས་མ་སྤར་ཟེར་ སླབ་སླབ་མས།
- ཨོ་རྒྱན་རིན་འཛིན་དེ་ལས་ མཇུག་མ་དེ་ཡང་ བཏོག་བཀོ་མར་འདམ་ནང་བཙུགས་བཞག་ དེ་ལསནི་ཤུལ་ལས་ མགུ་ཏོ་འ་ནཱི་སྦེ་སྤར་ཏེ་ མགུ་ཏོ་དེ་ཡང་ བཏོག་མར་འདམ་ནང་བཙུགས་བཞག་ གཟུགས་འདི་དེ་ནང་བཙུགས།
- ཨོ་རྒྱན་རིན་འཛིན་དེ་ལས་ཏེ་ ཨ་ལྕོ་འདི་ གླང་འདི་བསད་ད་ནུག་ བསད་འབད་ཏེ་ དེ་ལས་ཏེ་ ཡར་ཁྱིམ་ནང་འགྱོཝ་ད་ ནུ་གཅུང་འདི་འོང་པའི་བསྒང་ལསནི་ གླང་མིན་འདུག་ཟེརཝ་མས་ལོ་ གླང་ག་ཏེ་སྨོ་ཟེརཝ་ད་ གླང་ནཱ་ལས་མར་འཁྱིད་འགྱོཝ་ད་ མར་འདམ་པ་ནང་འཛུལ་ཡར་སོང་ཡི་ཟེརཝ་མས་ལོ།
- ཨོ་རྒྱན་རིན་འཛིན་དེ་ལས་ཏེ་ ག་ཏེ་ལས་ཕར་འཛུལ་སོང་ཡི་ཟེརནི་ ཨ་ནཱ་འདམ་པ་ནང་འཛུལ་སོང་ཡི་ མཇུག་མ་ཨ་ནཱ་ཡོད་ཟེར་ རྣམ་ཅོ་ཨ་ནཱ་ཡོད་ཟེར་ མགུ་ཏོ་ཨ་ནཱ་ཡོད་ལོ་ ཤུགས་སྦེ་འཐེན་ཟེར་བའི་བསྒང་ལས་ མཇུག་མ་གུ་བཤེད་སྦེ་ འཐེན་པའི་བསྒང་ལས་ མཇུག་མ་འཐོན་འོང་ ད་ཆད་འོང་ཡི་ཟེར་སླབ།
- ཨོ་རྒྱན་རིན་འཛིན་ཏེ་ རྣམ་ཅོ་འཐེན་སླབ་པའི་བསྒང་ལསནི་ རྣམ་ཅོ་འདི་ཡང་འཐོན་འོང་པའི་བསྒང་ལསནི་ ད་རྣམ་ཅོ་ཡང་ཆད་འགྱོ་ ཏེ་ འ་ནཱི་སྦེ་མཇུག་བསྡུ་ མགུ་ཏོ་འཐེན་མགུ་ཏོ་ཡང་ཆད་འགྱོ་ འ་ཨིནམ་རང་ཨིནམ་འདྲས་མནོ་སྟེ་ དེ་སྦེ་བཞག་བཞག་མས་ཏེ།
- ཨོ་རྒྱན་རིན་འཛིན་དེ་སྦེ་བཞག་པའི་བསྒང་ལས་ ཡུདཔ་ཅིག་ཁར་ལས་ ཏེ་ ནུ་གཅུང་འདི་བུང་འགམ་ཏེ་ ད་ག་དེ་སྦེ་འབད་ན་མ་ཤེས་མནོ་བཏང་ ད་ཁྱོད་ཀྱིས་ཨའི་འདི་ བདག་འཛིན་འབད་སྨ་རེད་ཟེར་ ང་ག་དེ་སྦེ་ཨིན་རུང་འབད་དགོ་པས་ཟེར་ མནོ་བསམ་བཏང་བཏངམ་མས་ཏེ།
- ཨོ་རྒྱན་རིན་འཛིན་འེང་ མནོ་བསམ་བཏང་པའི་བསྒང་ལསནི་ ཏེ་ ཁོ་བྱོག་འགྱོ་ནི་གི་ཅ་ལ་སྒྲིག་བསྒྲིགསཔ་མས་ཏེ་ འ་་་བྱོག་འགྱོ་ནི་གི་ཅ་ལ་སྒྲིག་པའི་བསྒང་ལསནི་ ཏེ་ ནུ་གཅུང་འདི་ བྱོག་འགྱོ་ནི་གི་ཅ་ལ་སྒྲིགས་ ཨ་ལྕོ་འདི་ དང་ཕུ་འབདནི་ གཟེམ་ གཟེམ་མ་ཟེར་འོང་བ།
- ཨོ་རྒྱན་རིན་འཛིན་འ་ནཱི་ནང་ལུ་ ཏེ་ ཆང་བསྐོལ་ ཏེ་ པད་ཀར་མར་ཁུ་ འ་ནཱི་འདི་ཚུ་ཡང་བཙུགས་འབད་ ཏེ་ བཞག་བཞག་མས་ཏེ་ དེ་ལས་ འ་ནཱི་ནང་ ཏེ་ འ་ནཱི་འབག་འབད་ ཏེ་ ཁོ་ར་ནུ་གཅུང་འདི་ ཕར་དང་ཚུར་འགྱོ་སྡོད་པའི་བར་ན་ལུ་ དེ་ལསནི་ཏེ་ ཏེ་ ཨ་ལྕོ་འདི་ཨ་ནཱི།
- ཨོ་རྒྱན་རིན་འཛིན་ཆང་སྐོལ་འདི་ཡར་བཏོན་བཞག་ དེ་ལས་ པད་ཀར་མར་ཁུ་ཡང་བཏོན་བཞག་འབད་ དེ་ལས་ ཏེ་ ཁོ་ར་ནང་ན་ འཛུལ་སྡོད་སྡོདཔ་མས་ ཨ་ལྕོ་རྩ་རྒས་འདི་གིས་ དེ་ལས་ཏེ་ ནུ་གཅུང་འོངམ་ཅིག་ འབག་འགྱོ་འགྱོཝ་མས་ཏེ་ལགས།
- ཨོ་རྒྱན་རིན་འཛིན་ཏེ་ ནུ་གཅུང་གིས་འབག་འགྱོ་བའི་བསྒང་ལས་ ད་ལ་གཅིག་བརྒལ་ ལུང་གཅིག་སྤུབས་ ལ་གཅིག་བརྒལ་ ལུང་གཅིག་སྤུབས་འབད་རང་འགྱོ་ནུག་ ཡ་་་ ད་ངེའི་ཨ་ལྕོ་རྩ་རྒས་འདི་ ག་ཏེ་ཡོད་ག་སྨོ་ཟེར་ མནོ་བསམ་བཏང་ད་ནུག
- ཨོ་རྒྱན་རིན་འཛིན་ཏེ་ ག་ནི་ཡང་མ་སླབ་པས་ དེ་ལས་ཏེ་ ཨ་ལྕོ་རྩ་རྒས་ཀྱིས་ ཆུ་ཤོར་ཤོརཝ་མས་ ཏེ་ ཆུ་ཤོར་བའི་བསྒང་ལསནི་ ཨ་ནཱི་འབད་བའི་བསྒང་ལས་ ཁོད་སི་སི་འོང་དོ་ཟེརཝ་མས་ལོ་ ཁོད་སི་སི་འོང་དོ་ཟེར་ ཨ་ནཱི་སྦེ་ལྟ་བའི་བསྒང་ལསནི་ ཡ་ ངེའི་པད་ཀར་མར་ཁུ་འདི་ འབོ་དོ་ཟེར་སླབ་སླབ་མས།
- ཨོ་རྒྱན་རིན་འཛིན་ཨ་ནཱི་སྦེ་ ལྟ་ཞིནམ་ལས་ ངེའི་པད་ཀར་མར་ཁུ་འབོ་དོ་ཟེར་ མནོ་བསམ་བཏང་ ཏེ་ མནོ་བསམ་བཏང་སྟེ་ བློ་ཡང་དེ་སྦེ་སླབ་འབད་འགྱོ་ འདི་ལས་ཡར་འགྱོཝ་ད་ དོ་རུང་ཨ་ལྕོ་རྩ་རྒས་འདི་ ཨ་ཝ་ཤོར་ ད་དོ་རུང་ངེའི་ཨ་ནཱི་ ཆང་བསྐོལ་འདི་ དྲིམ་མནམ་དེས་ཟེར།
- ཨོ་རྒྱན་རིན་འཛིན་ད་ངེའི་ཨ་ལྕོ་འདི་ག་ཏེ་ཡོད་ག་སྨོ་ཟེར་ ངེའི་ཨ་ལྕོ་འདི་ད་ ཁྱིམ་ནང་ལུ་ ག་དེ་སྦེ་ཡོད་ག་ ང་རང་ནཱ་ལས་ཕར་ལྷོད་ཅི་ཟེར་ སྨོ་ཟེར་ ག་ནི་ཡང་མེན་པར་ ཁོ་ར་ཕར་དང་ཚུར་འགྱོ་སྡོད་ ཁབ་ཏོ་བཅད་བཞག་མི་འདི་ ལྟ་ར་མ་ལྟ་བར་འབག་འགྱོ་འགྱོཝ་འབད་ནི་དེ་གིས་ཏེ་ ཧེ་མ།
- ཨོ་རྒྱན་རིན་འཛིན་ཆང་བསྐོལ་དང་ པད་ཀར་མར་ཁུ་བླུགས་ བཙུགས་འབད་ ཁབ་ཏོ་བཅད་བཞག་བཞགཔ་འདི་ འོངམ་ཅིག་འབག་འགྱོ་འགྱོཝ་འབད་ནི་དེ་གིས་ ཨ་ལྕོ་དཔྱད་རིག་མིན་འདུག་གོ་ཤིག་ ཏེ་ ཤུལ་ལས་ཨ་ལྕོ་དཔྱད་རིག་བཏང་པའི་བསྒང་ལས་ ཨ་ལྕོ་དྲན་སོང་ནུག་བ་ཏེ།
- ཨོ་རྒྱན་རིན་འཛིན་ཏེ་ ཨ་ནཱི་སྦེ་འབད་བའི་བསྒང་ དེ་ལས་ ཨ་ནཱི་གཡུས་གཅིག་ ལ་གཅིག་བརྒལ་ ལུང་གཅིག་སྤུབས་ དེ་ལས་ དང་ཕུ་འབདན་ངལ་གསོ་ས་ལུ་ འ་ནཱི་སྟེགས་འོང་བ་ལགས་ རྡོ་ཨ་ནཱི་སྦེ་སྒྲིགས་འབད་ ཏེ་ འ་ནཱི་རྡོ་འདི་གུ་ངལ་གསོ་སྡོད་འབད་ ཏེ།
- ཨོ་རྒྱན་རིན་འཛིན་ད་ངེའི་ཨ་ལྕོ་འདི་ག་ཏེ་ཡོད་ག་སྨོ་ ང་ར་པད་ཀར་མར་ཁུ་ཡང་འབོ་ད་ཡི་ ད་ ཆང་བསྐོལ་འདི་ཡང་འབོ་འབོཝ་འོང་མེན་ན་ ག་དེ་སྦེ་འབད་ན་ཟེར་ སྨོ་ཟེར་ ཨ་ལྕོ་འདི་ག་ཏེ་ཡོད་ག་སྨོ་ཟེར་ ང་ནཱ་ཡོད་ཟེར་མས་ལོ་ ཡར་རྒྱབ་ཁ་ལས་མར་ ཁ་ཕྱེ་ལྟ་བའི་བསྒང་ལསནི་ ཨ་ལྕོ་ཨིན་པས་ཟེརཝ་མས་ལོ་ ཨ་ནེ་སྦེ་ཡར་ལྟ་བའི་བསྒང་ལསནི་ ཏེ་ ཨ་ལྕོ་འདི་ཨིན་མས་ལོ།
- ཨོ་རྒྱན་རིན་འཛིན་ད་ཨ་ལྕོ་འདི་གིས་ཏེ་ འ་ ཟེར་ནུ་གཅུང་འདི་བུང་འགམ་ཏེ་ དེ་ལས་ཏེ་ ཕྱི་ཁར་ཐོན་འབད་ དེ་ལས་ ཁོང་གཉིས་ཡར་སོང་ནུག་ཏེ་ ལྟོ་ཟ་ནི་ཡང་མེད་ ག་ནི་ཡང་མིན་འདུག་ཏེ་ དེ་ལས་ མར་ལས་མར་སྲིན་པོའི་གཡུས་ཁར་ལྷོད་སོང་ནུག་ཏེ།
- ཨོ་རྒྱན་རིན་འཛིན་སྲིན་པོའི་གཡུས་ཁར་ལུ་ ཏེ་ མར་སྲིན་པོའི་གཡུས་ཁར་ལུ་ལྷོད་པའི་བསྒང་ལསནི་ སྐད་མ་རྐྱབ་སྨ་རེད་ཟེར་སླབ་ནུག་ སྲིན་པོ་ཚུ་འ་ནཱི་སྦེ་ ང་བཅས་ར་འབད་བ་ཅིན་ ད་ལྟོ་ང་བཅས་ར་བཟུམ་བློ་སླབ་འབད་ཏེ་ (མཛར་ཅུམ་) བཟུམ་སྦེ་ party བཏང་སྟེ་སྡོད་དོ་མས།
- ཨོ་རྒྱན་རིན་འཛིན་དེ་ལསནི་ཏེ་ མར་ཁྱིམ་འོག་ཐོག་ལས་ ཧེ་མ་དང་ཕུ་འབད་བ་ཅིན་ ཨེན་ཏ་སྒྲིག་སྟེ་ འོང་བ་ཏེ་ ཏེ་ སྲིན་པོའི་ཨ་ནཱི་དཔོན་འདི་ མཇུག་མ་འདི་མར་ཨེན་ཏའི་བར་ན་ལས་མར་ བཙུགས་བཞག་དོ་མས་ ཏེ་ ཁོང་གཉིས་མར་འོག་ཐོག་སྡོད་སྡོདཔ་འོང་ནི་མས།
- ཨོ་རྒྱན་རིན་འཛིན་འོག་ཐོག་སྡོད་འབད་ སྤར་རང་མ་སྤར་སྨ་རེད་ མ་སྤར་སྨ་རེད་ འེང་འེང་སླབ་ ཏེ་རོགས་ཡར་ ལྟོ་བཟོ་ party མཛར་ཅུམ་རྐྱབ་ ལྟོ་འབད་ ཨ་ལོ་འདི་ཚུ་ ཨའི་འདི་ཚུ་ག་ར་ཨ་ནཱི་སྦེ་སྡོད་ ཏེ་ ལྟོ་ཐོབ་བར་ན་ ཨ་ལྕོ་རྩ་རྒས་ཀྱིས་ སླབ་སླབ་མས་ ང་གིས་ མཇུག་མ་གུ་བཤེད་འབད་ ཨ་ཙི་ཅིག་འཐེན་ག་ཟེར་ མ་འཐེན་སྨ་རེད་ད་ལྟ་ར་ང་བཅས་ཟ་འོང་།
- ཨོ་རྒྱན་རིན་འཛིན་ཁྱོད་དེ་སྦེ་འབད་ནི་མི་འོང་ཟེར་ སླབ་སླབ་མས་ ཡ་ཡ་ཟེར་སྡོད་སྡོད་མས་ དོ་རུང་ཨ་ཙི་ཅིག་ཁར་ལས་ ང་ཨ་ཙི་འཐེན་ག་ཟེར་ སླབ་སླབ་མས་ འཐེན་མི་དགོ་ མ་འཐེན་སྨ་རེད་ ལྟ་མ་ང་བཅས་ར་ཟ་འོང་ཤེས་པ་ཅིན་ཨ་ཡར་གྱིས་ འ་ནཱི་སྲིན་པོ་ཨིན་པས་ བདུདམོ་ཨིན་པས།
- ཨོ་རྒྱན་རིན་འཛིན་ད་དེ་སྦེ་མ་འབད་ཟེར་ དོ་རུང་ཡང་ལོག་ཨ་ནེ་སྦེ་ སླབ་སླབ་མས་ དེ་ལས་ ལྟོ་དང་སྤགས་ དོ་རུང་ཨ་ཙི་འཐེན་ག་ཟེར་ སླབ་ནུག་ ཨ་ཙི་ཅིག་འཐེན་རུང་འཐེན་ད་ཁྱད་མེད་ཟེར་ སླབ་སླབ་མས་ དེ་ལས་ཏེ་ ཁོ་གིས་ལགཔ་སྒྲིང་སྒྲིང་བཟུང་འབད་ མཇུག་མ་གུ་ལག་པ་བཤེད་འབད།
- ཨོ་རྒྱན་རིན་འཛིན་སྒྲིང་སྒྲིང་འཐེན་མས་ཟེར་མནོ་ ཨཔ་འདི་གིས་ཡར་འཐེན་ ཁོ་ར་མཇུག་མ་མར་འཐེན་པའི་བསྒང་ལས་ཏེ་ ཡར་བརྡུང་མར་བརྡུང་ཡར་དང་མར་ དེ་ལས་ གཞན་མི་འདི་ཚུ་བྱོག་ཡར་སོང་ནུག་ཏེ་ ད་འ་ནཱི་ན་ འདྲེ་ཅིག་འོང་ར་འོང་ཟེར་ ད་ ག་ཅི་འབད་ན་མ་ཤེས་ཟེར་ དེ་ལས་ ག་ར་བྱོག་ཡར་སོང་ནུག
- ཨོ་རྒྱན་རིན་འཛིན་མིན་འདུག་ཏེ་ དེ་ལས་ཏེ་ ཁོང་ཉི་མ་ལས་ཁོང་འདི་ཚུ་བྱོག་འགྱོ་ ཏེ་ ཁོང་གཉིས་ཡར་ཐོག་ཁར་འགྱོ་ ལྟོ་འདི་ཚུ་ཟ་ སྦོ་རིལ་རི་བཏང་ འགྱོ་འགྱོཝ་འོང་ནི་མས་ དེ་ལས་ཏེ་ དོ་རུང་རང་ ད་འ་ནཱི་མ་འབད་བའི་བསྒང་ལས་ དོ་རུང་རང་ལོ་གཅིག་བརྒལ་ ལུང་གཅིག་སྤུབས་ ལ་གཅིག་བརྒལ་ ལུང་གཅིག་སྤུབས་ཏེ་རང་འགྱོ་ནུག
- ཨོ་རྒྱན་རིན་འཛིན་དོ་རུང་འ་ནཱི་ནང་ སྲིན་པོའི་གཡུས་ཁར་ གཡུས་གཅིག་ནང་ལྷོད་ནུག་བ་ གཡུས་གཅིག་ནང་ལྷོད་པའི་བསྒང་ལས་ཏེ་ དོ་རུང་ཨ་ནཱི་སྲིན་པོ་འདི་ཚུ་ མར་ཁྱིམ་ནང་ལུ་ཏེ་ ཁྱིམ་གྱི་ཨམ་འདི་ཚུ་གཡོག་འབད་ ཨ་པ་འདི་ཚུ་ འ་ནཱི་སྦེ་འབད།
- ཨོ་རྒྱན་རིན་འཛིན་ཏེ་ ཁོང་འ་ནཱི་ག་ཅི་ལོ་ང་བཅས་ཀྱིས་འབད་བ་ཅིན་ མེ་ཁུ་བཙོ་བཙོཔ་གིས་ འ་ནཱི་མེ་ཁུ་བཟུམ་བཟོ་འབད་ མར་ཁུ་ཙག་གཅད་ ཁོ་ཡར་གཞན་ཁར་ལས་འཛུལ་ས་མེད་པར་ཐོག་ཁར་འཛུལ་སྡོད་སྡོདཔ་མས་ ཡར་ལུ་ ཏེ་ཡར་ཐོག་ཁར་འཛུལ་སྡོད་པའི་བསྒང་ལས་ ཏེ་ ཡར་མར་བལྟཝ་ད་ མར་ཁུ་ཙག་གཅད་དོ་མས།
- ཨོ་རྒྱན་རིན་འཛིན་མར་ཁུ་ཙག་གཅད་གཅདཔ་ཐོག་ཁར་ལས་མར་ཆུ་ཨ་ཙི་བཏང་ག་ཟེར་སླབ་སླབ་མས་ མ་བཏང་མ་བཏང་ བཏང་ནི་རང་མི་འོང་ ལྟ་མ་ཨ་ནཱི་འདི་ཚུ་གིས་ཟ་འོང་ དེ་ལས་ཏེ་ ཉན་མ་བཏུབ་པས་ཏེ་ དེ་ལས་མར་ཁུ་འ་ནཱི་སྦེ་ ཙག་གཅད་པའི་བསྒང་ ཡར་ལས་མར་ཆུ་བཏང་པའི་བསྒང་ལས་ ག་ར་མེ་མར་ལས་ཡར་འབར་སྦེ་ སྲིན་པོ་ཚུ་ག་ར་བྱོག་འགྱོ་ནུག་ཏེ།
- ཨོ་རྒྱན་རིན་འཛིན་དེ་ལས་ཏེ་ ཁོང་གཉིས་ ཏེ་ དོ་རུང་མར་ཁྱིམ་ནང་འཛུལ་འབད་ དེ་ལས་ ལྟོ་འདི་ཚུ་ཟ་འབད་ དེ་ལས་ འ་ནེམ་ཅིག་སྦེ་མཇུག་བསྡུ་ནུག་ལགས་ ལགས་སོ།